[000] གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད།། ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་ མཁས་གྲུབ་གཉིས་ཀྱིས་བརྩམས་ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ [000] འགོ་བཇོད་ཀྱི་གཏམ་ཨུད་པལ་ལྕགས་ཀྱུ།། དོར་ཞི་གདོང་དྲུག་སྙེམས་བློས་བྲིས།། ཚེགས་ཆེན་པོས་བསྒྲུབ་དགོས་པའི་བྱ་བ་ཚེགས་མེད་བདེ་བླག་ཏུ་ འགྲུབ་པ་དང། ཡུན་རིང་དུ་འབད་དགོས་པའི་ལས་རྣམས་ཡུན་ཐུང་ཐུང་ ཞིག་ལ་རྫོགས་པར་བྱེད་ནུས་པ་དེ་ལ་བྱ་བའི་ཐབས་ལ་མཁས་པར་བརྩི་ ཞིང། ཚན་རིག་གི་ཐབས་ཟེར་བ་ཡང་བྱ་བ་སྒྲུབ་པའི་ཚེགས་ཇེ་ཡང་དུ་ གཏོང་བ་དང། དུས་ཚོད་ཇེ་ཉུང་དུ་གཏོང་བའི་ཐབས་ཤིག་ཡིན། དཔེར་ ན། མི་མང་པོས་ཚེགས་ཆེན་པོས་བསྒྲུབ་པའི་བྱ་བ་འཕྲུལ་འཁོར་གྱི་གློག་ སྒོར་མཛུབ་རྩེས་མནན་པ་ཙམ་གྱིས་འགྲུབ་པ་དང། རྐང་ཐང་དང་སྐྱ་མིས་ ལོ་དང་ཟླ་བར་བསྐྱོད་དགོས་པའི་ལམ་གནམ་གྲུས་སྐད་ཅིག་གཅིག་གིས་ ལྷགས་པར་བྱེད་པ་ལྟ་བུ་རེད། བྱ་བ་སྒྲུབ་པའི་ཐབས་ཇེ་མང་ཇེ་མཁས་ དང། ཚེགས་ཇེ་ཡང་དུ་སོང་བ་དེ་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་སུ་ སོང་བ་དང། མི་རྣམས་ཀྱི་རིག་པ་ཇེ་རྒོད་དུ་སོང་བའི་རྟགས་ཤིག་རེད་ བོད་ཀྱི་ལོ་རྒྱུས་དང། ཆོས་ལུགས་རིག་གནས་གང་ཡང་ཐོས་བསམ་ དང། འཆད་རྩོམ་གྱིས་རྒྱུན་འཛིན་དང་དར་རྒྱས་སུ་གཏོང་བ་དང། ཟབ་ རྒྱས་རྒྱ་བསྐྱེད་ལ་དམིགས་པའི་ཞིབ་དཔྱོད་བྱེད་པ་གང་དང་གང་གི་སྐབས་སུ་ ཡང། དེ་དང་དེ་ལ་འབྲེལ་བའི་མི་སྣ་དག་གི་མཚན་དང་བྱས་རྗེས། བྱོན་ པའི་དུས་ཐོག་དང་ལོ་ཚིགས་སོགས་མ་ཤེས་ཐབས་མེད་ཡིན་ཀྱང། དེ་དག་ [002] ཤེས་དགོས་ན་སྔོན་གྱི་ཡིག་ཚང་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་གདན་རབས་ རྣམ་ཐར་སོགས་དཔེ་ཆ་མང་པོ་ཀློག་ནས་བཙལ་དགོས་ཤིང། དེ་ཡང་དཔེ་ ཆ་མང་པོ་ཕར་བསྡུར་ཚུར་བསྡུར་བྱེད་ན་མ་གཏོགས་དཔེ་ཆ་གཅིག་གི་ནང་ དུ་དུས་རབས་ལོ་ཚིགས་མཛད་རྗེས་སོགས་ཁ་གསལ་བལྟས་ཆོག་མཐོང་ཆོད་ ལྟ་པེ་ལེན་ཞིག་ཤིན་ཏུ་དཀོན་པར་སྣང་ལ། དེ་འདྲའི་དཔེ་ཆ་ཡོད་ན་ཡང་ ས་ཆ་གང་ས་གང་ལ་དཔེ་ཆ་ཡོད་པའི་ངེས་པ་མེད། ཡོད་ཀྱང་རང་ལ་མེད་ ན་གཡར་ཐུབ་མི་ཐུབ་དང། ལྟ་ཁོམ་ཡོད་མེད། ལྟ་ཁོམ་ཡོད་ཀྱང་དཔེ་ མང་བལྟ་ཀློག་གི་ཚེགས་ལྕི་བ་སོགས་མི་སྣ་གཅིག་གི་རྒྱུ་མཚན་རྩར་ཆོད་པ་ ཡང་ལས་སླ་བོ་མིན་པ་སློབ་གཉེར་ཞིབ་འཇུག་བྱེད་མཁན་རྣམས་ལ་སྤྱི་མཐུན་ གྱི་མྱོང་གྲུབ་ལྟ་བུར་གྱུར་ཡོད། ཚིག་མཛོད་འདི་འདྲ་ཞིག་ཡོད་ན་རྣམ་ཐར་ ལོ་རྒྱུས་སོགས་ཀྱི་དཔེ་འཚོལ་དཔེ་ཀློག་གི་དཀའ་ཚེགས་མང་པོ་མི་དགོས་ ཤིང། གང་དགོས་མི་སྣའི་རྒྱུ་མཚན་དེ་མ་ཐག་ཏུ་ཤེས་ཐུབ་པས། སློབ་ གཉེར་དང་ཞིབ་འཇུག་བྱེད་པ་ལ་ཤིན་ཏུ་སྟབས་བདེར་གྱུར་ཅིང། ཕན་ རླབས་ཆེ་བ་སྨོས་མ་དགོས་སོ་ ཚིག་མཛོད་འདི་སྒྲིག་མཁན་གོ་ཤུལ་གྲགས་པ་འབྱུང་གནས་ནི་ནུབ་བྱང་ མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་འཛིན་གྲྭ་ནས་མཐར་ཕྱིན་ཅིང་ཧྲོ་ཧྲིའི་ མིང་འདོགས་ལེན་པའི་ངེད་ཀྱི་སློབ་བུ་གྲགས་ཀྱི་རྩེ་བུད་ཅིག་ཡིན། ཁོ་རང་ ལྷན་སྐྱེས་ཀྱི་ཤེས་རབ་ཆེ་ཞིང་རིགས་པ་གྲིམ་པ། སྡུག་རུས་སྙིང་སྟོབས་ཆེ་བ་ སོགས་དཔེ་མེད་ཅིག་རེད། ཁོར་ག་དང་བློ་བཟང་མཁས་གྲུབ་གཉིས་ཚིག་ མཛོད་འདི་སྒྲིག་སྐབས་ལོ་གསུམ་ལྷག་གི་རིང་ལ་ཁྲོམ་སྲང་ཉུལ་བ་དང་གློག་ བརྙན་ཟློས་གར་ལྟ་བ་སོགས་ཀྱི་རྣམ་གཡེང་གི་རིགས་སྤངས་ཤིང། ཁྱིམ་ [003] ཚང་ཡང་བློས་བཏང་ནས་ཉིན་མཚན་བསྟུད་མར་དཔེ་འཚོལ་དཔེ་ལྟོས་ དཔྱད་བསྡུར་ཞིབ་འཇུག་ཟིན་ཐོ་བྱང་བུ་འདེབས་པ་སོགས་ཕལ་གྱི་བློ་ལས་ འདས་པའི་དཀའ་སྤྱད་ཧུར་བརྩོན་བྱས་པའི་གནས་ཚུལ་རྒྱུས་མངའི་ཉེ་སྐོར་ གྱི་མི་རྣམས་ལ་སྒྲུང་ལྟ་བུ་ཞིག་བཤད་རྒྱུ་ཡོད། དེ་འདྲའི་སྡུག་རུས་བྱས་པ་ ལས་བྱས་རྗེས་ཡང་བསྔགས་བརྗོད་ཀྱི་ཡུལ་དུ་འོས་པ་ཞིག་ཐོབ་ཡོད་པ་ཚིག་ མཛོད་རང་ལ་བལྟས་པས་ཤེས་ མི་སྣའི་ཚིག་མཛོད་འདི་ལ་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མ་ཡོད་ དེ། དང་པོ། ནང་དོན་འདུ་ཁྱབ་ཆེ་བ། ཚིག་མཛོད་འདིར་དུས་རབས་ རིམ་འབྱུང་གི་བོད་ཀྱི་རྗེ་བློན་མི་གྲགས། ཆོས་ལུགས་གྲུབ་མཐའ་སོ་སོའི་ མཁས་གྲུབ་སྐྱེས་ཆེན་དམ་པ། རིག་གནས་སོ་སོའི་སློབ་དཔོན་མཁས་གྲགས་ ཅན་སོགས་ལོ་རྒྱུས་ཀྱི་མི་སྣ་སྟོང་ཚོ་གཉིས་ཙམ་གྱི་མཚན་དང་བྱུང་རབས་ལོ་ ཚིགས་སོགས་ཁ་གསོལ་གནོད་བསྡུས་སུ་འཁོད་ཡོད་པ་དང། གཉིས་པ་ ལོ་རྒྱུས་ཀྱི་ཁུངས་དག་པ། ཚིག་མཛོད་འདིར་འཁོད་པའི་མི་སྣ་སོ་སོའི་བྱུང་ རབས་རྒྱུ་མཚན་ངོ་སྤྲོད་ཚང་མ་བོད་ཀྱི་ཡིག་ཚང་ཆོས་འབྱུང་དེབ་ཐེར་གདན་ རབས་ལོ་རྒྱུས་བསྟན་རྩིས་རྣམ་ཐར་གླེགས་བམ་བརྒྱ་ལྷག་ཕན་ཚུན་ཐོད་ གཏུགས་བསྡུར་དཔྱད་ཁོལ་འདོན་བྱས་པ་ཤ་སྟག་ཡིན་པས་ཡིད་ཆེས་བྱ་བར་ རུང་བ་དང། གསུམ་པ། འཚོལ་བདེ་བལྟ་བདེ་ཡིན་པ། མི་སྣའི་མཚན་ བྱང་དེང་དུས་ཀྱི་ཚིག་མཛོད་ཀྱི་སྤྱི་སྲོལ་བཞིན་ཀ་ཁའི་གོ་རིམ་ལྟར་འཁོད་ ཡོད་པས་འཚོལ་བདེ་ཞིང། འཁྲུངས་འདས་ཀྱི་ལོ་ཚིགས་ཡོངས་གྲགས་ཀྱི་ སྤྱི་ལོ་དང་སྦྱར་ཡོད་པ་དང། མི་སྣ་རེ་རེའི་བྱས་རྗེས་གལ་ཆེན་རིགས་ངོ་ སྤྲོད་ཧ་ལམ་ཡིག་འབྲུ་སུམ་བརྒྱ་ཡར་མར་གྱི་ནང་དུ་ཉུང་བསྡུས་ཁ་གསལ་དུ་ [004] འཁོད་ཡོད་པས་ཤིན་ཏུ་ལྟ་བདེ་ཡིན་ རབ་བྱུང་མ་ཚུགས་གོང་གི་ལོ་ཚིགས་ཀྱི་སྐོར་སྤྱིར་ཁ་མི་མཐུན་ཞིང་ འདིར་ཡང་ལོ་རྒྱུས་བསྟན་རྩིས་སོགས་ཀྱི་བཤད་སྲོལ་ལ་བརྟེན་པ་མང་བས་ འཐད་ལྡན་ཡིན་མིན་དཔྱད་དགོས་པ་མང་ཡང་ཚིག་མཛོད་འདིའི་སྐྱོན་ཆར་ མི་འགྱུར་ཅིང། ས་མིང་ཡུལ་མིང་རྣམས་ཀྱང་འགྱུར་ཆེ་བས་དེང་སང་ངོས་ མི་ཟིན་པ་མང་ཡང། དེ་ཚང་མ་རྩར་བཅད་ནས་ངེས་གསལ་གཏོང་བ་ལས་ སླ་བོ་ཞིག་མིན་པས། ས་ཆ་སོ་སོའི་ཀློག་པ་པོ་རྣམས་ཀྱིས་སྤྱི་སེམས་ཕན་སེམས་ ཀྱིས་གང་ཤེས་ཤེས་ཤོག་ཚལ་བཏབ་ནས་ཚིག་མཛོད་སྒྲིབ་མཁན་ལ་སྐུར་ གནང་བྱས་ན་བསྐྱར་དཔར་རྒྱག་དུས་ཁ་བསལ་འགྲིག་པོ་ཞིག་བྱེད་ཐུབ་བམ་ སྙམ་ཞིང། ད་དུང་ལོ་རྒྱུས་མི་སྣ་འདིར་མ་མཐེ་བའང་མང་དུ་ཡོད་ངེས་ཤིང་ གཞི་རྩ་འདིའི་སྟེང་ནས་རིམ་གྱིས་ཁ་བསལ་བྱས་ནས་འཐུས་ཚང་དུ་གཏོང་བ་ དང། བོད་ཀྱི་ལོ་རྒྱུས་རིག་གནས་ཆོས་ལུགས་སོགས་ཀྱི་ཕྱོགས་ལ་བྱས་རྗེས་ དང་འབྲེལ་བ་ཡོད་པའི་ཧོར་དང་སོག་པོ་སོགས་མི་རིགས་གཞན་པའི་མཁས་ པ་དང་མི་གྲགས་རྣམས་ཀྱི་མཚན་བྱང་ལོ་རྒྱུས་རྣམས་ཀྱང་ཚོལ་སྡུད་ཁ་བསབ་ བྱས་ནས་འདི་ལས་ལྷག་པའི་མཐུན་ཚང་ཅན་ཞིག་ཏུ་གཏོང་ཐུབ་ན་བོད་ཀྱི་ རིག་གནས་ལོ་རྒྱུས་སློབ་གཉེར་རྟོག་ཞིབ་ཕྱོགས་ལ་ཕན་རླབས་ཤིན་ཏུ་ཆེ་བ་ འོང་བར་གོར་མ་ཆག་གོ་འདི་ཡི་དགེ་བས་གངས་ཅན་རིག་གནས་གཟི་ འོད་གོ་ལོའི་ཁྱོན་ཡངས་ཁྱབ་པར་གྱུར་ཅིག་གུ་ ཞེས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་གཉིས་པའི་སྤྱི་ཟླ་བཞི་པར་ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བྲིས། །། དཀར་ཆག་ ཀ་ ་ ན་ ་ འ་ ་ ཁ་ ་ པ་ ་ ཡ་ ་ ག་ ་ ཕ་ ་ ར་ ་ ང་ ་ བ་ ་ ལ་ ་ ཅ་ ་ མ་ ་ ཤ་ ་ ཆ་ ་ ཙ་ ་ ས་ ་ ཇ་ ་ ཚ་ ་ ཧ་ ་ ཉ་ ་ ཛ་ ་ ཨ་ ་ ཏ་ ་ ཝ་ ་ འཇུག་བྱང། ཐ་ ་ ཞ་ ་ ་ ་ ད་ ་ ཟ་ ་ [001] ཀཐོག་རིག་འཛིན་ཆེ་དབང་ནོར་བུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་གསང་ ཆེན་རྙིང་མའི་ཆོས་ལ་མངའ་བརྙེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ པ་དང། བོད་ཀྱི་ལོ་རྒྱུས་སྨྲ་བའི་གཙུག་རྒྱན་ཞིག་ཀྱང་ཡིན་ལ། ལྷག་ པར་དུ་སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་ལ་དེ་བས་ནང་བྱན་ཚུད་ པ་ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་པོ་སྟེ་སྤྱི་ལོ་ ་ལོར་ བརྩམས་པ་དང། རབ་བྱུང་བཅུ་གསུམ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བ་ལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོ་རྒྱ་ཆེན་ པོ་གནང་བའི་སྐབས་སུ་མང་ཡུལ་གུང་ཐང་ཟ་འོག་ཕུག་ཏུ་ལོ་གཅིག་ བཞུགས་ཏེ་གུང་ཐང་རྒྱལ་རབས་ཀྱི་ཡིག་ཚང་མང་པོའི་སྙིང་བསྡུས་ གནང་བ་ དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང། བྱ་བ་བརྩམས་པ་མཛད་དོ།། ཀ་དམ་པ་བདེ་གཤེགས།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་སྟག་ལོ་སྟེ་སྤྱི་ལོ་་ལོར་མདོ་ ཁམས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་ [002] ་ལོར་སྐུ་གཤེགས། ཁོང་ནི་ཕག་མོ་གྲུ་པའི་གཅུང་པོ་ཡིན་ ཁོང་གིས་རབ་བྱུང་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ད་ལྟ་ སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ ཡུལ་རྫོང་ཁོངས་སུ་ཀཐོག་དགོན་པ་གསར་འདེབས་མཛད། ཁོང་ ནི་གསང་སྔགས་རྙིང་མའི་སློབ་དཔོན་གྲགས་ཆེན་ཞིག་ཡིན། ཁོང་གི་ མཚན་དངོས་ལ་ཤེས་རབ་སེང་གེ་ཞེས་གསོལ། མཚན་གཞན་ལ་ སྤོབས་པ་མཐའ་ཡས་ཀྱང་ཞུའོ།། ཀ་བ་དར་སེང།། ཁོང་ནི་འདུལ་འཛིན་ཐག་མ་པ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཀ་མ་པ་ཤེས་རབ་འོད་ ཁོང་ནི་རབ་བྱུང་དང་པོའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཡུལ་ ལན་པ་མདའ་ལ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་མོ་ཕག་ ལོ་སྟེ་་ལོར་སྐུ་གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་ མང་པོ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་ཅེས་ གསོལ། དེ་ནས་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་དང་ མཇལ་ཞིང་ལྟོ་གོས་ཆོས་གསུམ་གྱིས་ལེགས་པར་བསྐྱངས། སྒྲུབ་པ་ ཉམས་ལེན་མཛད་པས་མངོན་པར་རྟོགས་པའི་ཡོན་ཏན་ཡང་ཚད་མེད་ པ་དང་ལྡན་པ་ཡིན། དུས་ཕྱིས་སུ་ཁོང་གིས་ཀམ་དགོན་པ་གསར་ འདེབས་མཛད་ཅིང་གྲྭ་པ་བདུན་བརྒྱ་ཙམ་ནས་དེའི་ཚོགས་པ་ཡུན་ [003] རིང་དུ་བསྐྱངས། ཁོང་ལ་ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་ པོར་བསྒྱུར་ནུས་པའི་ཏིང་ངེ་འཛིན་བརྟན་པོ་ཡང་མངའ། དེ་ནས་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་ལྔ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགོན་པ་པའི་བུ་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ནོ།། ཀམ་ཀམ་དོན་གྲུབ་དཔལ་བ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་དགུ་ པར་ཡི་གེའི་སྦྱོར་ཀློག་བསླབས་པས་ལེགས་པར་མཁྱེན་ཏེ་བྱིས་པ་ཤེས་ རབ་ཅན་དུ་གྲགས། དགུང་ལོ་བཅུ་གསུམ་པར་མཁན་ཆེན་བློ་བཟང་ དང་སློབ་དཔོན་གུ་རུ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་དོན་གྲུབ་ དཔལ་བ་ཞེས་གསོལ། དགུང་ལོ་བཅུ་བཞི་པར་མཁན་ཆེན་བློ་བཟང་ ལ་ལོ་ངོ་བརྒྱད་ཀྱི་རིང་དུ་བསྟེན་ཏེ་འདུལ་བ་ལ་སོགས་པའི་ཆོས་གཞུང་ རྣམས་ལ་ལེགས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་གཉིས་པར་མཁན་ ཆེན་ཤཱཀྱ་མི་ཏྲ་སོགས་ལས་བསྙེན་པར་རྫོགས། གཞན་ཡང་གསང་ཕུ་ བ་བློ་གྲོས་བརྟན་པ་དང། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་ འཛིན་པ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གཞོན་ནུ་ འཕེལ། བྱ་ཡུལ་བློ་གྲོས་རྣམ་དག་མཁན་ཆེན་སེང་རྒྱལ་བ། རི་ཁྲོད་ པ་མགོན་པོ་ཡེ་ཤེས། སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ། ཐང་སག་ པ་ཀུན་སྤངས་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན་ མཁས་བཙུན་གཞོན་ནུ་འོད། སྟན་གཅིག་པ་ལུང་གི་རྒྱ་མཚོ་སོགས་ [004] ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ ཅིང་སྒྲུབ་པ་ཉམས་ལེན་ཡང་དེ་ལྟར་མཛད་པས་བསྟན་པའི་བདག་ པོར་གྱུར། དགུང་ལོ་ཉི་ཤུ་རྩ་གསུམ་པ་རབ་བྱུང་བདུན་པའི་མེ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ཡུན་ རིང་དུ་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་ མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དགུང་ ལོ་ལྔ་བཅུ་ང་གཉིས་པ་རབ་བྱུང་བདུན་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ བཅོས་བརྩམས། ཁོང་ནི་ཀམ་ཀམ་གྱི་གདན་རབས་བཅུ་པ་ཡིན་ནོ།། ཀམ་ཀམ་བརྩོན་འགྲུས་བཟང་པོ།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཀླུང་ ཤོད་ཟུར་རེར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་འཇམ་དབྱངས་རིན་ ཆེན་སེང་གེའི་ཞབས་ལ་གཏུགས་ནས་མཁན་པོ་ཞུས་ཤིང། མཁན་ ཆེན་བརྩོན་འགྲུས་རིན་ཆེན་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ཞིང་ མཚན་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་ བདུན་པར་རབ་བྱུང་གི་མཁན་སློབ་གཉིས་ལས་བསྙེན་པར་རྫོགས་ དེ་ནས་ཆོས་འཁོར་གླིང་དུ་ཕེབས་ཏེ་སློབ་དཔོན་ཤེས་རབ་རྒྱལ་མཚན་ དང། སློབ་དཔོན་བློ་བཟང་གཉིས་ལ་བསྟེན་ནས་འདུལ་བ་ལ་སོགས་ པའི་ཆོས་སྐོར་རྣམས་ལེགས་པར་གསན། མཁན་ཆེན་བཀྲ་ཤིས་ [005] རིན་ཆེན་དང། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ ཆེན་ཆོས་དབང། སྤྱན་སྔ་རིན་ཆེན་སེང་གེ་བྱ་ཡུལ་བའི་མཁན་ པོ་རིན་ཆེན་ཚུལ་ཁྲིམས། སློབ་དཔོན་གཞོན་ནུ་བརྩོན་འགྲུས། སློབ་ དཔོན་རིན་ཆེན་བསམ་གྲུབ། མཁན་པོ་བརྩོན་རྒྱལ་རྣམས་ལ་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་སྒྲུབ་པ་ཉམས་ལེན་ཡང་དེ་ལྟར་མཛད། དགུང་ལོ་སུམ་ཅུ་ སོ་བདུན་པ་རབ་བྱུང་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཀམ་ ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་གསུམ་ཅུ་སོ་ལྔའི་རིང་དུ་གདན་ས་ བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོལ་སྐྱོང་མཛད་ཅིང་ བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་གསུམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཀམ་ཀམ་གྱི་ གདན་རབས་དགུ་པ་ཡིན་ནོ།། ཀམ་ཀམ་སངས་རྒྱས་འོད་ཟེར།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འཁྲུངས་ རབ་བྱུང་དྲུག་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བཅུ་གཅིག་པར་མཁན་ཆེན་སེང་གེ་དཔལ་བ་ལས་རབ་ཏུ་ བྱུང་ཞིང་མཚན་ལ་སངས་རྒྱས་འོད་ཟེར་ཞེས་གསོལ། གྲོ་སར་ཕེབས་ ཏེ་མཁན་ཆེན་འོད་ཟེར་རྒྱལ་པོ་ལས་བསྙེན་པར་རྫོགས། དེ་ནས་ཆོས་ འཁོར་གླིང་པའི་སློབ་དཔོན་བྱམས་པ་དང། སྤྱན་སྔ་རིན་ཆེན་སངས་ རྒྱས་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་ [006] སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་ ཤེས་རབ་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་ རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་ གདན་སར་ཕེབས་ཤིང་ལོ་ངོ་དྲུག་གི་རིང་དུ་གདན་ས་བསྐྱངས་ དགུང་ལོ་ཉི་ཤུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་ ནས་ལོ་ངོ་གསུམ་ཅུ་རྩ་དགུའི་བར་དུ་ཀམ་ཀམ་གྱི་གདན་ས་སྟོངས་ ཁོང་ནི་ཀམ་ཀམ་གྱི་གདན་རབས་བརྒྱད་པ་ཡིན་ནོ།། ཀམ་ཀམ་བསོད་ནམས་རིན་ཆེན།། ཁོང་ནི་རབ་བྱུང་བཞི་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་དགུ་པར་རྣལ་འབྱོར་བྱང་སེང་ལས་ རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་མཚན་ལ་བསོད་ནམས་ རིན་ཆེན་དུ་གསོལ། དེ་ནས་ཞིག་པོ་འདུལ་གྲྭ་པ་རིན་ཆེན་འབྱུང་ གནས་དང་ཟེམ་ཚེ་རིང་མོ་བ་གཉིས་ལ་སོགས་པའི་དགེ་བའི་བཤེས་ གཉེན་རྣམས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་དབང་པོར་གྱུར་ དགུང་ལོ་བཞི་བཅུ་རྩ་གཅིག་པ་རབ་བྱུང་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་སུམ་ཅུ་སོ་ བཞིའི་རིང་དུ་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་ གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་བདུན་ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ [007] གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་ལྔ་པ་ཡིན་ནོ། ། ཀམ་ཀམ་ཆོས་ཀྱི་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབ་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་མཛད་ཅིང་ བསྟན་པའི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་ བསྲུང་བྱ་ཐམས་ཅད་ལེགས་པར་བསྲུངས། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ ཐིག་ལེ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག། ཉི་ཤུ་རྩ་བརྒྱད་པ་དང། སྣང་བ། ། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་ བསྒྲུབས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད་ དེ་ནས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ པད་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ [008] དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་འཇམ་མགོན་བསྟན་པའི་ཉིན་ བྱེད་ཀྱི་དྲུང་དུ་ཡུན་རིང་བསྟན་ནས་གསོ་བ་རིག་པའི་གཞུང་ལུགས་ མཐའ་ཀླས་པ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་མཁས་པ་ཆེན་ པོར་གྱུར། དགུང་ལོ་ཉེར་དགུ་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ ཉེ་འདབས་དབེན་པ་ཟླ་རིས་སུ་ སྨན་སྦྱོར་སྐོར་གྱི་ལག་ལེན་ཚད་ཐུབ་ལྗགས་བརྩམས་མཛད། དེའི་བུ་ ཡིག་གི་ཚུལ་དུ་ བརྩམས་གནང་ངོ་ ཀརྨ་ངེས་ལེགས་བསྟན་འཛིན།། ཁོང་ནི་སྤྱི་ལོའི་དུས་རབ་བཅོ་བརྒྱད་པའི་དུས་མགོ་ཙམ་དུ་ ཁམས་སྡེ་དགེའི་ཁོང་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད་དེ་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང། དེ་ནས་སི་ཏུ་པཎ་ ཆེན་ཆོས་ཀྱི་འབྱུང་གནས་ ་ ལ་བསྟེན་ནས་རིག་ གནས་ཆུང་བ་ལྔ་དང་ཆེ་བ་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་ མཁས་པ་ཆེན་པོ་གྱུར། ལྷག་པར་དུ་གསོ་བ་རིག་པའི་གཞུང་ལུགས་ ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་མདོ་དབུས་ཁམས་གསུམ་དུ་ མཁས་པའི་གྲགས་པ་ཐོབ། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་ རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི་ མཁོ་བུམ་བཟང། [009] པའི་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ ཟེར་འཕྲོ་བའི་ཟླ་བ་གསར་པ། མཛོད། ། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་མདོ་ ཁམས་ཆབ་མདོའི་ཁུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང། ཡི་གེའི་ སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དེ་ནས་སྡེ་དགེ་ཀཿ་ ཐོག་དགོན་དང་དཔལ་སྤུངས་དགོན་སོགས་སུ་བཞུགས་ཏེ་ཚ་བ་ལོ་ཙཱ་ སྐྱབས་མཆོག་རིན་ཆེན་ཕུན་ཚོགས་གནས་ལ་སྦྱངས་པ་སྤྱིས་ཕྱིན་པ་མཛད་ ཅིང་ཁྱད་པར་དུ་གསོ་བ་རིག་པ་ལ་ཤིན་ཏུ་མཁས་པའི་མདོ་ཁམས་ཀུན་ ཏུ་མཛད་འཕྲིན་རྒྱས། དེ་ནས་དབུས་སུ་ཕེབས་ཏེ་ལྕགས་རི་རིག་བྱེད་ འགྲོ་ཕན་གླིང་དུ་བཞུགས་ཤིང་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ ལུང་ལྟར་གསོ་རིག་གི་འཆད་ཉན་མཛད་པ་མ་ཟད་སྨན་གཞུང་ཡང་ མང་དུ་བརྩམས། རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྨན་གཞུང་དཔར་ཤིང་མང་པོར་ཞུས་དག་དང་དཔར་བྱང་སྨོན་ ཚིག་མང་དུ་བརྩམས་པར་མཛད། སྐུ་ཚེའི་མཇུག་ཏུ་ལྷ་སའི་སྐྱིད་ ཆུའི་ལྷོ་ངོས་གྲིབ་ཚེ་ཆོག་གླིང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་ བརྩོན་མྱུར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཤུག་གསེབ་ལོ་ཆེན་རིན་པོ་ཆེ་དང། བླ་མ་ང་ [010] དབང། བླ་མ་འཇིགས་མེད་འཕྲིན་ལས། འཚོ་བྱེད་རྡོ་རྗེ་རྒྱལ་ མཚན། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་བཅས་ཡིན། ཁོང་གི་ གསུང་རྩོམ་ནི་ ཞིང་ཁམས་བགྲོད་པའི་ཐེམ་སྐས། མཚོ། འདེབས། ཆ་ལག་ཀུ་སུ་ལུའི་ཚོགས་གསོག། ། ཀརྨ་བསྟན་སྐྱོང་དབང་པོ།། ཁོང་ནི་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ ལོ་མི་གསལ། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྤྱི་ལོ་་ ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བཀྲོངས། ཁོང་དགུང་ ལོ་ཆུང་ངུའི་དུས་སུ་རྣམ་དཔྱོད་ཆེ་བ་དང་ཆོས་སྲིད་གཉིས་ཀའི་ཕྱོགས་ ལ་མཁྱེན་རྒྱ་ཆེ་བས་མངའ་རིས་པཎ་ཆེན་གྱི་སྐྱེ་བར་ངོས་བཟུང་ཐེ་ཚོམ་ བྱེད་དགོས་པ་ཞིག་བྱུང་འདུག་ཡབ་ཀརྨ་ཕུན་ཚོགས་རྣམ་རྒྱལ་སྐུ་ གཤེགས་རྗེས་གཙང་པ་སྡི་སྲིད་ཀྱི་དབང་ཆ་བཅུང་ནས་རྫོང་ཆེན་བཅུ་ གསུམ་མ་གཏོགས་དེ་མིན་ས་བཙན་པོ་ཡོད་པའི་རྫོང་ཕྲན་ཆུང་བ་ རྣམས་ཤུལ་མེད་བཟོས། ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་ བྱས། རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཕྱག་ མཛོད་བསོད་ནམས་རབ་བརྟན་དང་སོག་པོ་བློ་བཟང་བསྟན་འཛིན་ གཉིས་ཀྱི་སོག་པོའི་རྟ་དམག་གཙང་དུ་བཏང་བས་ཀརྨ་བསྟན་སྐྱོང་ [011] དབང་པོ་ཕམ་ཉེས་ཚབས་ཆེན་བྱུང་བའི་སྐབས་དེར་པཎ་ཆེན་བློ་ བཟང་ཆོས་རྒྱན། དགའ་ལྡན་གསེར་ཁྲིད་དཀོན་མཆོག་ཆོས་འཕེལ་ སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བཅས་ནས་གཙང་སོག་ ཆིངས་འགྲིགས་གནང་ཡང་རྒྱལ་དབང་བཞི་པའི་ཡང་སྲིད་ཁྲི་འདོན་བྱ་ རྒྱུ་ཀརྨ་བསྟན་སྐྱོང་དབང་པོས་ཁས་མ་བླངས། རབ་བྱུང་བཅུ་གཅིག་ པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གུ་ཤྲཱི་ཧན་གྱིས་གཙང་པའི་རྒྱབ་ རོག་ཁམས་བེ་རི་རྒྱལ་པོ་བཏུལ་ནས་རྒྱལ་ཁ་ཐོབ་པའི་མཚམས་དེར་ ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་རྒྱལ་དབང་ལྔ་པའི་དགོངས་ པ་མ་བསྟུན་པར་ལྐོག་ནས་གུ་ཤྲཱི་ཧན་གྱི་མདུན་སར་ཕོ་ཉ་བཏང་སྟེ་ གཙང་པ་ཚར་གཅོད་པའི་དཔུང་རོགས་ཞུས། །དེ་ནས་གུ་ཤྲཱི་ཧན་གྱིས་ དཔུང་ཆེན་བོད་དུ་ཁྲིད་ནས་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྤྱི་ ལོ་་ལོར་གཙང་པ་སྡེ་སྲིད་རྩ་མེད་དུ་བཏང་ནས་བོད་ཁྲི་སྐོར་ བཅུ་གསུམ་མམ་རྫོང་ཆེན་བཅུ་གསུམ་རྒྱལ་དབང་ལྔ་པ་ངག་དབང་བློ་ བཟང་རྒྱ་མཚོ་ལ་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ སོ། ། ཀརྨ་བསྟན་སྲུང་དབང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡིག་རྩིས་སོགས་ལ་སྦྱངས་པ་དང། ཆོས་སྲིད་གཉིས་ ཀའི་ཕྱོགས་ལ་མཐོང་རྒྱ་ཆུང་ཟད་ཆེ་བར་བྱུང། རབ་བྱུང་བཅུ་པའི་ ཤིང་མོ་སྦྲུལ་པོ་སྟེ་སྤྱི་ལོ་་ལོར་དམག་སྣེ་དྲང་ནས་འཕན་ཡུལ་ [012] དབང་དུ་བསྡུས་ཤིང་དགེ་ལུགས་པའི་སྦྱིན་བདག་སྡེ་བ་སྐྱིད་ཤོད་པ་ གཏོར་ཏེ་དཔོན་དམག་མང་པོ་བསད། སྐྱིད་ཤོད་པ་དང་རིན་སྤུངས་པ་ ལས་རྣམ་པར་རྒྱལ་རྗེས་པ་རྣམ་ནོར་བུ་ཁྱུང་རྩེར་རྒྱུན་བཞུགས་མཛད་ གཅེན་པོ་ཀུན་སྤངས་པ་ལྷ་དབང་རྡོ་རྗེ་སྐུ་གཤེགས་རྗེས་བསམ་གྲུབ་ རྩེར་བཞུགས་ནས་གཙང་སྟོད་སྡེ་པའི་ཆབ་སྲིད་བསྐྱངས་སོ། །ཁོང་ ནི་གཙང་སྟོད་ཀྱི་སྡེ་སྲིད་གསུམ་པ་ཡིན་ནོ། ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་ཡབ་སྙན་གྲགས་དབང་པོ་ དང། ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅོ་ལྔ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ཆུང་དུས་མཚན་ལ་དོན་གྲུབ་རྡོ་རྗེ་ཞེས་གསོལ། དགུང་ལོ་ལྔ་ པར་སྐྱེས་སྟོབས་ཀྱི་ཤེས་རབ་འགྲན་ཟླ་མེད་པས་ཡི་གེའི་སྦྱོར་ཀློག་ ལེགས་པར་མཁྱེན། དགུང་ལོ་དྲུག་པས་སྐུ་གོང་མའི་ཡང་སྲིད་དུ་ངོས་ འཛིན་མཛད་དེ་འོག་མིན་མཚུར་ཕུར་གདན་དྲངས་ཏེ་སེང་ཁྲི་ཆེན་ པོར་མངའ་གསོལ། མཚན་ལ་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ ཆེན་པོ་འཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ ཞེས་གསོལ། འབྲུག་ཐམས་ཅད་མཁྱེན་པ་དང། ཡོངས་འཛིན་ཤེས་ བྱ་ཀུན་མཁྱེན་གཉིས་ལས་རབ་ཏུ་བྱུང། དགུང་ལོ་བརྒྱད་པར་རྒྱལ་ བ་ཐུབ་བསྟན་རྒྱ་མཚོ་དང་མཇལ་འཕྲད་མཛད་པས་ཤིས་བརྗོད་དང་ གཟེངས་བསྟོད་གནང། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་བཀའ་ [013] འགྱུར་གྱི་ལུང་དང། དཔའ་བོ་གཙུག་ལག་ཉིན་བྱེད་ལས་འཇའ་ཚོན་ པོད་དྲུག་གི་དབང་ལུང། སྔགས་གྲྭ་རིག་འཛིན་ཆེན་པོ་ལས་སི་ཏུ་ ཀུན་མཁྱེན་བཀའ་བུམ་སོགས་གསན་བཞེས་མཛད། རྗེ་འཇམ་ མགོན་བླ་མ་ལས་བཀའ་བརྒྱུད་སྔགས་མཛོད་སོགས་ཀྱི་དབང་ལུང་ཁྲིད་ གསུམ་དང། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་དཀང་པོ་ རྣམ་གསུམ་གྱི་དབང་ལུང་བཅས་གསན་བཞེས་མཛད། སླར་རྗེ་འཇམ་ མགོན་བླ་མ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ དང། ཤེས་བྱ་ཀུན་ཁྱབ། དབུ་མ་འཇུག་པ། མངོན་རྟོགས་རྒྱན་ རྒྱུད་བླ་མ། བདེ་མཆོག་རྩ་རྒྱུད། གསུང་འདུས། དྲི་མེད་འོད་ སྒྱུ་འཕྲུལ་གསང་བ་སྙིང་པོ་རྣམས་ཀྱི་བཤད་ཁྲིད་གསན་ཏེ་ཐོས་པ་རྒྱ་ མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད། ཁོང་གིས་སི་ཏུའི་མཆོག་སྤྲུལ་ དང། འབྲུག་ཆེན་གྱི་མཆོག་སྤྲུལ། འཇམ་མགོན་བླ་མའི་མཆོག་ སྤྲུལ་བཅས་ཀྱི་ཁྲི་འདོན་ལེགས་པར་མཛད། མཚུར་ཕུར་དགེ་འདུན་ ཟུར་རེའི་འདུ་ཁང་གསར་རྒྱག་དང། ཕོ་བྲང་ཉམས་གསོ་དང། ལྷ་ སའི་གཙུག་ལག་ཁང་དུ་ཚེ་རིང་མཆེད་ལྔའི་རྟེན་དང་སྐོང་གསོལ་རྒྱུན་ འཛུགས་མཛད། ཁོང་གི་སྐུ་ཚེ་གང་བོར་མངའ་རིས་དང། དབུས་ གཙང། དྭགས་ཀོང། འབྲས་ལྗོངས། ལོ་མོན། སྐུ་ཀོང། བྱང་ འབྲོག་མདོ་ཁམས། རྒྱ་འཇང། ཧོར་སོག་ཚུན་དུ་ཞབས་ཀྱིས་ བཅགས་ཏེ་གསུང་གི་བདུད་རྩིས་སྐྱེ་བོ་མཆོག་དམན་བྲངས་ཀྱིས་མི་ ལངས་པ་གཏན་བདེ་སྨིན་གྲོལ་གྱི་ཞིང་དུ་བཀོད་པ་མཛད་དོ། ཁོང་ ནི་ཀརྨ་པའི་སྐུ་ཕྲེང་བཅོ་ལྔ་པ་ཡིན། ཁོང་གི་སློབ་མ་ནི་སི་ཏུ། རྒྱལ་ [014] ཚབ། དཔའ་བོ། ཏྲེ་ཧོ། གར་དབང། རས་ཆུང། ཁྲ་ལེབ་ སོགས་སྤྲུལ་བའི་སྐུ་མང་དུ་བྱོན་ནོ། ཁོང་གི་གསུང་རྩོམ་ནི་ལྷ་རྩེའི་ དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ཀྱི་བཀའ་བསྡུ་གསོ་མཛད་པས་པོ་ ཏི་བཅུ་སྐོར་བཞུགས་སོ། ། ཀརྨ་པ་ཆོས་གྲགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམ་ཏྲེ་ཤོད་དུ་ཡབ་གྲུབ་ཐོབ་གྲགས་པ་དཔལ་གྲུབ་དང། ཡུམ་ ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཟླ་ངོ་དགུ་པར་སྒར་ ཆེན་འཛམ་གླིང་རྒྱན་ཆེན་གྱི་སེང་གེའི་ཁྲི་ལ་བཞུགས། །མཚན་ལ་རང་ བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དེ་ནས་ཀརྨ་དགོན་དུ་ ཕེབས་ཏེ་གོ་ཤྲཱི་རིན་པོ་ཆེས་དགེ་བསྙེན་གྱི་སྡོམ་པ་ཕུལ། དགུང་ལོ་ བཅུ་གཉིས་པར་ཀུན་མཁྱེན་འཇམ་དཔལ་བཟང་པོས་རབ་བྱུང་ཕུལ་ མཚན་ལ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། དེ་ནས་ སྤུངས་རི་དང་འབའ་ཐང། རྨ་ཆུའི་རྒྱུད་སོགས་ས་གནས་མང་པོར་ ཞབས་ཀྱིས་བཅགས་ཏེ་བྱིན་རླབས་དང་རྫུ་འཕྲུལ་ངོ་མཚར་ཅན་ཤ་ སྟག་མཛད། དེའི་སྐབས་སུ་གོང་མ་ཆེན་པོ་ཆིང་ཧྭའི་ལུང་གིས་དབུ་ཞྭ་ དང། མུ་ཏིག་སྣམ་སྦྱར། གསེར་བྲེ་ཆེན་གོས་དར་ཁྲི་ཕྲག་ སོགས་ཀྱི་འབུལ་བ་ཡང་འབྱོར། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་ བཙུགས། འབྲི་གུང་མཐིལ་དུ་ཕེབས་ནས་ཟབ་ཆོས་ཅི་རིགས་དང་ ཕྱག་ཆེན་ཆོས་དྲུག་གི་དབང་ཁྲི་དང། སྒྲུབ་སྡེ་འཛུགས་པ། ཆོས་ [015] ཁྲིམས་བསྡམས་པ་སོགས་ཀྱིས་འབྲི་གུང་གི་བསྟན་པ་གཞི་ནས་གསོ་ བར་མཛད། སྤོ་བོའི་ཕྱོགས་སུ་ཕེབས་ཏེ་བྲེ་མོ་ཆུ་མདོ་ལ་རྣམ་རྒྱལ་ གླིང་གི་དགོན་པ་གསར་འདེབས་མཛད། སྨོན་ལམ་གྱི་ཆོ་ག་ཡན་ལག་ ཉི་ཤུ་པ་ཡང་མཛད། ཁོང་སྐུ་ཚེ་གང་བོས་རྒྱ་གར་དང། རྒྱ་ནག་ འཇང། བལ་བོ། །ཁ་ཆེན། མངའ་རིས། ཀློ་བོ། མདོ་ཁམས་ དྭགས་ཀོང། ལྷོ་མོན། དབུས་གཙང། ཡར་འཕྲོག་བྱང་རིན་ སོགས་ཀྱི་མི་རིགས་སོ་སོའི་སྐྱེ་བོ་མཆོག་དམན་ཀུན་ལ་ཆོས་ཀྱི་སྦྱིན་པ་ བཏང་ནས་དུས་འདའ་བར་མཛད། ཁོང་ནི་ཀརྨ་པའི་སྐུ་ཕྲེང་བདུན་ པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཆོས་གྲགས་ཡེ་ཤེས་ དང། གྲུབ་ཆེན་སངས་རྒྱས་མཉན་པ། པཎ་ཆེན་ཤཱཀྱ་མཆོག་ལྡན་ ཀརྨ་འཕྲིན་ལས་པ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ རིག་གཞུང་རྒྱ་མཚོ། གསུམ་གྱི་སྒྲོམ་མེ། འདུས་མི་བསྐྱོད་པའི་མངོན་རྟོགས། བསྟན་བཅོས་མང་དུ་བཞུགས་སོ། ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་སྨར་སྟོད་ཀི་ཟི་ཐང་དུ་ཡབ་ཁྱེའུ་ཐར་དང། ཡུམ་ཨ་ མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་ ཡུམ་གྱིས་ཨོ་རྒྱན་སྐྱབས་ཞེས་བཏགས། ཀཾ་པོ་གངས་ར་ནས་རྨ་ཆེན་ [016] སྤོམ་རའི་བར་དུ་ཞབས་ཀྱིས་བཅགས་ཚེ་ཡུལ་ལྷ་གཞི་བདག་གིས་གསེར་ སྐྱེམས་དང་མཆོད་འབུལ་ཞུ་བ་མངོན་སུམ་དུ་བྱུང། འཇང་བོད་ སོགས་མཆོག་དམན་གྱི་སྐྱེ་འགྲོ་རྣམས་དགེ་བའི་ལམ་བཟང་དུ་སྨིན་ པར་མཛད། དབུས་གཙང་སོགས་སུ་ཆིབས་ཁ་བསྒྱུར་སྐབས་ཕ་ཝང་ རོག་གཏམ་ཞེས་པ་ལ་ཞབས་རྗེས་བྱོན་པ་དང་བྱང་ཆུབ་དགོན་དུ་འབྲི་ ཆུའི་གནོད་པ་བཟློག་པར་མཛད། རྗེ་བཙུན་གཙུག་ལག་རྒྱ་མཚོས་ གཙུག་ཕུད་བཞེས། ས་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་རྒྱལ་རྩེར་ སྤྱན་དྲངས་ཏེ་འབྱོར་བ་རྒྱ་ཆེན་པོའི་མཆོད་པ་དང། དགེ་འདུན་ ཚོགས་པ་རྒྱ་ཆེའི་དབུས་སུ་སྨོན་ལམ་གྱི་མཛད་སྒོ་གནང། དགུང་ལོ་ ཞེ་གཅིག་པར་བསྙེན་པར་རྫོགས་པ་མཛད། སོག་པོ་བསྟན་འཛིན་ཆོས་ རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་ནས་ཡོན་བདག་གཙང་པ་སྡེ་སྲིད་ རྩ་གཏོར་བཏང་བར་རྟེན། ཁོང་ཁམས་ཕྱོགས་བརྒྱུད་འཇང་ཡུལ་དུ་ བྱོན། འཇང་དུ་དགོན་ཁག་བཅུ་གསུམ་གསར་འདེབས་མཛད་ཅིང་ ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་དར་སྤེལ་རྒྱ་ཆེར་མཛད། དེ་ནས་ རྒྱལ་དབང་ལྔ་བ་ཆེན་པོས་བོད་དུ་འབྱོར་དགོས་པའི་བཀའ་ལྟར་མཇལ་འཕྲད་གྲུབ། སེམས་ཅན་དབུལ་ཕོངས་ཅན་རྣམས་ལ་ཟང་ ཟིང་གིས་ཚིམས་པར་མཛད། སྣང་སྲིད་བདེན་མེད་དུ་གཟིགས་པས་ དགའ་སྡུག་གི་སྣང་བ་མི་མངའ། གནོད་སྐྱོན་སྐྱེལ་མཁན་རྣམས་ལ་ འཁོན་འཛིན་མེད་ཅིང་ལྷག་པར་བརྩེ་བར་མཛད། ཐུགས་མཉམ་རྗེས་ བྲལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བ་ཞིག་བཞུགས་སོ། ཀོང་ནི་ ཀརྨ་པའི་སྐུ་ཕྲེང་བཅུ་པ་ཡིན། ཀོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་ [017] དམར་ཡེ་ཤེས་སྙིང་པོ་དང། རྒྱལ་ཚབ་ནོར་བུ་བཟང་པོ། དཔའ་བོ་ འཕྲིན་ལས་རྒྱ་མཚོ། སི་ཏུ་མི་ཕམ་འཕྲིན་ལས་རབ་བརྟན། གནས་ མདོ་ཀརྨ་ཆགས་མེད། ཁྱབ་བདག་གྲུབ་མཆོག་དབང་པོ། ཁ་རེག་ ཀརྨ་བསྟན་སྲུང་བཅས་ཡིན། །། ཀརྨ་པ་ཐེག་མཆོག་རྡོ་རྗེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ཟླ་མོ་སྒང་གི་ཟླ་ནང་དུ་ཡབ་མགོན་པོ་ལྷ་དར་དང་ ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ ལྔ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། འབྲུག་ཆེན་ ཆོས་ཀྱི་སྣང་བས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ལུང་བསྟན་ བཞིན་ངོས་འཛིན་མཛད་དེ་མཚན་ཡང་ཐེག་མཆོག་རྡོ་རྗེ་ཞེས་གསོལ་ དེ་ནས་བསུ་བ་རྒྱ་ཆེན་པོ་མཛད་ནས་ཀརྨ་དགོན་དུ་ཕྱག་ཕེབས། སི་ ཏུ་པདྨ་ཉིན་བྱེད་དབང་པོ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཅིག་ཅར་ དུ་བཞེས་ཤིང། གསང་སྔགས་གསར་རྙིང་གི་སྨིན་གྲོལ་ཟབ་རྒྱས་ ནམས་རིམ་བཞིན་གསན་པར་མཛད། བོད་ཆེན་པོའི་ཕྱོགས་ཀྱི་སྐྱེ་ འགྲོ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་མཛད་ནས་རིམ་པར་འོག་ མིན་མཚུར་ཕུར་ཕྱག་ཕེབས། འབྲུག་ཆེན་ཆོས་ཀྱི་སྣང་བ་དང་སི་ཏུ་ པདྨ་ཉིན་བྱེད་དབང་པོ་གཉིས་ལས་བསྙེན་པར་རྫོགས། དགེ་བའི་ བཤེས་གཉེན་མང་པོ་ལ་བསྟེན་ནས་ཕྱི་ནང་ཐུན་མོང་གི་རིག་གནས་ ཐམས་ཅད་ལ་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་ཤིང། སྡེ་སྣོད་གསུམ་ ལ་འཆད་རྩོད་རྩོམ་པ་དང། ཟབ་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་ [018] ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད། གཙུག་ལག་ ཁང་གི་ཞིག་གསོ་དང། སྐུ་གསུང་ཐུགས་རྟེན་མང་དུ་གསར་བཞེངས་ མཛད། ས་ག་ཟླ་བའི་དུས་ཆེན་ཚེས་བཞི་ལ་གསང་འདུས་དང། རྡོ་ རྗེ་ཕུར་པའི་སྒྲུབ་ཆེན་གར་འཆམ་ཆེན་མོ་གསར་འཛུགས་མཛད་ མདོ་དབུས་ཁམས་གསུམ་གྱི་གནས་རིམ་དང་སྡེ་དགོན་ཕལ་ཆེ་ལ་ཞབས་ ཀྱིས་བཅགས་ཏེ་བསྟན་འགྲོའི་བྱ་བ་ཁོ་ནར་བསྒྲུབས་ནས་དུས་འདའ་ བར་མཛད་དོ། ཁོང་ཚེ་ལ་རིག་འཛིན་བརྙེས་ཀྱང་གདུལ་བྱ་རྟག་ འཛིན་ཅན་རྣམས་འདུལ་ཕྱིར། སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེའི་ རྒྱལ་ཚབ་འབྲུག་ཆེན་མི་ཕམ་ཆོས་ཀྱི་རྒྱ་མཚོ་མངའ་གསོལ་གནས་རེ་ཞིག་ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ཕེབས་སོ། ཁོང་ནི་ཀརྨ་པ་ སྐུ་འཕྲེང་བཅུ་བཞི་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འབྲུག་ ཆེན་འཇིགས་མེད་མི་འགྱུར་དབང་རྒྱལ་དང། ཀོང་སྤྲུལ་ཡོན་ཏན་རྒྱ་ མཚོ། མཆོག་གྱུར་གླིང་པ། དཔའ་བོ་གཙུག་ལག་ཉིན་བྱེད། སི་ཏུ་ པདྨ་ཀུན་བཟང། རྒྱལ་ཚབ་ཡེ་ཤེས་བཟང་པོ། ངེས་དོན་བསྟན་པ་ རབ་རྒྱས། ཆགས་སྤྲུལ་གསང་སྔགས་བསྟན་འཛིན། འཇམ་ དབྱངས་མཁྱེན་བརྩེ་དབང་པོ། ཀླུ་འབུམ་དགེ་བཤེས་བཅས་ཡིན། ། ཀརྨ་པ་མཐོང་བ་དོན་ལྡན།། ཁོང་ནི་རབ་བྱུང་བདུན་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཁམས་ཀརྨའི་ཉེ་ལོགས་ངོམ་སྟོད་དུ་ཡབ་གོ་འཇོ་བསམ་གྲུབ་རྡོ་རྗེ་ དང། ཡུམ་སྟོད་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ [019] དགུང་ལོ་གསུམ་པར་འཇམ་དབྱངས་གྲགས་པ་དང། སོག་དབོན་ བཀའ་བཞི་པ་རྣམས་ལ་དབང་ལུང་བཤད་གསུམ་མང་དུ་གསན་ འོལ་ཁ་བཀྲ་ཤིས་ཐང་དུ་མཁན་ཆེན་བསོད་ནམས་བཟང་པོ་སོགས་ ལས་རབ་ཏུ་བྱུང། མཚན་ལ་ཆོས་གྲགས་དཔལ་བཟང་པོ་ཞེས་ གསོལ། དེ་ནས་ཙཱ་རི་དང། བཀྲ་ཤིས་ལྗོངས། མཚུར་ཕུ། ཟུར་ མང། ཀརྨ། སྤུངས་རི་སྤང་ཕུག་སོགས་སུ་ཕེབས་སྐབས་ཡི་དམ་ དང་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཞལ་གཟིགས་གནང། རོང་ སྟོན་རིན་པོ་ཆེ་ལས་གཞུང་ལུགས་དུ་མ་གསན་པས་རོང་སྟོན་རིན་པོ་ ཆེས་ང་ལ་སངས་རྒྱས་སློབ་མ་ཡོད་ཅེས་བསྒྲགས་པར་མཛད། སྟག་ ལུང་དུ་འདུས་སྡེར་ཆོས་གསུངས་སྐབས་མེ་ཏོག་གི་ཆར་མངོན་སུམ་ བབས། ལྷོ་རོང་དུ་བསྟན་འགྱུར་གོས་དར་གྱི་ཐུམ་ཅན་བཞེངས་ ཛ་ལནྡྷ་རར་གསེར་གྱི་བཀའ་འགྱུར་གླེགས་ཤིང་ཅན་བཅས་བཞེངས་ རོང་པོ་དང་མི་ཉག་གི་འཁྲུག་པ་དང། སྒོ་སྡོང་གི་འཁྲུག་ཆེན་སོགས་ སྟོད་སྨད་ཀྱི་འཁྲུགས་པ་མང་པོ་ཞི་བར་མཛད། གསང་ཕུར་ཕེབས་ ནས་རྟེན་ཐམས་ཅད་རྟེན་སྒམ་དུ་བཞག་ནས་ཕྱག་ཐམ་གྱིས་མནན་ དབུ་ཞྭ་དང་ཞལ་གདམས་ཀྱི་ཕྱག་དཔེ་སོགས་གོ་ཤྲཱི་རིན་པོ་ཆེ་ལ་གཏད་ དེ་ལུང་བསྟན་བཀའ་རྒྱ་ཅན་མཛད། དགུང་ལོ་སོ་བརྒྱད་པར་ཞི་བའི་ དབྱིངས་སུ་ཕེབས། ཁོང་ནི་ཀརྨ་པའི་སྐུ་ཕྲེང་དྲུག་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་གོ་ཤྲཱི་དཔལ་འབྱོར་དོན་གྲུབ་དང། ཀུན་ མཁྱེན་འཇམ་དཔལ་བཟང་པོ། སྟག་ལུང་ཞབས་དྲུང་སོགས་ཡིན། ། ཀརྨ་པ་དུས་གསུམ་མཁྱེན་པ།། [020] ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ཏྲེ་ཤོད་དུ་ཡབ་རྡོ་རྗེ་མགོན་པོ་དང། ཡུམ་སྒང་ལྕམ་ མིང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ དགེ་འཕེལ་ཞེས་ཞུའོ། དགུང་ལོ་ཆུང་ངུའི་དུས་ནས་ཡབ་ལས་ཡི་ གེའི་འབྲི་ཀློག་ལེགས་པར་སྦྱངས་ན། དགུང་ལོ་བཅུ་གཅིག་པར་ལྷ་མོ་ སྒྲུབ་པས་ཞལ་གཟིགས་བྲག་ལ་ཞབས་རྗེས་བྱུང། དགུང་ལོ་བཅུ་ གཉིས་པར་སློབ་དཔོན་ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང་སྟེ་མཚན་ ལ་དཔལ་ཆོས་ཀྱི་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་དགུ་པར་ དབུས་སུ་བྱོན་ཏེ། དགེ་བཤེས་རྒྱ་དམར་བ་དང། ཕྱཱ་བ་ཆོས་ཀྱི་སེང་ གེ་གཉིས་ལས་དབུ་མ་དང། ཚད་མ། བྱམས་ཆོས་སྡེ་ལྔ་སོགས་ ལེགས་པར་གསན། དགེ་བཤེས་ཤ་ར་བ་དང། ཤེས་རབ་རྡོ་རྗེ་ གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་སོགས་ལོ་ངོ་དྲུག་ཏུ་སྦྱངས་ པར་མཛད། མཁན་པོ་མལ་འདུལ་འཛིན་སོགས་བསྙེན་པར་རྫོགས་ ནས་འདུལ་བ་ལ་མཁས་པར་བསླབས། དཔལ་རྒྭ་ལོ་དང་ཁམས་པ་ཨ་ སེང་གཉིས་ལས་དུས་འཁོར་སྦྱོར་དྲུག་སོགས་བསྐྱེད་རྫོགས་ཀྱི་གདམས་ པ་མང་དུ་གསན། དགུང་ལོ་སུམ་ཅུ་པར་དྭགས་ལྷ་སྒམ་པོར་བྱོན་ནས་ རྗེ་སྒམ་པོ་བ་དང་མཇལ། ཐོག་མར་ལམ་རིམ་དང། དེ་ནས་དབང་ དང་ཐབས་ལམ་གྱི་གདམས་ངག་ཞུས་ཏེ་བསྒོམས་པས་སྒོམ་ཆེན་བརྒྱད་ བརྒྱ་ལས་སྒོམ་བསྲན་ཆེ་བ་གྲགས། དེ་ནས་ཁམས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་སྐོར། རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྤྱི་ལོ་་ [021] ལོར་ཀཾ་པོ་གནས་ནང་དུ་དགོན་པ་གསར་འདེབས་མཛད། རབ་བྱུང་ གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཀརྨ་དགོན་པ་གསར་ འདེབས་མཛད། རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་ལོ་་ ལོར་སྟོད་ལུང་མཚུར་ཕུའི་དགོན་པ་གསར་འདེབས་མཛད། སྐུ་ཚེ་གང་ བོར་སློབ་མའི་ཚོགས་པ་བསྐྱངས་ནས་དུས་འདའ་བ་མཛད་དོ། ཁོང་ ནི་ཀརྨ་པའི་སྐུ་ཕྲེང་དང་པོ་ཡིན། ཁོང་གི་སློབ་མའི་ཚོགས་ནི་བཀའ་ བབས་ཀྱི་བུ་ཆེན་ལྔ་དང། རྒྱུད་འཛིན་གྱི་བུ་ཆེན་བཞི། ཉེ་གནས་ འོད་བཞི། བླ་མ་བཞི། སྔ་བུ་བཞི། ཕྱི་བུ་བཞི་སོགས་གཙོས་པའི་ སློབ་མ་མང་དུ་བྱོན་ནོ། ། ཀརྨ་བ་དེ་བཞིན་གཤེགས་པ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་བྱི་ལོ་སྤྱི་ལོ་་ལོར་ ཉང་ཡུལ་མྱང་འདམ་དུ་ཡབ་གུ་རུ་རིན་ཆེན་དང། ཡུམ་ལྷ་མོ་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་སློབ་དཔོན་ ལ་རང་རེ་རྒྱ་ནག་ཏུ་ཕྱིན་དུས་རྒྱལ་པོ་ཡུམ་སྲས་དང་བཅས་པར་དབང་ གནང་ལུགས་དང། འབུལ་བ་ཕུལ་ཚུལ་སོགས་གསལ་པོར་གསུངས་ རྟོགས་ལྡན་མཁའ་སྤྱོད་པས་སྐུ་གོང་མའི་དབུ་ཞྭ་ཞྭ་ནག་ཕུལ་ནས་ཁོང་ གི་དབུ་ལ་མནབས་པས་དབུ་ལ་ཆེ་ཆུང་མཚུངས་པར་གྱུར་པ་སོགས་ངོ་ མཚར་གྱི་མཛད་པ་ཤིན་ཏུ་མང། དགུང་ལོ་བཅུ་གཉིས་པར་མཚུར་ ཕུའི་གདན་སར་ཕེབས། དབུས་གཙང་དང་མངའ་རིས་སོགས་ཀྱི་ གདུལ་བྱ་རྣམས་སྨིན་པར་མཛད། ཚོགས་དགེ་འདུན་སྒང་དུ་སྡེ་སྣོད་ [022] འཛིན་པ་བརྒྱད་ཅུའི་དབུས་སུ་བསྙེན་པར་རྫོགས། བཀའ་བཞི་པ་ རིན་ཆེན་དཔལ་སོགས་ལས་གཞུང་ལུགས་མཐའ་དག་སྦྱོང་ཚུལ་ མཛད། དེ་ནས་གོང་མ་ཏཱ་མིང་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་ གོང་མའི་ཕོ་བྲང་དུ་ཕེབས་ནས་རྒྱལ་བློན་འཁོར་བཅས་ལ་ཆོས་ཀྱི་སྦྱིན་ པ་གནང། གོང་མ་ཆེན་པོས་ཁོང་ལ་དེ་བཞིན་གཤེགས་པ་རིན་པོ་ཆེ་ ཆོས་ཀྱི་རྒྱལ་པོ་ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་ སངས་རྒྱས་ཞེས་བྱ་བའི་མཚན་གསོལ་བ་དང། གསེར་སྲང་བརྒྱ་ལས་ བརྡུངས་པའི་འཇའ་ས་གཅིག་ཤེལ་ཐམ་ཡིད་བཞིན་ནོར་བུ། གསེར་ དང་དངུལ། ཙན་དན་བཅས་ལས་གྲུབ་པའི་ལྷ་སྐུ་མཆོད་ཆས་སོགས་ བགྲང་གིས་མི་ལངས་པ་ཕུལ། ཉེས་ཅན་མང་པོ་བཙོན་གྲོལ་བཏང་ བསྟན་པ་ཤེད་སྤྱད་ཀྱི་ལུང་གི་འཇའ་ས་བསྒྲགས། དེ་ནས་བོད་དུ་ ཕེབས་ཏེ་ཐོག་མར་ཀརྨ་དགོན་ལ་བྱོན། ཡུན་རིང་མ་བཞུགས་པར་ དབུས་སུ་ཕེབས་ནས་བོད་ཀྱི་མི་ཆེན་བླ་དཔོན་དང། སློབ་དཔོན་དགེ་ བའི་བཤེས་གཉེན་སོགས་ཀྱིས་བསུ་བ་རྒྱ་ཆེན་པོ་མཛད། ཇོ་བོ་རིན་པོ་ ཆེ་ལ་མུ་ཏིག་གི་སྣམ་སྦྱར་རིན་ཐང་མེད་པ་གསོལ། མཚུར་ཕུར་བཀའ་ འགྱུར་བཞེངས། བོད་ཀྱི་གནས་རི་གྲགས་ཆེན་རྣམས་སུ་ཞབས་ཀྱིས་ བཅགས་ནས་སྐུ་ཚེ་གང་བོར་བསྟན་འགྲོའི་བྱ་བ་འབའ་ཞིག་བསྒྲུབས་ ནས་དུས་འདའ་བར་མཛད། ཁོང་ནི་ཀརྨ་པའི་སྐུ་ཕྲེང་ལྔ་པ་ཡིན་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་གུ་ཤྲཱི་སངས་རྒྱས་རིན་ཆེན་དང་ གུ་ཤྲཱི་བློ་གྲོས་རྒྱལ་མཚན། གུ་ཤྲཱི་རིན་ཆེན་དཔལ། གུ་ཤྲཱི་ དོན་གྲུབ་འོད་ཟེར། གུ་ཤྲཱི་ཆོས་ཀྱི་རྒྱལ་མཚན། གུ་ཤྲཱི་ཤཱཀྱ་བཟང་ [023] པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་བཅས་ཡིན་ ཀརྨ་པ་བདུད་འདུལ་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་བོད་ཡུལ་དབུས་ཀྱི་ལྷོ་ཕྱོགས་སྙེན་ལྕ་བ་གྲོང་དུ་རིགས་ རུས་རྣམ་པར་དག་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་གཅིག་བཞེས་སྐབས་ཀུན་བཟང་འཇིགས་བྲལ་སོགས་ཀྱིས་སྐུ་གོང་ མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བཞི་པར་འོག་མིན་ མཚུར་ཕུའི་གདན་སར་ཕེབས་ཏེ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང། མི་ དབང་བསོད་ནམས་སྟོབས་རྒྱས། བཀའ་བརྒྱུད་ཡབ་སྲས་རྣམས་ཀྱིས་ གུས་པའི་མཆོད་སྤྲིན་བཅས་སེང་ཁྲི་ཆེན་པོར་མངའ་གསོལ། སི་ཏུ་ བསྟན་པའི་ཉིན་བྱེད་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཅིག་ཅར་དུ་ བཞེས། མདོ་རྒྱུད་གསར་རྙིང་གི་དབང་ལུང་ཁྲིད་གསུམ་ཟབ་རྒྱས་ མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་རིགས་ཀྱི་བདག་པོར་ འཛིན། གསང་མཚན་ལ་དབང་ཆེན་རྡོ་རྗེ་ཞི་བ་རྩལ་ཞེས་གསོལ་ སི་ཏུ་བསྟན་པའི་ཉིན་བྱེད་མཁན་པོ་དང། དཔའ་བོ་གཙུག་ལག་ དགའ་བས་སློབ་དཔོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ དགུང་ལོ་སོ་དགུ་པར་མདོ་སྨད་སྡེ་དགེའི་ཕྱོགས་སུ་བྱོན་ནས་རྒྱལ་བའི་ དབང་པོས་དབུ་མའི་ལྟ་བ་དང་ཐུགས་དམ་ཉིན་མཚན་ཁོར་ཡུག་ མངའ་བའི་རྟོགས་འབུལ་མཛད། དེ་ནས་དབུས་སུ་ཆིབས་ཁ་བསྒྱུར་ ཏེ་བྱོན་ལམ་གྱི་གདུལ་བྱ་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཚིམས་ [024] པར་མཛད་ནས་རིམ་པར་མཚུར་ཕུར་ཕྱག་ཕེབས། ཁོང་གིས་དབུ་མ་ དང། ཕར་ཕྱིན། འདུལ་བ། མཛོད་བཅས་ལ་གསན་རྒྱ་ཆེ་ཞིང་ སྒོམ་བྱུང་གི་མཁྱེན་ལ་མངའ་དབང་འབྱོར་བས་ཤེས་བྱ་ཐམས་ཅད་ ཐུགས་སུ་ཚུད། ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་གསེར་ཞོ་ལྔ་བརྒྱ་ལས་གྲུབ་ པའི་ཏིང་བདུན་དང། ལྷ་ཆེན་ལ་དངུལ་སྲང་ཉིས་བརྒྱ་ལྔ་བཅུ་ལས་ བཟོས་པའི་ཏིང་བདུན། མཎྜལ་རྡིལ་ཚད་དྲུག་ཅུ་ལས་མཆོད་རྟེན་ རྣམ་བརྒྱད་དང། གསེར་ཞོ་ལྔ་བརྒྱ་ལས་གྲུབ་པའི་སྟོན་པའི་སྐུ་ བརྙན། མདོར་ན་གསེར་དངུལ་སྲང་སྟོང་ཕྲག་དུ་མ་ལས་བརྒལ་བའི་ སྐུ་གསུང་ཐུགས་རྟེན་བཞེངས་པར་མཛད། སེམས་ཅན་མཆོག་དམན་ ཐམས་ཅད་ལ་མ་གཅིག་པའི་བུ་ལྟར་ཐུགས་བྱམས་བརྩེ་ཆེན་པོས་ བཅོས་མིན་དུ་ཁྱབ་པར་མཛད། དེ་ལྟར་སྤྲུལ་པའི་སྣང་བརྙན་དེས་ གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་མཛད་པའི་འཕྲིན་ལས་རེ་ཞིག་ཟིན་ ནས་སྙིང་པོ་དོན་གྱི་བསྟན་པའི་རྒྱལ་ཚབ་སི་ཏུ་པདྨ་ཉིན་བྱེད་དབང་པོ་ མངའ་གསོལ་ཞིང། མཆོག་སྤྲུལ་ཕྱི་མ་གང་དུ་བྱོན་པའི་ཡུལ་དང་ཡབ་ ཡུམ་སོགས་ལུང་དུ་བསྟན་པའི་ཕྱག་བྲིས་བཀའ་རྒྱས་བཏབ་པ་གནང་ ངོ། ཁོང་ནི་ཀརྨ་པའི་སྐུ་ཕྲེང་བཅུ་གསུམ་པ་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོ་དང། འབྲུག་ཆེན་ཀུན་ གཟིགས་ཆོས་ཀྱི་སྣང་བ། དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ་ རིག་འཛིན་རྡོ་རྗེ་དྲག་པོ། རས་ཆུང་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ་ རྟོགས་ལྡན་ཀརྨ་ཡན་ལག། ཟུར་མང་ཀུན་ཁྱབ། ལྷ་ལུང་སྤྲུལ་སྐུ་ མཁས་གྲུབ་འཇིགས་མེད་སེང་གེ་བཅས་ཡིན་ [025] ཀརྨ་པ་དབང་ཕྱུག་རྡོ་རྗེ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམས་ཏྲེ་སྨད་སྟག་བཟང་དུ་ཡབ་ཨ་རྡོར་དང། ཡུམ་གླིང་ བཟའ་ཨ་ལོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ ཡུམ་གྱིས་ནམ་མཁའ་རྒྱལ་པོ་ཞེས་བཏགས། དེ་ནས་སྐུ་གོང་མའི་ཕྱག་ ཆས་སོགས་ངོས་འཛིན་གནང་བ་བཅས་མངོན་མཁྱེན་དང་རྫུ་འཕྲུལ་ སྟོན་པ་སོགས་མཛད། དགུང་ལོ་བདུན་པར་རྗེ་ཞྭ་དམར་དཀོན་ མཆོག་ཡན་ལག་གིས་གཙུག་ཕུད་བཞེས་ནས་མཚན་ལ་དཔལ་ལྡན་མི་ ཕམ་ཆོས་ཀྱི་དབང་ཕྱུག་ཅེས་གསོལ། དེ་ནས་འཛམ་ཐང་དང་ ཤེལ་ཁོག་ལ་མོ་རྩེ། མགོ་ལོག་ཀཾ་པོ་གནས་ནང་བཅས་ཕེབས་ ནས་ཆོས་ཀྱི་འཁོར་ལོ་སྐོར། དེ་ནས་དབུས་སུ་ཕེབས་ལམ་གླིང་ཚང་ གི་མགུ་ཟི་ལ་སྤྱན་འདྲེན་ཞབས་ཏོག་དང། དྲན་ཐང་བརྒྱུད་དེ་ཀརྨ་ ཕེབས། ཆབ་མདོར་ཞལ་ཐང་ལ་ཕྱག་ནས་གནང་བས་ཟུག་པ་དང་ གང་དུ་ཁྱེར་ཡང་མི་འདྲིལ་བར་བྱུང། ལྷ་སྟེང་དང་ཟུར་མང་ཕྱོགས་ སུ་ཕེབས། འབུལ་ཞབས་བསྙེན་བཀུར་མང་པོ་བྱུང། དགུང་ལོ་བཅུ་ པར་ཡངས་པ་ཅན་བརྒྱུད་དེ་མཚུར་ཕུའི་གདན་སར་ཕེབས། དགུང་ ལོ་བཅུ་གཅིག་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་པས་མཁན་པོ་མཛད་ནས་རབ་བྱུང་གི་སྡོམ་པ་བཞེས། སྡེ་པ་རིན་སྤུངས་པས་ངོ་ མཚར་བའི་བཀོད་པ་བཤམས་ནས་སྤྱན་འདྲེན་ཞུས་པ་དང། ཐུབ་སྐུ་ ཁྱད་ཆོས་སུམ་ལྡན་དང། དུང་དཀར་གཡས་འཁྱིལ་སོགས་འབུལ་ [026] ཆེན་མཛད། འབྲོང་བུ་དགོན་རྙིང་ཞིག་གསོ་དང། མཚུར་ཕུའི་འདུ་ ཁང་ཆེན་མོ་བསྐྱར་གསོ་མཛད། དགུང་ལོ་བཅུ་དྲུག་པར་སློབ་དཔོན་ རྣམ་རྒྱལ་གྲགས་པ་ལས་ཕར་ཚད་མངོན་པ་སོགས་མདོ་ཕྱོགས་རྣམས་ ལ་ལེགས་པར་གསན། སྒོ་རབ་བརྟན་གྱི་གཙུག་ལག་ཁང་དང་ ཐར་གླིང་གྲྭ་ཚང་གི་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་བཅས་ པ་གསར་བཞེངས་མཛད། དགུང་ལོ་ཉེར་བཞི་པར་རྗེ་དཀོན་མཆོག་ འབངས་ཀྱིས་མཁན་པོ་མཛད་ནས་བསྙེན་པར་རྫོགས། མདོར་ན་ དབུས་གཙང་ཁམས་གསུམ་གྱི་དགོན་སྡེ་བསྐྱར་བཞེངས་དང། དབང་ ཁྲིད་གདམས་ངག་གནང་བ། ཡུལ་སྡེའི་འཁོན་རྩོད་བསྡུམས་པ་ སོགས་འགྲོ་དོན་མཐའ་ཡས་པ་མཛད་དོ། ཁོང་ནི་ཀརྨ་པ་སྐུ་ཕྲེང་ དགུ་པ་ཡིན། ཁོང་གི་གསུང་རྩོམ་ནི་ དང། བཞུགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྗེ་བཙུན་ཏཱ་ར་ནཱ་ཐ་ དང། སི་ཏུ་ཆོས་ཀྱི་རྒྱལ་མཚན། དཔའ་བོ་གཙུག་ལག་རྒྱ་མཚོ་ ཏྲེ་ཧོ་ལྷག་བསམ་རྒྱ་མཚོ། ཟུར་མང་ཀརྨ་ལེགས་བཤད་སྒྲ་དབྱངས་ ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་བཅས་ཡིན། ། ཀརྨ་པ་བྱང་ཆུབ་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཁམས་སྡེ་དགེ་དབོན་སྟོད་དཀྱིལ་ལེ་ལ་ཡབ་ཀརྨ་ཚེ་ བརྟན་དང། ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ [027] གཤེགས། ཁོང་འཁྲུངས་ནས་ཟླ་ངོ་གཉིས་པར་ཀརྨ་པ་ཡིན་ཞེས་ གསུངས་འབྱོན། སྐུ་གོང་མའི་ཕྱག་མདུད་དང་སྐུ་འདྲ། ཕྱག་ཕྲེང་ སོགས་ངོས་འཛིན་མཛད། དགོན་ཆེན་དང་ལྷ་ལུང་ཁུག་ཏུ་ཕེབས་ སྐབས་སྡེ་དགེ་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་མཇལ་སྟོན་སྐུ་ བརྫངས་དང་འབུལ་ཞབས་རྒྱས་པར་ཕུལ། དེ་ནས་སྐྱབས་ཆེ་ དང། ཟུར་མང། རྒྱུན་ནེ། ཀརྨ་དགོན། ཇ་པ་དགོན་སོགས་སུ་ ཕེབས་ནས་འགྲོ་དོན་མཛད། ནང་ཆེན་རྒྱལ་པོའི་སྒར་དུ་ཡང་སྤྱན་ འདྲེན་འབུལ་ཞབས་ཞུས། དེ་ནས་ཞྭ་དམར་བརྒྱད་པ་དང་ལྷན་དུ་རྒྱ་ ནག་ཏུ་ཕེབས། རྒྱལ་དབང་ཞྭ་དམར་ནག་ཡབ་སྲས་གཉིས་ཉིན་ གཅིག་ཀྱང་འབྲལ་མེད་དུ་སྐུ་མྱ་ངན་ལས་འདས་པའི་བར་དུ་ཕེབས་ པས་ཞྭ་དམར་བརྒྱད་པའི་རྣམ་ཐར་དང་གཅིག་མཚུངས་སུ་གྱུར། རྒྱ་ ནག་བཀྲ་ཤིས་ཁྲི་སྒོར་སྐུ་གཤེགས་ནས་གདུང་ཐལ་མཚུར་ཕུར་སྤྱན་ དྲངས་ཏེ་དངུལ་གདུང་བཞེངས་ནས་དད་པའི་རྟེན་དུ་བཞུགས་སོ་ ཁོང་ནི་ཀརྨ་བའི་སྐུ་ཕྲེང་བཅུ་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང། དཔའ་བོ་སྤྲུལ་སྐུ་གོང་འོག་ རྣམ་གཉིས། འབྲུག་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ ཤིང་རྟ་བཅས་ཡིན། ། ཀརྨ་པ་མི་སྐྱོད་རྡོ་རྗེ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཆབ་ མདོའི་ངོམ་ཆུའི་རྒྱུད་གཡས་ལུང་དུ་ཡབ་ཨ་བྱམས་དང། ཡུམ་བླ་མ་ སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་སྟག་ [028] ལོ་སྟེ་སྤྱི་ལོ་་ལོར་ལྷོ་ཁ་ཡར་ཀླུང་དུ་སྐུ་གཤེགས། དགུང་ལོ་ལྔ་ པར་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་དང་རི་བོ་ཆེའི་མི་སྣ་ལྷོ་རོང་གི་གོ་ཤྲཱི་ སོགས་ནས་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་དུ་ ངོས་འཛིན་མཛད། དགུང་ལོ་དྲུག་པར་ཁྲི་འདོན་མཛད། རྒྱལ་ཚབ་ བཀྲ་ཤིས་རྣམ་རྒྱལ་ལས་ཐེག་ཆེན་སོ་ཐར་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ ཆོས་ཀྱི་གྲགས་པ་དཔལ་བཟང་པོ་ཞེས་གསོལ། ཡི་གེའི་འབྲི་ཀློག་ བསླབས། དགུང་ལོ་བརྒྱད་པར་ཟུར་མང། དེང་ནང་ཆེན་ དུ་བྱོན་ དེ་ནས་ཀམ་པོ་གནས་ནང་དུ་བྱོན། དགུང་ལོ་དཅུ་པར་འཇང་ཡུལ་ དུ་ཕེབས། ས་ཐམ་རྒྱལ་པོས་བོད་ལ་ལོ་བཅུ་གསུམ་པར་དམག་ཁྲལ་ དང་བཙུན་ཁྲལ་ལོ་ལྟར་ལྔ་བརྒྱ་རེཕུལ། དགོན་པ་བརྒྱ་འདེབས་པར་ ཁས་བླངས། དགུང་ལོ་བཅུ་པར་འདན་མ་གྲུབ་ཆེན་སངས་རྒྱས་ མཉན་རས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་འདན་ཁོག་བྱང་ ཆུབ་གླིང་དུ་བྱོན་ཏེ་ལོ་གསུམ་བཞུགས་ནས་དབང་ལུང་ཁྲིད་གསུམ་ གསན། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཆོས་གྲུབ་སེང་གེ་ལས་ དགེ་སློང་གི་སྡོམ་པ་བཞེས། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ལས་སྒྲ་ དང་སུམ་རྟགས་སོགས་གསན། དགུང་ལོ་སོ་གཅིག་པར་མཚུར་ཕུར་ ཕེབས། དེ་དུས་དབུས་གཙང་གི་བར་ཆིངས་མཛད། སྐུ་ཚེའི་མཇུག་ ཏུ་ཙ་རིར་གནས་སྐོར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། ཁོང་ནི་ ཀརྨ་ཞྭ་ནག་པའི་སྐུ་འཕྲེང་བརྒྱད་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་ཞྭ་དམར་དཀོན་མཆོག་ཡན་ལག། དཔའ་བོ་གཙུག་ལག་ཕྲེང་བ་ རྒྱལ་ཚབ་གྲགས་པ་དཔལ་འབྱོར། ཟུར་མཁར་བློ་གྲོས་རྒྱལ་པོ་ [029] མཐོང་ལོ་ཙཱ་བ་སོགས་ཡིན། ཁོང་གི་གསུང་རྩོམ་ནི། བྱུང་བ་བརྗོད་པའི་གཏམ། འབྲི་གུང་པ་ཁུ་དཔོན་གསུམ་གྱི་རྣམ་ཐར། དོན་འགྲེལ། པའི་དགའ་སྟོན། བྱེད་པ། བཅུ་གསུམ་ཡོད་པ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ།། ཀརྨ་པ་ཡེ་ཤེས་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་སྨར་ཁམས་སུ་ཡབ་ཡུམ་རིགས་དང་ལྡན་པའི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ལྷ་གདན་ གྱི་ཕྱོགས་སུ་གཤེགས་པའི་ཚེ་ཡངས་པ་ཅན་གྱི་གཙུག་ལག་ཁང་ཆེན་ པོར་རྒྱལ་བ་ཡབ་སྲས་ལྷན་རྒྱས་རྟེན་འབྱུང་འགྲིགས་ནས་མཆོག་དམན་ སྐྱ་སེར་གདུལ་བྱའི་ཚོགས་རྣམས་གང་ལ་གང་འདུལ་གྱིས་སྨིན་པར་ མཛད། དེ་ནས་འོག་མིན་མཚུར་ཕུའི་གདན་སའི་སེང་ཁྲིར་ཞབས་ བཀོད་ནས་མཐོན་མཐིང་ཅོད་པན་བཞེས་ཏེ་དོན་བརྒྱུད་ཀྱི་བསྟན་པའི་ བདག་པོར་འགྲན་ཟླ་དང་བྲལ་བར་བཞུགས་ཤིང། ཁྱབ་བདག་ཡེ་ ཤེས་སྙིང་པོ་དང། ཡབ་སྲས་སྐྱེས་ཆེན་དུ་མ་རྣམས་ལས་དབང་ལུང་ མན་ངག་གསན་བསམ་མཐར་ཕྱིན་པ་གནང་སྟེ། བཤད་སྒྲུབ་བསྟན་ པའི་སྒྲོན་མེ་ཕྱོགས་ཐམས་ཅད་དུ་སྦར་བར་མཛད། རིག་འཛིན་མ་ [030] འགྱུར་རྡོ་རྗེ་དང། སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་རྣམས་ ཆོས་ཀྱི་བདག་པོར་ལུང་བསྟན་ཅིང་བཀུར་བ་མཛད། གདན་སའི་ ཉམས་གསོ་དང། རྟེན་དང་བརྟེན་པ་གསར་བཞེངས་མཛད་ མདོར་ན་སྐྱེ་རྒུ་མ་ལུས་པ་སྨིན་གྲོལ་གྱི་ལམ་དུ་བཀོད་ཅིང་ཞྭ་དམར་ བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་ བསྟན་པ་གཏད། རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་དགུང་ལོ་ ཉེར་ལྔ་པར་ཞིང་དུ་ཕེབས། ཁོང་ནི་ཀརྨ་པའི་སྐུ་ཕྲེང་བཅུ་གཅིག་པ་ ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་དཔལ་ཆེན་ཆོས་ཀྱི་ དོན་གྲུབ་དང། གྲུབ་དབང་ཏྲེ་ཧོར་ཀརྨ་བསྟན་པ་དར་རྒྱས། མཁན་ ཆེན་ཀརྨ་དོན་ཡོད་སྙིང་པོ་བཅས་ཡིན། ། ཀརྨ་པ་རང་བྱུང་རྡོ་རྗེ་ ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་སྐྱིད་གྲོང་འཕགས་པ་ཝ་ཏིའི་ལྷ་ཁང་གི་ལྷོ་ཕྱོགས་གངས་ ཞུར་མོར་ཡབ་ཆོས་དཔལ་དང། ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུང་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་རྒྱ་ནག་ཏུ་སྐུ་གཤེགས། དགུང་ལོ་ལྔ་པར་གྲུབ་ཆེན་ཨོ་རྒྱན་པ་ རིན་ཆེན་དཔལ་མཇལ་བར་བྱོན། དགེ་བསྙེན་གྱི་སྡོམ་པ་ཞུས་ནས་ མཚན་ལ་གྲུབ་ཆེན་པའི་བླ་མའི་གསང་མཚན་རང་བྱུང་རྡོ་རྗེ་ཞེས་པ་དེ་ གནང། དགུང་ལོ་བདུན་པར་ཁྲོ་ཕུ་ཤེས་རབ་ལས་དགེ་ཚུལ་གྱི་སྡོམ་ པ་མནོས། འདུལ་བའི་སྐོར་གྱི་ཆོས་རྣམས་གསན། དེ་ནས་ལོར་ཤས་ འགོར་རྗེས་གནས་བརྟན་གཞོན་ནུ་འབྱུང་བ་ལས་དགེ་སློང་གི་སྡོམ་པ་ [031] མནོས། སློབ་དཔོན་ཤེས་རབ་དཔལ་དང། རྒྱ་སྒོམ་ཡེ་ཤེས། སྙེ་ མདོ་ཀུན་དགའ་དོན་གྲུབ་སོགས་ལས་བཀའ་བསྟན་འགྱུར་རོ་འཚལ་ ཐམས་ཅད་གསན། དེ་ནས་ཀརྨ་པའི་གདན་སར་བྱོན། ཡུན་རིང་ མ་བཞུགས་པར་ཀམ་པོ་གནས་ནང་དུ་བྱོན། དེ་ནས་ཁམས་སུ་བྱོན་ ནས་སོག་ཆུར་ལྕགས་ཟབ་བཙུགས། དགུང་ལོ་ཞེ་བརྒྱད་པར་གོང་མ་ རྒྱལ་པོས་གདན་དྲངས་པ་ལྟར་རྒྱ་ནག་ཕོ་བྲང་ཆེན་པོར་ཕེབས། རྒྱལ་ བུ་རཏྣ་ཤྲཱི་སོགས་ཀྱིས་བསུ་བ་རྒྱ་ཆེན་མཛད། དེ་ནས་རྒྱལ་བུ་འདས་ དེའི་གཅེན་པོ་ཐོ་གན་ཐེ་མུར་སྨན་རྩེའི་ཡུལ་ནས་གདན་དྲངས་ཏེ་རྒྱལ་ བློན་འཁོར་དང་བཅས་པར་དབང་བསྐུར་ཆོས་བཤད་གནང། དགུང་ ལོ་ལྔ་བཅུ་པར་བོད་དུ་ཕེབས་ཁར་གོང་མས་ཚལ་པ་སི་ཏུ་དགེ་སྦྱོང་ ཆེན་པོ་ལ་གོ་ཤྲཱིའི་མིང་དང་ཤེལ་ཐམས། མཚུར་ཕུ་དང་ཀརྨ་པ་སོགས་ ལ་བདག་རྐྱེན་དང་བོད་སྤྱི་ལ་ཕན་པའི་འཇའ་ས་གསུམ། བསྟན་ འགྱུར་བཞེངས་པའི་ཆ་རྐྱེན་སོགས་ཕུལ་ནས་བོད་དུ་ཕེབས། དགུང་ ལོ་ང་གཅིག་པར་བོད་ཀྱི་ཆེ་དགུ་ཁག་ལ་རྒྱལ་པོའི་འཇའ་ས་གསུམ་ བསྒྲགས། གསེར་དངུལ་ཞུན་མས་བསྟན་འགྱུར་པོ་ཏི་བརྒྱ་དང་དྲུག་ ཅུ་བཞེངས། དགུང་ལོ་ང་གཉིས་པར་སླར་གོང་མའི་ཕོ་བྲང་དུ་ ཕེབས། སྐབས་དེར་ས་གཡོས་ཆེན་པོ་བྱུང་དུས་ཁོང་དང་གོང་མ་ གཉིས་ལྷན་དུ་བཞུགས་པས་སྐྱོན་མ་བྱུང་བར་གྲགས། སྐུ་ཚེ་གང་བོར་ མི་རིགས་དང་རྒྱལ་ཁབ་ཀྱི་དོན་བསྒྲུབས་ནས་དུས་འདའ་བར་མཛད་ ཁོང་ནི་ཀརྨ་ཞྭ་ནག་པའི་སྐུ་འཕྲེང་གསུམ་པ་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཞྭ་དམར་གྲགས་པ་སེང་གེ་དང། མཁས་གྲུབ་གཡུང་ [032] སྟོན་པ། རྟ་སྣ་གོ་ཤྲཱི་ཀུན་རྒྱལ། ཚལ་པ་སི་ཏུ། གཡག་སྡེ་པཎ་ ཆེན། ཀུན་མཁྱེན་དོལ་པོ་པ་སོགས་ཡིན། ཁོང་གི་གསུང་རྩོམ་ ནི་ སོགས་པོད་གསུམ་དུ་བཞུགས་སོ། ། ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཁམས་འདན་ཁོག་ཏུ་ཡབ་ཚེ་དབང་ཕུན་ཚོགས་དང། ཡུམ་སྐལ་བཟང་ སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཨ་མེ་རི་ཀའི་སྨན་ཁང་དུ་སྐུ་གཤེགས་ རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང། སི་ཏུ་པདྨ་དབང་ མཆོག་རྒྱལ་པོ། ཀོང་སྤྲུལ་མཁྱེན་བརྩེའི་འོད་ཟེར་རྣམས་ཀྱི་སྐུ་གོང་ མའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་མཁྱེན་ནས་དགེ་བསྙེན་གྱི་སྡོམ་པ་ ཕུལ། དགུང་ལོ་བརྒྱད་པར་དཔལ་སྤུངས་དགོན་དུ་གདན་དྲངས་ཏེ་ སེང་གེའི་ཁྲི་ལ་མངའ་གསོལ། དེ་ནས་རིམ་པར་དབུས་ལྷ་གདན་དུ་ ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་གཙུག་ཕུད་བཞེས། མི་རིང་ བར་མཚུར་ཕུའི་གདན་སར་ཕྱག་ཕེབས་ཏེ་མི་ཆེན་བླ་དཔོན་རྣམས་ ཀྱིས་བསུ་བ་རྒྱ་ཆེན་མཛད་ནས་ལེགས་སྐྱེས་མང་དུ་ཕུལ། དེ་ནས་ གངས་དཀར་པཎྜི་ཏ་ལས་ཕྱི་ནང་གི་རིག་གཞུང་རྒྱ་མཚོ་ལྟ་བུར་ཐོས་ བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ་ས་ལམ་གྱི་ རིམ་པ་མཐའ་དག་གྲོལ་བའི་ཚུལ་བསྟན། དགུང་ལོ་བཅུ་གཉིས་པར་ མཚུར་ཕུའི་གདན་ས་ནས་བཏེགས་ཏེ་མདོ་ཁམས་ཀརྨའི་གདན་སའི་ཁྲི་ [033] ལ་ཕེབས། སི་ཏུ་པདྨ་དབང་མཆོག་ལས་བཀའ་བརྒྱུད་སྔགས་མཛོད་ དང། གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་གསན་ནས་ དོན་བརྒྱུད་ཀྱི་གདམས་པའི་མཛོད་དུ་གྱུར། དགུང་ལོ་ཉེར་གསུམ་ པར་སི་ཏུ་རིན་པོ་ཆེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྒྱལ་བ་ ཐུབ་བསྟན་རྒྱ་མཚོ་ལས་དུས་འཁོར་དང། སྨིན་གླིང་ཁྲི་ཆེན་གཅུང་ རིན་པོ་ཆེ་ལས་མཆོག་གླིང་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ ཁྲིད་གསུམ་བཅས་གསན། གླིང་ཁར་དར་རྒྱས་ཆོས་གླིང་གསར་ བཞེངས་གནང། དགུང་ལོ་སོ་ལྔ་ ་ པར་བདེ་ཆེན་ཆོས་ མགོན་རིན་པོ་ཆེའི་གདན་ཞུ་ལྟར་རྒྱ་གར་དུ་གནས་མཇལ་ལ་ཕེབས་ དེ་ནས་རྡོ་རྗེ་གདན་དང། ཝ་རཱ་ཎ་སཱི། རྩྭ་མཆོག་གྲོང། ལུམྦི་ ཚལ། བླ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་ལ་མཆོད་འབུལ་དང་ ཐུགས་སྨོན་རྒྱ་ཆེར་གནང། འབྲུག་སྟོད་དུ་རྒྱལ་སྲས་རྗེ་བཙུན་དབང་ མོ་མཆོག་ནས་སྦྱིན་བདག་བྱས་ཏེ་དར་རྒྱས་ཆོས་གླིང་དགོན་རྟེན་དབང་ བརྟེན་པ་བཅས་པར་གསར་བཞེངས་དང། འབྲས་ལྗོངས་རུམ་ བཏེགས་སུ་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་དང། འབྲུག་གྲྭ་ གསར་བཞེངས་གནང། བལ་ཡུལ་དང་ལ་དྭགས་གཉིས་སུ་དགོན་སྡེ་ དུ་མ་གསར་འདེབས་མཛད། རྒྱལ་བའི་བཀའ་འགྱུར་ཚར་ལྔ་བརྒྱ་ ཐམ་པ་པར་སྐྲུན་མཛད་ནས་རིས་མེད་ཀྱི་དགོན་སྡེ་ཀུན་ལ་ཆོས་སྦྱིན་ གནང། རྒྱ་གར་དུ་བོད་རིག་པའི་ཞིབ་འཇུག་ལས་ཁུངས་གསར་དུ་ འཛུགས་པར་མཛད། ཡོ་རོབ་དང། ཨ་གླིང། ཤར་ལྷོ་ཨེ་ཤི་ཡ་ སོགས་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱི་མི་རིགས་རྣམས་ལ་ཆོས་ཀྱི་སྦྱིན་པ་ [034] དང། བསྟན་པ་རིན་པོ་ཆེ་འབའ་ཞིག་ལ་ཐུགས་གཏད་ནས་འཛིན་ སྐྱོང་སྤེལ་གསུམ་གྱིས་དུས་འདའ་བར་མཛད་དོ། ཁོང་ནི་ཀརྨ་པའི་སྐུ་ ཕྲེང་བཅུ་དྲུག་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་རིན་ པོ་ཆེ་དང། སི་ཏུ་རིན་པོ་ཆེ། ཀོང་སྤྲུལ་རིན་པོ་ཆེ། རྒྱལ་ཚབ་རིན་ པོ་ཆེ་བཅས་ཡིན། ། ཀརྨ་པ་རོལ་པའི་རྡོ་རྗེ་ ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཀོང་པོར་ཡབ་ལྷ་སྡོང་བསོད་ནམས་དོན་གྲུབ་དང། ཡུམ་བརྩོན་ འགྲུས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་ཡུམ་ ལ་ང་ཀརྨ་པཀྵི་ཡིན་གསུངས། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་ མཐོང་བ་ཙམ་གྱིས་ཐམས་ཅད་མཁྱེན། དགུང་ལོ་དྲུག་པར་བྲག་སྐྱིལ་ ལྷ་ཁང་དུ་བྱོན་ནས་སྐུ་གོང་མའི་དབུ་ཞྭ་སོགས་ངོས་འཛིན་མཛད་ དགུང་ལོ་དགུང་པར་མདོ་དབུས་ཁམས་གསུམ་གྱི་མི་ཆེན་བླང་དཔོན་ རྣམས་ཀྱིས་འབུལ་བ་རྒྱུན་མ་ཆད་པར་ཕུལ་མཁན་བྱུང། འོ་ཐང་གི་ རྒྱབ་ཏུ་ཆོས་རྗེ་གོང་མའི་ཁྲི་ལ་བཞུགས་ནས་ཆོས་བཤད་མཛད་ རྟོགས་ལྡན་ཡེ་རྒྱལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་ གསང་སྔགས་གསར་རྙིང་གི་ཆོས་སྐོར་མང་དུ་གསན་པར་མཛད་ ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཀུར་སྟི་མཛད་ཅིང་ཆོས་ཀྱིས་ ཚིམས་པར་མཛད། དེ་ནས་མཚུར་ཕུའི་གདན་སར་ཕེབས། མནལ་ ལམ་ནས་རིག་པའི་གནས་མཐའ་དག་མཁྱེན་པས་འགྲན་ཟླ་བྲལ་བར་ [035] གྱུར། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཚུན་ཤ་ཆང་གི་དྲི་ཙམ་ཡང་ གཟིགས་སར་མི་འགྲིམས་པ་དང། སྐུ་འཁོར་ཐམས་ཅད་དགེ་ སློང་ཚུལ་ལྡན་རིག་གྲོལ་གྱི་སྤོབས་པ་ཅན་ཤ་སྟག་འཚོགས། དེ་ནས་ གོང་མ་ཐོ་གན་ཐེ་མུར་ཡབ་སྲས་ཀྱིས་གདན་འདྲེན་ཞུས་པ་ལྟར་སྤྱི་ལོ་ ་ལོར་གོང་མའི་ཕོ་བྲང་དུ་ཕེབས། རྒྱལ་བློ་འཁོར་བཅས་ ལ་དབང་བསྐུར་མན་ངག་བཤད་ཁྲིད་སོགས་གང་དགོས་གནང་ རྒྱལ་པོས་འཇའ་ས་དང་བཀའ་ལུང་གནང། མི་ཉག་གི་ཡུལ་བརྒྱད་ དེ་བྱང་ངོས་སུ་ཕེབས། གོ་ར་དགོན་གཙུག་ལག་ཁང་ཆེན་པོ་ བཞེངས། ཡུ་གུར་དང་མི་ཉག་ཀཾ་ལོག་ཧོར་ཡུལ་སོགས་ནས་ཟླ་ལམ་ གཉིས་གསུམ་ཚུན་ཆོད་ཀྱི་དད་ལྡན་རྣམས་བསུ་བ་གནང་ཞིང་ཚིམས་ པར་མཛད། ཇོ་བོའི་མདུན་དུ་དངུལ་བྲེ་བཅུ་གཅིག་གིས་བརྡུངས་ པའི་ཀོང་བུ་ཕུལ། མཚུར་ཕུའི་ལྷ་ཆེན་སྐུ་ལ་གསེར་བྲེ་ཆེན་ལྔའི་གསེར་ ཤོག་དང། དངུལ་བྲེ་སུམ་ཆུ་རྩ་གཅིག་གིས་བརྡུངས་པའི་ཀོང་བུ་ལྔ་ སོགས་བགྲངས་ལས་འདས་པའི་མར་མེ་རྒྱུན་འབར་དང། བསྟན་ མཆོད་རྒྱ་ཆེན་པོ་མཛད། རྗེ་ཙོང་ཁ་པས་དགེ་བསྙེན་གྱི་སྡོམ་པ་བཞེས་ སྐབས་མཚན་ལ་ཀུན་དགའ་སྙིང་པོ་གསོལ་ཞིང་སྐྱེས་བུ་དམ་པ་ཡིན་ པར་ལུང་བསྟན། དེ་ནས་བོད་ཀྱི་འདན་དང། ཀརྨ་ལྷ་སྟེང་ ཀརྨ་དགོན། རི་བོ་ཆེ། སྨར་ཁམས། ཀཾ་པོ་གནས་ནང། འབོམ་ སོགས་ནས་དར་མདོ་བར་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་ཕན་བདེ་ ཁོ་ནར་བསྒྲུབས་ནས་སྐུ་ཚེ་འདའ་བར་མཛད་དོ། ཁོང་ནི་ཀརྨ་ པའི་སྐུ་ཕྲེང་བཞི་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྟོགས་ལྡན་ [036] མཁའ་སྤྱོད་དབང་པོ་དང། མཚུར་ཕུ་ཀུན་སྤངས་པ། ཀརྨ་དཀོན་ གཞོན། རྟོགས་ལྡན་མཚོ་དཀར་བ། ཡོལ་བ་ཡེ་ཤེས་པ་བཅས་ཡིན་ ཆོས་འབྲེལ་ཡོད་པའི་སྐྱེས་ཆེན་ནི་རྗེ་ཙོང་ཁ་པ་དང། འབྲི་གུང་ཆོས་ ཀྱི་རྒྱལ་པོ། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། ཀ་བཞི་རིན་ཆེན་ དཔལ། སྤངས་མཁན་ཆེན་འོད་ཟེར་བླ་མ་བཅས་མཐའ་ཡས་པར་ བྱོན་ནོ། ། ཀརྨ་པཀྵི་ཆོས་ཀྱི་བླ་མ་ ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ས་སྟོད་དཀྱིལ་ལེའི་ཙག་ཏོར་ཡབ་རྒྱ་དབང་ཚུར་ཚ་སྤྲང་ཐར་དང་ ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་ ཆོས་འཛིན་ཞུ། དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་ལེགས་པར་ མཁྱེན། དགུང་ལོ་དགུ་པར་གསུང་རབ་ཐམས་ཅད་ཀློག་འདོན་ཐེངས་ རེ་ཙམ་གྱིས་ཐུགས་སུ་ཆུད། དགུང་ལོ་བཅུ་གཅིག་པར་ལྕང་མང་ཕུ་ བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་བླ་མ་ཞེས་གསོལ། དེ་ནས་ ཆོས་རྗེ་སྤོམ་བྲག་པ་དང་མཇལ་ཞིང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ ཁྲིད་རྣམས་གསན་ཏེ་ངོ་སྤྲད་སྐབས་ཆོས་ཐམས་ཅད་རང་རིག་ཡེ་ཤེས་ རབ་འབྱམས་སུ་ངོ་འཕྲོད། བཀའ་བརྒྱུད་ཀྱི་རྒྱུད་པའི་གདམས་པ་ ཡོད་ཚད་གསན་ནས་དག་པའི་སྣང་བ་འབྱམས་ཀླས་པ་བྱུང། ཀཿ་ ཐོག་པ་བྱམས་པ་འབུམ་གྱིས་མཁན་པོ་དང། སྤྱན་སྔ་མང་ཕུ་བས་ སློབ་དཔོན་མཛད་དེ་བསྙེན་པར་རྫོགས། དེ་ནས་གནས་རི་དང་ཡུལ་ [037] སྡེ་མང་པོར་ཞབས་ཀྱིས་བཅགས་ནས་འགྲོ་དོན་རྒྱ་ཆེན་མཛད་ སྤུངས་རི་ལ་ལོ་ངོ་བཅུ་ཙམ་བཞུགས་ནས་དགོན་པ་བཏབ། དེ་ནས་ མཚུར་ཕུར་ཕེབས་ཏེ་ལོ་ངོ་དྲུག་ཙམ་བཞུགས་ནས་ཆོས་ཀྱི་འཁོར་ལོ་ སྐོར། དེ་ནས་ཧོར་རྒྱལ་གོར་བེ་ཡིས་གསེར་ཡིག་པ་བཏང་ནས་གདན་ འདྲེན་ཞུས་པ་ལྟར་ཕོ་བྲང་འུ་ཏུར་ཕེབས་ཏེ་རྒྱལ་བློན་འཁོར་དང་ བཅས་པར་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་མཛད། བོད་དུ་ཕེབས་པའི་ལམ་ ཁ་ནས་མི་ཉག་གི་ཡུལ་ཐམས་ཅད་ལ་ལྷ་ཁང་སུམ་སྟོང་ཙམ་གསར་ བཞེངས་དང་ཞིག་གསོས་མཛད། ཡང་རྒྱལ་པོ་མང་གོལ་ཧན་གྱིས་ གདན་འདྲེན་ཞུས་པ་ལྟར་ཕེབས་ནས་རྒྱལ་བློན་འཁོར་བཅས་ལ་འཁོར་ ལོ་སྡོམ་པའི་དབང་བསྐུར་ཞིང་ངོ་མཚར་གྱི་རྫུ་འཕྲུལ་མང་པོ་བསྟན། མུ་ སྟེགས་ཀྱི་རྟོག་གེ་བ་རྣམས་ལ་རྫུ་འཕྲུལ་འགྲན་ནས་བཏུལ། རྗེ་ འབངས་ཐམས་ཅད་ནང་པའི་བསྟན་པ་ལ་བཙུད། དེ་ནས་སེ་ཆེན་ རྒྱལ་པོས་ཁོང་ལ་གྲི་མཚོན་མདུང་གསུམ་གྱིས་བསྣུན་པ་དང། དུག་ བླུད་པ། ཁྲིམས་ཤིང་ལ་བཅིངས་པ། བྲག་གི་རྩེ་ནས་བསྐྱུར་བ་ ཆུ་བོའི་གཞུང་དང་མཚོ་གཏིང་དུ་སྐྱུར་བ། ཚེར་དོང་དང་སྦལ་དོང་ དུ་བསྐྱུར་བ་སོགས་ཆད་པ་བཅད་པ་ཐམས་ཅད་ལས་རྣམ་པར་རྒྱལ་ བའི་རྫུ་འཕྲུལ་བསྟན། གཅུང་རྡོ་རྗེ་གྲགས་པས་ཀྱང་ལུང་བསྟན་མང་ དུ་མཛད་པས་ཁོང་གི་རྩ་བའི་བླ་མར་གྱུར། དེ་ནས་རྒྱལ་པོ་ཡང་ སེམས་མགུ་ཐེབས་ཏེ་བཟོད་གསོལ་དང་བཤགས་པ་མཛད། གུ་ཤྲཱའི་ གསེར་ཐམ་དང། ཞྭ་ནག་གསེར་མདོངས་ཅན། པཀྵི་སྟེ་སློབ་དཔོན་ [038] ཞེས་པའི་ཆོ་ལོ་གནང། དེ་ནས་བོད་དུ་ཕེབས་ཏེ་མཚུར་ཕུ་གདན་ སར་ལྷ་ཆེན་འདོམ་བཅུ་གསུམ་པ་ལུགས་སུ་བླུགས་གྲུབ་སྟེ་མཚན་ལ་ལྷ་ ཆེན་དཔལ་འབར་འཛམ་གླིང་རྒྱན་ཞེས་གསོལ། ཀཾ་པོ་གནས་ནང་དུ་ སངས་རྒྱས་མར་མེ་མཛད་སྐུ་ཐོག་ཚད་དང། ཀརྨ་དགོན་དུ་རྒྱལ་བ་ བྱམས་པ་སོགས་བཞེངས་པར་མཛད། ཁོང་ནི་ཀརྨ་པའི་སྐུ་ཕྲེང་ གཉིས་པ་ཡིན། ཀོང་གི་སློབ་མ་མཆོག་ཏུ་གྱུར་བ་ནི་གྲུབ་ཐོབ་ཨུ་རྒྱན་ པ་ཡིན། ཁོང་གི་གསུང་རྩོམ་ནི་ དང། ། ཀརྨ་ཕུན་ཚོགས་རྣམ་རྒྱལ་ ཁོང་ནི་རབ་བྱུང་བཅུ་པའི་མི་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་དུ་ཡབ་ཀརྨ་བསྟན་སྲུང་དབང་པོའི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཀོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་ བཅས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་བཞི་པ་རབ་བྱུང་བཅུ་ པའི་ལྷགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་གཙང་སྟོད་སྡེ་བའི་སྲིད་ དབང་བཟུང། རབ་བྱུང་བཅུ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོ་དང། ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་མངའ་རིས་དང། ལྷོ་ པ། བྱང་པ། དྭགས་པོ། འཕན་པོ། གཞིས་ཀ་སྣེའུ་སོགས་ལ་ དམག་དྲངས་ནས་མངའ་འབངས་སུ་བཅུག་སྟེ་བོད་ཡོངས་ལ་དབང་ བསྒྱུར་མཛད། གཞིས་ཀ་རྩེའི་གྲོང་ཁྱེར་གྱི་བར་དེར་བཀའ་རྙིང་གི་ ཆོས་སྡེ་གསར་རྒྱག་བྱེད་པའི་མགོ་བརྩམས་ཤིང་བཀྲ་ཤིས་ལྷུན་པོའི་ [039] རྒྱབ་རི་ལས་རྡོ་བསྔོགས་འདོན་བྱས་པ་དང་བཀྲ་ཤིས་ཟིལ་གནོན་ཞེས་ པའི་ཡི་གེ་ཡང་བྲིས། རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སོག་པོ་ཆོ་འཁྲུལ་འགྲུལ་པས་ཀརྨ་པའི་མཛོ་ཁྱུ་ཇག་འདེད་བྱས་ པའི་རྐྱེན་གྱིས་གཙང་དམག་དབུས་སུ་དྲངས་ནས་དབུས་དག་དང་སེ་ འབྲས་གཉིས་ཀྱི་སེར་དམག་ལ་ཕམ་ཉེས་བྱུང། རྒྱལ་དབང་སྐུ་ཕྲེང་ བཞི་པའི་ཡང་སྲིད་ཁྲི་འདོན་མི་ཆོག་པར་བཀས་བཅད། འབྲུག་ཡུལ་ དུ་གཙང་དམག་སྔོན་རྗེས་སུ་ཐེངས་གཉིས་ཙམ་དྲངས་ཀྱང་ས་བཙན་ ཡུལ་བཟང་ཡིན་པས་ཕན་འབྲས་མ་ཐོན་བ་རེད། ཁོང་ནི་གཙང་པའི་ སྡེ་སྲིད་བཞི་པ་ཡིན་ནོ། ། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ ཁོང་ནི་དཔལ་ཁང་ངག་དབང་ཆོས་ཀྱི་རྒྱ་མཚོ་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་སྔགས་འཆང་བདེ་ཆེན་དང། ཡུམ་ ཇོ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་ མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྟག་ཚང་ལྷ་མོ་དགོན་དུ་སྐུ་གཤེགས་ དགུང་ལོ་ལྔ་པར་འཇམ་དབྱངས་བཞད་པའི་འཇིགས་མེད་རྒྱ་མཚོས་རོང་ བོ་ཆོས་རྗེའི་སྤྲུལ་སྐུར་ངོས་འཛིན་མཛད་ནས་མཚན་ལ་བློ་བཟང་འཕྲིན་ ལས་བསྟན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་དྲུག་པར་ཨ་ལགས་ བསྟན་པ་ཡོངས་འཛིན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་ལེགས་པར་ [040] སྦྱངས། དགེ་བཤེས་ཐུབ་བསྟན་མཐའ་ཡས་ལས་མདོ་སྔགས་ཀྱི་གཞུང་ མང་པོ་གསན་པ་དང། རྗེ་དཀོན་མཆོག་སྨོན་ལམ་བཟང་པོ་ལས་ རབ་བྱུང་བསྒྲུབས། དགུང་ལོ་བརྒྱད་པར་རྗེ་དཀོན་མཆོག་སྨོན་ལམ་ ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་པ་ནས་དགུང་ ལོ་ཉེར་བཞིའི་བར་དུ་དགེ་བཤེས་ཆེན་པོ་རྣམས་ལ་བསྟེན་ནས་གཞུང་ བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་ལྔ་པར་ རང་གི་གདན་ས་སྟག་ཚང་ལྷ་མོ་དགོན་དུ་རྗེ་བཙུན་ངག་དབང་ཆོས་ འཕེལ་ལས་དགེ་སློང་གི་སྡོམ་པ་བཞིས། དགུང་ལོ་ཉེར་དྲུག་པར་སི་ ཁྲོན་རྔ་ཡུལ་དུ་ཕེབས་ནས་དགོན་སྡེ་གསར་བ་བཏབ་ཅིང། དེའི་ གདན་སར་བཞུགས་ཏེ་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ནས་བསྟན་པའི་ འཆད་ཉན་རྒྱ་ཆེར་སྤེལ། རབ་འབྱམས་གཞུང་ལུག་ལ་འབད་པ་ལྷུར་ ལེན་མཛད་པས་མཁས་པའི་གྲགས་པ་ཐོབ། དེ་ནས་མདོ་སྨད་ཀྱི་ དགོན་སྡེ་ཕལ་ཆེར་དང་སོག་ཡུལ་གྱི་དགོན་སྡེ་ཁག་ཏུ་ཕེབས་ནས་དགེ་ འདུན་མང་ཚོགས་ལ་མཆོད་འབུལ་དང། རྟེན་གསར་མང་དུ་ བཞེངས་པ་སོགས་བསྟན་འགྲོའི་དོན་ཆེན་ཁོ་ནར་བསྒྲུབས་ནས་དུས་ འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང། བླ་ མའི་རྣལ་འབྱོར། བླ་བརྒྱུད་གསོལ་འདེབས། སྐྱབས་འགྲོའི་རྣམ་ བཤད། བསླབ་བྱ། ལམ་རིམ་བསྡུས་དོན། བཅའ་ཡིག་དབང་ བཤད། སྒྲུབ་ཐབས། བསྐྱེད་རྫོགས་ཀྱི་ཆོ་ག་བཅས་བོད་ཆེན་བཅུ་ གཉིས་བཞུགས་སོ། ། ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ།། [041] ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་སྣང་རའི་གསེར་ཁང་གི་ཉེ་འདབས་ ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁོངས། ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང། ཡུམ་གནམ་སྐྱིད་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་ཀ་མདོ་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་ སྐུ་གཤེགས། དགུང་ལོ་ལྔ་བར་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་ བསྙེན་དང། དྲུག་པར་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང། བདུན་ པར་སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ནས་ཡི་གེའི་འབྲི་ཀློག་དང་ སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་བསླབས་པས་དཀའ་ ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་ཁུ་བོ་སྟོང་ འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས་ དགུང་ལོ་བཅུ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་ སྲིད་དུ་ངོས་འཛིན་བྱས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ ཞུས་ཤིང་ཚོགས་སུ་ཕེབས་ནས་གསེར་ཁྲིར་མངའ་གསོལ་མཛད་ དགུང་ལོ་ཉེར་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་བསྙེན་རྫོགས་ཀྱི་ སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ཏེ་འབྲས་ སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཀླུ་འབུམ་བློ་བཟང་དར་རྒྱས་དང་ རྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ ཤེས། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་བཅས་མཁས་གྲུབ་མང་ པོར་བླ་མར་བསྟེན་ནས་ཚད་མ་དང། དབུ་མ། ཕར་ཕྱིན་ [042] མཛོད། འདུལ་བ་སོགས་ལ་ལེགས་པར་སྦྱངས་པས་གཞན་དྲིང་མི་ འཇོག་པའི་མཁྱེན་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། གྲུབ་མཐའ་སོ་ སོའི་བླ་མ་དག་ལས་རྒྱུད་སྡེ་བཞིའི་དབང་ལུང་རྗེས་གནང་རྒྱུན་ བཞུགས་གང་མཆིས་ལེགས་པར་གསན་ཏེ་མདོ་སྨད་དུ་ཕེབས་དུ་སྡེ་ བ་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎྜི་ཏ་ནོ་མོན་ཧན་གྱི་ ཆོ་ལོ་དང་ཐམ་ཀ་བཅས་གནང། དགུང་ལོ་སོ་གསུམ་པར་ཨ་མཆོག་ བདེ་མོའི་ཐང་དགའ་ལྡན་ཆོས་འཁོར་གླིང་བཏབ། དགུང་ལོ་སོ་བཞི་ བར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས། དགུང་ལོ་ལྔ་ བཅུ་པར་གོང་མས་གསེར་གྱི་འཇའ་ས་གནང། དགུང་ལོ་ང་བདུན་ པར་སླར་དབུས་སུ་ཕེབས་ནས་སྔོན་བྱོན་མཁས་པའི་ཕྱག་དཔེ་རྙིང་བ་ པོ་ཏི་སུམ་སྟོང་ལྷག་ཙམ་ཕྱག་ཏུ་ཆུད། ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་ གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཁན་ཆེན་དགེ་འདུན་ རྒྱ་མཚོ་སོགས་སུམ་ཅུ་རྩ་གྲངས་ཡོད། གསུང་རྩོམ་ནི་ནང་དོན་རིག་པ་ དང། ཐུན་མོང་རིག་གནས་ཀྱི་སྐོར་བཅས་བསྡོམས་པས་པོ་ཏི་བཅུ་ ཕྲག་ལོངས་པ་ཡོད་ལ། ཕྱག་དཔེ་པོ་ཏི་ཁྲི་ཕྲག་བརྒལ་བ་གསར་ དུ་བསྒྲིགས་མཛད། ཁོང་གི་མཚན་གྱི་རྣམ་གྲངས་ནི་བླ་སྒོ་དང། ངག་ དབང་འཇམ་དབྱངས་འཕྲིན་རྒྱལ་མཚན་བཅས་ཡིན། ། ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ཀྱི་འབྲི་ཆུའི་རྒྱུད་ཀྱི་བཀྲ་ཤིས་ལྷ་ལུང་དུ་ཡབ་གཞན་ཕན་ བདེ་ལེགས་འབྱུང་གནས་དང། ཡུམ་གཞན་ཕན་ཆོས་འཚོ་གཉིས་ཀྱི་ [043] སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མཚན་ལ་དབང་ཆེན་ སྟོབས་རྒྱས་ཞེས་གསོ། དགུང་ལོ་གསུམ་པར་སྔོན་གྱི་བག་ཆགས་ སད་དེ་སྙན་ངག་གི་ལྗགས་རྩོམ་གནང་བའི་སྐུ་ཡོན་ཁྱད་དུ་འཕགས་ དགུང་ལོ་བཞི་བར་ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་ འཛིན་བྱས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་ཀྱི་ཁྲི་ལ་ མངའ་གསོལ་མཛད། སྐུ་གོང་མའི་ཞལ་ཆེམས་ལྟར་རྡོ་སྦིས་ལྷ་རམས་ པ་བསྟན་འཛིན་རྒྱ་མཚོ་ལས་ཡི་གེའི་འབྲི་ཀློག་ལ་སྦྱངས་ཤིང། རྗེ་ ཤེས་རབ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ སྡེ་ཁྲི་རིན་པོ་ཆེའི་གསུང་ལྟར་མཚན་ལ་བསྐལ་བཟང་ཐུབ་བསྟན་ དབང་ཕྱུག་ཅེས་གསོལ། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཤིང་དགེ་བཤེས་བློ་ བཟང་རྣམ་རྒྱལ་ཡོངས་འཛིན་དུ་བསྟེན། དཔོན་སློབ་བྱམས་པ་རིན་ པོ་ཆེའི་སྤྲུལ་སྐུ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ལྟར་ལོ་ངོ་ བཞིའི་རིང་དུ་འདུལ་མཛོད་དབུ་ཚད་བཅས་ལ་གསན་སྦྱངས་མཛད་དེ་ གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་ཏེ་མདོ་སྨད་དུ་ཕྱག་ཕེབས་ དགུང་ལོ་ཉེར་གཉིས་པར་ཀྱཻ་རྡོར་གྲྭ་ཚང་གསར་འཛུགས་དང། འདུ་ ཁང་གསར་བཞེངས་མཛད་ཅིང་གསང་ཆེན་ཆོས་ཀྱི་སྒྲོན་མེ་སྤར་ དགུང་ལོ་ཉེར་བརྒྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ བཞུགས་ཏེ་བརྩི་བཞག་དང་འཆད་ཉན་སོགས་ལ་བརྩེ་གཟིགས་དང་ སྒྲིག་ལམ་གསར་འཛུགས་དང་དག་ཐེར་མཛད། དགུང་ལོ་ཞེ་གསུམ་ [044] པར་རི་བོ་རྩེ་ལྔར་བརྒྱུད་ནས་པེ་ཅིན་དུ་ཕེབས་ཏེ་གོང་མ་བཀྭང་བཤུས་ དང་མཇལ་བས་གསེར་ཡིག་གནང། དགུང་ལོ་ཞེ་བརྒྱད་པར་གསེར་ གཞོང་དུ་དགའ་ལྡན་ཆོས་འཕེལ་གླིང་ཕྱག་འདེབས་གནང། དགུང་ ལོ་ང་བཞི་པར་སླར་ཡང་དབུས་གཙང་དུ་ཕེབས་ཏེ་ས་སྐྱ་དང། ཙ་ རི། དིང་རི། སྐྱིད་གྲོང། བྲག་དཀར་རྟ་སོ། སྤུ་ཁྲུངས། ཏི་སེ་ མ་ཕམ་གཡུ་མཚོ་སོགས་སུ་གནས་མཇལ་དང། དགེ་འདུན་གྱི་སྡེ་ལ་ བསྙེན་བཀུར། རྟེན་རྣམས་ལ་མཆོད་འབུལ། དད་ལྡན་རྣམས་ལ་ ཆོས་སྦྱིན་བཅས་ཀྱིས་ཐུབ་བསྟན་དགྱེས་པའི་མཆོད་སྤྲིན་ཕུལ། དེ་ ལྟར་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཀུན་ལ་ཞབས་ཀྱིས་བཅགས་ཏེ་དད་ ལྡན་གྱི་གདུལ་བྱ་རིས་སུ་མ་ཆད་པ་རྣམས་ལ་ཅི་འདོད་ཀྱི་རེ་བ་སྐོང་ བར་མཛད་ཅིང། བླ་སྤྲུལ་རྣམས་ལ་དབང་ལུང་རྗེས་གནང་བཤད་ ཁྲིད་བསམ་གྱིས་མི་ཁྱབ་པ་གནང་བ་དང་གསུང་རྩོམ་པོ་ཏི་བཞིར་ ལོངས་པ་བཅས་མཛད་རྗེས་བཞག་ཡོད། ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་ བཞི་པ་ཡིན་ནོ། ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ ཁོང་ནི་བདག་མེད་རྡོ་རྗེ་དང་མི་གཅིག་ཡིན་པས་དེར་གཟིགས་ པར་ཞུའོ། ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ད་ལྟའི་ཀན་ལྷོའི་ཞཱ་ཧྭོ་རྫོང་གི་རྒན་གྱ་ཞང་དུ་ཡབ་དཔལ་འབུམ་ རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ [045] བཅུ་གཉིས་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ འབྱུང། སྐུ་གཤེགས། དགུང་ལོ་བདུན་པར་ཁུ་བོ་དགེ་སློང་བསོད་ནམས་ལྷུན་ གྲུབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་ པར་འདུལ་འཛིན་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་དྲུང་དུ་རབ་བྱུང་དང་ དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང། དགུང་ལོ་ ཉེར་དགུའི་བར་དུ་མཁས་རྒུའི་ཞབས་པད་བསྟེན་ནས་བཀའ་པོད་ཆེན་ པོ་ལྔས་མཚོན་པའི་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་ལྷུར་ བཞེས་གནང། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་བའི་སྐུ་ མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་བར་ རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ལ་སྦྱངས་པ་མཐར་ཕྱིན་མཛད་ དགུང་ལོ་སོ་གསུམ་པར་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ ཕེབས་ཏེ་ལོ་ངོ་ཉི་ཤུའི་རིང་དུ་ཐོས་དོན་སྒྲུབ་པས་ཉམས་སུ་བཞེས་ དགུང་ལོ་ང་གསུམ་པར་སྒོ་མང་གྲྭ་ཚང་གི་བླ་མ་མཛད། རྒྱལ་པོ་ལྷ་ བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འགལ་ཟླ་ཇེ་ཆུང་ དུ་གཏོང་བའི་བར་ཆིངས་མཛད། དགུང་ལོ་རེ་གཉིས་པར་དཔོན་ཇུ་ ནང་གིས་དགོན་པ་གསར་འདེབས་ཀྱི་ཆེད་དུ་གདན་དྲངས་པ་ལྟར་མདོ་སྨད་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བ་འདི་ ཉིད་ཕྱག་འདེབས་མཛད། དགུང་ལོ་དོན་གསུམ་པར་གོང་མ་ཁང་ཤིས་ རྒྱལ་པོས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་ [046] མིན་ཧན་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་སོགས་གནང་བར་ འབྱོར། ཁོང་གིས་སྐུ་ཚེ་གང་བོར་ཆོས་ཀྱི་གྲུ་ཆར་ཕབ་པས་མདོ་དབུས་ ཁམས་གསུམ་དུ་བསྟན་འཛིན་གྱི་བུ་སློབ་མང་དུ་བྱུང་སྟེ། བསྟན་པའི་ མངའ་བདག་ཏཱ་ལའི་པད་དཀར་འཛིན་པ། རྒྱལ་བ་གཉིས་པའི་གདན་ སར་བཞུགས་པའི་ཁྲི་ཆེན་བཞི། འགྲོ་བ་དུ་མའི་འདྲེན་པར་གྱུར་པའི་བླ་ ཆེན་བཅུ། ཆོས་ཀྱི་གདན་ཁྲིས་མཐོ་བའི་མཁས་ཆེན་ལྔར་གྲགས་པ་ སོགས་བྱོན་ནོ། ཁོང་གི་གསུང་རྩོམ་ ། ཀུན་མཁྱེན་འཇིགས་མེད་གླིང་པ།། ཁོང་ནི་མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ་དང་མི་ གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། ཀུན་མཁྱེན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན་སྤོ་འབོར་སྒང་གི་སའི་ཆ་ལི་ ཐང་གྲོང་ཚོ་བརྒྱད་ཀྱི་ནང་ཚན་མཚེ་མ་གྲོང་དུ་ཡབ་མེས་ཀྱི་རུས་ནི་ དགའ་ལ་གཏོགས་པའི་ཡབ་མགོན་པོ་དོན་གྲུབ་དང། ཡུམ་གུ་རུ་ལྷ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཞི་བར་པཎ་ ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཀུན་མཁྱེན་སྐུ་ཕྲེང་བཞི་བའི་ ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་འཇམ་དབྱངས་ [047] ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་ལྔ་བར་བླ་བྲང་ བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་ཀྱི་ཁྲི་ལ་མངའ་གསོལ་མཛད་ དགུང་ལོ་དྲུག་པར་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས་དགེ་བསྙེན་ དང་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་དབང་རྗེས་བཤད་ཁྲིད་ཀྱི་ མན་ངག་མང་དུ་གསན། གཞུང་བརྒྱ་སྨྲ་བའི་དབང་པོ་གྲགས་པ་རྒྱ་ མཚོ་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་སྦྱངས། བླ་ཁོ་རིན་པོ་ ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ དགུང་ལོ་བཅུ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་ཀྱི་བཅའ་ ཡིག་བཀའ་རྩོམ་མཛད། ཡོངས་འཛིན་གཙོས་པའི་རིགས་སྨྲ་མཚན་ ཞབས་པ་བརྒྱད་དང་བཅས་མཚན་ཉིད་གསན་སྦྱོང་གི་དབུ་བཙུགས་ ཤིང། དེ་ནས་བཟུང་དགུང་ལོ་ཉེར་གཉིས་པའི་བར་ལོ་བཅུའི་རིང་ བཀའ་བོད་ལྔ་ལ་གསན་སྦྱོང་ལེགས་པར་གནང། དགུང་ལོ་བཅོ་ བརྒྱད་པར་ སྤྱི་ལོ་་ལོ་ གོ་མིན་ཏང་སྲིད་གཞུང་གིས་ཀུན་ མཁྱེན་ཁོང་ཉིད་ལ་རྒྱལ་ཁབ་ཕན་ལྡན་རྒྱལ་བསྟན་སྤེལ་མཛད་བཙུན་ པ་འཇམ་དབྱངས་བཞད་པ་ཧུ་ཐོག་ཐུ་ཞེས་པའི་གསེར་ཐམ་ཕུལ་ དགུང་ལོ་ཉེར་གཅིག་པར་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་ཕེབས་པ་དང་ བསྟུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་དཔལ་དུས་ཀྱི་འཁོར་ ལོའི་དབང་ཡང་གསན། དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཁང་སར་སྤྲུལ་སྐུ་ཡོངས་ འཛིན་དུ་བསྟེན་ཏེ་ཤེར་ཕྱིན་ལ་ཐོས་བསམ་གནད་དུ་སྨིན་པ་མཛད་ དགུང་ལོ་ཉེར་ལྔ་བར་མདོ་སྨད་དུ་ཕེབས་ཤིང། ལོ་དེར་ ་ [048] གོ་མིན་ཏང་སྲིད་གཞུང་གིས་ཁོང་སོགས་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ དུ་བསྐོས། ཁོང་གིས་རིག་གནས་འཆད་སྤེལ་བྱེད་སའི་སློབ་གྲྭ་ འཛུགས་གཉེར་དང། གདན་ས་རང་དུ་ཟློས་གར་འཁྲབ་སྟོན་བྱེད་ པའི་སྲོལ་གནང་བ་སོགས་ཀྱིས་བོད་ཁུལ་གྱི་རིག་གནས་སློབ་གསོ་ འཕེལ་རྒྱས་སུ་འགྲོ་བར་ཐུགས་རྗེས་བསྐྱངས། ཀོང་ནི་ཀུན་མཁྱེན་སྐུ་ ཕྲེང་ལྔ་པ་ཡིན་ནོ། ཁོང་གི་གདུང་མཆོད་དུ་གོ་མིན་ཏང་གིས་སོག་ བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དགེ་བཤེས་ཤེས་རབ་རྒྱ་ མཚོ་དང། བོད་ལྗོངས་ནས་མཁན་ཆུང་ཐུབ་བསྟན་བཟང་པོ་བཅས་ མངགས་ནས་དངུལ་སྲང་ཁྲི་ཕྲག་གཉིས་ལས་གྲུབ་པའི་བྱང་ཆུབ་མཆོད་ རྟེན་བཞེངས་སོ། ། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་རེབ་གོང་གཉན་ཐོག་ ཁོངས། ཡུམ་མཁར་མོ་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་པར་རྒྱལ་ དབང་དང། གོང་མ་ཀྱཱ་ཆིང། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ སོགས་ཀྱིས་ཐུགས་ཁུར་ཆེར་བཞེས་མཛད་དེ་ལྷ་སའི་ཇོ་ཤཱཀ་རྣམ་ གཉིས་སོགས་རྟེན་གཙོ་ཁག་གི་སྤྱན་སྔར་མཚན་བྱང་དཀྲུགས་ཏེ་ཀུན་ མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཡང་ སྲིད་འཁྲུལ་མེད་ངེས་བརྙེད་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ [049] ཁྲིར་མངའ་གསོལ་མཛད། ལོ་དེར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་རབ་ ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མ་ཞེས་ གསོལ། ལྷ་རམས་པ་བློ་བཟང་བསྟན་འཛིན་སློབ་དཔོན་དུ་བསྟེན་ ནས་ཡི་གེའི་འབྲི་ཀློག་སྦྱོར་གསུམ་ལེགས་པར་སྦྱངས། དགུང་ལོ་བཅུ་ གསུམ་པ་ལ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་ གྱི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པར་དབུས་འགྱུར་ཆོས་ཀྱི་ ཞིང་དུ་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་དང་རྒྱལ་དབང་བཅས་ལ་དངོས་ འབུལ་གྱི་མཆོད་སྤྲིན་སྤྲོས། བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་ བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་ པོ་དང་མཇལ་ཏེ་ཚེ་དབང་སོགས་གསན་ཅིང་འབུལ་ནོམ་རྒྱ་ཆེན་ཕུལ་ བ་དང་དགེ་འདུན་ཡོངས་ལ་མང་འགྱེད་ཀྱི་མཆོད་སྤྲིན་བསྟར་ཅིང་ གཙང་ནས་ཕྱིར་ཕེབས་ཏེ་གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་མང་ ཚོགས་ལ་མང་འགྱེད་དང་ཐུགས་སྨོན་གྱི་མཚམས་སྦྱོར་མཛད། འབྲས་ སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་གྱི་རྒྱུན་ལེགས་པར་ བསྐྱངས། དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་གྱི་མདུན་ནས་བསྙེན་ པར་རྫོགས། མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ ཞེས་གསོལ། །གོང་ས་རྒྱལ་བའི་དབང་པོས་དབུ་གདུངས་རྟ་དར་ འབོབ་ལྕག་སོགས་མཁན་ཆས་ཀྱི་གཟེངས་བསྟོད་དཔེ་ཟླ་མེད་པར་མཛད། དེ་ནས་མདོ་སྨད་དུ་ཕེབས་ཏེ། ལྷོ་རྒྱུད་རྒྱལ་མོ་རོང་ནས་ཅོ་ ནེ་ཡན་ཆད། བྱང་རྒྱུད་མཚོ་སོ་ལོ་མ་ནས་ཟི་ཁྲོན་བར་གྱི་ཡུལ་གྲུ་ཕལ་ ཆེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་སོ། གདན་སར་ [050] སྒྲོལ་ལྗང་གི་སྐུ་བརྙན་ལི་མ་ཁྲུ་ཚད་ལོངས་པ་སྟོང་དུ་ཉེ་བར་གསར་ བཞེངས་མཛད། དགོན་ལུང་དང་སྐུ་འབུམ། བྱ་ཁྱུང་དང་ཆུ་བཟང་ སོགས་ནས་གདན་ཞུས་ལྟར་ཕེབས་ཏེ་མཁས་མང་འདུས་པའི་ཚོགས་ལ་ ལེགས་བཤད་ཀྱི་བདུད་རྩིའི་དགའ་སྟོན་ཅི་དགར་བསྩལ་བ་ལ། གོང་ མ་ཏོའུ་བཀྭང་མཆོག་ཀྱང་ཐུགས་ཤིན་ཏུ་མཉེས་ནས་བསྟན་པ་འཛིན་ སྐྱོང་བྱེད་པའི་ས་མ་ཏི་པཀྵིའི་ཐམ་ག་དང་གསེར་ལུང་གིས་གཟིངས་ བསྟོད་མཛད་དོ། །ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ཡིན། ། ཀུན་མཁྱེན་མཚོ་སྣ་བ།། ཁོང་ནི་མཚོ་སྣ་བ་ཤེས་རབ་བཟང་པོ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཀུན་གླིང་རྒྱལ་ཐོག་གཉིས་པ།། ཁོང་ནི་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་རབ་བྱུང་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཚལ་གུང་ཐང་གི་གདན་སར་ཕེབས། ལྷ་གདེངས་གསར་འདེབས་ མཛད། ཡང་དགོན་ཀ་དགུ་མའི་སྟེང་དང། གསེར་ཁང་སྟེང་སྐོར་ མཛད་པས་གསེར་ཁང་སྟེང་པ་ཞེས་ཀྱང་གྲགས། ལོ་ངོ་སུམ་ཅུ་སོ་ གསུམ་རིང་དུ་གདན་ས་བསྐྱངས། དགུང་ལོ་བདུན་ཅུ་པར་དགོངས་ [051] པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་ཚལ་གུང་ཐང་གི་བླ་རབས་ བརྒྱད་པ་ཡིན། ། ཀུན་ལྡན་རས་པ།། ཁོང་ནི་རབ་བྱུང་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་གི་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རུས་ ལས་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཤར་ཕྱོགས་བྱ་ཕུག་ཏུ་སྐུ་གཤེགས། ཁོང་རྒྱལ་ཚ་རིན་ཆེན་མགོན་ གྱི་གཅུང་པོ་ཡིན། རྗེ་ཕག་མོ་གྲུ་པ་ལས་སྡེ་སྣོད་གསུམ་དང་རྒྱུད་སྡེ་ བཞིའི་གདམས་ངག་མང་དུ་གསན། དེ་ནས་ཁྲོ་ཕུར་བྱོན་ཏེ་སྒྲུབ་པ་ མཛད་པས་སྤངས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པར་བརྙེས། བླ་ མའི་གདན་ས་ཕག་མོ་གྲུར་བྱོན་ནས་གཙུག་ལག་ཁང་བརྩིགས་པ་ སོགས་ཁུར་ཆེན་པོ་མཛད་དེ་བསོད་ནམས་ཀྱི་ཞིང་དམ་པ་བརྟན་པར་ མཛད། སྒྲུབ་ཁང་ནས་གང་དུ་ཡང་མ་ཕེབས་པ་རྒྱ་གར་གྱི་ཤིང་ཏོག་ རིགས་མི་གཅིག་པ་སྣ་ཚོགས་ཕྱག་ཏུ་འོང་བ་དང། ཡུལ་དུ་མུ་གེ་ཆེན་ པོ་ཞིག་བྱུང་བའི་དུས་སུ། འབྲུའི་ཆར་ཕབ་ནས་ཡུལ་གྱི་མུ་གེ་ཞི་བར་ མཛད་པ་སོགས་སྐྱེ་བོ་ཕལ་བའི་བློ་ཁོག་ཤོང་དཀའ་བའི་གྲུབ་པའི་ རྟགས་མང་པོ་བསྟན་ཅིང་ཕྱོགས་བཞིའི་གདུལ་བྱ་མཐའ་ཡས་པ་སྨིན་ གྲོལ་གྱི་ཞིང་ལ་བཀོད་པར་མཛད་དོ། ། ཀུན་སྤང་ཆེན་པོ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་བདུན་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ [052] གཤེགས། ཁོང་དགུང་ལོ་སུམ་ཅུ་སོ་བརྒྱད་པ་རབ་བྱུང་དྲུག་པའི་ས་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་ རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་ བཅུ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་ མང་དུ་གསོ་སྐྱོང་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་པར་དབོན་པོ་ བསོད་ནམས་གྲགས་པ་ལ་གདན་ས་གཏད་ནས་ཀུན་སྤངས་མཛད་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་ རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱལ་ལྷ་ ཁང་གི་གདན་རབས་ཉི་ཤུ་རྩ་བཞི་པ་ཡིན། ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་རྩ་བའི་བླ་མར་ བསྟེན་ནས་ཡུ་མོ་མི་སྐྱོད་རྡོ་རྗེའི་སློབ་བརྒྱུད་རྗེས་སུ་བཟུང་སྟེ་མདོ་ སྔགས་རིག་གནས་དང་བཅས་པར་སློབ་གཉེར་ལེགས་པ་མཛད་དེ་ གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར། དེ་ནས་ཁོང་གི་ ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་མོ་ནང་དུ་ དགོན་པ་གསར་འདེབས་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བྱང་ སེམས་རྒྱལ་བ་ཡེ་ཤེས་དང། མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་ སོ། ཁོང་གི་གསུང་རྩོམ་ནི་ ། ཀུན་སྤངས་ལྷ་རི་བ།། [053] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་ལྔ་པའི་ མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ལྔ་པའི་ཤིང་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོའི་བར་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་རྒྱལ་ལྷ་ཁང་གི་ གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་བུ་སློབ་མང་དུ་གསོ་སྐྱོང་ མཛད། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ཉི་ཤུ་པ་ཡིན་ནོ། ། ཀེའུ་ཆང་འཇམ་དབྱངས་སྨོན་ལམ།། ཁོང་ནི་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའུ། ། ཀིའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་གཞོན་དུས་ནས་ དབུས་ལྷ་ལྡན་དུ་གྲྭ་སྐོར་མཛད་དེ་མཁས་པར་གྱུར། ཁོང་ནི་མདོ་ ཁམས་བྲག་མགོ་དགོན་པའི་བླ་མ་ཡིན་ལ། གྲུབ་མཐའ་ནི་རི་བོ་དགའ་ ལྡན་པའི་རིང་ལུགས་འཛིན་པ་པོ་ཡིན། ཁོང་གི་གསུང་རྩོམ་ནི།བླ་ མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ བཟང་མ། དྲིས་ལན་སྣ་ཚོགས་ཀྱིས་ཁོར། ཆབ་ཤོག་སྣ་སོགས་སོགས་ ཀྱི་སྐོར་བཅས་སྔོན་དཀར་མཛེས་དགོན་གྱི་དཔེ་ཐོ་ཞིག་ཏུ་ཀ་ནས་ཉའི་ བར་པོ་ཏི་བརྒྱད་ཡོད་པར་འཁོད་ཀྱང། ད་ལྟ་མི་རིགས་རིག་གནས་ ཕོ་བྲང་དུ་ཀ་ཁའི་པོ་ཏི་གཉིས་ལས་བཞུགས་མེད་དོ། ། ཀོ་བྲག་པ་བསོད་ནམས་རྒྱལ་མཚན།། [054] ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོས་ཏེ་སྤྱི་ལོ་་ལོར་ དིང་རིར་ཡབ་གཙོ་བོ་རྒྱལ་གཡུང་དང་ཡུམ་སྟོད་མོ་རྗེ་མ་གཉིས་ཀྱིས་རས་ སུ་སྐུ་འཁྲུངས། གདུང་རུས་ནི་སླྡོང་ཡིན། རབ་བྱུང་བཞིག་པའི་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སེ་མིག་པ་ལས་ དགེ་བསྙེན་གྱི་སྡོམ་པ་མནོས། པཎ་ཆེན་ཤཱཀྱ་ཤྲཱི་ལས་བློ་སྤྱོང་གསན་ བླ་མ་རྡོ་རྗེ་དཔལ་བ་ལས་རིག་འཛིན་བཅུ་དང། རྫོགས་ཆེན་དམར་ ཁྲིད་སོགས་ཆོས་མང་དུ་གསན། པཎ་ཆེན་རཏྣ་རཀྵི་ཏ་ལས་བདེ་ མཆོག་གི་དབང་གསན། དགུང་ལོ་ཉི་ཤུ་རྩ་དགུ་པར་དགེ་སློང་གི་ སྡོམ་པ་མནོས། དེ་ནས་ཏེ་སེར་བྱོན་ཏེ་ལོ་ལྔའི་རིང་དུ་བཞུགས་པས་ ཇི་ལྟ་བ་དང་ཇི་སྙེད་པའི་མངོན་སུམ་གྱི་ཡེ་ཤེས་བརྙེས། ཁྱད་པར་དུ་ རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས། དེ་ནས་མྱང་ སྟོད་ཀོ་བྲག་ཏུ་དགོན་པ་གསར་འདེབས་མཛད་པས་ས་སྐམ་པོར་ཆུ་ མིག་བརྡོལ། འགྲོ་བའི་དོན་རྒྱུན་མི་འཆད་པ་དང་རྒྱ་ཆེ་བ་སྒྲུབ་པའི་ ཕྱིར་སློབ་མ་མང་དུ་བསྐྱངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ དཔལ་ཡང་དགོན་པ་དང། རིན་པོ་ཆེ་རྒྱལ་མཚན་པ། རིན་པོ་ཆེ་ ལྟ་བ། རིན་པོ་ཆེ་རྒྱལ་པོ། རིན་པོ་ཆེ་ཆོས་སྡིངས་པ། བྲན་སྟོན་ ཤེར་སེང། རྟོགས་ལྡན་དཀོན་སེང་སོགས་སོ། ། ཀོང་པོ་བསྟན་འཛིན་ལེགས་བཤད།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་ཤར་ཕྱོགས་ཀོང་ཡུལ་ཡིན། ཁོང་དྭགས་པོ་གྲྭ་ཚང་དང། དཔལ་ ལྡན་སྨད་རྒྱུད་སོགས་སུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་ [055] པར་སྤྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པའི་གོ་འཕང་ཐོབ་ རྒྱུད་པ་དང་བྱང་རྩེ་རིམ་བཞིན་ཁྲི་ཐོག་པ་ལོ་བདུན་གྱི་རིང་དུ་མཛད་ རབ་བྱུང་བཅུ་གཅིག་པའི་སྤ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲིད་ཕེབས་ཀྱང་དགཱ་ལྡན་རྩེ་ཤར་གཉིས་ཀྱི་བར་དུ་ འཁྲུགས་རྩོད་བྱུང་རྐྱེན་ཤར་པ་རྣམས་ཀྱིས་དགའ་ལྡན་གསེར་ཁྲི་བཙན་ འཕྲོག་མཛད་པས་གསེར་ཁྲི་ལས་ཐོག་པ་བཞུགས་མ་བདེ་ནས་བྲོས་ སྟབས་ཀྱིས་ཁམས་དཔལ་འབར་དུ་བྱོན་ཏེ་འགྲོ་དོན་མཛད། འདིའི་ ཡན་ལ་དགའ་ལྡན་ཁྲི་པ་རྩེ་ཤར་རེ་མོས་བྱེད་ཀྱང་ལོ་གྲངས་སོགས་ལ་ ངེས་ཅན་མེད་ན་ཡང། འདིའི་མཚམས་ནས་བཟུང་གཙང་པ་རྒྱལ་ པོས་ཁྲིམས་བཅད་པས་ཁྲི་བའི་ལོ་གྲངས་ངེས་ཅན་གྱི་སྲོལ་ཚུགས་སོ་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་དྲུག་པ་ ཡིན་ནོ། ། ཀོང་པོ་ཐར་པ་རིན་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་འཇུག་ཙམ་དུ་ཀོང་ པོར་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབ་བཅུ་གཅིག་པའི་དུས་སྟོད་ ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས་པའི་ དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་ གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ ཚུལ། དགེ་སློང་གི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ མང་དུ་གསན། དེ་ནས་ཁོང་གིས་འདུལ་བའི་སློབ་རྒྱུན་བསྐྱངས་ཏེ་ སློབ་མ་གྲགས་ཆེ་བ་གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང་ [056] རྒྱན་མཁར་སྟག་ལུང་བཟུང་ཞིང། ཆོས་རྒྱུད་དེ་ལས་གྱེས་པ་ལ་གཟུ་ ཚོ་ཞེས་གྲགས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་ འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། ཀོང་པོ་ཡེ་ཤེས་ཐར་འདོད།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཀོང་པོ་བྲག་གསུམ་འབྲུ་ལ་སེ་བ་སྒང་དུ་ཡབ་སྒྲོན་མ་དར་རྒྱས་ དང། ཡུམ་བསོད་ནམས་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་པར་དགེ་བཤེས་བྱམས་པ་རིན་ཆེན་ ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་ཡེ་ཤེས་ཐར་འདོད་ཅེས་གསོལ། དེ་ ནས་འབྲུ་ལ་རི་ཁྲོད་དུ་ཕེབས་ཏེ་དགེ་སློང་བསྐལ་བཟང་བཀྲ་ཤིས་ ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད་ དགུང་ལོ་བཅུ་གསུམ་པར་འདུལ་འཛིན་དཔལ་འབྱོར་བཟང་པོ་དང་ དགེ་སློང་འཕགས་པ་བསམ་གཏན་ལས་དགེ་བསྙེན་དང། རབ་ བྱུང། དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བསྒྲུབས། དགུང་ལོ་བཅུ་ བཞི་པར་དབུས་སུ་ཕེབས་ཏེ་སེར་སྨད་ཐོས་བསམ་གླིང་དུ་བཞུགས་ནས་ སྤྱི་ཆོས་དང་སྒེར་ཆོས་ཀྱི་སློབ་དཔོན་སྦྱིན་པ་ཆོས་བཟང་དང། ཀོང་ པོ་ཡེ་ཤེས་རབ་འཕེལ། གྱེ་རེ་ཞབས་དྲུང་སྐལ་བཟང་ཚོགས་གཉིས་ སྤོ་འབོར་སྐལ་བཟང་རྣམ་རྒྱལ། ཁྲི་ཆེན་ནོ་མིན་ཧན་ངག་དབང་ ཚུལ་ཁྲིམས་སོགས་ལ་བསྟེན་ནས་བསྡུས་གཞུང་དང། དབུ་མ། ཕར་ ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་བཅས་ལ་ [057] ཐོས་བསམ་མཐར་ཕྱིན་པ་མཛད་ཅིང་རྩོད་པའི་ཁྱུ་མཆོག་ཏུ་གྱུར་ཞིང་ ལྷ་རམས་པ་ཨང་དང་པོའི་མཚན་བཏགས་བཞེས། དགུང་ལོ་ཉེར་ དྲུག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་ཁྲི་ཆེན་ནོ་མིན་ཧན་གཉིས་ ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། དགུང་ལོ་སོ་ ལྔ་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་ གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད། དགུང་ ལོ་ཞེ་གཉིས་པར་རྒྱུད་པའི་བླ་མ་དབུ་མཛད་དང། དགུང་ལོ་ཞེ་ གསུམ་པར་རྒྱུད་པའི་མཁན་ཁྲིར་ཕེབས་ནས་འཆད་ཉན་ལེགས་པར་ བསྐྱངས། བར་སྐབས་ཤིག་ཏུ་རྒྱུད་པའི་མཁན་ཁྲིའི་འགན་རྣམས་རེ་ ཞིག་བཞག་དགོས་པ་བྱུང་བས་དབུས་སྟོད་ཕག་མོ་ཆོས་སྡེ་དང་འབྲུ་ལ་ རི་ཁྲོད་སོགས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ དྲུག་བཅུ་རེ་གཅིག་པར་ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་དང་ གཏོང་སྒོ་གང་གི་ཐད་ནས་ཀྱང་མི་དམན་པར་མཛད། དགུང་ལོ་ བདུན་ཅུ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གཉིས་ཀྱི་ རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་བཞེངས་པར་ མཛད། དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དགའ་ལྡན་བླ་ མ་ལྷ་ཁང་དུ་བཞུགས་སོ། ཁོང་གི་མཚན་གཞན་ལ་ཤར་རྩེ་ཡེ་ཤེས་ ཐར་འདོད་ཅེས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་བདུན་ཅུ་དོན་གཅིག་པ་ཡིན་ནོ། ། [058] ཀོང་པོ་ཡེ་ཤེས་བརྩོན་འགྲུས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་ཀོང་པོའི་ཡུལ་དུ་ཡབ་ཚེ་དབང་རྒྱ་མཚོ་དང། ཡུམ་ཚེ་ དབང་བཟང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་མི་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བརྒྱད་པར་ཡབ་ཡུམ་གཉིས་ཀྱིས་ཡེ་གེའི་འབྲི་ཀློག་བསླབས་ཤིང་མཁས་ པར་མཁྱེན། ལོ་དེར་ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་དུ་ཕྱག་བྲིས་ སློབ་གཉེར་དུ་ལོ་གཅིག་ཙམ་བཞུགས། དགུང་ལོ་དགུ་པར་ཡབ་ཀྱི་ བཀའ་བཞིན་ལྷ་ལྡན་སྤྲོ་བདེ་ཁང་གསར་དུ་ཕྱག་བྲིས་དང། རྩིས་རིག་ ཆོས་སྤྱོད་སོགས་བསླབས་ནས་དགུང་ལོ་བཅོ་ལྔ་བར་དུ་བཞུགས་ དགུང་ལོ་བཅུ་བདུན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་ དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅོ་བརྒྱད་པར་འབྲས་སྤུངས་ བློ་གསལ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་གཙང་པ་མཁན་ཆེན་ ཡེ་ཤེས་དཔལ་འབྱོར་ལས་བསྙེན་རྫོགས་བསྒྲུབས། དེ་ནས་ཀ་ཆེན་ཡེ་ ཤེས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་དབེན་གནས་ཁག་ལ་སྒྲུབ་པ་ རྩེ་གཅིག་ཏུ་གཞོལ། དགུང་ལོ་ལྔ་བཅུ་ང་གཅིག་པར་ཀོང་པོ་དགའ་ ལྡན་བསམ་གཏན་གླིང་གསར་དུ་ཕྱག་བཏབ་ཅིང་རྒྱུན་དུ་བྱབྒ་ཆུབ་ ལམ་རིམ་བཤད་ཁྲིད་གནང། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ཕག་མགོ་བླ་མ་ ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི་ [059] གདམས་པའི་ཉིང་ཁུ། སྲོང་ཞལ་ལུང། མ། ། ཀོང་སྤྱལ་ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ་ ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གོང་མའི་ཞལ་ཆེམས་ལྟར་ལྷ་གདན་དུ་ས་འདུ་ཚང་དུ་སྐུ་ འཁྲུངས། ད་ལྷ་ ་ རྒྱུ་གར་དུ་འཚོ་བཞུགས་མཛད་ ཆོས་རྗེ་རང་བྱུང་རིག་པའི་རྡོ་རྗེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ མཛད་ཅིང། སྤྱིབ་ལོ་་ལོར་འབྲས་ལྗོངས་རུམ་བཏེགས་ དགོན་དུ་ཁྲི་འདོན་མངའ་གསོལ་རྒྱས་པར་མཛད། དགུང་ལོ་ བཅུ་གཅིག་པར་སྐྱེས་ཐོབ་ཀྱི་ཤེས་རབ་ཁོང་ནས་རྡོལ་བའི་གསུང་རྩོམ་ གནང་བར་ཐོགས་པ་མེད། ཆོས་རྗེ་རང་བྱུང་རིག་པའི་རྡོ་རྗེ་ དང། དཔའ་བོ་སྐུ་ཕྲེང་བཅུ་པ་རྣམ་གཉིས་ལས་དབང་ལུང་ཁྲིད་ གསུམ་སོགས་རྒྱ་ཆེན་གསན། བླ་མ་ཀ་ལུའི་མདུན་ནས་ཤངས་པ་ བཀའ་བརྒྱུད་ཀྱི་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་དང་གདམས་པ་ ཡོངས་རྫོགས་གསན། ཁྲ་འགུ་མཁན་རིན་པོ་ཆེའི་དྲུང་ནས་མོད་ སྔགས་གཞུང་འགྲེལ་ཁག་ལ་ལེགས་པར་གསན་ཏེ། རྒྱུགས་འབུལ་ དང། བརྒལ་བརྟག་རྩོད་གླེང་སོགས་དཔྱིས་ཕྱིན་པར་མཛད། ཐུགས་ དམ་ཉམས་ལེན་གྱི་སྐོར་ལའང་བཀའ་བརྒྱུད་གོང་མའི་བརྒྱུད་པར་ འཛིན་ཐུབ་ངེས་གནང། ཕྱིའི་རྒྱལ་ཁབ་ཁག་ཏུ་ཀར་བསྟན་གྱི་ཆོས་ [060] ཚོགས་གྲངས་མང་བཙུགས་པ་དང། སློབ་ཚོགས་དཔག་མེད་སྐྱོང་ ཞིང་རྒྱལ་བསྟན་སྤྱི་དང། སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་ མཛད་ཅིང། ད་ལྟ་རྒྱ་གར་དུ་འཚོ་བཞུགས་མཛད་དོ། ཁོང་ནི་ཀོང་ སྤྲུལ་གྱི་སྐུ་ཕྲེང་གསུམ་པ་ཡིན།། ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྟོད་ལུང་མཚུར་ཕུར་ཆོས་རྗེ་མཁའ་ཁྱབ་རྡོ་རྗེའི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ཁྲ་འགུ་དགོན་དུ་སྐུ་གཤེགས། ཁོང་སྐུ་ཆུང་ངུའི་དུས་ནས་ཡ་ རབས་ཀྱི་མཛད་སྤྱོད་དང་དམ་པའི་ཡོན་ཏན་འབའ་ཞིག་མངའ། ཡབ་ ཆེན་ལས་དབང་ལུང་སྨིན་ཁྲིད་མང་པོ་དང། ཁྱད་པར་དུ་སྒྲུབ་བརྒྱུད་ རིན་པོ་ཆེའི་གསེར་ཆོས་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ བཀའ་བརྒྱུད་གོང་མའི་ཐུགས་དམ་རྣམས་རྒྱུན་དུ་ཉམས་བཞེས་དང་ ལྷག་པར་དུ་རྒྱལ་རྒྱམ་ལ་ཐུགས་དམ་གཙོ་བོར་མཛད། ལྷ་གདན་དུ་ རྟེན་མཇལ་ཕེབས་སྐབས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་ མཚོས་གཙུག་ཕུད་བཞེས་པ་དང། ཤེལ་བུམ་དང་ཐམ་ཀ་བཅས་ གནང་ནས་གཟེངས་བསྟོད་བསྩལ། ལྔ་རིག་པ་འཇམ་དབྱངས་ཆོས་ ཀྱི་རྒྱལ་མཚན་དང། མཁས་དབང་གསེར་ཁ་ཆོས་གྲགས་སོགས་ཀྱི་ མདུན་ནས་རིག་གནས་དང་གཞུང་ལུགས་གསན་ཞིང་མཁྱེན་རྒྱ་ཆེན་ པོར་བརྙེས། ཁྱད་པར་དུ་གསང་སྔགས་ཟབ་མོའི་དོན་ལ་གཞན་ མཁས་ཆེན་རྣམས་ཀྱིས་ཀྱང་གཏིང་དཔོག་དཀའ་བའི་སྒོམ་བྱུང་གི་ཤེས་ [061] རབ་འགྲན་ཟླར་བྲལ། སྐུ་ཚེ་གཅིག་རིང་གི་སྡོམ་པ་དང་དམ་ཚིག་ལ་ མིག་འབྲས་ལྟར་གཅེས་སྤྲས་གནང་བ་དང། ཐུགས་དམ་བསྐྱེད་ རྫོགས་ལ་གནད་དུ་བསྣུན་པ། འཆད་སྤེལ་དང་འཕྲིན་ལས་རྒྱ་ཆེར་ མཛད་པ་བཅས་མཁྱེན་བརྩེ་ནུས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་པ་ལས་རིགས་བདག་གཅིག་ཆོག་ ཡབ་ཆེན་མཁའ་ཁྱབ་རྡོ་རྗེ་དང། རྩ་བའི་བླ་མ་ཞེ་ཆེན་རྒྱལ་ཚབ་ ཟུར་མང་དྲུང་རིན་པོ་ཆེ་རྣམ་གཉིས་ཡིན། བསྟན་འགྲོའི་འགྲོ་དོན་རེ་ ཞིག་རྫོགས་ཏེ་དགུང་ལོ་ལྔ་བཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་གི་སློབ་མའི་ཚོགས་ནི་ཆོས་རྗེ་རང་བྱུང་རིག་པའི་ རྡོ་རྗེ་དང། དཔའ་བོ། རྒྱལ་ཚབ་སོགས་བཀའ་འབྲུག་གི་སྐྱེས་ཆེན་ མང་པོ་དང། རྫོང་གསར་མཁྱེན་བརྩེ་སོགས་གསར་རྙིང་རིས་མེད་ཀྱི་ བསྟན་འཛིན་རྣམས་དང། གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་དགེ་ བའི་བཤེས་གཉེན། རྒྱ་བོད་སྐུ་དྲག་རྒྱལ་བློན་སོགས་མཐའ་ཡས་པ་ བྱོན་ནོ། ཁོང་ནི་ཀོང་སྤྲུལ་གྱི་སྐུ་ཕྲེང་གཉིས་པ་ཡིན། ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་ འཛིན་དང། ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་གིས་ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་ དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་ [062] བརྩེ་དབང་པོ་སོགས་རིས་མེད་བླ་མ་ལྔ་བཅུ་ཙམ་བསྟེན་ནས་ཕྱི་ཐ་སྙད་ རིག་པ་དང། ནང་མདོ་རྒྱུད་གསར་རྙིང་གི་བསྟན་བཅོས། གསང་ བ་མན་ངག་ཉམས་ཁྲིད་ཕྱག་བཞེས་དང་བཅས་པ་རྣམས་ལ་ཐོས་པས་ མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་ བླངས་ཏེ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར། གདུལ་ བྱ་རང་རང་གི་མོས་བློ་དང་འཚམས་པར་སྒྲ་ཀཱ་ཙན་དབྱངས་གསུམ་ དང། སུམ་རྟགས་དག་གསུམ། གསོ་རིག་རྒྱུད་བཞི། སྐར་རྩིས་ ནག་རྩིས། སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས་ཐ་སྙད་རིག་ གནས་ཀྱི་སྐོར་དང། གཞུང་ཆེན་བཅུ་གསུམ། སྒྱུ་འཕྲུལ་གསང་ རྙིང། ནཱ་རོ་ཆོས་དྲུག་སྦྱོར་དྲུག་སོགས་མདོ་སྔགས་ཀྱི་གཞུང་ལུགས་ འཆད་ཉན་མཛད་ནས་སྐལ་ལྡན་གྱི་བུ་སློབ་རྣམས་བསྐྱངས་ཤིང་སྐུ་ཚེ་ འདའ་བར་མཛད། ཁོང་ནི་ཀོང་སྤྲུལ་གྱི་སྐུ་ཕྲེང་དང་པོ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཀརྨ་སྐུ་འཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་ དང། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་བློ་གཏེར་ དབང་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ། བྲག་གཡབ་གདོང་ སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ མཛོད།། ཀོང་རོང་སྨན་བླ་དོན་གྲུབ་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ [063] ་ལོར་ཀོང་སྟོད་བཀྲ་ཤིས་འབྲས་སྤུངས་སུ་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་གི་སྨན་བླ་ཚེ་དབང་དང། སློབ་དཔོན་གཞན་ ཕན་བདེ་ཆེན་རྒྱལ་པོ། དྲུང་འཚོ་བ་སངས་རྒྱས་བཅས་ཀྱི་ཞབས་པད་ ལ་བསྟེན་ནས་སྤྱིར་མདོ་སྔགས་རིག་གནས་དང། སྒོས་སུ་གསོ་བ་རིག་ པའི་གཞུང་ལུགས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད། དེ་ནས་གསོ་ རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་ཏེ་འགྲོ་བ་མང་ པོའི་ནད་ཀྱི་སྡུག་བསྔལ་ཞི་བར་མཛད། ཁོང་གིས་སྦྱིན་བདག་མཛད་ དེ་དཔལ་ལྡན་རྒྱུད་བཞིའི་དཔར་ཤིང་གསར་དུ་བསྐྲུན་ཏེ་སྒམ་པོའི་ དཔར་མ་ཞེས་གྲགས་སོ། ཁོང་གི་གསུང་རྩོམ་ནི་ བ་རིག་པའི་མན་ངག་ཀུན་ལས་ཟབ་གཅེས་ཡང་བཅུད་བསྡུས་པ་ཕན་ བདེ་འབུམ་ཕྲག། འཕྲོས་པའི་བརྡ་ཚིག་གསང་རྒྱའི་ལྕགས་འབྱེད་གསེར་གྱི་ལྡེ་མིག། རེག་ཟིག་ནེའུ་ལེའི་རྐྱལ་བ། ལོ། ། ཀོའུ་བ་དཀའ་བཅུ་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྨ་ཀླུང་རྒྱུད་ཀྱི་སྐར་མ་ཐང་དུ་ཡབ་བསོད་ནམས་རིན་ ཆེན་དང། ཡུམ་པདྨ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ཙོང་ཁའི་ཨ་རྩེ་ས་ ཆར་སྐུ་གཤེགས། དགུང་ལོ་བདུན་པ་ནས་བཅུ་བདུན་གྱི་བར་ དགོན་གསར་དུ་བླ་མ་གོང་མ་ལས་ཡིག་ཀློག་དང་བཟུང་ཆོས་མང་དུ་ [064] གསན། དགོན་གསར་ཟེར་དོན་ནི་བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་འདུ་ ཁང་རུང་ཁང་གསར་བཞེངས་མཛད་པས་དགོན་གསར་དུ་ཐོགས་ དགུང་ལོ་བཅུ་བཞི་པར་རྒྱལ་བ་བསོད་ནམས་རྒྱ་མཚོའི་དྲུང་ནས་རབ་ ཏུ་བྱུང། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས། དགའ་ལྡན་ དུ་ཁྲི་མངོན་དགའ་བྱམས་པ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ སྒོམ་བདེ་ནམ་མཁའ་རྒྱལ་མཚན། ཆུ་བཟང་བྱམས་པ་ལྷུན་གྲུབ། ཞྭ་ སེར་རབ་འབྱམས་པ་བརྩོན་འགྲུས་རྒྱ་མཚོ་རྣམས་རིམ་པར་བསྟེན་ཏེ་ བསྡུས་གྲྭ། དབུ་ཕར། འདུལ་མཛོད་རྣམས་ལེགས་པར་གསན་ཏེ་ ཉེར་དྲུག་པར་གླིང་བསྲེའི་དམ་བཅའ་བཞག་མཛད། དེའི་ཕྱི་ལོ་ གཙང་དུ་ཕེབས་ཏེ་དཀྱིལ་ཁང་བ་སངས་རྒྱས་རྒྱ་མཚོར་བསྟེན་ནས་ རྣམ་འགྲེལ་ལ་སྦྱངས་ཤིང་ངམ་རིང་དུ་གྲྭ་སྐོར་མཛད། ཉེར་བརྒྱད་ པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། སྨད་རྒྱུད་ དུ་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་ལས་འདུལ་བའི་བསྐྱེད་རྫོགས་སོགས་ ཞིབ་ཏུ་གསན་པར་མ་ཟད། འབྲས་སྤུངས་སྔགས་པ་སློབ་དཔོན་ ནམ་མཁའ་བཟང་པོ་དང། ཉི་སྡིང་སེམས་དཔའ་ཆེན་པོ། ངག་ དབང་ཆོས་ཀྱི་རྒྱ་མཚོ། སྟག་ལུང་གྲགས་པ་བློ་གྲོས་རྒྱ་མཚོ་ལས་ཀྱང་ ཟབ་ཆོས་མང་དུ་གསན་དགུང་ལོ་སོ་བཞི་བར་རང་ཡུལ་དུ་ཕེབས་ནས་ ཞེ་བདུན་བར་སྐུ་འབུམ་ཁྲིར་བཞུགས། དགུང་ལོ་ང་བཞི་བར་ཁྲི་བའི་ ལས་འགན་དགོངས་པ་ཞུས་ཏེ་བར་ཡུལ་སྐར་མ་ཐང་དུ་ལྷ་ཁང་ བཞེངས། ཨན་ཆུང་གནམ་རྫོང། རྒོད་པོ་རྫོང། བྲག་དཀར་རི་ ཁྲོད་སོགས་སུ་འགྲིམས་ནས་སྒྲུབ་པའི་བསྟན་པ་ཆེས་ཆེར་སྤེལ། དགུང་ [065] ལོ་ང་བརྒྱད་པར་རེབ་ཀོང་དུ་བྱོན་ཏེ་ཆོས་པ་རིན་པོ་ཆེ་དང། ཤར་ སྐལ་ལྡན་རྒྱ་མཚོ་སོགས་གདུལ་བྱ་མང་པོར་ཆོས་ཀྱི་བདུད་རྩི་བསྩལ་ ནས་སྨིན་གྲོལ་བཀོད། ། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་གསལ་བོ་ཞིག་མ་ རྙེད་ཀྱང། ཁོང་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ ་ དང་དུས་མཉམ་ཡིན་ཏེ་འཁྲུངས་ཡུལ་ད་ལྟའི་མཚོ་ལྷོའི་ཁྲི་ཀའི་ཨར་ རྐོང་ཀོའུ་བ་ཚང་ནས་ཡིན། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལ་ཐོགས་ པ་མེད། རབ་ཏུ་བྱུང་ནས་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུངས་ཏེ་ བལ་བོད་གཉིས་ཀྱི་མཁས་གྲུབ་མང་པོའི་ཞབས་པད་དུ་བསྟེན་ཞིང་མདོ་ སྔགས་ཡོངས་ལ་གསན་སྦྱོང་མཛད། མཁས་དང་གྲུབ་པའི་སྙན་གྲགས་ ཆེ་བས་ཧོར་མོག་ཁག་གིས་བླ་དཔོན་གཉིས་ཀར་མཛད་དགོས་པའི་རྒྱུ་ མཚན་ཞུས་པས། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་ཁོང་གིས་ ཞལ་བཞེས་གནང་སྟེ། ཀོའུ་བ་དགོན་པ་གསར་འདེབས་བྱས་ནས་གཞི་ བཏིངས། རྗེ་བཙུན་བློ་བཟང་གྲགས་པ་དགུང་ལོ་བདུན་གྱི་སྟེང། ཆོས་ རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་དང། ཀོའུ་བ་གཞོན་ནུ་བྱང་ ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་བ་དང་དགེ་ཚུལ་ གྱི་སྡོམ་པ་བཞེས་སོ། དེའི་རྗེས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་ཀོའུ་ བ་དགོན་དུ་གདན་དྲངས་ཏེ། བཀའ་ཆོས་མང་དུ་གསུངས་ནས་ཆོས་ ཀྱི་བདུད་རྩི་མྱངས། ཆོས་རྗེ་དོན་གྲུབ་རིན་ཆེན་བྱ་ཁྱུང་མཁན་རབས་ ཀྱི་མཁན་རབས་དང་པོར་བརྩིས་པ་ལྟར་ན། ཀོའུ་བ་གཞོན་ནུ་བྱང་ [066] ཆུབ་འོད་ཟེར་ནི་བྱ་ཁྱུང་གི་མཁན་རབས་གཉིས་པ་ཡིན། ཆོས་རྗེ་ དོན་གྲུབ་རིན་ཆེན་འདས་རྗེས་བྱ་ཁྱུང་གི་གདན་ས་བསྐྱངས། ཀོའུ་བ་ དགོན་པ་བཏབ་པའི་དུས་ནི་ཕལ་ཆེར་བྱ་ཁྱུང་དགོན་པ་དང་འདྲ་བ་ ཡིན། ཀོའུ་བ་རིན་པོ་ཆེ་ནི་ལོ་བའི་བྲག་དཀར་ནས་སྐུ་འཇའ་ལུས་ལ་ བརྙེས་ཞེས་གྲགས། དེའི་སྤྲུལ་སྐུ་ཕྱི་མ་རིམ་བྱོན་རྣམས་ཀྱིས་དགོན་ པ་དང། ཧོར་མོ་ག་ཁག་གཉིས་ཀྱི་བླ་དཔོན་སྦྲགས་མ་བྱས་ནས་ཆོས་ སྲིད་གཉིས་ཀ་ལེགས་པར་བསྐྱངས་སོ། ། ཀྲང་ཀྱཱ་ཞབས་དྲུང་འཇམ་དབྱངས་སྐལ་ལྡན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་བྲང་བཀྲ་ཤིས་འཁྱིལ་ དུ་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཚོགས་ཆོས་འགྲིམས་ཤིང་ཐུགས་ གཉེར་ལེགས། བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ནང་ བྱན་ཆུད་པ་སྦྱངས་ནས་རྡོ་རྣམས་པའི་མཚན་བཏགས་བཞེས། ཨཨ་ཅི་ མུ་ཆིན་ཤོག་ནས་གདན་དྲངས་པ་ལྟར་སྨད་དུ་སྔ་ཕྱི་ལན་གཉིས་ཕེབས་ ཤིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱ་ཡོངས་ཀྱི་རེ་བ་བསྐངས། བླ་ བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དང་རྒྱུད་པའི་ཁྲི་ལ་ཕེབས་ཏེ་ འཆད་ཉན་དང་གཏོང་སྒོ་ལེགས་པར་མཛད། ཆོ་འཕྲུལ་སྨོན་ལམ་གྱི་ སྐབས་སུ་ཚོགས་མང་ལ་དངུལ་འགྱེད་སྲང་གཅིག་དང་ཞོ་ལྔ་རེ་ཕུལ་ རང་དགོན་བཀྲ་ཤིས་བདེ་ཆེན་གླིང་དུ་འདུ་ཁང་དང། རྟེན་བརྟེན་ པ་མང་དུ་བཞེངས་པ་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་ [067] བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ཏེ་ཆོས་ཀྱི་འཆད་ཉན་མཛད་མུས་གློ་ བུར་དུ་སྐུ་ཡི་བཀོད་པ་བསྡུས་སོ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ གདན་རབས་སོ་བཞི་བ་ཡིན་ནོ། ། ཀྲེ་བོ་ཤེས་རབ་དཔལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཤིང་ དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་ མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ ལ་སློབ་གཉེར་མཛད་པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ ཆུབ་པར་སྦྱངས་ནས་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི། བ། པ་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་བའི་འོད། སོ། ། གླུ་ཐང་མེར་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་སེ་སྣོལ་ནམ་ལྡེའི་བཙུན་མོ་དང། རྒྱལ་པོ་སྡེ་སྣོལ་པོ་ ལྡེའི་མ་ཡུམ་ཡིན་ནོ། ། [068] གླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་ཨ་མདོ་ཀླུ་འབུམ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་ དུས་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཤིང་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་ དུ་མཛད། དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ ལུགས་དང་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ སྒོ་མང་དང། རྒྱུད་སྨད། བྱང་རྩེ་བཅས་ཀྱི་འཆད་ཉན་པ་ཡུན་རིང་ དུ་མཛད། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ ལོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་དགའ་ལྡན་འདུ་ཁང་ཆེན་ མོའི་ཨར་པོ་རྒྱ་ཆེ་བ་སོགས་བྱ་བ་ལས་ཀྱི་འཁོར་ལོས་གདན་ས་ཆེན་ པོའི་ཕན་བདེའི་རྩ་ལག་དམ་པར་གྱུར། དགུང་ལོ་ལྔ་བཅུ་ང་གཉིས་པ་ རབ་བྱུང་བཅུ་གཅིག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སོག་ ཡུལ་དུ་ཕེབས་ཏེ་ཧལ་ཧ་དང་ཨོ་རོད་བར་གྱི་ཁ་མཆུ་བསྡུམས་ཤིང་ ཆིངས་མཛད་དེ་སྤྱི་བླ་ལྟ་བུར་གྱུར། དགུང་ལོ་ང་གསུམ་པ་རབ་བྱུང་ བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གོང་མའི་ཕོ་བྲང་ ཆེན་མོ་པེ་ཅིན་དུ་ཕེབས་ཏེ་གོང་མ་ཁང་ཞི་དང་མཇལ་འཕྲད་མཛད་ ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་ལྔ་བཅུ་ང་བཞི་པར་ རང་ཡུལ་དུ་ཕེབས་པའི་ལམ་ཁང་སྐུ་གཤེགས། དགོངས་རྫོགས་ཀྱི་ [069] ཕྱིར་དུ་དངུལ་གདུང་སྒོ་མང་མཆོད་རྟེན་བཞེངས་ཏེ་བདེ་གཤེགས་ལྷ་ ཁང་དུ་བཞུགས་སོ། འདིའི་དུས་ནས་བོད་ཀྱི་བླ་ཆེན་ཁག་མེས་རྒྱལ་ ནང་ཁུལ་དུ་ཕེབས་པའི་སྲོལ་དངོས་སུ་དར་སྟབས་ཁོང་གི་མཚན་ལ་ ཡང་ཁྲི་རྒྱ་ནག་པ་དང། རྒྱ་ནག་པ་བློ་གྲོས་རྒྱ་མཚོ་བཅས་ཞུའོ་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་བཞི་པ་ ཡིན་ནོ། ། གླུ་འབུམ་ཤེས་རབ་རྒྱ་མཚོ།། ཁོང་ནི་རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། གླུ་མེས་ཤེས་རབ་ཚུལ་ཁྲིམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་དབུས་ ཤ་ཚར་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་ རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་ དགོངས་པ་རབ་གསལ་ ་ ལས་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་གྲུམ་ཡེ་ ཤེས་རྒྱལ་མཚན་ལས་འདུལ་བ་གསན། དེ་ནས་དབུས་གཙང་དུ་ལོག་ ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ཁང་སོགས་ལ་ཞིག་གསོས་ མཛད། དེ་རྗེས་དབུ་རུར་ལ་མོ་ཆག་དེའུ་བཏབ་པ་དང། མི་ཆོས་ ཀྱི་ས་ཁུལ་དུ་བ་ལམ་གནས་བརྩིགས་པ་དང། མོར་འགྱེལ་བརྩིགས་ ཤིང་སློབ་བུ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ལ་ཀ་བ་བཞི་ཡོད་ དེ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་དང། རྔོག་བྱང་ཆུབ་འབྱུང་ [070] གནས། གླན་ཡེ་ཤེས་ཤེས་རབ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་བཅས་ ཡིན། ཁོང་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་གྲགས་ཆེ་བའི་དབུས་ གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། ཀླུ་སྨན་མེར་མོ།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་དེ་ཤོ་ལེགས་ཀྱི་བཙུན་མོ་དང། རྒྱལ་པོ་གུ་རུ་ ལེགས་ཀྱི་མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ལ་ མཁས་པའི་དགའ་སྟོན། ཀླུ་སྲིང་མེར་ལྕམ།། ཁོང་མོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས། རྒྱལ་པོ་གྲི་གུམ་བཙན་པོའི་བཙུན་མོ་དང། ཤ་ཁྲི། ཉ་ ཁྲི་བྱ་ཁྲི་གསུམ་གྱི་མ་ཡུམ་ཡིན་ནོ། ། ཀླུ་ཤོད་ངག་དབང་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀླུ་ཤོད་ཀྱི་ཨ་འབོའི་བླ་མ་སྐྱབས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་སུམ་ཅུར་ཉེ་བའི་བར་དུ་ཨ་འབོའི་བན་ཡ་ཞེས་འཁྱམ་པ་ གྲགས་ཅན་ཞིག་ཡིན། དེ་ནས་ངེས་འབྱུང་སྐྱེས་ཏེ་ཁྱིམ་ཐབ་སྤངས་ ཤིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། བསྡུས་གཞུང་ དང་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད་པས་དགེ་ བཤེས་ཀྱི་གོ་སར་ཐོན། རབ་ཏུ་བྱུང་ནས་བཟུང་ཚུལ་ཁྲིམས་མིག་ [071] འབྲས་ལྟར་དུ་བསྲུངས། སྐུ་འདའ་ཁའི་བར་དུ་གསང་འདུས་ལ་ ཐུགས་དམ་མཛད། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ ཚང་གི་ཁྲི་ལ་བཞུགས་ནས་ལོ་དྲུག་གི་རིང་དུ་འཆད་ཉན་དང་གཏོང་སྒོ་ གང་གི་ཐད་ནས་ཀྱང་དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚིམ་པར་ བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་དོན་ བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་བཞི་པ་ཡིན་ནོ། ། ཀླུ་ཤོད་ལུན་ཚོགས་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀླུ་ཤོད་སྐྱིད་ཚར་ཡབ་རྡོ་རྗེ་ཚེ་བརྟན་དང། ཡུམ་སྒྲོལ་ མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ དགུ་པར་ཁྱིམ་ཐབས་སྤངས་ཏེ་བྲོས་སྟབས་ཀྱིས་བླ་བྲང་བཀྲ་ཤིས་ འཁྱིལ་དུ་ཕེབས་ཏེ་ཆོས་སྒོར་ཞུགས། ཧོར་ཚང་གསེར་ཁྲི་རིན་པོ་ཆེ་ དང། རྐང་ཚའི་མཁས་མཆོག་སོགས་ལ་བསྟེན་ནས་བསྡུས་གཞུང་ལ་ སོགས་པའི་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་ནན་ཏན་དུ་མཛད་ དགེ་འདུན་ཉི་ཤུ་ཆེན་མོ་དང། དྲང་ངེས་རྣམ་འབྱེད་ཆེན་མོ། ཕར་ ཕྱིན་ཆ་ཚང། དབུ་མ་ལུང་རིགས་སྒྲོན་མེ། མཛོད་ཊིཀ་ཐར་ལམ་ གསལ་བྱེད་བཅས་ཐུགས་ལ་བཟུང་སྟེ་སྐྱོར་སྦྱངས་ཡུན་དུ་གནང་ འཛིན་གྲྭའི་སྐྱོར་དཔོན་ཡུན་རིང་དུ་མཛད། མཁས་དབང་རིགས་ [072] གྲྭའི་བློ་བཟང་ལས་སྒྲ་སྡེབ་སྦྱོར་སྙན་ངག་བཅས་དང། དགེ་བཤེས་ ཆོ་ཧོར་སྦྱིན་པ་ལས་ས་རིས་ཡོངས་རྫོགས་བསླབས། གུང་ཐང་འཇམ་ པའི་དབྱངས་ལས་འདུལ་བའི་མཐའ་དཔྱོད་དང་འདུལ་བ་མདོ་རྩ་ བཅས་ལ་ཐུགས་གཉེར་ལེགས་པར་མཛད་ཅིང་རྡོ་རམས་པའི་མཚན་ བཏགས་བཞེས། གྲྭ་ཚང་དགེ་བསྐོས་དང། དུས་འཁོར་གྱི་ཁྲི་ རྒྱུད་པའི་ཁྲི། གདན་སའི་ཁྲི་བཅས་ལ་རིམ་གྱིས་བཞུགས་ནས་སྐབས་ སུ་བབས་པའི་མཛད་སྒོ་ཐམས་ཅད་ལེགས་པར་གྲུབ། ཁྲི་ཟུར་ནས་ མཛོད་དགེ་དགོན་གསར་དང་བདེ་མོ་ཐང་གཉིས་ཀར་མདོ་སྔགས་ཀྱི་ འཆད་ཉན་བསྐྱངས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ སྟེ་དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་བདུན་པ་ཡིན་ནོ།། ཀླུ་ཤོད་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་སྐྱིད་ཚའི་སྒང་བསོད་དཀོན་ནེའི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཆོད་རྟེན་ངོར་ ཞུགས་ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་ སྦྱངས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་ཀླུ་ ཤོད་པ་ཕུན་ཚོགས་སེང་གེ་དགེ་རྒན་དུ་བསྟེན་ཏེ་རིགས་ལམ་ལ་ སྦྱངས། དགུང་མོ་སྤོས་མེའི་འོད་ལ་རྟེན་ནས་མདའ་ཚད་མ་ཤོག་ བརྒྱད་ཐུགས་ལ་འཛིན་ཐུབ་ཅིང་ཐལ་ཕྲེང་ལ་ཡང་ཤིན་ཏུ་བྱང་བར་ [073] གྱུར། རྡོ་རམས་པའི་མཚན་བཏགས་བཞེས་ཤིང་ཐོས་བསམ་གླིང་གི་ ཆོས་ཁྲིམས་པར་བཞེངས། ཨ་མཆོག་རྒྱུད་པ། སེ་ཆང་སྒར། དཔལ་ ཤུལ་དགོན་རྣམས་ཀྱི་ཁྲི་བ་མཛད། རྡོ་རྗེ་འཛིན་པར་ཡུན་རིང་ བཞུགས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་ སློབ་ཀྱི་ཁྲི་ལ་བཞུགས་ཤིང་ལོ་གསུམ་གྱི་རིང་དུ་འཆད་ཉན་བསྐྱངས་ མགོན་འཇིགས་ཀྱི་གདམས་པ་ཐུགས་ཉམས་སུ་བཞེས་ཤིང། ལྕགས་ མཁར་གཏོར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་ཡང་ལན་མང་དུ་མཛད་ ཅགས་མཁར་ཞིག་གི་དུས་སུ་ཆོས་རྒྱལ་ཐང་ཀའི་སྙན་ཤལ་འགུལ་བ་ གཟིགས། དགུང་ལོ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ ཀྱི་ཁྲི་རབས་ཉེར་བཞི་པ་ཡིན་ནོ། ། ཀླུང་ཤོད་དགེ་འདུན་བསྟན་པ་དར་རྒྱས།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཀླུང་ཤོད་དབུ་སྣར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ས་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་རྒྱལ་བའི་བཀའ་ འཕགས་པའི་ལུང། མཁས་པའི་གསུང་རབ་བཅས་ལ་ཐོས་བསམ་ ནན་ཏན་དུ་མཛད་པས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་ཏེ་མལ་ གྲོ་ཆ་དཀར་གྱི་བླ་མ་མཛད་པ་ན། འབྲི་གུང་པའི་དམག་འཕོགས་པས་ བྲག་དབར་དུ་སྤོས་ཤིང་མཁར་སྐྱའི་ཞལ་བདག་ཀྱང་མཛད། དེ་ནས་ བྱང་རྩེར་བྱོན་ཏེ་འཆད་ཉན་པ་ཡུན་རིང་དུ་མཛད། དགུང་ལོ་བདུན་ ཅུ་དོན་གསུམ་པ་རབ་བྱུང་དགུ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ [074] ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་ལོ་ངོ་བཞིའི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང། དགུང་ ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་ལས་གྲུབ་པའི་དབྱེན་འདུམ་མཆོད་ རྟེན་བཞེངས་ཏེ་ལི་མ་ལྷ་ཁང་གི་རྟེན་གཙོ་བོར་བཞུགས། དུས་མཆོད་ དབོན་བརྒྱུད་ཀྱིས་འཛིན་ནོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་ པའི་ཁྲི་རབས་ཉེར་གཉིས་པ་ཡིན་ནོ། ། ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱ་དྲུང་ཆེན་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་པ་ཡིན་ནམ་སྙམ། ད་ དུང་དཔྱད་དགོས། དགུང་ལོ་གཉིས་པར་ཡུམ་དང་ལྷན་ཅིག་ཏུ་ འཇམ་དབྱངས་ཤེས་རབ་རྒྱ་མཚོ་ལས་སྐྱབས་འགྲོའི་སྡོམ་པ་དང་ གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་སོགས་ཞག་བདུན་གྱི་རིང་དུ་ཞུས་ དགུང་ལོ་གསུམ་པར་བསོད་ནམས་རྒྱལ་མཚན་ལས་ཚེ་དབང་ཞུས་ དགུང་ལོ་ལྔ་དྲུག་གི་དུས་སུ་རྙིང་མའི་དགེ་ལེགས་རྒྱལ་མཚན་ལས་ཚེ་ དབང་དང། གུ་རུ་བཀའ་བརྒྱད་ཀྱི་དབང་སོགས་ཞུས། དགུང་ ལོ་དགུ་པར་ཡོན་ཏན་ཆོས་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ དགུང་ལོ་བཅུ་གཉིས་པར་རྗེ་བཙུན་ཀུན་དགའ་དབང་ཕྱུག་ལས་དགེ་ ཚུལ་གྱི་སྡོམ་པ་མནོས། ཆོས་རྗེ་ར་ཆེན་ལས་ཕར་ཕྱིན་དང་ཚད་མ་ལོ་ དྲུག་སྦྱངས། དེ་ནས་ལོ་གཉིས་ཙམ་རིང། ཆོས་རྗེ་ཡོན་ཏན་ཆོས་རྒྱལ་ [075] དང་ཚུལ་ཁྲིམས་རྒྱལ་མཚན་སོགས་ལས་དབུ་མ་དང། སྡོམ་གསུམ་རབ་ དབྱེ། རྡོ་རྗེའི་གུར་དང། གསང་འདུས་སོགས་མདོ་སྔགས་ཀྱི་གཞུང་ ལུགས་ཀུན་ལ་གསན་སྦྱོང་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་ཐམ་ པར་རྗེ་བཙུན་ཀུན་དགའ་དབང་ཕྱུག་ལས་དགེ་སློང་གི་སྡོམ་པ་མནོས་ དེ་ནས་ས་སྐྱའི་གདན་ས་འཛིན་མཁན་སྡེ་པ་འཇམ་དབྱངས་པ་དང་མ་ འཆམ་ནས་གཙང་ཨེ་ཝཾ་ཆོས་ལྡན་དགོན་དུ་ཕེབས་ནས་ལོ་འགར་ བཞུགས། སྡེ་པ་འཇམ་དབྱངས་པ་འདས་རྗེས། མིའི་དབང་པོ་ནམ་ མཁའ་རྒྱལ་མཚན་གྱིས་བཀའ་ལུང་གནང་བ་ལྟར་ས་སྐྱར་ཕེབས་ནས་ འཆད་ཉན་ཉམས་ལེན་བྱ་བ་མཛད། སྐབས་དེར་ས་ངོར་བར་དང་ གསེར་མདོག་ཅན་དང། སྡེ་པ་གཞིས་ཀའི་བར་འཁྲུགས་རྩོད་ཚབས་ ཆེན་བྱུང་བས་འཇིགས་པ་ཆེན་པོས་མནར། དེ་ནས་ཡུན་མི་རིང་བར་ ས་གཡོས་ཏེ་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་ཕལ་མོ་ཆེའང་ཞིག་ རྟེན་ཁྱད་འཕགས་རྣམས་ཀྱང་ཉམས་པར་གྱུར། ཡུལ་ཐམས་ཅད་ འབྲོག་དགོན་སྟོང་པ་ཞིག་ཏུ་གྱུར། དེ་ནས་ལོ་གསུམ་རིང་དུ་གདུང་ བརྒྱུད་རིན་པོ་ཆེ་ལ་དབང་ལུང་མན་ངག་གི་རྒྱུན་ཐམས་ཅད་ཕུལ། དེ་ ནས་ལོ་གཉིས་རིང་ཟུར་བཞུགས་མཛད་ནས་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། །ཁོང་གི་གསུང་རྩོམ་ནི་བསྟོད་ཚོགས་དང། རྣམ་ ཐར་སྣ་ཚོགས། དྲིས་ལན་སོགས་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་ ཡོད་པ་པོ་ཏི་དྲུག་ཏུ་བསྡུས་ནས་བཞུགས་སོ། ། ཀློག་སྐྱ་གཞོན་ནུ་འབར་བ།། ཁོང་ནི་མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ ་ [076] དང་དུས་མཉམ་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་ མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ དང། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། མདོར་བསྡུས་པ། བཅས་པའི་བརྒྱ་ཕྲག་གཉིས་པ། ཐབས། ། ཀློག་སྐྱ་ཤེས་རབ་བརྩེགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་ བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་མང་པོ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ ལས་ [077] ཕྱུག་ ་ གིས་ཞུས་ཏེ་གཏན་ལ་ཕབ། པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་མཚན་གསང་ སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ། ཆུབ་ཀྱི་སེམས་བསྒོམ་པ། ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། འགྲེལ་བ་བར་བའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་ མ། ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་གཡོ་ རུ་གྲྭའི་ཆ་སྟོད་གྲོང་དུ་ཡབ་བསྟན་པ་སྲུང་དང། ཡུམ་བསོད་ནམས་ རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོར་བསམ་ཡས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་ སྐུ་གཤེགས། སྐུའི་རུས་ནི་རོག་ཡིན། དགུང་ལོ་ལྔ་ནས་ཡི་གེའི་འབྲི་ ཀློག་མཁྱེན་ཅིང་སྨན་རྩིས་རྣམས་ཀྱང་ཐུགས་སུ་ཆུད། དགུང་ལོ་དགུ་ པར་ཉི་ཁྲི་དང་བརྒྱད་སྟོང་བཏོན་པས་ཐུགས་ལ་མངའ། དགུང་ལོ་ བཅུ་པར་བསམ་ཡས་མཁན་པོ་བསམ་གྲུབ་རིན་ཆེན་དང། སློབ་ དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་ བློ་གྲོས་གསོལ། དགུང་ལོ་བཅུ་བཞི་པར་འཆད་ཉན་གྱི་བ་དན་འཛིན་ ཆོག་པ་བྱུང། དགུང་ལོ་བཅུ་དྲུག་པར་སློབ་དཔོན་བཀྲ་ཤིས་རིན་ ཆེན་ལས་ལམ་འབྲས་དང། ཆོས་དྲུག་གཉིས། བདེ་མཆོག་དྲིལ་བུ་ བ། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང་ཁྲིད་གདམས་པ་མང་དུ་ [078] གསན། སློབ་དཔོན་དབང་ཡེ། སྟོན་ཚུལ། ཁྲོ་ཕུ་བ་སོགས་ལས་བྱ་ རྒྱུད་དང། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྡོ་རྗེ་གུར། དུས་ འཁོར། རྡོ་རྗེ་ཕྲེང་བ་སོགས་སྔགས་རྒྱུད་མང་པོ་དང། རིན་པོ་ཆེ་ ཟ་ལུང་པ་ལས་ཞང་ཚལ་བའི་གདམས་ངག་སྐོར། རྒོད་ཚང་པའི་ལམ་ ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་བཅས་ལ་གསན་ དགུང་ལོ་བཅུ་དགུ་པར་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཞུགས། གླིང་ སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་རྒོད་པ་དང། གདན་ རབས་བཅུ་དྲུག་པ་བླ་བྲང་ཆོས་དཔལ་རྒྱལ་མཚན་གཉིས་ལས་བྱམས་ ཆོས་སྡེ་ལྔ། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་བཅས་དང་ དཔང་ལོ་བློ་གྲོས་བརྟན་པ་ལས་མདོ་ཏིང་ངེ་འཛིན། ཤེས་རབ་སྙིང་ པོའི་རྒྱ་ཆེར་འགྲེལ་བ་དང། སྒྲ། སྙན་ངག། སྡེབ་སྦྱོར་སོགས་ལ་ ཐོས་བསམ་མཐར་ཕྱིན་མཛད། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་ བསྐོར་མཛད་སྐབས་རྩོད་ཟླ་བྲལ་ཏེ་ལུང་དང་རིགས་པའི་སྤོབས་པ་ བརྙེས་པས་བསམ་ཡས་ལུང་མང་བའམ་ཀློང་ཆེན་རབ་འབྱམས་པ་ཞེས་ པའི་མཚན་སྙན་ཐོབ། དགུང་ལོ་ཉེར་དགུ་པར་རིག་འཛིན་ཀུ་མ་ར་ཛ་ ལས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་ངག་ དང། རྫོགས་ཆིས་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་བུམ་ པ་གང་བྱོར་གནང་ནས་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་ མཛད། དགུང་ལོ་སོ་གཅིག་པར་སྙེ་ཕུའི་ཤུག་གསེབ་ཏུ་ཕེབས་ཏེ་ སྙིང་ཐིག་གི་སྒོ་ནས་ཆོས་འཁོར་རྒྱ་ཆེན་བསྐོར། དགུང་ལོ་སོ་གཉིས་ པར་བསམ་ཡས་མཆིམས་ཕུར་སྐལ་ལྡན་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་ [079] གི་གདམས་པ་གསུངས། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་ འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ་ཕེབས་ཏེ་དགོན་གནས་བཏབ། བསོད་ ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་བཅས་ལ་མདོ་རྒྱུད་དཔང་ དུ་བཞག་ནས་ཟླ་བ་གཅིག་གི་བར་དུ་རྩོད་པ་མཛད་ཀྱང་ལུང་དང་རིཊ་ པས་ཕམ་པར་མཛད། དབུ་རུ་ཞྭའི་ལྷ་ཁང་ཞིག་གསོ་མཛད། རྡོ་ རིང་ཆེན་པོ་གཉིས་འགྱེལ་དུ་སོང་བར་ཡར་ལ་བསླངས་པ་མཛད། སྐུ་ ཚེ་གང་བོར་དབེན་གནས་སུ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་ པར་མཛད་ནས་རྫོགས་ཆེན་གྲུབ་མཐའ་སྲོལ་འབྱེད་མཛད། གངས་ཅན་ འཇམ་དབྱངས་རྣམ་གསུམ་སྟེ་ས་པཎ་ཀུན་དགའ་རྒྱལ་མཚན་དང་ རྒྱལ་བ་ཀློང་ཆེན་རབ་འབྱམས་པ། རྒྱལ་བ་བློ་བཟང་གྲགས་པ་ཞེས་ གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་བསྔགས་པའི་ཡུལ་དུ་གྱུར་ ཏོ། ཁོང་གི་གསུང་རྩོམ་ནི་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་ པ་ལྟར་ན། ཕྱིའི་གནས་ཐུན་མོང་གི་སྐོར་ལ་བསྟན་བཅོས་དགུ་བཅུ་ གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ ཉེར་བརྒྱད། གསང་བའི་གནས་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་ སྟེ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས་སོ། ། ཀློང་ཆེན་སྤྲུལ་སྐུ་རང་བྱུང་རྡོ་རྗེ།། ཁོང་ནི་མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ་དང་མི་ གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། ཀློང་རྡོལ་ངག་དབང་བློ་བཟང།། [080] ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཆབ་མདོའི་ཡུལ་གྱི་བྱེ་བྲག་དབེན་ཕུ་ཞེས་པའི་ས་ཆ་ལ་ཡབ་ དབང་འབུམ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སྐུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་དགེ་ཚུལ་གྱི་སྡོམ་པ་ བཞེས། དགུང་ལོ་བཅུ་བདུན་པའི་བར་ལ་ཡབ་ཀྱི་མདུན་ནས་ཡི་ གེའི་འབྲི་ཀློག་སྦྱངས། སྐབས་དེར་ཆབ་མདོར་ལོ་ཉེས་བྱུང་བས་ སྡོད་ཐབས་བྲལ་ཏེ་ཚ་བ་རོང་སོགས་སུ་ཡབ་ཡུམ་དང་ལྷན་དུ་ལོ་གསུམ་ ཙམ་ལ་སྦྲང་ལྡོམ་དུ་ཕེབས་པས་དཔེ་ཆར་གཟིགས་པར་བར་ཆད་བྱུང་ དགུང་ལོ་ཉི་ཤུ་ཐམ་པར་ཁམས་ལི་ཐང་དགོན་དུ་ཕེབས་ནས་ནང་དོན་ རིག་པ་དང་ཚད་མ་བཅས་ལོ་གསུམ་དུ་སྦྱངས། དགུང་ལོ་ཉེར་ བཞི་པར་དབུས་ལྷ་གདན་དུ་ཕེབས་ཏེ་སེ་ར་དགོན་པའི་བྱེས་གྲྭ་ཚང་ དུ་ཞུགས་ཏེ་སློབ་གཉེར་བ་མཛད། རྒྱལ་བསྐལ་བཟང་རྒྱ་མཚོ་ དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་ གསུམ་ལ་བསྟེན་ནས་མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་ གྲགས་པ་ཐོབ། ཁོང་ལ་ཀློང་རྡོལ་ཞུ་བའི་རྒྱུ་མཚན་ནི་གཙང་པ་རྒྱ་ རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྙེ་ཐང་ཀློང་རྡོལ་དུ་ཡུན་རིང་བཞུགས་ པས་དེ་སྐད་གྲགས་སམ་སྙམ། ཁོང་ནི་དགེ་ལུགས་པའི་བླ་མ་ཡིན་ ཁོང་གི་གསུང་རྩོམ་ནི་རིག་གནས་ཆེ་ཆུང་ཡོངས་ཀྱི་མིང་གི་རྣམ་གྲངས་ སོགས་མངོན་བརྗོད་སྣ་ཚོགས་དང། རྟེན་ཁྱད་འཕགས་འགའི་དཀར་ ཆག་རྣམ་ཐར། དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་ཐོ་ [081] ཆབ་ཤོག་སྙན་ཚིག་སོགས་བསྟན་བཅོས་དགུ་བཅུ་གོ་དྲུག་ཡོད་པ་དེ་ པོ་ཏི་གསུམ་དུ་བསྡུས་ཏེ། ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་ པར་བརྐོས་ཡོད་པས་ད་ལྟ་བཞུགས་ཡོད་མེད་མ་འཚལ། བསྟན་ བཅོས་ཆེ་ཆུང་སོ་གཉིས་ཙམ་ཡོད་པ་ཀུན་བདེ་གླིང་གི་པར་མ་ཆ་ཚང་ དང། པེ་ཅིན་གྱི་པར་མ་ཆ་གཅིག་བཅས་འདི་གའི་མི་རིགས་དཔེ་ མཛོད་ཁང་དུ་བཞུགས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་བོ་ལ་འཆད་མཉན་ ཉམས་ལེན་གྱི་བྱ་གཞག་ཁོ་ནས་དུས་འདའ་བ་མཛད་པས་རྗེས་འཇུག་ གི་སློབ་མ་མཁས་ཆེན་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་ པོ་ལྟ་བུ་མང་དུ་བྱུང་ངོ་ ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས། ཁོང་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ ་ ་ དང་ཀློང་རྡོལ་ངག་དབང་བློ་བཟང་ ་ ་ སོགས་ལ་བསྟེན་ནས་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ ཐེངས་ཉི་ཤུ་ལྷག་ཙམ་ཞུས་ཏེ་སྙེ་ཐང་རིན་ཆེན་གླིང་དུ་སྒྲུབ་པ་ཉམས་ ལེན་རྩེ་གཅིག་ཏུ་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་ པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ གྱི་རིམ་པ་ལ་བློ་སྦྱོང་ཚུལ། དཀར་འཕྲོ་བ་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་ བློ་སྦྱོང་ཚུལ། [082] སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ། ། དཀའ་བཅུ་ངག་དབང་བཀྲ་ཤིས།། ཁོང་ནི་བསེ་ངག་དབང་བཀྲ་ཤིས་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། དཀའ་ཆེན་ནམ་མཁའ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བཀྲ་ཤིས་ལྷུན་པོའི་ཆོས་ སྒོར་ཞུགས་ཏེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ ་ ་ ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། ལྷག་པར་དུ་དབུ་མའི་ལྟ་བ་ལ་ མངའ་བརྙེས་པ་ཞིག་ཡིན་པས་པཎ་ཆེན་མཆོག་གི་ཐུགས་སྲས་སུ་གྱུར་ དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་དང་ཕན་ཚུན་བཀའ་ཆོས་ གསན་རེས་ཀྱང་མཛད། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ ཁྲིད་ཡིག་ཆེན་མོ་དབེན་ས་བཀའ་བརྒྱུད་ཀྱི་ཞལ་ཤེས་མན་ངག། སྐོར། པ་སྤྱི་ལ་བསླབ་པའི་སྐོར། ལྟ་བའི་རྣམ་གཞག་བདག་འཛིན་འཕྲུལ་པའི་དྲུང་འབྱིན་རྣམ་པར་དག་ པ། ། དཀའ་བཞི་གྲགས་པ་གཞོན་ནུ།། [083] ཁོང་ནི་རབ་བྱུང་བཞི་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ དབུ་རུ་སྟོད་དུ་ཡབ་གྱད་གསར་དགོས་པའི་སྲས་སུ་སྐུ་འཁྲུངས། རབ་ བྱུང་ལྔ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུའི་དུས་ནས་མཁན་པོ་གྲགས་པ་འབུམ་ལས་རབ་ཏུ་བྱུང་ སྟེ་མཚན་ལ་གྲགས་པ་གཞོན་ནུ་ཞེས་གསོལ། མཁན་ཆེན་བདེ་བ་ དཔལ་ལས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ཞུས། དགུང་ལོ་ཉི་ཤུ་ ཐམ་པར་མཁན་ཆེན་བདེ་བ་དཔལ་དང། སློབ་དཔོན་ཐུགས་རྗེ་ དཔལ་བཟང། སློབ་དཔོན་ཆོས་ལྡན་དཔལ་བཟང་གསུམ་ལས་ བསྙེན་པར་རྫོགས་ཤིང་བྱང་ཆུབ་ལམ་རིམ་དང། མངོན་རྟོགས་ རྒྱན། སྤྱོད་འཇུག་ཐེག་ཆེན་བློ་སྦྱོང། དམིགས་པ་སྐོར་གསུམ་ དོན་ཡོད་ཞགས་པའི་ཆོས་སྐོར་བཅས་གསན། དཀའ་བཞི་གཞོན་ མཛེས་ལས་མངོན་པ་ཀུན་བཏུས་དང་ཚད་མ་རྣམ་ངེས། མཁས་པ་ ཡོན་ཏན་འབུམ་ལས་འདུལ་བ་མདོ་རྩ་དང་མངོན་པ་མཛོད། གཡག་ སྡེ་བསོད་ནམས་སེང་གེ་ལས་བདེ་མཆོག་དང་གཤེད་དམར། རོང་པ་ ཤེས་རབ་སེང་གེ་ལས་དུས་འཁོར་དང་གཤིན་རྗེ། སྟོན་པ་ཀུན་དགའ་ རྒྱལ་པོ་ལས་སྦྱོར་དྲུག་གི་སྐོར། བླ་མ་གྲུབ་མཆོག་ལས་གསང་སྔགས་ ཀྱི་སྐོར་བཅས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན་ཏེ་མཁས་ པའི་ཕུལ་དུ་ཕྱིན། དགུང་ལོ་སོ་བརྒྱད་པར་ཚོགས་ཀྱི་མཁན་པོ་མཛད་ ནས་འཆད་ཉན་བསྐྱངས། དགུང་ལོ་ལྔ་བཅུ་ང་དགུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ བདུན་ཅུ་དོན་གཅིག་པ་ཡིན་ནོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ [084] བདག་ཉིད་ཆེན་པོ་བཟང་པོ་དཔལ་དང། བུ་སྟོན་རིན་ཆེན་གྲུབ་ བྱང་སེམས་བསོད་ནམས་གྲགས་པ་བཅས་ཡིན་ནོ། ། དཀའ་བཞི་རིགས་པའི་སེང་གེ་ ཁོང་ནི་རབ་བྱུང་ལྔ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་མི་ཉག་ རབ་སྒང་གི་སྦས་ཡུལ་དོན་ནང་ཕུག་སྦས་རྨུག་ཆར་ཡབ་སྒང་རིང་དང་ ཡུམ་རྩོམ་ཟ་དགེ་སྨོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་ པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཅུ་ གཅིག་པར་ཡུམ་ཆེན་གཤེགས་པས་མ་གཡར་ཡོད་པར་བརྟེན། དགུང་ ལོ་བཅུ་གཉིས་བཞེས་སྐབས་གྲོང་བའི་སྤྱི་རྫི་བྱེད་དགོས་བྱུང་སྟེ། དབྱར་ ཁར་སྦྲུལ་གྱིས་ཞབས་ལ་བཟུང་བས་ལོང་བུ་མན་ཆད་ཆད་ནས་ཤིང་གི་ རྐང་མཐིལ་བཏགས་སྟབས་ཕྱིས་སུ་སྟོན་པ་ཤིང་རྐང་ཅན་དུ་གྲགས་ དེ་ནས་རིམ་གྱིས་ཡི་གེའི་འབྲི་ཀློག་བསླབས་པས་མཁས་པར་གྱུར་ཏེ་ བྲིས་ལ་ཤིན་ཏུ་བྱང་པས་གསེར་འབུམ་ལ་སོགས་ཕྱག་བྲིས་མཛད། དེ་ ནས་དབུས་གཙང་དུ་ཕེབས་ཏེ་སློབ་དཔོན་བྱང་དཔལ་གྱི་དྲུང་ནས་ཚད་མ་རྣམ་འགྲེལ་ལ་མཁས་པར་སྦྱངས། ས་སྐྱར་ཕེབས་ཏེ་སློབ་ དཔོན་བྱམས་པ་མགོན་ལས་ཚད་མ་རིགས་གཏེར་སྦྱངས་པས་ཤིན་ཏུ་ མཁས་པར་གྲགས་ཤིང་དཀའ་བཞི་པའི་མཚན་བཏགས་བླངས། ཐར་ ལོའི་དྲུང་ནས་སྦྱོར་དྲུག་དང། འདུལ་བ། མངོན་པ་མཛོད་བཅས་ གསན་ནས་བསྙེན་པར་རྫོགས་པའི་དངོས་པོའང་བསྒྲུབས། དགུང་ལོ་ ཞེ་ལྔ་བར་རང་ཡུལ་དུ་ཕེབས་ཏེ་ཚད་མ་རིགས་གཏེར་དང། རྣམ་ འགྲེལ། བསྡུས་གྲྭ། ཤེར་ཕྱིན། སྤྱོད་འཇུག་སོགས་འཆད་མཉན་ [085] གྱི་འགོ་བཙུགས་ནས་བསོད་སྙོམས་ཕེབས་པའི་དུས་མ་གཏོགས་སློབ་ ཁྲིད་ཁོ་ནས་དུས་འདའ་བར་མཛད། ཁོང་ལ་བཀའ་པོད་ལྔ་ལ་མཁས་ པའི་སློབ་མ་ལྔ་བཅུ་དང། སྤྱོད་འཇུག་དང་འདུལ་བར་མཁས་པའི་ བཙུན་མ་ཤིན་ཏུ་མང། རབ་སྒང་འདི་ཕན་ཆད་ལ་ཇོ་གདན་ལྔ་བརྒྱ་ ལྷག་བཅས་ཀྱིས་འཆད་ཉན་སྒོམ་སྒྲུབ་བྱེད་ཐུབ་པ་བྱུང་བ་དང། མི་ སྐྱ་ཕོ་མོ་ཧ་ཅང་མང་པོ་ལ་སྨིན་གྲོལ་གྱི་བདུད་རྩིའི་ཆར་ཆེན་ཕབས་ཏེ་ ཐུབ་པའི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། ཁོང་ནི་མི་ཉག་ མཁས་དབང་མི་ལྔའི་ནང་གི་གཅིག་ཡིན། ། བཀའ་བཞི་རིན་ཆེན་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གིས་སྤྱིར་མཁས་གྲུབ་ གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིགས་གནས་དང་ བཅས་པར་སྦྱངས་པ་དཔྱིས་བྱིན་པ་མཛད་ནས་བཀའ་བཞི་པའི་མཚན་ རྟགས་བླངས་ཏེ་མཁས་པའི་གྲགས་པ་ཐོབ། དེ་ནས་ཞྭ་དམར་བ་སྐུ་ ཕྲེང་གཉིས་པ་མཁའ་སྤྱོད་དབང་པོའི་ཞབས་ལ་གཏུགས་ཏེ་རྩ་བའི་བླ་ མར་བསྟེན་ནས་སེམས་ཁྲིད་མང་པོ་ཞུས་ཏེ་ཉམས་རྟོགས་ཁྱད་དུ་ འཕགས་པ་སྐྱེས། དུས་ཕྱིས་སུ་ལྡན་སྒ་སྟོད་དུ་ཟུར་དགོན་གསར་དུ་ བཏབ། དགེ་འདུན་བཞི་བརྒྱ་ཙམ་འདུས་པའི་ཚོགས་པ་བསྐྱངས་ ནས་འཆད་ཉན་གྱིས་དུས་འདའ་བར་མཛད་དོ། ། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ [086] ལོར་མདོ་སྨད་བསང་ཆུའི་ལྷོ་བྱང་དུ་ཡབ་མགོན་པོ་བཀྲ་ཤིས་དང་ ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བདུན་པར་ལྷ་བརྟན་རབ་འབྱམས་པ་ངག་དབང་སྙན་གྲགས་ལས་རབ་ བྱུང་བསྒྲུབས། དེ་ནས་བོར་ཆུང་དུ་ཕེབས་ཏེ་ཁུ་བོ་བརྩོན་འགྲུས་ལས་ ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་རྣམས་ལ་བྱང་བར་སྦྱངས་ དགུང་ལོ་བཅོ་ལྔ་བར་ཙ་ཡུས་དང་ཕན་ཚུན་རེས་མོས་སུ་བཞུགས། ལོ་ དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭ་ཞུགས་ནས་མཛོད་དགེ་དགེ་ འདུན་དཔལ་བཟང་དང་ཁྲི་ཆེན་བསོད་ནམས་གྲགས་པ་བཅས་ལས་ བསྡུས་གཞུང་དང་ཕར་ཕྱིན་སོགས་ལ་སྦྱོང་པར་མཛད། དགུང་ལོ་ཉི་ ཤུ་ཐམ་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་བསྙེན་པར་རྫོགས་ ཤིང་མཚན་ལ་དཀོན་མཆོག་དཔལ་འཛིན་ཞེས་གསོལ། གཞན་ཡང་གུང་ཐང་འཇམ་པའི་དབྱངས་དང། རྗེ་འཇིགས་མེད་རིགས་པའི་ སེང་གེ་ཟམ་ཚ་གསེར་ཁྲི་རིན་པོ་ཆེ། དགེ་བཤེས་དཀོན་མཆོག་དབང་ཕྱུག་ཡབ་རྗེ་དཧྭ་ཛ་བཅས་ལས་བཀའ་ཆོས་ཅི་རིགས་གསན་ སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་བདུན་པ་ ནས་བཟུང་ཁ་གྱའི་དགོན་དང། སྟག་ཚང་ལྷ་མོའི་རྒྱུད་པ་གྲྭ་ཚང་ བླ་རི་མགུལ། ཨ་མཆོག་རྒྱུད་གྲྭ་སོགས་ཀྱི་ཁྲི་ལ་རིམ་བཞིན་བཞུགས་ཏེ་ ལུགས་གཉིས་ཀྱིས་བསྐྱངས། དགུང་ལོ་ང་དྲུག་པ་ནས་བཟུང་ཨ་ མཆོག་དགོན་དང། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་དགོན་ རྨུ་གཤོང་དགོན། རྒྱལ་ཏེའུ་དགོན། ཨང་སྨིན་རི་ཁྲོད། ཅོ་ནེ་ [087] དགོན་ཆེན། ཁྱ་དགེ་དོན། ཁང་ཐོག་དགོན། མཛོད་དགེ་རྐང་ ཚ་དགོན། གདན་ས་བོར་ཆུང་རི་ཁྲོད་བཀྲ་ཤིས་ཆོས་འཕེལ་གླིང་ སོགས་སུ་བཀའ་འགྱུར་གྱི་ལུང་ཁྱོན་བསྡོམས་ཚར་བཅུ་བདུན་གནང་ བས་ལུང་རྒྱུན་སྤེལ་མཁན་ཁ་ཤས་བྱུང། བདེ་མོ་ཐང་གི་དྲི་གཙང་ ཁང་སྟེང་ཤོད་དུ་འཁྲི་ཤིང་གི་གྱན་ཐང་བཞེངས། དགུང་ལོ་རེ་བརྒྱད་ པར་སྔོན་པོ་ཐང་གི་ཁྲི་ལ་བཞུགས་ནས་འཆད་ཉན་དང་གཏོང་སྒོ་ བཅས་ཡར་ལྡན་དུ་མཛད། ཁྲི་ཟུར་ནས་གདན་ས་བོར་ཆུང་རི་ཁྲོད་ དུ་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་བརྒྱད་ཅུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་མང་ཐོས་ལུང་གི་དབང་ཕྱུག་པ་ ཆེན་པོ་ཡིན་ནོ། ། བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་ཆི་ཕུག་ཏུ་ཡབ་རྣམ་རྒྱལ་དང། ཡུམ་ཉི་མ་མིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་ལྷ་ཁང་དགའ་ལྡན་དར་རྒྱས་གླིང་གི་ཆོས་གྲྭ་ལ་ཞུགས་ཏེ་ འདུལ་འཛིན་བསྐལ་བཟང་རྣམ་རྒྱལ་ལས་དགེ་བསྙེན་ནས་དགེ་ཚུལ་ བར་གྱི་སྡོམ་པ་མནོས། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་ མཁས་པར་སྦྱངས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་བློ་གསལ་གླིང་དུ་ཞུགས་ནས་ཧྲེ་བོ་བློ་བཟང་དགེ་ལེགས་ སོགས་ལ་བསྟེན་ནས་བསྡུས་གཞུང་དང། དབུ་མ། ཕར་ཕྱིན་ [088] འདུལ་བ། མངོན་པ་མཛོད། རྣམ་འགྲེལ་བཅས་ལ་ཐོས་བསམ་ མཐར་ཕྱིན་པར་མཛད། གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་ མཚན་དང། ཀློང་རྡོལ་བླ་མ་ངག་དབང་བློ་བཟང། ཁྲི་ཆེན་ནོ་ མིན་ཧན་ཆེན་པོ། དེ་མོ་ནོ་མིན་ཧན། ལྕགས་ར་ངག་དབང་འཕྲིན་ ལས་སོགས་ལ་བསྟེན་ནས་བཀའ་འགྱུར་དང། ཤིང་རྟ་ཆེན་པོ་རྣམས་ ཀྱི་གཞུང་ཚན་མང་པོ། རྗེ་ཡབ་སྲས་གསུམ་གྱི་གསུམ་འབུམ་སོགས་ ཀྱིས་མཚོན་པའི་དབང་ལུང་ཁྲིད་གསུམ་མང་དུ་གསན། པཎ་ཆེན་བློ་ བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་ མཐའ་ཡས་པ་གསན། དེ་ནས་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་ མཛད་ཅིང་ཨང་དང་པོའི་ལྷ་རམས་པའི་མཚན་བཏགས་བཞེས་ དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་དང་ ཆོ་ག་ཕྱག་ལེན་བཅས་ལ་ནང་བྱན་ཚུད་པ་མཛད་དེ་བསྟན་པ་ཡོངས་ རྫོགས་ཀྱི་བདག་པོར་གྱུར། རྒྱུད་པའི་མཁན་ཁྲི་ལ་བཞུགས་ནས་ཡུན་ རིང་མ་འགྲོ་བར་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་དང་ལྷན་གཅིག་ཏུ་གོང་ མའི་ཕོ་བྲང་དུ་ཕེབས་ཏེ་གོང་མ་མཇལ་འཕྲད་མཛད་ཅིང་གོང་མས་ ཀྱང་ཡེར་ཁི་ཏཱ་བླ་མའི་ཆོ་ལོ་བསྩལ། དེ་ནས་ཡུ་དེ་སི་ཧུའི་ཏཱ་བླ་མ་དང་ ཡུང་དགོན་མཚན་ཉིད་གྲྭ་ཚང་གི་བླ་མར་བསྐོ་བཞག་མཛད། ཅུང་ མ་འགྲོ་བར་ཞེ་ཧོར་པོ་ཏཱ་ལའི་མཁན་ཁྲིར་ཕེབས་ཤིང་བཀའ་འགྱུར་ ཆེན་མོའི་བཀླགས་ལུང་གནང། གོང་མ་ཆིན་ལུང་སྐུ་གཤེགས་པའི་ དགོངས་རྫོགས་ལེགས་པར་གྲུབ་པའི་ཆེད་དུ་གོང་མ་ཀྱ་ཆིན་ཆེན་མོས་ [089] བོད་དུ་མངགས་པ་ལྟར་སེ་འབྲས་དགེ་གསུམ་གཙོ་མཛད་པའི་དགོན་ སྡེ་ཁག་ལ་མང་འགྱེད་བསྩལ། དེ་ནས་ཤར་རྩེའི་ཁྲི་ལ་ཕེབས་ཏེ་འཆད་ ཉན་བསྐྱངས། སླར་གོང་མའི་ཕོ་བྲང་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་ བསྐོར་བ་དང། སོག་ཡུལ་དུའང་བྱོན་ནས་དགོན་སྡེ་མང་པོར་བཀའ་ ཆོས་བསྩལ། དེ་ནས་ཀྱ་ཆེན་གོང་མས་གནང་བ་བྱིན་ཏེ་བོད་དུ་ ཕེབས་ཤིང། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ཀྱང་བར་ཆད་ཀྱི་དབང་གིས་ཁྲི་ མཐར་མ་ཕྱིན་པར་ཟླ་བ་གསུམ་གྱི་མཚམས་ནས་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་དངུལ་གདུང་ནི་བླ་མ་ལྷ་ཁང་དུ་ བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ ཅུ་རེ་བདུན་པ་ཡིན། ཁོང་གི་མཚན་གཞན་ལ་ཤར་རྩེ་འཇམ་དབྱངས་ སྨོན་ལམ་ཞེས་ཞུའོ། ། བཀའ་འགྱུར་བ་བློ་བཟང་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དཔལ་ཤུལ་གྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་བྲང་ བཀྲ་ཤིས་འཁྱིལ་གསར་འདེབས་མཛད་པའི་སྐབས་ཀྱི་ཐོག་མའི་གྲྭ་རྒྱུན་ ཡིན་ཞིང། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་བསེ་ངག་དབང་ བཀྲ་ཤིས་གཉིས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་ མཐར་ཕྱིན་པར་མཛད་པས་དགེ་བཤེས་ཆེན་པོའི་གོ་སར་ཕྱིན། མགོན་ ཆོས་འཇིགས་གསུམ་གྱི་གདམས་པ་ལ་མངའ་བརྙེས། དབུས་སུ་ལན་ [090] གཉིས་ཕེབས་ཏེ་རྒྱལ་བ་སྐལ་བཟང་རྒྱ་མཚོ་དང། པཎ་ཆེན་དཔལ་ ལྡན་ཡེ་ཤེས་གཉིས་ལ་མཇལ་ཞིང་ཆོས་འབྲེལ་ཞུས། ཇོ་ཤཱཀ་སོགས་ལ་ མཆོད་འབུལ་བཏེགས། སེར་འབྲས་དགེ་གསུམ་ལ་མང་འགྱེད་ཕུལ་ ཁྲི་ནམ་མཁའ་བཟང་ལས་བཀའ་ཆོས་ཅི་རིགས་གསན། དེ་ནས་རང་ ཡུལ་དུ་ཕེབས་ཏེ་ཁྱ་དགེ་དཔོན་སློབ་དང། སྟག་ཚང་དཔོན་སློབ་ སོགས་ལ་བསྟེན་ནས་ཟབ་ཆོས་མང་དུ་གསན། ཐང་ཚང་དཔོན་སློབ་ ལས་བཀའ་འགྱུར་གྱི་ལུང་ཞུས་ཏེ་ལུང་རྒྱུན་སྤེལ། དགུང་ལོ་དོན་དགུ་ པར་བྲག་ལུང་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ གྲུབ་ཆེན་དགེ་ལེགས་དྷ་རྨའི་སྤྲུལ་སྐུ་ཡིན། གསུང་རྩོམ་པོད་ཆུང་ གཅིག་བཞུགས་སོ། ། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་དུས་ཏེ་སྤྱི་ལོའི་དུས་རབས་ བཅོ་བརྒྱད་པའི་དུས་མགོའི་ཙམ་གྱི་མི་ཡིན། ཁོང་གིས་ཛ་ཡ་པཎྜི་ཏ་བློ་ བཟང་འཕྲིན་ལས་དཔལ་བཟང་པོ་ ་ སློབ་དཔོན་ དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ནས་ འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་མཚན་ གཞན་ལ་བཀའ་འགྱུར་བ་པཀྵི་ནོ་མོན་ཧན་ནམ་ཨེརྟི་ནི་མེར་ཀེན་ཞེས་ ཀྱང་གསོལ། གྲུབ་མཐའ་ནི་ཞྭ་སེར་ཅོ་པན་འཆང་བའི་རི་བོ་དགའ་ལྡན་ པ་ཡིན། ཁོང་གི་གསུང་རྩོམ་ནི་ དང། ཡིག་ཐར་པའི་ཐེམ་སྐས། [091] པའི་བསྐུལ་མ། སྒྲོན་མེ། སྒྲུབ་ཐབས། ཏི་དྲུག་ཏུ་བསྡུས་ནས་མཆིས་པ་མི་རིགས་རིག་གནས་ཕོ་བྲང་དུ་ བཞུགས་སོ། ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ།། ཁོང་ནི་བསམ་བློ་སྦྱིན་པ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། དཀའ་བཅུ་སྐལ་བཟང་ཆོས་གྲགས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མཚོ་སྔོན་ཧར་གེ་པཱེ་སིའི་ཧོའུ་ཤོར་ཡབ་ཧོ་ཤོ་ཆི་ཤེས་རབ་ དང། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་ མི་གསལ། ཁོང་ཡོངས་འཛིན་རྡོ་རྗེ་འཆང་ཉ་ཀྱཱ་ལྷ་རམས་པ་ངག་ དབང་ཆོས་གྲགས་ཀྱི་མདུན་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ དགུང་ལོ་བཅུ་བཞི་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་ སྒོར་ཞུགས། གཞུང་ཆེ་ཆུང་རྣམས་བློར་འཛིན་གཤར་སྦྱོང་དང་ འབྲེལ་བར་གཏན་ཚིགས་ཚུལ་གསུམ་ལ་བརྟེན་པའི་ཐུགས་གཉེར་ཕུལ་ དུ་བྱུང་བ་མཛད་དེ་དགུན་ཆོས་གླིང་བསྲེས་དཀའ་བཅུའི་མིང་བཏགས་ འཛིན། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་བསྙེན་ རྫོགས་བསྒྲུབས། དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཏེ་ཉེ་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ [092] དང་དབྱངས་ཐིག་གར་གསུམ་སོགས་ལ་ལེགས་པར་སྦྱངས། ཁོང་གསུང་ སྐད་བཟང་ཞིང་དབྱངས་རྟ་སོགས་ལ་ངེས་ཆ་ཆེ་བས་གྲྭ་ཚང་དབུ་ མཛད་དང་ཚོགས་ཆེན་དབུ་མཛད་ཆེན་མོར་བཞུགས། རབ་བྱུང་ བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དུས་འཁོར་ དཔོན་སློབ་ཀྱི་ཁྲི་ལ་བཞུགས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། ཁྲི་ཟུར་ནས་མི་ཉག་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ འཆད་ཉན་ལེགས་པར་བསྐྱངས་སོ། ཁོང་ནི་སྐུ་འབུམ་དུས་འཁོར་ དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་སོ་བརྒྱད་པ་དང། སྨན་པ་དཔོན་ སློབ་ཀྱི་ཁྲི་རབས་དྲུག་ཅུ་རེ་གསུམ་པ་ཡིན་ནོ། ། དཀའ་བཅུ་འཇམ་དབྱངས་དཀོན་མཆོག་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཐང་ཚང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐུ་གོང་མ་དཀའ་བཅུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་ རྣམ་རྒྱལ་གྱི་སྦྲུལ་སྐུར་ངོས་འཛིན་གནང་ཞིང་གདན་སར་བཀོད། ཀུན་ མཁྱེན་འཇིགས་མེད་དབང་པོ་ལས་དབང་ལུང་ཁྲིད་གསུམ་མང་དུ་ གསན། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཤིང་བསྡུས་གཞུང་དང། ཕར་ཕྱིན། ཚད་མ་རྣམ་ འགྲེལ། དབུ་མ། འདུལ་བ་མདོ་རྩ། མཛོད་བཅས་ལ་སྦྱངས་པ་ [093] དབྱིས་ཕྱིན་པ་མཛད། རང་ཡུལ་དུ་ཕེབས་ཏེ་སྨད་ཕྱོགས་སོག་ཡུལ་དུ་ བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་འཕྲིན་ལས་ཤིན་ཏུ་རྒྱས་པས་ ཕྱག་རྫས་མང་དུ་འབྱོར་བ་བྱུང། དགུང་ལོ་ཞེ་གཉིས་པར་རང་དགོན་ དུ་ཇོ་སྐུ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་གདན་དྲངས། དེའི་ཕྱི་ ལོ་ནས་འདུ་ཁང་སོགས་གཙུག་ལག་ཁང་རྣམས་གསར་དུ་བཞེངས་ འཆམ་ཆེན་མོ་བཙུགས། འཆད་ཉན་ལེགས་པར་བསྐྱངས་པས་མཁན་ པོ་བཙན་པོ་མ་ཡང་ཞུ། སླར་སྨད་ཕྱོགས་སོག་ཡུལ་དུ་ཕེབས་ནས་ སེང་ཝང་དང་དར་ཧན་ཝང་ཧོ་ཤོད་དང་བཅས་པས་བླ་མར་བཀུར་ དགུང་ལོ་རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ དཀའ་བཅུའི་སྐུ་ཕྲེང་གསུམ་པ་ཡིན་ནོ། ། དཀའ་བཅུ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཅོས་ཁ་ཡངས་གོང་དུ་ཡབ་ཚུལ་ཁྲིམས་དང། ཡུམ་ གཡུང་དྲུང་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་སྐུ་གོང་མ་དཀའ་བཅུ་འཇམ་དབྱངས་དཀོན་མཆོག་ཉི་ མའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་བདེ་ཐང་དགོན་དགའ་ལྡན་ཆོས་ འཁོར་གླིང་གི་གདན་སར་མངའ་གསོལ། རབ་བྱུང་དང་དགེ་ཚུལ་གྱི་ སྡོམ་པ་མནོས་ནས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པར་ མཛད། མཁར་མོ་ཆེ་བ་བློ་བཟང་ཡོན་ཏན་ལས་སུམ་རྟགས་དག་ གསུམ་དང། སྒྲ་སྙན་ངག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ [094] པས་མཁྱེན་རབ་གྱི་ཀློང་རྡོལ། གྲྭ་སར་བཞུགས་འདུན་ཆེ་ཡང་མི་རྩའི་ དབང་གིས་སྨད་ཕྱོགས་སོག་ཡུལ་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ བསྐོར། ཕྱག་རྫས་ཀྱང་མང་དུ་འབྱོར་བས་ཐམས་ཅད་རང་དགོན་དུ་ བཞག། དེ་ནས་མཆོད་གཞིས་སྡེ་ཁར་རྣམས་ཀྱི་བསོད་ནམས་ཀྱིས་མ་ ལྕོགས་པར་དགུང་ལོ་ཉི་ཤུ་ཐམ་པར་དགོང་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་དཀའ་བཅུའི་སྐུ་ཕྲེང་བཞི་པ་ཡིན། ཁོང་གི་གསུང་ རྩོམ་ནི་ ལྔའི་དཔེར་བརྗོད། ། དཀའ་བཅུ་འཕྲིན་ལས་རབ་བརྟན་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཞཱ་ཧྭོ་རྫོང་ལ་གཏོགས་པའི་ ཙ་ཡུས་མེ་ཏོག་ཤར་དུ་ཡབ་སྙིང་གར་བྱམས་དང་ཡུམ་གཅོད་པ་ཐར་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། སྐུ་ན་ཕྲ་བའི་དུས་སུ་ལྷ་ བརྟན་བླ་མ་འཕྲིན་ལས་ཕུན་ཚོགས་ལས་རབ་ཏུ་བྱུང་ཞིང་ཡི་གེའི་འབྲི་ ཀློག་གི་དབུ་བཙུགས། དགུང་ལོ་བཅོ་བརྒྱད་པར་ཤུག་ཤར་རི་ཁྲོད་དུ་ སྐལ་ལྡན་དངོས་སློབ་སྔགས་རྣམས་པ་བསོད་ནམས་ཡར་འཕེལ་གྱི་དྲུང་ དུ་བྱོན་ལོ་ཉི་ཤུ་རྩ་གྲངས་བཞེས་ཀྱི་བར་དུ་དེ་ཉིད་དགེ་རྒན་དུ་བསྟེན་ ནས་ཉིན་མཚན་ཐུན་གཅིག་ཀྱང་མ་བག་པར་སློབ་གཉེར་མཛད་པས་ སྐྱེས་སྦྱངས་ཀྱི་ཤེས་རབ་མེ་འབར་བ་ལྟ་བུ་བྱུང། དགུང་ལོ་ཉི་ ཤུ་ལྷག་ཏུ་བུད་རྗེས་དབུས་ལྷ་ལྡན་དུ་ཕེབས་འདུན་ཤིན་ཏུ་ཆེ་བས་ [095] དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ནས་ གཞུང་ལུགས་དཔྱིས་ཕྱིན་པར་སྦྱངས། གསང་ཕུ་དགོན་པའི་དཀའ་ བཅུ་བ་མཛད། དེ་ནས་ཀུན་མཁྱེན་བླ་མའི་བཀའ་བཞིན་རྒྱུད་སྨད་ དུ་སྔགས་ལ་སྦྱངས་པས་མདོ་སྔགས་ཀྱི་མཁས་པ་ཆེན་པོར་གྱུར་ སྨིན་གྲོལ་གླིང་དུ་གཏེར་སྟོན་ལ་ཆོས་ཞུ་བའི་སྐུལ་མའང་ཀུན་མཁྱེན་ ནས་མཛད་པས་བཀའ་དྲིན་ཤིན་ཏུ་ཆེའོ། ཕྱིར་མདོ་སྨད་དུ་ཕེབས་ རྗེས་ཡུལ་ཕྱོགས་ཀྱི་ཤུག་ཤར་དང། ཙ་ཡུས་སྒར། བླ་བྲང་བཀྲ་ ཤིས་འཁྱིལ། ཁ་བྱའི་སྟག་ལུང་སོགས་ཡོངས་སུ་གྲགས་པའི་སྒྲུབ་གནས་ བཞུགས། དམ་པ་འདི་ཉིད་ཀྱིས་ཚེ་གཅིག་ལུས་གཅིག་འདི་ལ་སངས་ རྒྱས་པའི་གདམས་ངག་རྣམས་བླ་མ་ལས་ཞུས་ཏེ་བཤད་སྒྲུབ་གཉིས་ཀྱི་ ནང་ནས་སྒྲུབ་པ་གཙོ་བོར་མཛད་ནས་ཉམས་ལེན་དཔྱིས་ཕྱིན་པར་ མཛད་དོ། ། དཀའ་བཅུ་བློ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་སྟག་ལུང་དུ་ཡབ་དཀའ་ཐུབ་ཐར་དང། ཡུམ་ཡུམ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོ་མེས་ས་གོང་ མ་དཀའ་བཅུ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྲུལ་སྐུར་ཐུགས་ ཐག་བཅད་ཅིང་རབ་ཏུ་བྱུང་སྟེ་གདན་སར་བཀོད། མཚན་ལ་འཇམ་ དབྱངས་ཆོས་ཀྱི་ཉི་མ་ཞེས་གསོལ། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ [096] གྱི་ཆོས་གྲྭར་ཞུགས་ནས་བསྡུས་གཞུང་དང། གཞུང་བཀའ་པོད་ལྔ་ལ་ ཐུགས་གཉེར་མཐར་ཕྱིན་པ་གནང། ཀུན་མཁྱེན་བློ་བཟང་ཐུབ་ བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་ དུ་གསན། ཡབ་རྗེ་དྷ་ཛ་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། བླ་ བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ནས་འཆད་ཉན་ཡར་ ལྡན་དུ་བསྐྱངས། དེ་ནས་ཨ་མཆོག་ཚོགས་ཆེན་དང་ཨུརྒེའི་བླ་མ་ མཛད། དགུང་ལོ་སོ་ལྔ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་རང་དགོན་བདེ་ཐང་དགའ་ལྡན་ཆོས་འཁོར་ གླིང་དུ་སྨད་རྒྱུད་གྲྭ་ཚང་གསར་དུ་བཙུགས། འཆད་ཉན་ལེགས་པར་ བསྐྱངས། དགུང་ལོ་སོ་བརྒྱད་པར་ཇག་རོང་ཕྱོགས་སུ་ཕེབས་ཏེ་དབང་ ལུང་མན་ངག་གི་ཆོས་རྒྱུན་མང་དུ་སྤེལ། དགུང་ལོ་བཞི་བཅུ་ཐམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དཀའ་བཅུའི་སྐུ་ ཕྲེང་ལྔ་པ་ཡིན་ནོ། ། དཀའ་བཅུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་རྒྱལ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཙོས་ཁ་ཡངས་གོང་དུ་སྐུ་འཁྲུངས། གདུང་རུས་ཁྱུང་པོ་ ཨུ་ཙ་ཡིན། རབ་བྱུང་བཅུ་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་བདུན་པར་སྐུ་གོང་མ་དཀའ་བཅུ་བསོད་ ནམས་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་བདེ་ཐང་དགོན་ དགའ་ལྡན་ཆོས་འཁོར་གླིང་གི་གདན་སར་བཀོད། ལོ་དེར་ཆས་པ་བླ་ མ་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང། དགུང་ལོ་བཅུ་དགུ་པར་ [097] དབུས་སུ་བྱོན་ཏེ་འབྲས་སྒོ་མང་ཆོས་གྲྭར་ཞུགས་ཤིང་མདོ་ཕྱོགས་ལ་ སྦྱངས་ནས་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་ཉེར་ གསུམ་པར་རྒྱལ་དབང་ལྔ་བ་ལས་བསྙེན་པར་རྫོགས། རྒྱུད་སྟོད་ཆོས་ གྲྭར་ཞུགས་ནས་སྔགས་ཕྱོགས་ལ་སྦྱངས། དགུང་ལོ་ཉེར་བཞི་པར་ རང་ཡུལ་དུ་ཕེབས་ཏེ་བདེ་ཐང་དགོན་གསར་འདེབས་མཛད། དགུང་ ལོ་ཞེ་ལྔ་པར་རི་བོ་ཆེར་དགོན་པ་གསར་འདེབས་མཛད། དགུང་ལོ་ ང་གཉིས་པར་མཁར་སྔོན་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ བསྐོར། རང་དགོན་ཆོས་འཁོང་གླིང་དུ་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། བཤད་སྒྲུབ་ཟུང་གིས་བསྟན་འགྲོའི་དོན་ཆེན་ལེགས་པར་ བསྒྲུབས་ཤིང་དགུང་ལོ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་དཀའ་བཅུའི་སྐུ་ཕྲེང་གཉིས་པ་ཡིན། ཁོང་གི་ གསུང་རྩོམ་ནི་ ཚིགས་བཅད་མ། ། དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་པོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་དྲེད་ཁོག་འབྲོག་སྡེར་ཡབ་རྭ་ལོ་གུ་རུ་ཐར་ དང། ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅོ་ལྔ་པོའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་སྐུ་འབུམ་དུ་ཕེབས་ཏེ་ཟི་ན་ལྷ་རྣམས་བསོད་ ནམས་བསྟན་འཛིན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་ ཆོས་སྤྱོད་བཅས་ལ་ལེགས་པར་སྦྱངས། སློབ་དཔོན་དེ་བ་ལས་རབ་ [098] བྱུང་དང་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་གཉིས་པར་དཔལ་ལྡན་ བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་སྡེ་བདུན་བཅས་ལ་ཐོས་ བསམ་མཛད། དགུང་ལོ་བཅོ་བརྒྱད་པར་སྟོང་འཁོར་མཁར་བརྒྱུད་ ནས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་ལོ་ གཉིས་ཀྱི་རིང་དུ་ཐོས་བསམ་མཛད། དེ་ནས་གཙང་བཀྲ་ཤིས་ ལྷུན་པོར་ཕེབས་ཤིང་པཎ་ཆེན་བསྟན་པའི་ཉི་མ་དང་མཇལ་ཏེ་བཀའ་ ཆོས་མང་དུ་གསན། དེ་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ ལེགས་པར་མཛད་ནས་དམ་བཅའ་བཞག་པས་དཀའ་ཆེན་གྱི་མཚན་ རྟགས་བཞེས། དགུང་ལོ་ཉེར་གཅིག་པར་དགའ་ལྡན་ཁྲི་ཆེན་བྱང་ ཆུང་ཆོས་འཕེལ་སོགས་ལས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སོ་ བཞི་པར་པན་ཆེན་རིན་པོ་ཆེ་ལ་གནང་བ་ཞུས་ཏེ་སྐུ་འབུམ་དགོན་དུ་ ཕེབས། དེ་ནས་ས་ཚྭ་རི་ཁྲོད་དང་དཔའ་རིས་ཕྱོགས་ཀྱི་རི་ཁྲོད་དུ་ མར་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ང་ དགུ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཏེ་འགྲིག་ལམ་ཀུན་སྤྱོད་ དང་སློབ་གཉེར་བཅས་ལ་ཚགས་འཛིན་གང་ལེགས་གནང། དགུང་ ལོ་དོན་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་ འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་སོ་བརྒྱད་པ་ཡིན་ནོ། ། དཀོན་མཆོག་འགྲོ་ཕན་དབང་པོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་དབུ་རུའི་མཚམས་གཞུ་སྟོད་དུ་སྐུ་འཁྲུངས། འདས་ལོ་ [099] མི་གསལ། ཁོང་དགུང་ལོ་གཞོན་ནུའི་དུས་ནས་འབྲི་གུང་དགོན་དུ་ ཆོས་ཞུགས་མཛད་ཅིང་མདོ་སྔགས་གཉིས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁྱད་པར་དུ་མགོན་པོ་འབྲི་གུང་ པ་རིག་འཛིན་ཆོས་གྲགས་ཀྱི་ཞབས་ལ་གཏུགས་ནས་གསོ་བ་རིག་པའི་ གཞུང་ལུགས་རྣམས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་པས་མཁས་ པའི་སྙན་གྲགས་ཕྱོགས་བཅུར་ཁྱབ། དགུང་ལོ་སུམ་ཅུ་སོ་གཅིག་པར་ པའི་སྨན་གཞུང་བརྩམས། དེ་ནས་གསོ་བ་རིག་པའི་བསྟན་པ་གོང་ ནས་གོང་དུ་འཕེལ་བའི་ཕྱིར་འཆད་ཉན་དང་རྩོམ་འབྲི་སོགས་ཀྱིས་ དུས་འདའ་བར་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་ གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཐབས་འཕྲུལ་གྱི་ཐེམས་ཚང། ཁོང་གི་ མཚན་གཞན་ལ་འབྲི་གུང་ཚེ་དབང་བརྟན་པ་ཞེས་ཞུའོ། ཁོང་གི་སློབ་ མའི་ཚོགས་ལས་གྲགས་ཆེ་བ་ནི་དཔོན་ཚང་ཡེ་ཤེས་ཡིན། ཁོང་གི་ གསུང་རྩོམ་ནི། མཁྲིས་པ་རྩར་རྒྱུགས་ཀྱི་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ ཆུ་རྒྱུན། བཅོས་མན་ནག་ཁྱད་པར་ཅན། གདམས་ངག། ། དཀོན་མཆོག་འཇིགས་མེད་རབ་རྒྱས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྐུ་ [100] འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་དགེ་བསྙེན་དང། རབ་བྱུང། དགེ་ཚུལ། དགེ་སློང་གི་ སྡོམ་པ་རིམ་གྱིས་བཞེས་ཏེ་ཚུལ་ཁྲིམས་གཙང་མའི་དྲི་ངད་ཕྱོགས་ བཅུར་ལྡང། ཐོག་མར་ཡི་གེའི་སྦྱོར་ཀློག་ནས་བརྩམས་ཏེ་ཐ་སྙད་ རིག་གནས་དང། གཞུང་ཆེན་བཀའ་བོད་ལྔ། གསང་ཆེན་རྒྱུད་སྡེ་ བཞི་བཅས་ལ་ཐུགས་གཉེར་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁོང་ གིས་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ ་ ་ ལ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ ངག་མང་དུ་གསན། དེ་ནས་སོག་ཡུལ་དུ་ཕེབས་ཏེ་ཨོར་ཏུ་ཤོག་དྲུག་ གི་ཡ་གྱལ་ཨོ་ཏོག་ཏོག་གི་ཆོས་གྲྭ་ལུང་རིགས་དཔལ་འཁྱིལ་ལ་སྐུ་ གསུང་ཐུགས་རྟེན་མང་དུ་བཞེངས་སོ། ཁོང་གི་གསུང་རྩོམ་ནི་ ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས། བོ་རྣམ་གསུམ་གྱི་འགྲེལ་བཤད་བདུད་རྩི། མཁོ་བ། སྐོང་དགོས་པའི་སྐོར་ཕྱོགས་གཅིག་ཏུ་བྲིས་པ། བཅུ་ཞེ་དགུ་ལོངས་པའི་པོད་གཉིས་བཞུགས་སོ། ། དཀོན་མཆོག་ཉི་མ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བསང་གཞུང་སྦེན་ཆེན་དུ་ཡབ་ཚེ་རིང་དང། ཡུམ་ཚེ་ རིང་ནོར་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ [101] ངུའི་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་གུང་ཐང་འཇམ་པའི་དབྱངས་ ཀྱིས་ཐུགས་ཐག་བཅད་ཅིང་གདན་སར་བཀོད། རབ་བྱུང་བསྙེན་ རྫོགས་ཐམས་ཅད་གུང་ཐང་ཚང་ལ་ཞུས། ཆོས་གྲྭར་ཞུགས་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ཀུན་མཁྱེན་ཡབ་སྲས་དང་སྡེ་ཁྲི་རིན་པོ་ཆེ་བཅས་ལས་བཀའ་ཆོས་མང་ དུ་གསན། དེ་ནས་དབུས་གཙང་དུ་ཕེབས་ཏེ་པཎ་ཆེན་བསྟན་པའི་ཉི་མ་ ལ་དངུལ་སྲང་ལྔ་བརྒྱ་ཕུལ་ཞིང་བཀའ་ཆོས་གསན། ཕྱིར་ཕེབས་དུས་ པཎ་ཆེན་རིན་པོ་ཆེས་རྟེན་སྐལ་དུ་ཙན་དན་གྱི་ཐུགས་རྗེ་ཆེན་པོ་བཅུ་ གཅིག་ཞལ་གྱི་སྐུ་བརྙན་ཁྲུ་གང་ཞིག་གནང་བ་མཛད། བླ་བྲང་བཀྲ་ ཤིས་འཁྱིལ་གྱི་རྒྱུད་པའི་བླ་མ་དབུ་མཛད་དང་སྨན་པའི་ཁྲི་བ་ལོ་གསུམ་ མཛད། ཁེ་ཐ་དང་ཆོས་འཁོར་སྒར་གསར་གྱི་ཁྲི་ལ་བཞུགས་ནས་ འཆད་ཉན་བསྐྱངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ ནས་ལོ་གཅིག་ཏུ་གདན་ས་བསྐྱངས་ཤིང་འཆད་ཉན་དང་གཏོང་སྒོ་ གང་ཡོད་མ་ཉམས་པ་མཛད། ཁྲི་ཟུར་ནས་ཐུགས་དམ་ཉམས་བཞེས་ མུས་དགུང་ལོ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཞེ་ལྔ་པ་ཡིན་ནོ། ། དཀོན་མཆོག་དམ་ཆོས་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མཛོད་དགེ་ནས་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་གླང་ ལོ་ སྤྱི་ལོ་་ ཡན་མན་དུ་སྐུ་གཤེགས། དགུང་ལོ་དྲུག་པར་ལྷ་ [102] ཁང་ལུང་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང། ཁོང་གི་མདུན་ ནས་འདོན་ཆ་དང་སུམ་རྟགས་བཅས་ལ་ཞིབ་པར་གཟིགས། དགུང་ ལོ་ཉི་ཤུ་ཐམ་པར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་ རྫོགས། ལོ་དེར་དབུས་གཙང་དུ་གནས་མཇལ་ཕེབས། རྭ་སྒྲེང་དང་ བྲག་གཡེར་པ། དགའ་ལྡན་གསེར་གདུང་ཆེན་མོ་སོགས་དབུས་ ཕྱོགས་ཀྱི་གནས་མཆོག་ཀུན་ལ་སྤྱན་ཆབ་འཁྲིགས་བཞིན་མཇལ། རྒྱལ་ དབང་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྣམ་ གཉིས་ལ་མཇལ་ཞིང་སྐྱབས་འཇུག་དང་ཆོས་འབྲེལ་ཞུས། དེ་ནས་ མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་རྒྱལ་མོ་བསམ་གྲུབ་གླིང་དུ་སེར་ སྐྱ་ཚོགས་མང་ཐམས་ཅད་ལ་རིགས་ལུང་མན་ངག་རྒྱ་ཆེན་པོ་གནང་ བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་གངས་ཅན་གྱི་རིག་པའི་གནས་ ཐམས་ཅད་དཔྱིས་ཕྱིན་པར་ཁྲིད་པ་དང། ལྷག་པར་རིགས་གྲྭ་དཔོན་ སློབ་ལས་སྙན་ངག་ཁྲིད་པས་སྙན་ངག་སྨྲ་པའི་དབང་པོར་གྱུར། དགུང་ ལོ་ལྔ་བཅུའི་ནང་སྐུ་བསྙུན་དྲག་པོ་བཞེས་ཏེ་ཞིང་དུ་ཕེབས། ཁོང་གི་ གསུང་རྩོམ་ནི་ དུང་དཀར་པོའི་སྒྲ་དབྱངས། ཐར་མཁས་གྲུབ་རྒྱ་མཚོའི་འཇུག་ངོསྒྶ། མཚན་གྱི་རྟོགས་པ་བརྗོད་པ་ལྷུན་པོའི་སྟོད་ཆ། རྗེ་བཙུན་བློ་བཟང་བསྟན་འཛིན་གྱི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་ དད་པའི་སྒོ་འབྱེད། རྣམ་ཐར། [103] བུང་བ་མྱོས་པའི་གླུ་དབྱངས། གཞན་ཡང་སྙན་ངག་གི་བརྩམས་ ཆོས། བླ་མཆོད་ཟིན་བྲིས། མགུར་གཞས་སོགས་མང་དུ་བཞུགས་ སོ། ། དཀྱིལ་ཟུར་བློ་བཟང་སྦྱིན་པ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་སྟོད་ཐང་སྦེའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་ ཡུམ་ཆུང་སྐྱེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་གྲྭ་བཙུན་མཛད་དེ། པཎ་ ཆེན་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ བླངས། དེ་ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བཅུ་ གསུམ་པ་ནས་ཚད་མ་སྦྱོངས་ཏེ་བསྡུས་ཚན་སོ་སོའི་རྒྱུགས་ཕུལ་བས་ དགྱེས་བཞེས་དང་ཆོག་བཀའ་ཐོབ། གཞུང་བཀའ་བོད་ལྔ་ལ་ལེགས་ པར་སྦྱངས་པས་དཀའ་བཅུའི་མིང་རྟགས་བླངས། དགུང་ལོ་ཉེར་ བདུན་པར་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་བླངས་ དགུང་ལོ་ཉེར་དགུ་པར་རབ་འབྱམས་སྨྲ་བའི་སེང་གེའི་མཚན་རྟགས་ བཞེས། དེ་ནས་རྒྱུད་པ་གྲྭ་ཚང་དུ་ལོ་བཅུ་གཉིས་ཀྱི་བར་དུ་དབྱངས་ རོལ་སོགས་གསང་སྔགས་སྐོར་ཀུན་སྦྱངས། སྐབས་དེར་ཡོངས་འཛིན་ བློ་བཟང་བསྟན་འཛིན་གྱི་སྤྲུལ་སྐུ་ཡིན་འདུག་ཞེས་བཤད་པར་བརྟེན་ བཀའ་ཟུར་མཁྱེན་རབ་བསམ་གཏན་གྱིས་ཡོངས་འཛིན་བློ་བཟང་ བསྟན་འཛིན་གྱི་བཞུགས་གནས་དཔལ་འབྱོར་ལྷུན་པོའི་རི་ཁྲོད་དུ་ གདན་འདྲེན་ཞུས། དགུང་ལོ་ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེས་ [104] བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་གདན་སར་བསྐོས། དགུང་ ལོ་ང་བདུན་པར་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱི་མཛད་ནས་དབུས་ལྷ་ ལྡན་དུ་ཕེབས། འབྲས་སྦུངས་དང་སེ་ར་དགོན་སོགས་སུ་མང་འགྱེད་ དང་བླ་མཆོད་ཁྲིད་ཆོས་སོགས་ཕུལ། མཁས་པ་རྣམས་དང་བགྲོ་གླེང་ མང་པོ་མཛད་པས་མཁས་པའི་སྙན་གྲགས་ཐོབ། དགུང་ལོ་རེ་དྲུག་ པར་པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་བརྩམས། དགུང་ལོ་དོན་ གཅིག་པར་རང་རྣམ་ཚིགས་བཅད་མ་བརྩམས། ཁོང་གི་གསུང་རྩོམ་ ནི་བླ་མའི་རྣལ་འབྱོར། ཞབས་བརྟན་གསོལ་འདེབས། གསུང་མགུར་ བསླབ་བྱ། ལམ་རིམ་བླ་བརྒྱུད། སྤྱོད་འཇུག་འགྲེལ་བ། སྒྲུབ་ཐབས་ འདུལ་བའི་དོགས་སྤངས་ལ་དཔྱད་པ། བསྡུས་རྩའི་འགྲེལ་པ་བཅས་ ཆོས་ཚན་དྲུག་ཅུ་ཐམ་པ་ཡོད་དེ་པོད་གསུམ་དུ་བསྡུས་ནས་བཞུགས་ སོ། ། བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཇེ་འཕེལ་ཐོག་ཏུ་ཡབ་ཨ་འགྲུབ་དང། ཡུམ་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆོས་ སྡེ་ཆེན་པོ་དགའ་ལྡན་དོན་གྲུབ་གླིང་དུ་མངའ་གསོལ། དགུང་ལོ་ བདུན་པར་ཀླུ་སྒྲུབ་མཆོག་སྤྲུལ་ངག་དབང་འཇིགས་མེད་ལ་དབུ་སྐྲའི་ གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་ཉི་མ་བསྟན་པའི་རྒྱལ་མཚན་ ཞེས་གསོལ། དགེ་བའི་བཤེས་གཉེན་བློ་བཟང་དཔལ་སྦྱིན་གྱི་དྲུང་ [105] ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། ཁུ་པོ་ཀླུ་སྒྲུབ་ ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་འཛིན་གསུམ་ལ་ལེགས་པ་བསླབས། དེ་ ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་མཛད། པཎ་ ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་ པ་བཞེས། གླིང་བསྲེའི་མཚན་བཏགས་བཞེས་ཏེ་མདོ་སྨད་དུ་བྱོན་ ནས་ཆོས་སྡེ་དོན་གྲུབ་གླིང་དང། སྦྲ་ནག་བདེ་ཆེན། བཀྲ་ཐང་ སོགས་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད། ཆོས་སྡེ་ དོན་གྲུབ་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཤིང་འཆད་ཉན་ སྦེལ། དགུང་ལོ་ལྔ་བཅུ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། །ཁོང་གི་གསུང་རྩོམ་ནི། བདེ་ལམ། ཐར་མཁས་བླུན་ཀུན་གྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས། བོད་གཉིས་བཞུགས་སོ། ། བཀྲ་ཤིས་མཁན་ཆེན་སྦྱིན་པ་དོན་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་མཆོད་གཞིས་ཟི་ནའི་ནང་ཚན་ཧོར་ཚང་རྒྱུད་དུ་ཡབ་བློན་པོ་ སྐྱབས་དང། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ [106] ལོ་མི་གསལ། ཁོང་དགུང་ལོ་གསུམ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་ འཆང་གིས་སྐུ་གོང་མ་ཡེ་ཤེས་མཁས་གྲུབ་ཉི་མའི་ཡང་སྲིད་དུ་ངོས་ འཛིན་མཛད་ཅིང་སྐུ་འབྲུམ་རང་སྒྲ་དུ་གདན་སར་བཀོད། དགུང་ ལོ་བདུན་པར་དྲེད་ཁོག་དགེ་བཤེས་བློ་བཟང་སྦྱིན་པའི་དྲུང་ནས་དགེ་ བསྙེན་དང་རབ་བྱུང་བསྒྲུབས། སྨོན་ལམ་རབ་འབྱམས་པ་འཇམ་ དབྱངས་གྲགས་པ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་ དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་ གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང་གཞུང་ བཀའ་བོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་བཅུ་བཞི་ པར་སྐྱབས་རྗེ་མཚན་སྒྲོག་དགེ་འདུན་བསྟན་པའི་ཉི་མ་ལས་དགེ་ཚུལ་ སློང་གི་སྡོམ་པ་རིམ་གྱིས་བཞེས། དེ་ནས་དཔལ་ལྡན་གསང་སྔགས་ རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གསང་ཆེན་ལམ་གྱི་རིམ་པ་ལ་ ཐོས་བསམ་ལེགས་པར་མཛད། དགུང་ལོ་ཉི་ཤུ་ཐམ་པ་རབ་བྱུང་བཅོ་ ལྔ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་ པོའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ བཅས་ཀྱི་ཐད་དུ་དོ་དམ་གང་ལེགས་གནང། དགུང་ལོ་ཉེར་ལྔ་པར་ བྱང་ཕྱོགས་ཏ་རི་གང་གའི་ཕྱོགས་སུ་ཕེབས་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ ཆེར་བསྐོར་བར་མཛད། དེ་ནས་རི་བོ་རྩེ་ལྔ་ལ་བྱོན་ཏེ་ཕྱག་མཆོད་ དང་འབྲེལ་པའི་དགེ་ཚོགས་རླབས་ཆེན་བསྒྲུབས། དགུང་ལོ་ཉེར་ བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ [107] ནས་དོ་དམ་འཛིན་སྐྱོང་གི་རིམ་པ་མཐའ་དག་ལ་གཅེས་བསྐྱངས་ མཆོག་ཏུ་མཛད། ལོ་དེར་ཇོ་ཁང་དང་མགོན་ཁང་གསར་གསོས་ གནང། དེའི་ཕྱི་ལོ་ ་ ལ་འཇམ་དབྱངས་ཀུན་གཟིགས་ལྷ་ ཁང་ཞིག་གསོས་མཛད་ཅིང་རབ་གནས་རྒྱས་པར་མཛད། ཁྲི་ཟུར་ ནས་ཐུགས་དམ་ཉམས་བཞེས་ཟབ་མོ་ལ་གཞོལ་བཞིན་བསྟན་འགྲོའི་ ཕན་བདེ་སྦེལ་པའི་མཛད་པ་གོང་ནས་གོང་དུ་འཕེལ་ལོ། ཁོང་ནི་སྐུ་ འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་བདུན་ཅུ་ཐམ་པ་དང། སྐུ་འབུམ་ དགོན་གྱི་གདན་རབས་ཁྲི་ཆེན་བདུན་ཅུ་དོན་བདུན་པ་ཡིན་ནོ། ། བཀྲ་ཤིས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང། དགེ་ཚུལ། དགེ་སློགྣ་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་ འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ཆེ་ དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་ བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ཆོ་ག། མཱ་ར་ཤྲཱི་བྷ་དྲས་མཛད་པ་བཅས་བཞུགས་སོ། ། [108] བཀྲ་ཤིས་གྲགས་པ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་སུ་ཡབ་དབང་ཕྱུག་ལེགས་པ་དང། ཡུམ་སྒྲོལ་མ་འཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ ཀློག་ལེགས་པར་མཁྱེན་ཞིང་འདོན་པའི་ཆོ་ག་རྣམས་བློར་འཛིན་གང་ མང་མཛད། དེ་ནས་སྐུ་སྐྱེ་སྔ་མའི་དད་པས་མཚམས་སྦྱར་ཏེ་དབུས་ གཙང་ཆོས་ཀྱི་ཞིང་ཁམས་སུ་ཞབས་ཀྱིས་བཅགས་ནས་སྟག་ལུང་པ་ ལས་གདམས་པ་མང་དུ་ཞུས། བླ་མ་ཤིན་ཏུ་དགྱེས་པར་མཛད་དེ་ཆོས་ མཐའ་ཆོད་པར་གནང། སངས་རྒྱས་ཡར་བྱོན་གྱིས་ཀྱང་ཐུགས་རྗེས་ གཟུང་ནས་ལོ་ངོ་མང་པོར་སྒྲུབ་པ་མཛད། རྟོགས་པའང་ཁྱད་དུ་ འཕགས་པ་འཁྲུངས། དེ་ནས་ཆོས་རྗེ་ཀརྨ་པ་དང་མཇལ་ཏེ་དད་པ་ དཔག་ཏུ་མེད་པ་སྐྱེས། དེའི་སྐབས་སུ་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་ རྗེས་ཁྱོད་ཀྱི་སྐྱེ་བ་སྔ་མ་ནི་ཆོས་རྗེ་དུས་གསུམ་མཁྱེན་པའི་སློབ་མ་ཡིན་ སྐྱེ་བ་ཕྱི་མ་ཁོ་བོའི་སློབ་མར་འགྱུར། ད་ལྟ་ཉམས་ལེན་དངོས་གཞི་ འདི་ལྟར་གྱིས་ཞེས་གདམས་ངག་གི་གནད་རྣམས་བཀྲོལ་ཏེ་དམར་ཁྲིད་ མཛད་པས་སྟོང་ཉིད་ཀྱི་དོན་རྣམས་མངོན་པར་མཁྱེན། ཁོང་ནི་དགེ་ སློང་ནམ་མཁའ་འོད་ཀྱི་སྐུ་སྐྱེ་ཡིན་པར་། བཀྲ་ཤིས་ལྡེ་མགོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་པུ་ རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང། ཡུམ་ཅོག་རོ་བཟའ་ཟངས་ཁ་ [109] མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་སོན་རྗེས་ཞང་ཞུང་དང་ ཡ་རྩེ་བཅས་ལ་མངའ་མཛད་ནས་ཆབ་སྲིད་བསྐྱངས་ཤིང། བོད་ ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རིགས་སྲས་སྲོང་ངེ་སྐུ་ འཁྲུངས་པ་དང། དེ་རྗེས་རིགས་སྲས་འཁོར་རེ་སྐུ་འཁྲུངས་སོ། གོང་ གི་གནས་ཚུལ་དེ་རིགས་ནི་ དྭགས་རྒྱལ་རབས། ཁོང་ ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་ གྱལ་ཞིག་ཡིན་ནོ།། བཀྲ་ཤིས་ཞབས་དྲུང་ཡེ་ཤེས་མཁས་གྲུབ་ཉི་མ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་སྐུ་འབུམ་ མཆོད་གཞིས་ཟི་ན་ཚོ་བ་ཡིན། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་ སྤྱི་ལོ་་ལོར་སོག་ཡུལ་དུ་སྐུ་གཤེགས། ཁོང་གིས་སྒོ་མེ་རབ་ འབྱམས་པ་ངག་དབང་བསམ་གཏན་སློབ་དཔོན་དུ་བསྟེན་ནས་སྐུ་ འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང། བཀའ་ པོད་ལྔའི་གཞུང་ལ་གསན་སྦྱོང་མཐར་ཕྱིན་མཛད་དེ་ཚེ་འཕྲུལ་སྨོན་ ལམ་ཆེན་མོའི་སྟེང་དུ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་ བཞེས། དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཏེ་སྔགས་གཞུང་ཡན་ལག་དང་བཅས་པ་སྦྱངས། རབ་བྱུང་ བཅུ་བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ལོ་ལྔའི་རིང་དུ་འགྲིག་ལམ་ཀུན་སྤྱོད་ དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་གང་ལེགས་གནང་ [110] རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་འཆད་ཉན་ བསྐྱངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་ ཆོས་སྲིད་ཟུང་གིས་དུས་སྐབས་དང་བསྟུན་པའི་ཕྱག་སྲོལ་གང་ཡོད་ ལེགས་པར་གནང། སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ནས་ཞལ་བཀོད་མཛད་ དེ་བཙན་ཁང་ཆེན་མོའི་ཕོ་བྲང་གི་དབུས་སུ་རྒྱ་མཐོངས་གདོང་སྐྱོར་ དང་བཅས་པ་ཕྱུར་བུར་ཕུབ་པའི་སྟེང་དུ་གྱོ་མོ་གཡུའི་མདངས་ཅན་ ལེགས་པར་བརྟད་ཅིང་རབ་གནས་གང་རྒྱས་མཛད། ཁྲི་ཟུར་ནས་ སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་དྲུག་པ་ དང། རྒྱུད་པ་མཁན་པོའི་ཁྲི་རབས་ང་གསུམ་པ། སྐུ་འབུམ་དགོན་ གྱི་གདན་རབས་ཁྲི་ཆེན་དྲུག་ཅུ་རེ་གཅིག་པ་བཅས་ཡིན་ནོ།། བཀྲ་ཤིས་འོད།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་མི་གསལ། ཁོང་ གིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོར་བསྟེན་ནས་ ཤེས་རབ་བརྒྱ་བ་དང། སྤྱོད་འཇུག་འདུལ་བའི་ཆོས་སྐོར། དུས་ འཁོར། གསང་འདུས་སྒྲོན་གསལ། ཕག་མོ་བརྡ་བཞི། དཔྱལ་གྱི་ ཆོས་དྲུག་བདེ་མཆོག་སྙན་བརྒྱུད། སེམས་བསྐྱེད་སུམ་སྦྲེལ། རིན་ ཆེན་ཐེམ་སྐས། ལམ་ལྔའི་བཤད་པ་དང་མན་ངག་བཅས་ལེགས་པར་ [111] དགེ་བསྙེན་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་བཞེས་ ཏེ་འདུལ་ཁྲིམས་ཐམས་ཅད་གཡག་རྔ་བཞིན་དུ་བསྲུངས་བར་མཛད་ ཆོས་རྗེ་ཟྭ་ར་བ་བདེ་ལེགས་འོད་ལས་བཀའ་གདམས་པའི་ལམ་རིམ་ དང། དབང་གི་ལག་ལེན། ནཱ་རོ་པའི་བཞི་ཆོས་རྩ་འགྲེལ། ནཱ་རོ་ ཆོས་དྲུག་ཟབ་མོ་བླ་མའི་རྗེས་གནང། བཀའ་བརྒྱུད་གོང་མ་རྣམས་ ཀྱི་རྣམ་ཐར། བཀའ་བརྒྱུད་སྙན་བརྒྱུད། གསང་འདུས་ཀྱི་སྦྱོར་ དྲུག་ཕྱག་རྒྱ་ཆེན་པོ་བཅས་ལ་གསན་སྦྱོང་ཕུལ་དུ་ཕྱིན་པ་མཛད་ཅིང་ སྒྲུབ་པ་ཉམས་ལེན་ཡང་དེ་ལས་ལྷག་པར་མཛད། རབ་བྱུང་ལྔ་པའི་ ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་གཡའ་བཟང་དགོན་པའི་གདན་ སར་ཕེབས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འཆད་ཉན་ དང་སྒོམ་སྒྲུབ་ཀྱི་བྱ་བ་གཉིས་ཀ་དམ་བཟུང་མཛད་ནས་བཤད་སྒྲུབ་ཀྱི་ བསྟན་པ་དར་ཞིང་རྒྱས་པར་མཛད། འདུལ་ཁྲིམས་གཙང་ཀུན་སྤྱོད་ ལེགས་པས་ཀུན་གྱིས་གཙུག་ཏུ་བཀུར། ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་དུ་ གདན་སར་བཞུགས་ཏེ་དགོན་སྡེ་གཉིས་ཀའི་མངའ་ཐང་ཤིན་ཏུ་དར་ བར་མཛད། རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་གདན་ས་ལྷ་གྲགས་འོད་པ་ལ་གཏད་ནས་སྒོམ་སྒྲུབ་ཁོ་ན་མཛད་ ནས་དུས་འདའ་བར་མཛད། ཁོང་ནི་གཡའ་བཟང་དགོན་པའི་གདན་ རབས་དྲུག་པ་ཡིན།། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་ལྷོ་ཁ་ཆང་ ཁྱིམ་ཡིན། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ནོར་ [112] ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་ དང་རིག་གནས་ཆུང་བ་རྣམས་ལ་རིམ་གྱིས་སྦྱངས་པ་དང། ཁྱད་པར་ དུ་ལྷོ་བྲག་སྨན་པའི་དྲུང་ནས་གསོ་རིག་རྒྱུད་བཞི་ལ་ཐོས་བསམ་མཛད་ ཅིང་སྨན་པ་མཁས་པར་གྱུར། ལྷོ་བྲག་རྫོང་གི་རྫོང་དཔོན་དང་ བཀྲས་ཁང་མཚན་ཐོག་ས་གནས་སྲིད་གཞུང་གི་རྩེ་དྲུང་དཀྱུས་མ། རྩེ་ མགྲོན་བཅས་ཀྱི་གོ་གནས་བཞེས། དེ་ནས་ལྷ་སར་ཕེབས་ཏེ་རབ་བྱུང་ བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་ཐུབ་བསྟན་རྒྱ་ མཚོས་བླ་སྨན་བགྲེས་པར་བསྐོ་བཞག་གནང་སྟེ་སྨན་པ་མང་པོ་གསོ་ སྐྱོང་མཛད་བཅུག་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་བཅར་བླ་སྨན་མཛད་དེ་ པེ་ཅིན་དུ་ཕེབས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་བཅར་བླ་སྨན་མཛད་དེ་རྒྱ་གར་དུ་ ཕེབས། དེ་ནས་རྒྱལ་བ་རིན་པོ་ཆེས་བླ་སྨན་སྤྱི་ཁྱབ་མཁན་པོའི་གོ་ས་ གནང། རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྨན་རྩིས་ཁང་གསར་འཛུགས་མཛད་པའི་ཐུགས་འགན་བཞེས་ ལྕགས་རི་གྲྭ་ཚང་དུ་སྨན་བླ་ལོངས་སྐུ་ཐོག་བརྩེགས་གཅིག་གི་སྐུ་བརྙན་ གསར་བཞེངས་མཛད་ནས་སྐུ་ཚེ་མཐར་འཁྱོལ་བ་ཡིན། ཁོང་གི་ མཚན་གཞན་ལ་དངོས་གཞི་བ་བྱམས་པ་ཐུབ་དབང་ཞེས་ཞུའོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་དབུས་སྟོད་དགེ་འདུན་སྙན་གྲགས་དང་ ལྷོ་ཁ་ལྷུན་གྲུབ་གྲགས་པ། འཕན་པོ་ངག་དབང་ཆོས་འབྱོར། རྩེད་ ཐང་མཁྱེན་རབ་ནོར་བུ། རྩེད་ཐང་བསྟན་པ་ཡར་འཕེལ། དབུས་ [113] ཉག་རོང་ཤར་རྒན་རིག་འཛིན་ལྷུན་གྲུབ་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་ ནོར།། རྐ་ཕུག་བློ་བཟང་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་གདོང་སྣར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་རྐ་ཕུག་སྒོམ་ཆུང་བའི་སྤྲུལ་སྐུར་ངོས་བཟུང་ཞིང་ལྷ་རི་བློ་ བཟང་འབྱུང་གནས་ལས་རབ་བྱུང་བསྒྲུབས། དགུང་ལོ་བཅོ་ལྔ་པར་ བྱ་ཁྱུང་དགོན་དུ་ཕེབས་ནས་ཆོས་གྲྭར་ཞུགས་ཤིང་བདེ་ཁང་བའི་ མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་བདུན་པར་ དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ ཏེ་དཔོན་སློབ་དགེ་འདུན་བདེ་ཆེན་དྲུང་ནས་བསྙེན་པར་རྫོགས་ དགུང་ལོ་ཉེར་བརྒྱད་པར་རང་དགོན་བྱ་ཁྱུང་དུ་ཕྱིར་ཕེབས་ནས་ལྷ་རི་ བློ་བཟང་འབྱུང་གནས་དང། བདེ་ཁང་ཚང། རྩ་བ་བློ་བཟང་རྒྱལ་ མཚན། མདོ་བ་ངག་དབང་དོན་གྲུབ། ཀུན་མཁྱེན་བཇམ་དབྱངས་ བཞད་པ། གཡེར་གཤོང་དགེ་འདུན་ཟླ་གྲགས། རྙེ་དཔོན་སློབ་བློ་ བཟང་ཆོས་ཀྱི་ཉི་མ་སོགས་དམ་པ་མང་དུ་བསྟེན་ཅིང་ཆོས་བཀའ་རྒྱ་ ཆེར་གསན་པས་མཁས་པ་ཆེན་པོར་གྱུར། དགུང་ལོ་བཞི་བཅུ་ཐམ་ པར་མགུར་རྣམ་རྒྱལ་གླིང་གི་གདན་ཁྲི་བསྐྱངས་ཤིང་བསྟན་འགྲོའི་དོན་ ཆེན་ལེགས་པར་བསྒྲུབས། དགུང་ལོ་ལྔ་བཅུ་ང་བཞི་པར་རྐ་ཕུག་རྫོང་ [114] ཚོགས་པ་བསྐྱངས། དགུང་ལོ་དྲུག་ཅུ་རེ་གཉིས་པར་བྱ་ཁྱུང་དགོན་ པའི་སྨན་པ་གྲྭ་ཚང་གི་ཁྲི་བ་སྐྱོང་མུར་རིང་བོ་མ་ལོན་པར་སྨན་པ་གྲྭ་ ཚང་དེ་ཉིད་དུས་འཁོར་གྲྭ་ཚང་དུ་བསྒྱུར་བས་ཕྱག་རྗེས་ཆེ། དགུང་ ལོ་དྲུག་ཅུ་རེ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ཁྱུང་ ཕྲུག་པའི་སྐབས་དང་པོ་ཤིང་དཔར་དུ་བརྐོས་ཤིང། ལྷ་ཁང་ཆེན་མོ་ ཞིག་གསོས་མཛད། ལོ་གཉིས་ཀྱི་མཚམས་ནས་ཁྲིའི་གནང་བ་ཞུས་ཤིང་ གསང་སྔགས་བསྟན་རྒྱས་གླིང་དང་གནམ་རྫོང་དགོན་སོགས་སུ་ཡང་ རྟེན་བཞེངས་རྒྱ་ཆེར་མཛད། ཁོང་གི་གསུང་རྩོམ་ནི་པོ་ཏི་གཉིས་ ཙམ་བཞུགས་པར་རྣམ་ཐར་དུ་གསལ། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་བྱ་ཁྱུང་དགོན་ པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་དགུ་པ་ཡིན་ནོ།། རྐང་ཆ་དཀོན་མཆོག་དོན་ཡོད།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དྭ་ནའི་མདོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་ པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཡབ་རྗེ་དཧྭ་ཛ་ལས་རབ་བྱུང་ ཞུས། དེ་ནས་ཆོས་གྲྭར་ཞུགས་ཤིང་རྡོ་རམས་པ་འཇམ་དབྱངས་དགེ་ རྒན་དུ་བསྟེན་ཏེ་བསྡུས་གྲྭ་ནས་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ ཏན་དུ་མཛད་པས་སྨོན་ལམ་འབྱམས་པ་དང་རྡོ་རམས་པའི་མཚན་ [115] གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་ རྫོགས་ཤིང་ཐུན་དྲུག་རྣལ་འབྱོར་གྱི་ཁྲིད་གསན་པ་ནས་ཆག་མེད་ བསྐྱངས། རྒྱུད་པ་གྲྭ་ཚང་ལ་ཞུགས་ནས་སྔགས་གཞུང་དང་ཆོ་ག་ཕྱག་ ལེན་རྣམས་ལ་ལེགས་པར་སྦྱངས། དགོན་གསར་རབ་རྒྱས་གླིང་གི་ཁྲི་ ལ་བཞུགས་ནས་ལོ་བཞིའི་རིང་དུ་འཆད་ཉན་བསྐྱངས། བྲག་དཀར་ ཁྲི་ལ་ལོ་གསུམ་གྱི་རིང་དུ་བཞུགས་ནས་རྒྱུད་ཀྱི་འཆད་ཉན་སྤེལ། ཤིང་ ལས་ཁའི་ཁྲི་ལ་ལོ་གཉིས་བཞུགས་པར་མཛད། ཆོས་འཁོར་སྒར་གསར་ དུ་བཞུགས་ནས་མཚན་ཉིད་གསར་བཙུགས་ལ་དཔེ་ཁྲིད་གནང། དེ་ ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ ལོ་ལྔའི་རིང་དུ་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་ཡར་ ལྡན་དུ་བསྐྱངས། དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ རབས་བཅུ་དགུ་པ་ཡིན་ནོ།། རྐྱང་མོ་ཁ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་དང་པོ་བདེ་བ་ ཅན་གྱི་དགེ་བཤེས་ཤིག་ཡིན། རྗེས་ནས་འབྲུག་པ་དགོན་དུ་ཆོས་རྗེ་ གཙང་པ་རྒྱ་རས་དང་ཞལ་མཇལ་ཞིང་དད་པ་དང་མོས་གུས་ཚད་མེད་ སྐྱེས། དེ་ནས་ཆོས་རྗེ་གཙང་པ་རྒྱ་རས་ལས་ཟབ་མོའི་གདམས་ངག་ མང་དུ་གསན་ཏེ་སྒོམ་སྒྲུབ་མཛད་པས་ཐུགས་དམ་ཁྱད་པར་ཅན་ འཁྲུངས། དུས་ཕྱིས་སུ་བུར་དུ་རྐྱང་མོ་ཁ་བཏབ་ཅིང་ཚོགས་པ་བསྐྱངས་ [116] འགྲོ་དོན་རྒྱ་ཆེན་པོ་མཛད་དོ།། སྐ་བ་དཔལ་བརྩེགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་དབུ་ རུ་འཕན་ཡུལ་དུ་སྐུ་འཁྲུངས་ཤིང། མཁན་པོ་བོ་དཧི་ས་དྭ་ལས་རབ་ཏུ་ བྱུང་ཞིང་ལོ་ཙཱ་བ་ལ་ཡང་མཁས་པར་བསླབས། སློབ་དཔོན་པདྨ་ འབྱུང་གནས་ལས་དབང་ལུང་མན་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ ལེན་ལ་བརྩོན་པ་མཛད་པས་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་ གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས་ཤིང་ སེམས་རྣམས་ཤེས། ཁོང་ནི་གྲུབ་ཐོབ་རྗེ་དང་ འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། པའི་བསྡུས་དོན། གཟུངས། བརྗོད་པ་ཤེས་ལྡན་གྱི་མདོ། རྗེ་རིགས་པ་མཆོག་གི་རྒྱུད་ཆེན་པོ། ལས་ རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་ རྒྱུད་ཀྱི་བསྡུས་དོན། ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན། [117] དཀར་མ།། སྐ་བ་བློན་མཚོ་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་ དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། སྐ་བ་ཤཱཀྱ་དབང་ཕྱུག་ཀུན་དགའ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་སྟོད་ ལུང་གླང་གྲོང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་ རྩིས་དང་རིག་གནས་ཆུང་བའི་སྐོར་ལ་སྦྱངས་པ་མཛད། དེ་ནས་ཕྲག་ དབོན་བསོད་ནམས་བཀྲ་ཤིས་དང། རྒྱ་མ་འཚོ་བྱེད་བསམ་གྲུབ་ མཆོག་ལྡན། བྱང་པའི་འཚོ་བྱེད་དཔལ་འབྱོར་བཀྲ་ཤིས། མངའ་ རིས་ཆོས་སྐྱོང་རྒྱལ་མཚན། རྒྱ་མ་འཚོ་བྱེད་དབང་ཕྱུག་བློ་གྲོས། སྨན་ པའི་རྒྱལ་པོ་དཀོན་མཆོག་དཔལ་བཟང། ཀོང་པོ་བླ་ཆེན་ནམ་མཁའ་ དཔལ་ལྡན་སོགས་དགེ་བའི་བཤེས་གཉེན་རྣམས་ལ་སྒོ་གསུམ་གུས་པས་ བསྟེན་ཏེ་དཔལ་ལྡན་རྒྱུད་བཞིའི་ཆ་ལག་དམར་ཁྲིད་དང་བཅས་པར་ [118] ནད་ལྡན་འགྲོ་བའི་སྡུག་བསྔལ་ཞི་བར་མཛད་དོ། ཁོང་གི་མཚན་ གཞན་ལ་འཚོ་སྨད་མཁན་ཆེན་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི་ འབུགས་ལེགས་བཤད་དངུལ་དཀར་མེ་ལོང་ བ་དཀའ་གནད་གསལ་སྒྲོན། བ། ཀུན་གྱི་སྙིང་པོ་བསྡུས་པ།། སྐ་ཡི་གཉགས་སྟོན་འཕེལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་པོ་དྲུག་ གི་ཡ་གྱལ་ཞིག་ཡིན་ནོ།། སྐམ་སྐམ་པ་སྐྱོ་སྟོན་བྱང་ཆུབ་རིན་ཆེན།། ཁོང་ནི་རབ་བྱུང་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་ལྔ་པ་རབ་བྱུང་གསུམ་པའི་ ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ ཤིང་ལོ་ངོ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས། སློབ་མ་མང་དུ་གསོ་ སྐྱོང་མཛད་ཅིང་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ ལོ་བདུན་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་རྒྱལ་ལྷ་ཁང་གི་གདན་རབས་བཅུ་གཉིས་པ་ཡིན་ནོ་ [119] སྐུ་ཨལ་བ་རིན་ཆེན་མགོན་པོ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོང་སྒང་གཡང་ཤེད་ལུང་པའི་མལ་ཞོལ་དུ་ཡབ་བན་བློན་མགོ་ཡགས་ དང། ཡུམ་ཇོ་ཟི་བཟའ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ གདུང་རུས་ཀླུ་དགེ་ཡིན། རབ་བྱུང་བཞི་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། དགུང་ལོ་བཅུ་གཅིག་པར་སྟག་ལུང་དུ་ ཕེབས་ཏེ། མཁན་པོ་སྤྱི་དཔོན་པ་དང། སློབ་དཔོན་འགོས་ལྷ་ ཁང་ལྷག་པ་གཉིས་ལས་རབ་ཏུ་བྱུང། མཁན་སློབ་གཉིས་དང་ནགས་ ལུང་པ་ལས་ཆོས་མང་དུ་གསན། དགུང་ལོ་བཅུ་གསུམ་པར་དབུས་སུ་ བྱོན། དེ་ནས་ཅུང་མ་འགོར་བར་སྟང་ལུང་རིན་པོ་ཆེ་དང་མཇལ་ཞིང་ གདམས་ངག་ཞུས་ཏེ་ལོ་བདུན་དུ་སྒྲུབ་པ་མཛད། དགུང་ལོ་བཅུ་དགུ་ པར་མཁན་པོ་གཙང་པ་དང། ལས་སློབ་སངས་རྒྱས་སྒོམ་པ། གསང་ སྟོན་སློབ་དཔོན་སངས་རྒྱས་རྣམས་ཀྱིས་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་ པ་བཞེས། སྟག་ལུང་རིན་པོ་ཆེ་སྐུ་གཤེགས་ཁར་ཕག་མོ་གྲུ་པའི་ཕྱག་ འཁར་དང་དཔེ་མཛོད་ཀྱི་ལྡེ་མིག་བཅས་ཁོང་ལ་གནང། དེ་ནས་སྟག་ ལུང་རིན་པོ་ཆེ་དང་སངས་རྒྱས་སྒོམ་པ་བཤེགས་པའི་བྱ་བ་རྒྱ་ཆེན་པོ་ མཛད། དགུང་ལོ་ཉི་ཤུ་ཐམས་པ་དགོན་པའི་གདན་སར་ཕེབས། སྐུ་འབུམ་ འབུམ་ཁང་དང། དངུལ་གྱི་གདུང་ཁང་ཁྲུ་གང་དང་མཐོ་གང་གཅིག་ དངུལ་གྱི་གདུང་ཁང་ཆེན་མོ། གསེར་སྲང་བཅུ་བདུན་ལས་གྲུབ་པའི་ ཕག་གྲུའི་སྐུ། སྟག་ལུང་རིན་པོ་ཆེའི་དངུལ་ལ་སྐུ་ཆེན་མོ་བཅས་ལེགས་ [120] དགུང་ལོ་སུམ་ཅུ་རྩ་བཞི་པ་རབ་བྱུང་བཞི་པའི་ཤིང་ཕོ་ སྤྲེལ་ལོ་སྤྱི་ལོ་་ལོར་མཆོད་ཁང་ཀ་བ་བརྒྱད་ཅུ་ཅན་གསར་ བཞེངས་མཛད། མཁན་སློབ་བསྐོས་ནས་རབ་བྱུང་སྒྲུབ་པ་དང་ ཆོས་སྒོ་འབྱེད་པ། ཉན་བཤད་སྒོམ་སྒྲུབ་བྱེད་དུ་བཅུག་ཁོང་ གིས་ཐོག་མར་ཚོགས་པ་སྐྱོང་སྐབས་གྲྭ་བ་བདུན་བརྒྱ་ཙམ་ལས་མེད་ ནའང། དེ་རྗེས་གྲྭ་པ་མང་དུ་འཕེལ་ནས་ཉིས་སྟོང་བརྒྱད་བརྒྱ་ཙམ་ བྱུང། དེ་ཡང་འཕེལ་ནས་སུམ་སྟོང་བདུན་བརྒྱར་གྱུར། སྐུ་གཤེགས་ ཁར་ལྔ་སྟོང་ཙམ་བྱུང། ཁོང་གིས་སྟག་ལུང་རིན་པོ་ཆེའི་རྣམ་ཐར་ ལྟར་འདུལ་ཁྲིམས་དང་བཤད་སྒྲུབ་ཀྱི་བསྟན་པ་ལེགས་པར་བཟུང་ནས་ དགོན་པའི་མངའ་ཐང་དང་མཆོད་གཞིས་སྡེ་ཁག་ཤིན་ཏུ་རྒྱས་པར་ གྱུར། ཁོང་ནི་སྟག་ལུང་དགོན་པའི་གདན་རབས་གཉིས་པ་ཡིན།། སྐེ་ཀྱཱ་བློ་བཟང་བསྟན་པའི་སྒྲོན་མེ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་དྲེད་ཁོག་ས་ཆར་ཡབ་སྒོ་མེ་ཆོས་འབྱོར་ དར་རྒྱས་དང། ཡུམ་ཁྲོ་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་ མི་གསལ། ཁོང་དགུང་ལོ་དྲུག་པར་གྲོ་ཚང་རྒྱུད་པ་ཚང་གིས་བརྟག་ པ་ལྟར་སྐུ་གོང་མ་བསོད་ནམས་བསྟན་པའི་ཉི་མའི་ཡང་སྲིད་དུ་ངོས་ འཛིན་མཛད་ཅིང་སྐུ་འབུམ་རང་སྒར་དུ་གདན་སར་བཀོད། དཔའ་ རིས་རབ་འབྱམས་པ་དཀོན་མཆོག་བསྟན་པ་སློབ་དཔོན་དུ་བསྟེན་ནས་ ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད་ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་དགེ་བསྙེན་དང་ [121] དགུང་ལོ་བཅུ་གཅིག་པར་ངོ་ ཤེས་ལྷ་རམས་པ་དོན་གྲུབ་ཆོས་གྲགས་ཡོངས་འཛིན་དུ་བསྟེན་ནས་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མའི་གཞུང་ ལུགས་ལ་ལུང་རིགས་བརྒལ་ལན་ལ་བརྟེན་པའི་གསན་སྦྱོང་ལེགས་པར་ གནང། སྐྱབས་རྗེ་ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་ མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཀུན་སྤངས་འདུལ་འཛིན་ ཆོས་རྗེ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་བཀའ་འགྱུར་ གྱི་བཀླག་ལུང་བཞེས། དགུང་ལོ་ཉེར་གཅིག་པ་རབ་བྱུང་བཅོ་ལྔ་པའི་ ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་གྱི་རིམ་པ་ ལ་འཛིན་སྐྱོང་སྤེལ་བའི་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་ཀྱང་ བསྟན་འགྲོའི་དོན་ཆེན་ཁོ་ན་འབད་ནས་དུས་འདའ་བར་མཛད། ཁོང་ ནི་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དྲུག་ཅུ་རེ་བཞི་པ་ཡིན་ནོ།། སྐེ་ཀྱཱ་ཞབས་དྲུང་བསོད་ནམས་བསྟན་པའི་ཉི་མ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མི་ཉག་ཚོ་བ་ ཡིན། རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་ མཛད། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ [122] དེ་ནས་ཐོར་གོད་ཕྱོགས་སུ་བྱོན་ཏེ་ཆོས་ཀྱི་ འཁོར་ལོ་རྒྱ་ཆེར་སྐོར། རབ་བྱུང་བཅོ་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དུས་དང་མཐུན་ པའི་སྐྱོང་ཁུར་གང་ལེགས་མཛད། ཁྲི་ཟུར་ནས་ཐུགས་དམ་ཉམས་ བཞེས་ཟབ་མོ་ལ་བརྩོན་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ཉེར་བརྒྱད་པ་དང་ རྒྱུད་པ་མཁན་པོའི་ཁྲི་རབས་ཞེ་དྲུག་པ། སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་དྲུག་ཅུ་རེ་གཉིས་པ་ཡིན།། སྐྱི་ཡེ་ཤེས་དབང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་ སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་ རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལསྲབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་ གིས་ཤངས་མཁར་ལུང་དང། གྱེ་རེ་གླང་ར་བཟུང་སྟེ་མུ་ཤངས་ཀྱི་རོ་ སྐམ་བརྩིགས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ནས་འདུལ་ བའི་བསྟན་པ་དར་བར་མཛད། ཆོས་རྒྱུད་དེ་ལས་གྱེས་པ་ལ་སྐྱི་ཚོ་སྟོད་ སྨད་བར་གསུམ་དུ་གྲགས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ [123]། སྐྱིད་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་ཉང་ སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང། ཡུམ་ སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང། ཡུམ་ ཅོག་རོ་བཟའ་མགོན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ ལུགས་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཡབ་མཆེད་སོ་སོར་གྱེས་ནས་ ཁོང་གིས་གཙང་ཕྱོགས་ཀྱི་བྱང་གི་མཛོད་གསུམ་ལ་དབང་མཛད་པ་ ནི། བྱང་གཡུ་མཚོ་སྔོན་མོ་ཚྭའི་མཛོད། བྱང་ཁ་སྣ་བརྒྱད་ཤའི་ མཛོད། གུ་ལང་གོ་པོ་གསེར་གྱི་མཛོད། པ་ཞེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ ཉིན་བྱེད། ཁོང་གིས་བཙུན་མོ་ཞིག་ཁབ་ཏུ་བཞེས་ ཏེ་རིགས་སྲས་དྲུག་འཁྲུངས་ཤིང། དེ་དག་གིས་བྱང་གི་འབྲོ་ཡུལ་དང། གཡས་རུ་རུ་ལག་མུས་པ། འཇད་པ། རྟ་ནག་སོགས་ཀྱི་ ཡུལ་གྲུ་རྣམས་བཟུང་ནས་ཆབ་སྲིད་བསྐྱངས་སོ། ཁོང་ནི་བོད་ཀྱི་ལོ་ རྒྱུས་ཐོག་ཏུ་གྲགས་པའི་སྨད་ཀྱི་ལྡེ་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ནོ།། སྐྱིད་ལྡེ་ཉི་མ་མགོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་གཙང་ གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་ འཁོར་བཙན་དང། ཡུམ་སྣ་ནམ་བཟའ་ལེགས་བཙུན་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། ཁོང་གི་ཡབ་དཔལ་འཁོར་བཙན་བོད་ལུགས་ཆུ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྟག་རྩེ་སྙགས་ཀྱིས་བཀྲོངས་རྗེས་མངའ་ [124] རྣམས་འཕྲོགས་པས་ཁོང་ཉིད་སྟོད་མངའ་རིས་ཕྱོགས་སུ་ཕེབས་ཏེ་བོད་ ལུགས་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ར་ལ་ཁ་དམར་བརྩིགས་པ་ དང། དེའི་ཕྱི་ལོ་སྟེ་སྤྱི་ལོ་་ལོར་རྩེ་ཐོ་རྒྱ་རི་བརྩིགས་ནས་དམ་ ལག་གི་གཞུང་རྣམས་ལ་ཡུལ་དང་གྲོང་ཁྱེར་མང་པོ་གསར་དུ་འཛུགས་ པ་དང། དེ་ནས་མངའ་རིས་སྐོར་གསུམ་དབང་དུ་བསྡུས་ཏེ་མངའ་ རིས་ཀྱི་རྒྱལ་པོ་མཛད་ཅིང། པུ་རངས་སུ་སྐུ་མཁར་ཉི་གཟུངས་ཞེས་ བྱ་བ་བརྩིགས་ཏེ་མངའ་རིས་རྒྱལ་རབས་ཀྱི་ལྟེ་བར་གྱུར། མང་དཀར་ དང་ཁྱུང་པོ་དཔལ་ལྡན་གྲུབ། ཞང་པ་ཚབ་རིན་ཆེན་ལྡེ། ཅོག་རོ་ ལེགས་སྒྲ་ལྷ་ལེགས་སོགས་ཀྱིས་བློན་པོ་མཛད་ཅིང། བཙུན་མོ་པ་ཚབ་ མ་དང། ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཁབ་ཏུ་བཞེས་ཏེ་རིགས་ སྲས་དཔལ་གྱི་རིག་པ་མགོན་དང། བཀྲ་ཤིས་ལྡེ་མགོན། ལྡེ་གཙུག་ མགོན་གསུམ་རིམ་བཞིན་སྐུ་འཁྲུངས། སྐུ་མཁར་ཉི་གཟུངས་གྲུབ་ པའི་ཞལ་སྤྲོའི་སྐབས་སུ་སེམས་ཅན་སྤྱི་མཐུན་ལས་ལ་ལེགས་གྲུབ་པ་ ཉི་མ་ཞེས་བྱ་དེ་ཡི་གྲོགས་སུ་ནི། པུ་རངས་ཞེས་བྱར་བོད་ཀྱི་རྒྱལ་ ཁབ་བྱུང། སངས་རྒྱས་བསྟན་པའི་ཉི་མ་དེང་འདིར་ཤར། ཀ་ཐོགྲིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ། ཞེས་པའི་ནང་དུ་ འཁོད་འདུག་གོ་ སྐྱིད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང།། ཁོང་ནི་འཇམ་དབྱངས་ཀུན་དགའ་ཆོས་བཟང་དང་མི་གཅིག་ [125]། སྐྱིད་ཤོད་པ་དགའ་ལྡན་ཐའི་ཇི།། ཁོང་ནི་སྟག་རྩེ་ལྷ་རྒྱལ་རབ་བརྟན་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ།། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ གྱི་སྐབས་སུ་རྒྱལ་དབང་ལྔ་བ་ཆེན་པོ་དང། པཎ་ཆེན་སྐུ་ཕྲེང་བཞི་ པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་ཡིན། དབུས་དང་གཙང་ སོག་བཅས་སུ་ཕེབས་མྱོང་ཞིང། ཁོང་ནམ་འདས་པའི་སྐོར་ལ་ གསུང་འབུམ་ཁྲོད་ཀྱི་ དེའི་པར་བྱང་དུ་ས་ལུག་ལོ་ནས་སྐུ་གཤེགས་པའི་བར་ལོ་ངོ་བཅུ་བདུན་ སོང་ཞེས་པར་ལྟར་ན། རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་བའི་ལོ་སྟེ་ སྤྱི་ལོ་་ལོར་འདས་པར་མངོན་ནོ། ཁོང་གི་གསུང་རྩོམ་ནི་ ཏི་བསེ་རུ། ནང་དོན་ཕལ་མོ་ཆེ་གསང་སྔགས་སྐོར་ཡིན་པ་ དང། པོད་དེའི་ནང་དུ་བརྩམས་ཆོས་ཀ་ནས་ཨཱི་བར་སུམ་ཅུ་དང་ དཀར་ཆག་བསྣན་པས་སྣེ་གྲངས་སོ་གཅིག་བཞུགས་སོ།། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས་ ཁོང་གིས་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་ སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ [126] རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་ རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ མའི་ཊཱིཀྐ། གཙོ་བོ་རྣམ་གསུམ་གྱི་རྣམ་བཤད། སྟོབས་ཀྱི་འཁོར་ལོས་བསྒྱུར་བ། སོ་ལྔ་ཡི་དཔེར་བརྗོད་ཀྱི་ཚུལ་དུ་སངས་རྒྱས་སོ་ལྔ་ལ་བསྟོད་པ། སྒྲུབ་ཐབས་བསྡུས་པ། ཆོས་ཚན་སུམ་ཅུ་སོ་དགུ་ལོངས་པའི་བྲིས་མ་པོད་གཅིག་བཞུགས་སོ།། སྐྱིད་གཤོངས་པ་བློ་གྲོས་རྣམ་རྒྱལ།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་འདར་སྐྱིད་གཤོངས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཤིང་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅོ་བརྒྱད་ པར་མཉན་ཡོད་བྱ་རྒོད་གཤོངས་སུ་ཕེབས་ཏེ་ལྕགས་ཐང་རབ་འབྱམས་ པ་བྱམས་པ་བསོད་ནམས་ལ་བསྟེན་ནས་མདོ་ཕྱོགས་སྦྱངས། ཚར་ ཆེན་བློ་གསལ་རྒྱ་མཚོ་དང་ཇོ་ནང་ཀུན་དགའ་གྲོལ་མཆོག་གཉིས་ལས་ གསུང་ངག་སོགས་སྔགས་ཀྱི་ཟབ་དོན་བླངས། དགུང་ལོ་ཉི་ཤུ་རྩ་ལྔ་ པར་དཔལ་འཁོར་བདེ་ཆེན་དང། ཉེར་དྲུག་པར་ངམ་རིང་དུ་གྲྭ་ སྐོར་མཛད་པས་མཁས་པའི་སྙན་གྲགས་ཆེས་ཆེར་རྒྱས། དགུང་ལོ་ ཉེར་བདུན་པར་ཆོས་འཁོར་གླིང་གི་བཤད་གྲྭ་བཟུང་སྟེ་ལོ་བཅུའི་རིང་ དུ་འཆད་ཉན་མཛད། དགུང་ལོ་སོ་བརྒྱད་པར་མཉན་ཡོད་བྱ་རྒོད་ [127] ས་བསྐྱངས། དགུང་ལོ་ཞེ་བརྒྱད་པར་ངམ་རིམ་ཆོས་སྡེའི་དབུ་མཛད་ དང། ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་བསྐྱངས་ཏེ་ལོ་བདུན་གྱི་རིང་དུ་ འཆད་ཉན་མཛད། དགུང་ལོ་ལྔ་བཅུ་རྩ་ལྔ་པར་གཉག་ཕུར་ཕེབས་ཏེ་ སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པར་ཆོས་ རྒྱལ་ཀུན་དགའ་རིན་ཆེན་སྐུ་མཆེད་ཀྱིས་ངམ་རིང་གི་མཁན་པོར་ མངའ་གསོལ་ནས་ཟབ་རྒྱས་ཆོས་ཀྱི་འཁོར་བསྐོར་བཞིན་པར་དགུང་ལོ་ གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། སྐྱ་ར་ཚུལ་ཁྲིམས་འོད་ཟེར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ནས་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་ གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ རྒྱུད། རྒྱུད་པདྨ་དྲྭ་བ་ཅན། ལེའུ་བཅུ་གཉིས་པ་བཅས་བཞུགས་སོ།། སྐྱེས་མཆོག་བསམ་གཏན་དཔལ་བ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཡར་འབྲོག་བྲང་མདའ་ལ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དང་པོར་རབ་ཏུ་བྱུང་ནས་ [128] དེ་ནས་འཕན་ཡུལ་དུ་ཕེབས་ཤིང་རྒྱ་བྲག་ ཆོས་རྗེ་ཡེ་ཤེས་གཞོན་ནུ་དང་མཇལ་བ་ཙམ་གྱིས་མོས་གུས་ཐུན་མོང་མ་ ཡིན་པ་སྐྱེས། དོན་བརྒྱུད་ཀྱི་ཁྲིད་རྣམས་ཞུས་ནས་རྟོགས་པ་ཕུན་སུན་ ཚོགས་པ་སྐྱེས། བླ་མ་ལ་ཡང་སངས་རྒྱས་སུ་མཐོང། དེ་ནས་དཀའ་ བ་མང་པོ་སྤྱད་མ་དགོས་པར་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ་ གང་དང་གང་དུ་བྱོན་པ་དེ་དང་དེ་ཐམས་ཅད་དུ་གདུལ་བྱའི་འུར་ ལངས། ཟས་ནོར་གྱི་དཔུང་འདུས། ཙ་རིང་བྱོན་པས་ཀྱང་དག་ པའི་སྣང་བ་མཐའ་ཡས་པ་གཟིགས། དབེན་གནས་གང་དང་གང་དུ་ བཞུགས་པ་ཐམས་ཅད་དུ་ཟབ་མོའི་ཁྲིད་ཀྱིས་བསྐྱངས། དུས་ཕྱིས་སུ་ ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་ཉིན་གཅིག་ལ་གསར་ འདེབས་མཛད་ཅིང་རྟོགས་ལྡན་ཕོ་མོ་བགྲང་གིས་མི་ལངས་པ་འདུས་ རིའི་རྩ་བ་ཐམས་ཅད་དུ་སྤྱིལ་བོས་བཀང། ནོར་ལོངས་སྤྱོད་ལ་ཕྱག་ ཏུ་མི་འོང་བྱ་བ་མེད་ཀྱང་ཁབ་དང་སྐུད་པ་ཙམ་ཡང་བདག་ཏུ་མི་ འཛིན། དཔོན་སློབ་ཐམས་ཅད་བསོད་སྙོམས་ཀྱིས་འཚོ་བ་མ་གཏོགས་ དགོན་པའི་གཞི་རྐྱེན་དུ་ཞིང་ཕྱར་བ་ཙམ་ཡང་མི་འཛིན། ཆོས་ལུགས་ གང་ལ་ཡང་ཚིག་གཅིག་ཀྱང་མི་སྨོད། ཕྲད་པའི་སྐྱེ་བོ་རབ་ཏུ་བྱུང་བ་ ལྟ་ཞོག་ཁྱིམ་པ་ལ་ཡང་དག་སྣང་སྒོམ་པའོ། དེ་ནས་བསྟན་འགྲོའི་ དོན་ཆེན་རྣམས་ལེགས་པར་གྲུབ་ཅིང་དགུང་ལོ་བདུན་ཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ གུ་རུ་དཀོན་མཆོག་གཞོན་ནུ་དང། ཆོས་རྗེ་འཕེལ་གཡག་པ་བསམ་ གཏན་ལྷུན་གྲུབ་བཅས་ཡིན་ནོ།། [129] སྐྱེམ་པ་ཚེ་དབང།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ཐ་སྙད་ རིག་གནས་ཀྱི་སྐོར་ལ་སློབ་གཉེར་དོན་དང་ལྡན་པ་མཛད། དེ་ནས་ སྐྱེམ་པ་ཚེ་འབུམ་རྡོ་རྗེའི་ཞབས་ལ་གཏུགས་ཏེ་གསོ་བ་རིག་པའི་གཞུང་ ལུགས་རབ་འབྱམས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། རབ་བྱུང་ བརྒྱད་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོ་ནས་སྨན་གཞུང་གི་བསྟན་ ༈ ༈ དམ་པའི་གཞུང་ལུགས་དཔྱིད་ཀྱི་དཔལ། སྙིང་ལ་དྲན་པའི་དབྱར་གྱི་ ལང་ཚོ་མ། མ་བསྐུལ་བར་ཡང་ལེགས་བཤད་མེ་ཏོག་ཚལ། དོན་ བཟང་སྦྲང་རྩི་སྤེལ་འདི་སུ་ཡིས་བཟློག་ཅེས་གསུངས་སོ། །ཁོང་གི་ གསུང་རྩོམ་ནི་ དཔྱད་ཀྱི་སྤྱི་དོན་ལེགས་བཤད་འདོད་འཛོ། སྙིང་པོ་སྣང་བ། འགྲེལ་བ་ལག་ལེན་གསལ་བྱེད།། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ གཡས་རུའི་བྱང་གི་རྟ་ནག་ཡང་ཡུལ་དུ་སྐུ་འཁྲུངས། རབ་བྱུང་ལྔ་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། མཁན་པོ་མཆིམས་ ནམ་མཁའ་གྲགས་པའི་མདུན་ལས་བཀའ་གདམས་ཀྱི་གདམ་པ་མ་ལུས་ [130] འདི་བས་ཉི་མ་མིག་གིས་མ་མཐོང་བར་ལོ་ངོ་བཅུ་གཅིག་ གི་རིང་དུ་ཕྱག་ན་རྡོ་རྗེའི་བསྙེན་པ་མཛད་པས་མཐུ་སྟོབས་ཤིན་ཏུ་ཆེ་ བས་གཞན་གྱི་ནད་གདོན་སོགས་སེལ་བའི་ལོ་རྒྱུས་མང་དུ་མཆིས། བླ་ མ་འདི་ཕྱག་ན་རྡོ་རྗེ་དང། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་སྤྱན་ རས་གཟིགས། མཆིམས་ནམ་མཁའ་གྲགས་པ་འཇམ་པའི་དབྱངས་ ཏེ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ་གྲགས། ཁོང་གིས་ཕར་ ཕྱིན་གྱི་འགྲེལ་བ་ཞིག་ཀྱང་མཛད་ཅིང་སྣར་ཐང་གི་གཙུག་ལག་ཁང་ ཆེན་མོ་དང། ཕྱིའི་ལྕགས་རི་ཆེན་མོ་ཡང་བཞེངས། འབྲོམ་ཀུ་མ་ར་ མ་ཏི་དང། བཅོམ་ལྡན་རིག་པའི་རལ་གྲི་ཡང་ཁོང་གི་སློབ་མར་ གྱུར། སྣར་ཐང་གི་གདན་ས་ལོ་ངོ་བཅུ་གཉིས་རིང་དུ་མཛད། ཁོང་ གི་གདུང་རྟེན་ནི་ནུབ་ནས་བརྩིས་པའི་དྲུག་པ་ན་བཞུགས་སོ། ཁོང་ ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བརྒྱད་པ་ཡིན། ། སྐྱོ་ཤེས་རབ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་དབུས་གཙང་ གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་མཁས་གྲུབ་གཉིས་ལྡན་གྱི་སློབ་ དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་མང་ དུ་གསན། དེ་ནས་དོན་མོ་རིའི་གཙུག་ལག་ཁང་བཞེངས་ཏེ་འདུལ་ བའི་བསྟན་པ་སྤེལ་ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་སོ་ ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་ [131] ། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་དུའི་དུས་ནས་ ཞྭ་ལུ་དགོན་པའི་ཆོས་གྲྭར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ ཐོས་བསམ་མཛད། ལྷག་པར་དུ་ཞྭ་ལུ་ཆོས་སྐྱོང་བཟང་པོ་ ་ ་ ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ སྤྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། ལེགས་ སྦྱར་གྱི་སྐད་ཡིག་ལ་ཡང་ནང་བྱན་ཚུད་པ་མཛད་དེ་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། རབ་བྱུང་དགུ་པའི་མེ་ཕོ་ སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ བརྩམས། ཁོང་གི་གསུང་རྩོམ་ནི་ དང། བསྒྱུར་རྩོམ་ནི་ འགྲེལ་བ། ། སྐྱོབ་པ་དཔལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་རྒྱ་གཞུང་དང་ [132] བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ པའི་ཐིག་ལེ། སོ། ། སྐྱོར་མོ་ལུང་བ་འཇམ་དབྱངས་རྒྱལ་མཚན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རབ་བྱུང་ བཅུ་གཉིས་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་ གདན་སའི་ཁྲི་ཆེན་ལ་བཞུགས་ཤིང་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ ཏེ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་དུ་ གོང་མའི་བཀའ་བཞིན་ཞལ་གྱི་དཀྱིལ་འཁོར་རྣམ་པར་བསྒྱུར་ཞིང་ལོ་ ལྔའི་རིང་དུ་བཞུགས་པ་མཛད། རབ་བྱུང་བཅུ་གཉིས་པའི་མེ་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ བཞུགས་པའི་ལྷ་ཁང་གསར་བསྐྲུན་མཛད། དེ་ལ་རྒྱལ་དབང་ཉིད་ཀྱིས་ བཀྲ་ཤིས་ཀྱི་མེ་ཏོག་གཏོར་ཏེ་ཡེ་ཤེས་པ་དངོས་སུ་ཕབ་པ་དེ་ལ་དེང་ སང་ཞབས་བརྟན་ལྷ་ཁང་དུ་གྲགས་པ་དེའོ། ཁོང་ནི་སྐུ་འབུམ་དགོན་ གྱི་གདན་སའི་ཁྲི་ཆེན་བཅུ་དགུ་པ་ཡིན་ནོ། ། [133] ཁ་གྱ་དཀོན་མཆོག་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་དུའི་དུས་ནས་ཁ་གྱ་དགོན་དུ་མཚན་ཉིད་ཀྱི་ཆོས་ གྲྭར་ཅུང་ཟད་ཕེབས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲོས་སྟབས་ སུ་བྱོན། དགུང་ལོ་ཞེ་བཞི་བར་དུ་བཀྲ་ཤིས་འཁྱིལ་ནས་གཡེང་བ་ ཅུང་ཟད་མེད་པར་བཀའ་པོད་ལྔའི་གཞུང་ལ་སློབ་གཉེར་ནན་ཏན་དུ་ ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར་ཞིང་རྡོ་རམས་པའི་མཚན་ བཏགས་བཞེས། ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་ཕྱིར་ དབུས་གཙང་དུ་ཕེབས་ཏེ་ལོ་གསུམ་ཙམ་བཞུགས་ཤིང་ཀློང་རྡོལ་བླ་མ་ སོགས་ལས་བཀའ་ཆོས་ཅི་རིགས་གསན། དེ་ནས་ཕྱིར་བླ་བྲང་དུ་ ཕེབས་ཤིང་རྒྱུད་གྲྭར་ལོ་གསུམ་འགྲིམ་ཞིང་སྔགས་ཀྱི་དམ་བཅའ་ལེགས་ པར་ཐོན། བྱ་ཁྱུང་དང་སྐུ་འབུམ་སོགས་སུ་འགྲིམས་ནས་དམ་བཅའ་ བཞག་དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོར་བླ་བྲང་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ལ་དོ་དམ་གང་ [134] འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་ངོ་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ བཅུ་བ་ཡིན་ནོ། ། ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཤར་རྒྱུད་གྲོ་ཆེན་གྱི་ཡུལ་དུ་ཡབ་ཚེ་རིང་དོན་ གྲོབ་དང། ཡུམ་ཀླུ་མོ་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་ཁྱ་དགེ་བློ་གྲོས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་ བསྒྲུབས། དེ་རྗེས་ཁྱ་དགེ་བློ་གྲོས་བསོད་ནམས་ཀྱི་དྲུང་ནས་རབ་ བྱུང་བསྒྲུབས། མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། དགུང་ ལོ་ཉེར་གཅིག་པར་སློབ་དཔོན་བརྩོན་འགྲུབ་བཟང་པོའི་དྲུང་ནས་ དགེ་ཚུལ་དང། དགེ་སློང་གི་སྡོམ་པ་བཞེས། དཀའ་སྤྱད་ཀྱིས་ ཉམས་ལེན་དང་ཆོས་འཆད་དབང་ལུང་གནང་བ་སོགས་ཀྱིས་དུས་ འདའ་བར་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི་ གླིང་གི་བཅའ་ཡིག། མའི་མངོན་རྟོགས། དཔའ་བོ་གཅིག་པའི་སྒྲུབ་ཐབས། གྱི་སྒྲུབ་ཐབས། ལོངས་པའི་པོ་ཏི་གཅིག་བཞུགས་སོ། ། [135] ཁ་མང་ཆོས་འཕེལ་དོན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ ཁ་མང་ལ་སྐུ་འཁྲུངས། ཁོང་གིས་ཀུན་མཁྱེན་འཇིགས་མེད་དབང་ པོ་ ་ དང། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གསེར་ ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་ཐོས་བསམ་ལེགས་པར་གནང་ཞིང་མཁས་ པ་ཆེན་པོར་གྱུར། རབ་བྱུང་བཅུ་བཞི་པའི་བགྲང་ཉ་ཉེར་བརྒྱད་པ་ ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ ལ་བཞུགས་ནས་ལོ་ངོ་དྲུག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་གདན་ས་ ལེགས་པར་བསྐྱངས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ རབས་དྲུག་ཅུ་རེ་གཅིག་པ་ཡིན་ནོ། ། ཁ་མང་བུ་རྒྱུད་སྐལ་བཟང་ལེགས་བཤད།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཀ་མདོར་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་གཞོན་ནུའི་དུས་སུ་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ ཏེ་བསྡུས་གཞུང་དང་རིག་གནས་ཆུང་བ་རྣམས་ལ་སྦྱངས་པར་མཛད་ དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་མཁས་པ་ཆེན་པོར་གྱུར། དགུང་ལོ་བཞི་བཅུ་ཞེ་དགུ་ པར་རང་དགོན་བྱ་ཁྱུང་དུ་ཕེབས། དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་ བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ [136] གཉིས་ཀྱིས་གདན་ས་ལེགས་པར་བསྐྱངས། ཁོང་ནི་བྱ་ཁྱུང་དགོན་ པའི་གདན་སའི་མཁན་རབས་དྲུག་ཅུ་རེ་བཞི་པ་ཡིན་ནོ། ། ཁ་རག་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྤྱན་སྔ་གྲས་པ་བྱང་ཆུབ་ཀྱི་གསོལ་ཇ་བ་ཡང་ མཛད། སྤྱན་སྔ་ཀུན་སྤངས་པའི་དུས་སུ་ཇ་དཔོན་མཛད་པའི་སྐབས་ སུ་ཆུ་བར་དུ་བྲོས་ནས་ཐུགས་དམ་མཛད། དཀའ་བཞི་པ་ནམ་མཁའ་ འོད་ཟེར་སོགས་དང་མཇལ་ནས་གདམས་པ་མང་དུ་ཞུས། རི་ཐེབས་ གཉིས་ཀྱི་བར་དུ་བཞུགས་ནས་ཕྱིར་བྱོན་ཏེ་དགོན་རིན་ཆེན་གླིང་དུ་ལོ་ སྐོར་གཅིག་ཙམ་བཞུགས། དེའི་སྐབས་སུ་རྟོགས་པ་ཁྱད་པར་ཅན་ འཁྲུངས། དུས་ཕྱིས་སུ་ཁ་རག་ཏུ་ཡུན་རིང་དུ་བཞུགས་པས་ཁ་རག་ པ་ཞེས་གྲགས། དེ་ནས་གདན་ས་ཐེལ་དུ་ཕེབས་ཏེ་ཡུན་རིང་བཞུགས་ ནས་གཞན་དོན་ལེགས་པར་བསྐྱངས། དགུང་ལོ་བརྒྱད་ཅུ་གྱ་དྲུག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། ཁ་རག་པ་འདུལ་བ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ གྲ་ཡུལ་ལ་སྐུ་འཁྲུངས་པའི་བླ་མ་ཞང་གི་སློབ་མ་གཙོ་བོ་ཞིག་ཡིན་ ཁོང་རབ་བྱུང་གསུམ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བླ་མ་ཞང་ གི་སྤྱན་སྔར་ཚལ་དགོན་ཁྲ་མོར་བྱོན། ཆོས་ཐམས་ཅད་ཞུས་ཤིང་ཡུང་ [137] མཛད། རིའུ་ཆུང་གི་རྩེར་བླ་མ་ཞང་དང། མཁན་པོ་འབན་ཐང་པ་ དད་པའི་དགེ་འདུན་བཅུ་གསུམ་གྱི་སར་རབ་ཏུ་བྱུང་ཞིང་མཚན་ལ་ དགེ་སློང་དངོས་གྲུབ་བླ་མ་ཞེས་གསོལ། ཕྱིས་སུ་ཞང་རིན་པོ་ཆེས་ འདུལ་བ་འོད་དུ་གསོལ། རྟོགས་ལྡན་ཉག་པོ་སེང་གེ་ཡང་གྲགས། རབ་བྱུང་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཁ་རག་གི་ རི་གོན་གསར་འདེབས་མཛད། བླ་མ་ཞང་དང་མཐའ་བཞི་དོལ་དུ་ འཁྲུག་པ་ཆེན་པོ་བྱུང་བའི་དུས་སུ་ཁོང་ཡང་གཡུལ་དུ་ཕེབས་ནས་བླ་ མའི་ཐུགས་དགོངས་རྫོགས་པར་མཛད། ཁ་རག་གི་ཤར་དུ་བཀྲ་ཤིས་ ཀུན་དགའ་དང། ནུབ་ཏུ་གསལ་སྟེང། ཕུ་སྟོད་དུ་དོ་བོ་རི་ བྱང་དུ་ཁ་ལུང་བཅས་གསལ་འདེབས་མཛད་ཅིང་བཤད་སྒྲུབ་ཀྱི་ བསྟན་པ་སྤེལ། ཁོང་བཀྲ་ཤིས་ཀུན་དགར་བཞུགས་དུས་བདེ་མཆོག་ དྲུག་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། དོ་བོ་རིར་བཞུགས་དུས་ཐོག་ བབས་བྱུང་བ་ཆོས་གོས་ཀྱི་མཐུ་བར་བཅུག་ནས་བྲག་ཁར་བསྐྱུར་བ་ལ་ སོགས་པའི་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མཛད། ཁོང་གི་གདུང་ བཞུ་བའི་སྐབས་སུ་ཆོས་གོས་དང་ཐུགས་ལྗགས་མ་ཚིགས་པ་ལ་སོགས་ པའི་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་ངོ། ། ཁ་བསོད་ནམས་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་དུ་ཁ་ ཤ་མཐིལ་གྱི་ཉེ་འདབས་པདྨོ་སྟེང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ ཆུང་ངུའི་དུས་སུ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ ་ [138] ལས་རབ་བྱུང་བསྒྲུབས། ཞྭ་དམར་ངག་དབང་བསྟན་ འཛིན་རྒྱ་མཚོ་ལས་སུམ་ཅུ་པ་དང། རྟགས་འཇུག་སྙན་ངག་སོགས་ གསན། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་ པར་མཛད་དེ་རང་དགོན་བྱ་ཁྱུང་དུ་ཕེབས། གཞན་ཡང་ར་ཚ་བློ་ བཟང་དཔལ་ལྡན་རྒྱ་མཚོ་དང། ཆེ་ཤོས་ངག་དབང་བཤད་སྒྲུབ་ བསྟན་པའི་ཉི་མ། སྒྲ་བ་བློ་བཟང་དབང་ཕྱུག་ཁྲེ་དམར་ཡེ་ཤེས་ བསྟན་འཛིན་སོགས་ལ་བསྟེན་ནས་ཆོས་བཀའ་མང་དུ་གསན། རབ་ བྱུང་བཅོ་ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཆུ་བཟང་བློ་བཟང་ ཐུབ་བསྟན་བཤད་སྒྲུབ་ཉི་མས་བྱ་ཁྱུང་དགོན་པའི་མཁན་ཁྲིར་བསྐོ་ བཞག་མཛད། དེ་ནས་ལོ་གསུམ་གྱི་རིང་དུ་ཆོས་སྲིད་གཉིས་ཀྱིས་ གདན་ས་བསྐྱངས། ཁོང་ཕྱག་བཟོ་ལ་ཤིན་ཏུ་མཁས་པས་ཆོས་རྒྱལ་གྱི་ འདྲ་འབག་དང། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྡེར་སྐུ་བཅས་ གསར་བཞེངས་གནང། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ རབས་བདུན་ཅུ་དོན་ལྔ་པ་ཡིན་ནོ། ། ཁང་ཆེན་བསོད་ནམས་རྒྱལ་པོ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མངའ་རིས་ སྐོར་གསུམ་ནས་ཡིན། རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ ལོ་་ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ལྷ་ལྡན་གཙུག་ལག་ ཁང་གི་ཚོམས་ཆེན་དུ་ང་ཕོད་རྡོ་རྗེ་རྒྱལ་པོ་དང། ལུམ་པ་བཀྲ་ཤིས་ རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ་གསུམ་གྱིས་བཀྲོངས། ཁོང་དགུང་ [139] སྦྱངས། དེ་ནས་སྐུ་ན་སོན་ཏེ་རྒྱལ་པོ་ལྷ་བཟང་ཧན་གྱིས་མངའ་རིས་ སྐོར་གསུམ་གྱི་གཙོ་བདག་ཏུ་བསྐོས། རབ་བྱུང་བཅུ་གཉིས་པའི་མེ་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཇུན་གར་ཚེ་རིང་དོན་གྲུབ་བོད་དུ་ཡོང་ ནས་འོས་མིན་གྱི་བྱ་སྤྱོད་སྤེལ་སྐབས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ དང། ལྷག་པར་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་ཆིན་གོང་མའི་དམག་དཔུང་དང་མཉམ་དུ་ཇུན་གར་ཚེ་རིང་དོན་གྲུབ་ལ་ངོ་རྒོལ་བྱས་པས་ཇུན་གར་བ་མཐའ་དག་བོད་ནས་ མཐར་བསྐྲད། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཆིན་གོང་མས་གཙོ་བདག་བཀའ་བློན་དུ་བསྐོ་བཞག་བྱས་ ཤིང་པི་སིའི་ཆོ་ལོ་དང་དའི་ཆིང་པ་དུར་ཞེས་སྒེར་ཐམ་གནང། དེ་ ནས་ལོ་ངོ་བདུན་གྱི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་སོ། ། ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་ཁམས་དཀར་མཛེས་ཀྱི་ས་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་གཞོན་དུས་ནས་དབུས་སུ་ཕེབས་ཏེ་འབྲས་ སྤུངས་བློ་གསལ་གླིང་གི་ཏྲེ་ སྤྲེ་ བོ་ཁང་ཚན་དུ་ཞུགས་ནས་སློབ་གཉེར་ མཛད། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་སུ་རྒྱུད་སྨད་མཁན་པོ་ མཛད། དེའི་ཕྱིར་མཁན་ཟུར་ཏྲེ་བོ་ཁང་གསར་བློ་བཟང་ཚུལ་ཁྲིམས་ བསྟན་པའི་རྒྱལ་མཚན་ཡང་ཟེར། ཁོང་གི་གསུང་རྩོམ་ནི་ཀ་ཁ་ག་ བཅས་པོ་ཏི་གསུམ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ་ [140] ཁམས་པ་ལྡི་རི་ཆོས་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་ནན་ཏན་ཞིག་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ སྦྱན་མའི་ངན་སོང་སྦྱོང་བའི་ཆོ་ག། རྗེས་མཛད་པ་བཞུགས་སོ། ། ཁམས་པ་བློ་གྲོས་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་གཉིས་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། སྤྱོད་པ། ། ཁམས་པ་དབུ་སེ།། ཁོང་ནི་ཀརྨ་པ་དུས་གསུམ་མཁྱེན་པའི་མཚན་གྱི་རྣམ་གྲངས་ [141]། ཁམས་པ་རོ་མཉམ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མགོ་ཙམ་དུ་ མདོ་ཁམས་སུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ གསང་བ་འདུས་པའི་རྒྱུད་ལ་མོས་པ་ཆེ་དྲག་པས་རྒྱ་གར་དུ་ཕེབས་ནས་ མངའ་བདག་མཻ་ཏྲི་ལས་གསན་འདོད་ཆེ་ཡང་སྐུ་གཤེགས་ནས་མ་ མཇལ། སློབ་དཔོན་གཞན་དག་བཙལ་ཡང་གསང་འདུས་གསན་ས་ མ་རྙེད། དེ་ནས་རྗེ་བཙུན་མར་པ་ལས་གསན་བསམ་མཛད་ནས་བོད་ དུ་ཕེབས་ཀྱང་རྗེ་བཙུན་མར་པ་སྐུ་གཤེགས་ནས་མཇལ་བའི་སྐལ་བས་ སྟོང། དེའི་སྐབས་སུ་བོད་དུ་གསང་འདུས་མར་ལུགས་ཀྱི་བརྒྱུད་པ་ འཛིན་པའི་སློབ་དཔོན་གྲགས་ཆེ་བ་མཚུར་སྟོན་དབང་གི་རྡོ་རྗེ་ཡིན་ པས། དེའི་ཞབས་ལ་གཏུགས་ཏེ་གསང་འདུས་ཀྱི་དབང་ལུང་ཁྲིད་ གསུམ་ལེགས་པར་གསན་ནས་མཁས་པ་ཆེན་པོ་གྱུར། ཉམས་སུ་བླངས་ ནས་སྒྲུབ་པ་མཛད་པས་གྲུབ་པ་ཆེན་པོ་ཐོབ། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་རྒྱལ་ལུང་ཕུ་བ་ཆེན་པོ་ཡིན། ཁོང་གི་གསུང་རྩོམ་ནི་ གི་ཊཱི་ཀ། པོ། ། ཁམས་ལུང་པ་རིན་ཆེན་སེང་གེ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ཉན་གྱི་ཀ་ཀ་བར་ཡབ་སྦས་རྣལ་འབྱོར་མགོན་པོ་དང། ཡུམ་ ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ [142] ཁོང་དགུང་ལོ་བཅུ་ གཉིས་པར་མཁན་པོ་གཞུང་བ་དང་སློབ་དཔོན་རག་མ་བ་གཉིས་ལས་ རབ་ཏུ་བྱུང། མཁན་སློབ་གཉིས་ལས་འདུལ་བ་ལ་སོགས་པའི་ཆོས་ སྐོར་མང་དུ་གསན། དགུང་ལོ་བཅུ་དགུ་པར་མཁན་པོ་སྐྱོར་མོ་ལུང་པ་ ཞིག་པོ་དང། སློབ་དཔོན་དཔལ་བ། གསང་སྟོན་སློབ་དཔོན་ དབང་བ་བཅས་ལས་བསྙེན་པར་རྫོགས་ཤིང་འདུལ་བ་མདོ་རྩ་ལ་ སོགས་པའི་ཆོས་དང་གདམས་ངག་མང་དུ་ཞུས། དེ་ནས་ཟེམ་རིན་པོ་ ཆེ་གྲགས་པ་སེང་གེའི་ཞབས་ལ་གཏུགས་ཏེ་གདམས་ངག་མ་ལུས་པ་ ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཁྱད་པར་ཅན་ འཁྲུངས་ཤིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་མངའ་བརྙེས། དགུང་ ལོ་ཉི་ཤུ་རྩ་ལྔ་པར་ཟེམ་རིན་པོ་ཆེ་སྐུ་གཤེགས། རབ་བྱུང་བཞི་པའི་མེ་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཡུལ་དགོན་གྱི་གདན་སར་ཕེབས་ ཤིང་ལོ་ངོ་ཉི་ཤུ་རྩ་བདུན་གྱི་རིང་དུ་དགེ་འདུན་མང་པོའི་ཚོགས་པ་ བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་རྩ་གཉིས་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་གྱི་ གདན་རབས་དྲུག་པ་ཡིན་ནོ། ། ཁར་པ་རྗེ་བློན་བཙན་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ [143] ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པས་དཔྱིས་ཕྱིན་པ་མཛད་ ནས་སྐུ་ཚེ་གང་བོར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་ འདའ་བར་མཛད། ཁོང་གིག་རུབ་མཐའ་ནི་རི་བོ་དགའ་ལྡན་པ་ཡིན་ ཁོང་གི་གསུང་རྩོམ་ནི་ ཐར་བའི་ཐེམ་སྐས། བཅོས་དགྲ་བོ་འཕྲང་སྒྲུག། པོད་གསུམ་དུ་བསྡུས་ནས་བཞུགས་སོ། ། ཁལ་ཁ་ངག་དབང་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་ མཚོ་ ་ དང། བ་སོ་ངག་དབང་ཆོས་ཀྱི་དབང་ ཕྱུག་ ་ རྣམ་གཉིས་དང་ཆོས་འབྲེལ་གསན་རེས་ [144] ། ཁོང་གི་གསུང་རྩོམ་ནི་ ཚུལ་བརྗེད་བྱང་དུ་བྱས་པ། གཞག། གཞག། བས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ། སྤང་བྱའི་གཙོ་བོ་ལྟུང་བ་སྡེ་ལྔའི་ནང་ནས་ཕམ་པའི་ལྟུང་བས་མ་གོས་ པར་བྱ་ཚུལ་བརྗེད་བྱང་དུ་བྱས་པ། གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ། སོ།། ཁལ་ཁ་ངག་དབང་དཔལ་ལྡན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་བཞི་བཅུར་ཕེབས་ པ་ན་མཚན་ཉིད་ཀྱི་གཞུང་ཆེན་མོའི་གྲུབ་མཐའ་ཆེན་པོའི་མཆན་ འགྲེལ་ཞིབ་ཕྲ་གསལ་བ་ཞིག་དབུ་བརྩམས་ནས་རི་པོ་རྩེ་ལྔར་མཇུག་ རྫོགས་པར་མཛད་ཅིང། དེ་རྗེས་ཁལ་ཁ་ཁུ་རེ་ཆེན་པོར་ཤིང་པར་དུ་ བསྐྲུན་འདུག་པ་དང། དེ་མིན་ཡང་རབ་བྱུང་བཅུ་བཞི་པའི་ས་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་མངོན་རྟོགས་རྒྱན་ཚིག་དོན་གྱི་འགྲེལ་པ་ བརྩམས་པར་མ་ཟད། པཎ་ཆེན་བསོད་ནམས་གྲགས་པས་བརྩམས་ པའི་འབྲས་སྤུངས་བློ་གསལ་གླིང་གི་མཚན་ཉིད་ཀྱི་ཡིག་ཆ་དང། ཀུན་ [145] གྲྭ་ཚང་གི་མཚན་ཉིད་ཀྱི་ཡིག་ཆ་རྣམས་ལ་ཞིབ་མོར་ཐུགས་དཔྱད་ མཛད་དོ། གོང་གསལ་འབྲས་སྤུངས་སྒོ་བློ་གྲྭ་ཚང་གཉིས་ཀྱི་དབུ་མ་ དང་ཕར་ཕྱིན་གཉིས་ཀྱི་ཡིག་ཆའི་བཤད་ཚུལ་བཀོད་པ་ དགའ་སྟོན། རིགས་རིག་གནས་ཕོ་བྲང་དུ་བཞུགས། ། ཁལ་ཁ་དམ་ཚིག་རྡོ་རྗེ།། ཁོང་ནི་གུང་ཐང་བསྟན་པའི་སྒྲོན་མེ་ ་ དང་དུས་མཉམ་ཡིན་པས་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་མི་ཡིན་ དགེ་ལྡན་རིང་ལུགས་པའི་གྲུབ་མཐའ་འཛིན་མཁན་ཡིན། བླ་བྲང་བཀྲ་ ཤིས་འཁྱིལ་གྱི་དཔེ་ཆ་སྤྱིའི་དཀར་ཆག་ལྟར་ན། ཀ་ནས་མའི་བར་པོ་ ཏི་བཅུ་དྲུག་ཡོད་པར་འཁོད་ཀྱང། ད་ལྟ་མི་རིགས་རིག་གནས་ཕོ་ བྲང་དུ་ཁ་ནས་བའི་བར་པོ་ཏི་བཅུ་བཞི་བཞུགས་སོ། །ཁོང་གི་གསུང་ རྩོམ་མང་ཤོས་ནི་ནང་དོན་རིག་པའི་སྐོར་ཡིན་ལ། ཁྱད་པར་དུ་གསང་ སྔགས་ཀྱི་སྐོར་ཤིན་ཏུ་མང་ངོ། ། ཁུ་དངོས་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྣགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། དེ་རྗེས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་གཉིས་ཀའི་ཆོས་ལ་སློབ་གཉེར་ལེགས་པར་ [146] ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ ནས་ བསྒྱུར་ཞིང། སླད་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ ་ ་ ཡིས་ཞུས་ཤིང་གཏན་ལ་ཕབ་ཅེས་འགྱུར་བྱང་དུ་འཁོད་ འདུག་ཁོང་གི་བསྒྱུར་རྩོམ་ནི་ པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་ པ། རྩི་འབྱུང་བའི་གཏོར་མའི་ཆོ་ག། འགྲེལ་པདྨ་ཅན། ། ཁུ་སྟག་ཚབ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང་སྐྱེ་འབྲས་བཟང་ བའི་ལས་དག་གི་མི་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཐོག་མར་ལྷོ་ངོས་ཨརྱ་པ་ ལོའི་གླིང་བརྩིགས་ཏེ་ཐོག་ཕུབ་པ་དང། དེའི་ནང་དུ་སངས་རྒྱས་ཀྱི་ སྐུ་བཞེངས་སྐབས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་ བཙན་ལ་ལྷ་རྒྱ་གར་དང་རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་ པས་མཁན་པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་ གར་ལུགས་སུ་གྱིས་གསུངས། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་ བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ཡིན་པས་ལྷ་ [147] འོ་ན་བོད་འབངས་ ཀུན་སྡུས་ཤིག་ལྷ་བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སྐུ་ བགྱིད་པའི་དཔེ་བོད་འབངས་ཚོགས་པ་ལས་དེའི་ནང་ནས་གཟུགས་ བཟང་བ་ཁུ་སྟག་ཚབ་ལ་དཔེ་བགྱིས་ཏེ་གཙོ་བོ་ཨརྱ་པ་ལོའི་ཁརྶ་པཱ་ཎི་ བཞེངས། ཞེས་ ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དང་རྔོག་ལེགས་པའི་ཤེས་རབ་དང་ འབྲེ་ཆེན་པོ་ཤེས་རབ་འབར་རྣམས་འགྲོགས་ནས་ཁམས་སུ་ཕེབས་ཏེ་ ཇོ་བོ་སེ་བཙུན་གྱི་ཞབས་ལ་གཏུགས་ཏེ་ཆོས་མང་དུ་གསན་པར་ མཛད། དེ་ནས་མཁས་པར་གྱུར་ཏེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་ གནས་མངའ་རིས་སུ་ཕེབས་པའི་ཕྱི་ལོ་ལ་དབུས་སུ་ཆིབས་བསྒྱུར་ མཛད། དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་གཏུགས་ཤིང་ གསན་པར་མཛད། དེ་ནས་ཐང་པོ་ཆེར་བྱོན་ཏེ་བཞུགས་པར་མཛད་ ཅིང་སློབ་མ་རྣམས་ལ་ཕར་ཕྱིན་གྱི་འཆད་ཉན་མཛད། གྲྭ་པ་ཡང་མང་ དུ་འདུས། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་གི་ཞབས་ལ་གཏུགས་ ཤིང་ཕར་ཕྱིན་ལེགས་པར་སྦྱངས་མཛད། དུས་ཕྱིས་སུ་ཁོང་དང་ཚད་ མ་རྙིང་པ་ལ་ཤིན་ཏུ་མཁས་པའི་ཁྱུང་པོ་གྲགས་སེ་གཉིས་ཀྱིས་པོ་ཏ་རི་ དང་དམར་པོ་རི་གཉིས་ལ་ཕེབས་ཏེ་འགྲན་བཤད་མཛད་ཟེར། དེ་ [148] དགུང་ལོ་དྲུག་ཅུ་ རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གིས་གདན་ས་ དཔོན་པོ་འབྱུང་གནས་རྒྱལ་མཚན་ལ་གཏད་པ་མཛད། ཁོང་ནི་ཁུ་ རྔོག་འབྲོམ་གསུམ་ཞེས་པའི་སྙན་གྲགས་ཆེ་བའི་ཁུ་སྟོན་བརྩོན་འགྲུས་ གཡུང་དྲུང་དེ་བ་ཡིན་ནོ། ། ཁུ་ཐོག་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་ ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ ཞིང། པའི་དགའ་སྟོན། ཁུ་མདོ་སྡེ་འབར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་ཤིང་ཤ་ར་བ་ཡོན་ཏན་གྲགས་ ་ དང་ དུས་མཉམ་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་ མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་ འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ [149] ཚིག་ལེའུ་བྱས་པ། ། ཁུ་ནེ་ཙོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་ སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་དང། ལེགས་སྦྱར་གྱི་ སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་བསྟན་བཅོས་གཅིག་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ནས་མཛད་པ་བཞུགས་སོ། ། ཁུ་མང་པོ་རྗེ་ལྷ་ཟུང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་དམག་དཔོན་དང། བོད་ལུགས་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བློན་པོ་ལྡེག་རེན་པ་མནོན་སྣང་གྲགས་དང། ཁེ་རྒད་མདོ་ སྣང་གཉིས་ཀྱིས་འགོ་འཛིན་བྱས་ནས་དུས་ཟིང་བསླངས་བ་དེ་ཁོང་ གིས་དྲག་གནོན་མཛད་ཅིང་དུས་བདེ་ཞོ་འཇགས་སུ་བཏང་ངོ། ལོ་ དེའི་དགུན་ཁར་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་པོ་ཁྲི་ལྡེ་གཙུགས་ [150] ཡུན་རིང་དུ་མ་འགོར་བར་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཕྲ་མ་ གསན་ནས་གླིང་རིང་ཚལ་དུ་ཁོང་ཉིད་ཁྲིམས་ལ་བཀྱོན་ཏོ།། ཁུ་མྱེ་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། ཁུ་ཡུག་བྱམས་པ་དར་རྒྱས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་དུ་ སྐྱོར་མོ་ལུང་ལ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རྭ་ སྟོད་དགོན་པའི་ཆོས་གྲྭར་ཞུགས་ཏེ་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་ གྱུར། རབ་བྱུང་བཅུ་གཅིག་པའི་ཐོག་མ་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོས་བྱ་ཁྱུང་དགོན་ནས་ དུས་འཁོར་དབང་ཆེན་དང། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་ དབང། སྔགས་རིམ་ཆེན་མོའི་ལུང་གནང་པའི་སྐབས་སུ་ཁུ་ཡུག་ [151] ལས་ཐོག་པ་ཡིན། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ རབས་བཅུ་པ་ཡིན་ནོ།། ཁུ་ཤེས་རབ་བརྩོན་འགྲུས།། ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་ཞབས་ལ་ གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དེ་ནས་འཆད་ཉན་མཛད་དེ་བསྟན་འཛིན་གྱི་བུ་སློབ་ མང་དུ་གསོ་སྐྱོང་མཛད། མཁས་པ་ཆེན་པོ་ཞང་གཡེ་པ་ཡང་ཁོང་ དང་དཀར་ཆུང་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་སློབ་མ་ཡིན། ཕར་ཕྱིན་གྱི་ ཊཱིཀྐ་ཡང་རྒྱས་འབྲིང་བསྡུས་གསུམ་དུ་མཛད། དེ་ནས་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་རྩ་དགུ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས་སོ།། ཁུའི་མང་སྒྲ་ལེགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཉན་གཟུངས་བཙན་གྱི་སྐུ་གཤེན་ནམ་སྐུ་ བོན་ཡིན་ནོ།། ཁུའི་མང་རྗེ་ལོད་པ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འབྲོང་གཉན་ལྡེའུ་སྐུ་གཤེན་ནམ་སྐུ་བོན་ [152]། ཁེ་རྒད་མདོ་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དེ་ནས་མུ་མཐུད་དེ་རྒྱལ་པོ་ཁྲི་ལྡེ་གཙུག་ བརྟན་མེས་ཨག་ཚོམ་ཅན་གྱི་བློན་པོ་མཛད་ཀྱང་རྒྱལ་པོ་དགུང་ལོ་ཆུང་ བའི་སྐབས་དང་བསྟུན་ཏེ་བོད་ལུགས་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྲིད་འགྱུར་གྱི་དུས་ཟིང་བསླངས་པའི་མགོ་བརྩམས་ཀྱང་རྒྱལ་ པོའི་ཆབ་སྲིད་ཀྱི་རོགས་སྐྱོང་པ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང་ བློན་པོ་ཁུ་མང་པོ་རྗེ་ལྷ་ཟུང་བཅས་མཉམ་འབྲེལ་མཛད་ནས་བོན་མོ་ན་ ལ་ཙེར་ཞེས་པའི་ས་ཁུལ་དུ་དྲག་པོ་གཡུལ་གྱིས་ཚར་བཅད་ཅིང་སྲིད་ འགྱུར་གྱི་དུས་ཟིང་ལྷིང་འཇགས་སུ་བཏང་ངོ།། ཁེར་གད་འཁོར་ལོ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་མཛད་ཅིང་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ལེགས་པར་སྦྱངས། དེ་ནས་ ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་ པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཉིས་ཀའི་གཞུང་ལ་ཐོས་ བསམ་ཕུལ་དུ་ཕྱིན་པ་མཛད་ཅིང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ [153] མཛད། ཁོང་གི་བསྒྱུར་རྩོམ་ནི་ ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད། ཉི་ཤུ་རྩ་ལྔ་པ་དང། འཁོར་ལོའི་རྩ་བའི་ལྟུང་བ། ཚིག། ། ཁེར་གད་ཡོན་ཏན་དཔལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ བསྟན་བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ བསྟོད་པ། བཅས་བཞུགས་སོ།། ཁོ་ཚེ་དཀོན་མཆོག་བསོད་ནམས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཨ་རིག་ཡུལ་དུ་ཡབ་ཆོས་གྲགས་དང། ཡུམ་ཀ་མེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ [154] ཁོང་དགུང་ལོ་བཅུ་ གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚེས་གྲྭ་ལ་ཞུགས་ ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ཕུལ་ དུ་ཕྱིན་པར་མཛད་པས་རྡོ་རམས་པའི་མཚན་བཏགས་བཞེས། བྱང་ རྒྱུད་ཀྱི་དགོན་སྡེ་རྣམས་ལ་འགྲིམས་ནས་མཚན་ཉིད་ཀྱི་དམ་བཅའ་ བཞག་པས་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་སྙན་གྲགས་ཐོབ། གྲྭ་ཚང་གི་ དགེ་བསྐོས་དང། བླ་མ་དབུ་མཛད། རྒྱུད་པའི་ཁྲི་བ་བཅས་ཀྱི་ འགན་ཁུར་བཞེས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ལྔའི་ རིང་དུ་གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་རྒྱུ་གཏོང་སྒོ་གང་ གི་ཐད་ནས་ཀྱང་ཡར་ལྡན་དུ་མཛད། སྐུ་གསུང་ཐུགས་རྟེན་ཡང་ མང་དུ་བཞེངས། ཁྲི་ཟུར་ནས་ཨ་མཆོག་དང་དགོན་གསར་རབ་རྒྱས་ གླིང་གི་ཁྲི་བ་མཛད་ཅིང་ཆོས་འཆད་ཉན་ཁོ་ནས་དུས་འདའ་བའོ་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་དྲུག་པ་ཡིན་ནོ། ། ཁྱ་དགེ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེ་སྨད་བསེ་ཚང་དུ་སྐུ་འཁྲུངས། འདས་ལོ་ མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་ཁྱ་དགེ་ འཇམ་དབྱངས་བསྟན་པ་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་ གདན་ས་བཀོད། རྩེ་དབུས་འཇམ་དབྱངས་བཤེས་གཉེན་ལས་རབ་ ཏུ་བྱུང། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་ [155] ཚད་མ་རྣམ་འགྲེལ། དབུ་མ་རིགས་ཚོགས། ཕར་ཕྱིན་ དོན་བདུན་ཅུ། འདུལ་བ་མདོ་རྩ། མཛོད་འགྲེལ་ཆེན་མོ་བཅས་ ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་མཁས་པའི་སྙན་གྲགས་རྒྱས་ གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་དབང་ལུང་ ཁྲིད་གསུམ་མང་དུ་ཞུས། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་ མེད་རྒྱ་མཚོ་ལས་ལམ་རིམ་ཆེན་མོ་དང། སྔགས་རིམ་ཆེན་མོ། ལེགས་ བཤད་གསེར་ཕྲེང། རིམ་ལྔ་གསལ་སྒྲོན་སོགས་ཟབ་རྒྱས་ཆོས་ཀྱི་མན་ ངག་མང་དུ་གསན། སྨད་ཕྱོགས་སུ་སྔ་ཕྱིར་ལན་དུ་མར་བྱོན་ནས་ གདུལ་བྱ་རྣམས་ཀྱི་འདོད་མོས་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ གཞི་བྱེས་ཀུན་ཏུ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་མང་དུ་སྤེལ་ རང་དགོན་ཆས་པ་ཀོང་བུ་ནང་དགའ་ལྡན་བཀྲ་ཤིས་བསམ་འགྲུབ་ གླིང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་སོ། དེ་ལྟར་བསྟན་ འགྲོའི་དོན་ཆེན་ཡར་ལྡན་དུ་བསྐྱངས་ནས་དགུང་ལོ་བདུན་ཅུའི་ནང་ ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། ཁྱ་དགེ་འཇམ་དབྱངས་བསྟན་པ་ཆོས་ལྡན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་འབྲིང་བའི་རིགས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་མ་ཕམ་གཡུ་མཚོར་ སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཆས་པ་བློ་བཟང་འཕྲིན་ལས་ ལས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་བསླབས། རྒྱ་མཁར་ བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་བྱུང་དང་དགེ་ཚུལ་ [156] བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་མདོ་སྔགས་ ཀྱི་གཞུང་ལ་སྦྱངས་པར་མཛད། གུར་ཡག་དཀའ་བཅུ་བ་ལས་སུམ་ རྟགས་དང། སྒྲ་རིག་པ། སྙན་ངག་སོགས་སྦྱངས་པས་མཁས་པར་ མཁྱེན། མཚན་སྒྲོགས་མཁན་པོ་བློ་བཟང་དར་རྒྱས་ལས་བསྙེན་པར་ རྫོགས། དགུང་ལོ་སུམ་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་ཀུན་མཁྱེན་འཇིགས་མེད་དབང་པོས་ཁྱ་དགེ་ དཔོན་སློབ་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་གདན་སར་བཀོད་ ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་གྱིས་གདན་འདྲེན་ཞུས་པའི་ ངོར་མདོ་སྨད་དུ་ལན་གཉིས་བྱོན། བཀའ་འགྱུར་བ་རབ་རྒྱས་ལས་ བཀའ་འགྱུར་གྱི་ལུང་གསན། དགུང་ལོ་སོ་བདུན་པར་དབུས་སུ་ བྱོན་ཏེ་གྲྭ་ས་ཁག་ལ་མང་འགྱེད་དང། གཙང་ཁུལ་གྱི་དགོན་སྡེ་ཁག་ ལ་མཆོད་འབུལ་མཛད། པཎ་ཆེན་བསྟན་པའི་ཉི་མ་མཇལ་ཞིང་ཆོས་ འབྲེལ་ཞུས། དེ་ནས་ས་སྐྱ་གོང་འོག་དང། གཉའ་ནང་འཕེལ་ རྒྱས་གླིང། མི་ལའི་སྒྲུབ་ཁང། བལ་ཡུལ་དུ་སློབ་དཔོན་དབྱིག་ གཉེན་གྱི་སྐུ་གདུང། མཆོད་རྟེན་བྱ་རུང་ཁ་ཤོར། བྱ་རྒོད་ཕུང་ པོའི་རི། སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་རྣམས་སུ་མཆོད་འབུལ་ ཐུགས་སྨོན་ནན་ཏན་དུ་མཛད། དགུང་ལོ་སོ་བརྒྱད་པར་མ་ཕ་མ་ གཡུ་མཚོར་སྐུ་གཤེགས།། ཁྱ་དགེ་བློ་བཟང་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་ཤུལ་རྙིང་བའི་ཁྲོད་དུ་སྐུ་འཁྲུངས། རབ་བྱུང་ [157] ཁོང་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་ཡིན་ཚུལ་སོགས་ཀྱི་ གསུང་བྱོན་ཡང་དཔོན་སློབ་དེ་ཉིད་ཀྱིས་སྤྲུལ་སྐུ་གདན་དྲངས་མི་ཆོག་ གསུངས་ཡོད་སྟབས་གདན་སར་མ་བཀོད། བླ་བྲང་བཀྲ་ཤིས་འཁྱིལ་ གྱི་ཆོས་གྲྭར་ཞུགས་ཏེ་ཐུགས་འཛིན་ཤིན་ཏུ་བཟང་བས་གུང་ཚིགས་ མང་ཇ་མ་འཚོགས་གོང་དུ་ཤོག་གུ་མདའ་ཚད་བཅོ་བརྒྱད་རེ་སྟར་ ཆགས་སུ་འཛིན་ཐུབ། ཀུན་མཁྱེན་འཇིགས་མེད་དབང་པོ་ལས་ཕར་ ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར་ཡོངས་རྫོགས་དང། དབུ་ མ་ལུང་རིགས་གཏེར་མཛོད་ཡོངས་རྫོགས། མཛོད་གནས་དང་པོ་ ནས་བརྒྱད་པའི་བར་ཡོངས་རྫོགས་བཅས་གསན་ཞིང་རྒྱུགས་ཕུལ། དེ་ ནས་གཙོས་རྒྱ་མཁར་སྒར་དང་ཨུརྒེ་གྲྭ་ཚང་གི་ཁྲི་ལ་བཞུགས་ཤིང་མདོ་ སྔགས་ཀྱི་འཆད་ཉན་སྤེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་ དཔོན་སློབ་ཀྱི་ཁྲི་ལ་ཕེབས་ནས་འཆད་ཉན་ཡུན་རིང་དུ་མཛད། ཁྲི་ ཟུར་ནས་ཆེར་མ་འགྱངས་པར་དགུང་ལོ་ཞེ་གཉིས་སྟེང་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་ འཁོར་དཔོན་སློབ་ཀྱི་ཁྲི་རབས་ལྔ་པ་ཡིན་ནོ།། ཁྱ་དགེ་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་འབྲུག་ལོ་སྟེ་ལོ་ ་ལོར་ཀན་སུའུ་ཞིང་ཆེན་གྱི་ཅོ་ནེའུ་ཁྱ་དགེ་ཡུལ་དུ་གདུང་རུས་ ཁྱུང་པོ་ལས་མཆེད་པའི་ཡབ་ཀླུ་འབུམ་ཡགས་དང། ཡུམ་ལྷ་མོ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ལྕགས་ [158] དགུང་ལོ་བདུན་པར་ ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱངས་ཏེ་སློབ་དཔོན་དོན་ཡོད་འབྱུང་ གནས་ཀྱི་དྲུང་དུ་སྨོན་ལམ་སྣ་ལྔ་དང་འཇམ་དཔལ་མཚན་བརྗོད་ བཅས་བློར་སྦྱངས་བྱས། དགུང་ལོ་བཅུ་གཅིག་པར་གོང་མ་ལུང་ རིགས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ མནོས། དེ་ནས་ལོ་འགའ་སོང་རྗེས་ཅོ་ནེའི་ཆོས་རྗེ་དང་ཁུ་བོ་ཤེས་ རབ་དོན་ཡོད་བཅས་དང་མཉམ་དུ་དབུས་སུ་ཕེབས། འབྲས་སྤུངས་ སྒོ་མང་གྲྭ་ཚང་དུ་ཞུགས། གུང་ཐང་སྐུ་ཐོག་དང་པོ་ཁྲི་ཆེན་དགེ་ འདུན་ཕུན་ཚོགས་དང་འཛིན་གྲྭ་གཅིག་ཡིན། ཚད་མ་དང་ཕར་ ཕྱིན། འདུལ་བ་དང་ལམ་རིམ་བཅས་དཔོན་སློབ་དོན་གྲུབ་རྒྱ་མཚོའི་ དྲུང་ནས་སྦྱངས་ཏེ་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད་པས་འཇམ་ དབྱངས་ཀ་བ་ཐོབ། དེ་ནས་ཁྲི་བློ་གྲོས་རྒྱ་མཚོ་དང། བཀའ་ འགྱུར་བ་སྦྱིན་པ་རྒྱ་མཚོ། ཆོས་རྗེ་བློ་བཟང་དར་རྒྱས། རྡོ་རྗེ་ འཆང་གཙང་པ་ངག་དབང་སྦྱིན་པ། མཁན་ཆེན་སྐྱོ་མོ་ལུང་པ་ འབྲུག་པ་དཔོན་སློབ་ངག་དབང་བློ་གྲོས། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་ པོ། དཔོན་སློབ་ངག་དབང་དོན་གྲུབ། ཚིས་ཁང་དགེ་བཤེས་ ཆོས་སྐྱོང་རྒྱ་མཚོ་སོགས་མཁས་གྲུབ་དུ་མ་ལས་ཟབ་ཆོས་དབང་པོར་ གསན། ཕ་བོང་ཁ་བ་མཁན་པོ་ངག་དབང་བསྟན་འཛིན་ལས་དགེ་ སློང་གི་སྡོམ་པ་མནོས། ཁྱད་པར་དུ་ཀུན་མཁྱེན་འཇམ་བཞད་ དམ་དབལ་ཤུལ་ངག་དབང་བརྩོན་འགྲུས་རྩ་བའི་བླ་མར་བསྟེན་པས་ ཁོང་ཉིད་དང་ཐང་སག་པ་དངོས་གྲུབ་རྒྱ་མཚོ། གྲུབ་དབང་འཇམ་ [159] མཁར་རྡོ་བཟོད་པ་རྒྱ་མཚོ་བཞི་ལ་སྲས་ཀྱི་ཐུ་བོ་ བཞིར་གྲགས། ཡང་ཁོང་ཉིད་དང་དཔོན་སློབ་གྲགས་པ་བཤད་སྒྲུབ་ སྟག་ཚང་དཔོན་སློབ་རྣམས་ལ་དཔོན་སློབ་རྣམ་གསུམ་ཟེར། དེ་ནས་ ཕ་ཡུལ་དུ་ཕེབས་ཏེ་རང་དགོན་ཁྱ་དགེ་ལེགས་བཤད་གླིང་དུ་འདུ་ཁང་ སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། བྱ་ཁྱུང་དགོན་དུ་དམ་ བཅའ་བཞག་ནས་དགོན་ལུང་དགོན་དང། ཆུ་བཟང། གསེར་ ཁོག་སྐུ་འབུམ་བཅས་སུ་ཞབས་ཀྱིས་བཅགས། དགུང་ལོ་མཐོན་ པོར་ཕེབས་དུས་རི་ཁྲོད་འགྲིམས། ཁོང་གི་གསུང་རྩོམ་ནི་རྣམ་ཐར་ དང། གསོལ་འདེབས། བསང་ཡིག་ཆོ་ག་ཕྱག་ལེན་སོགས་ བསྟན་བཅོས་བཅུ་དྲུག་ཡོད་པ་དེ་པོ་ཏི་གཅིག་ཏུ་བསྡུས་ཏེ་ཤིང་པར་དུ་ བསྟབ། ད་ལྟ་པོ་ཏི་གཅིག་དེ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་ འདུག་ ཁྱུང་བར་པ་བསོད་ནམས་རིན་ཆེན།། ཁོར་ནི་རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་མཆོད་གཞིས་ཞིང་སྐྱོང་ཁྱུང་ཐར་སྡེ་བར་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་དགུང་ལོ་གཞོན་ནུའི་སྐབས་སྐུ་འབུམ་དགོན་གྱི་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་རྣམ་འགྲེལ་ སོགས་ལ་སྦྱངས་པར་མཛད། དེ་ནས་དབུས་སུ་ཕེབས་ཤིང་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ དུ་མར་བསྟེན་ནས་མཚན་ཉིད་ཀྱི་དགོངས་དོན་མཐའ་དག་དཔྱིས་ཕྱིན་ པར་སྦྱངས། དེ་དུས་འགགས་ཤིང་རིན་ཆེན་ཞེས་མཁས་པའི་གྲགས་ [160] དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ ཆེན་རྒྱུད་སྡེ་ཀུན་ལ་གསན་སྦྱངས་ཚུལ་བཞིན་དུ་གནང་བས་སྔགས་ཀྱི་ དམ་བཅའ་དང་དགེ་བསྐོས་ཐོན་ཟིན་ཡང་རང་ཡུལ་དུ་ཕྱིར་ཕེབས་ རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཤིང་འཆད་ཉན་གྱི་བྱ་བ་ལེགས་ པར་བསྒྲུབ་སྟེ་རྒྱུད་པ་གླ་བྲང་ལྷས་སྐོར་གཅིག་གཟིམས་ཁང་དང་ བཅས་པར་གསར་བཞེངས་མཛད། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་ དབང་བློ་བཟང་རྒྱ་མཚོས་བཀའ་ཤོག་གནང། རབ་བྱུང་བཅུ་གཅིག་ པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ ཁྲི་ལ་ཕེབས་ཤིང་བཞི་པའི་སྨོན་ལམ་སྟེང་དུ་རྣམ་འགྲེལ་དང་བཅས་ པའི་གཞུང་གི་ཚོགས་ལངས་བཅུ་གཉིས་དང། དབྱར་གནས་ཀྱི་སྟེང་ དུ་བསྡུས་ཆུང་གི་ཚོགས་ལངས་བཅུ་བཞི་བཅས་ཀྱི་སྲོལ་བཟང་ལེགས་ པར་བཙུགས། ཁྲི་ཟུར་ནས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ ཕེབས་ཤིང་སེང་ཁྲི་ཁང་ཞིག་གསོས་མཛད། ཁོང་ནི་སྐུ་འབུམ་དགོན་ གྱི་གདན་སའི་ཁྲི་ཆེན་དགུ་པ་དང། བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་ཉི་ཤུ་པ་ཡིན་ནོ། ། ཁྱུང་པོ་ཆོས་བརྩོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། རབ་བྱུང་ དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྔོག་བློ་ལྡན་ཤེས་རབ་ [161] རྭ་ལོ་རྡོ་རྗེ་གྲགས་པ། གཉན་ལོ་དར་མ་གྲགས་པ། བཙན་ ཁ་བོ་ཆེ་རྣམས་དང་འགྲོགས་ནས་ཁ་ཆེར་སློབ་གཉེར་ཕེབས། དེ་རྗེས་ བལ་ཡུལ་དང་རྒྱ་གར་སོགས་སུ་བྱོན་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་ པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་ཐོས་བསམ་ གནང་སྟེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་ མཛད། ཁོང་གི་བསྒྱུར་རྩོམ་ནི་ འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་ པ། རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་པའི་གཟི་ བརྗིད་ཀྱི་རྒྱལ་པོ། མདོ་སྡེ་རྒྱན་གྱི་དོན་བསྡུས་པ། བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐའ་ཀླས་པར་ཁྱབ་པ། བཅས་བཞུགས་སོ། ། ཁྱུང་པོ་སྟག་བཟང་ཉ་སྟོང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་གཡས་རུ་སྟོད་ སྨད་ཀྱི་རུ་དཔོན་ཡིན་ཞིང། རུ་རྟ་ནི་མཚལ་བུ་མེ་སྟག་དང། རུ་ དར་ནི་དར་ནག་སྙིང་དཀར་ལ་བྱ་ཁྱུང་བྲིས་པ་ཞིག་ཡོད་པ་ཡིན་ནོ། ། ཁྱུང་པོ་དམ་ཆུགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ [162] རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་ བོན་གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་གླེང་བྱུང་སྐབས་ཁོང་གིས་བོན་གྱི་ཁ་ འཛིན་དང་ཤགས་འདེབས་པ་མཛད་ནས་རྩོད་པ་ལས་བོན་ཆོས་ཁུངས་ ངན་ལ་གཏན་ཚིགས་ཆུང་བ་དང། བན་ཆོས་ཁུངས་བཙན་ལ་གཏན་ ཚིགས་རྒྱ་ཆེ་བས་ཕྱིན་ཆད་བོད་དུ་བན་ཆོས་ཏེ་སངས་རྒྱས་ཆོས་ལུགས་ བྱའོ་ཞེས་ཁ་འཆམས་ནས་རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས་སོ། ཁོང་ ནི་གཙུག་ལག་རིག་གནས་ལ་མཁས་པ་དང། ལྷག་པར་དུ་རྩིས་རིག་ ལ་ཤིན་ཏུ་མཁས་པས་རྩིས་པ་ཆེན་པོ་ཞེས་ཞུའོ།། ཁྱུང་པོ་སྣོན་བཟང་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་བྱང་ གི་ཁྱུང་པོར་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་བློན་ བཙན་པོ་དྲུག་གི་ཡ་གྱལ་ཡིན་ནོ། ། ཁྱུང་པོ་སྤུང་སད་ཟུ་ཙེ།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་གཙང་རྗེ་མར་མུན་གྱི་བློན་པོ་ཡིན་ རྗེས་སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཆབ་སྲིད་དར་རྒྱས་སུ་འགྲོ་བ་ དང་བསྟུན་ནས་གཙང་རྗེ་མར་མུན་བཀྲོངས་ཤིང། གཙང་བོད་ཀྱི་ འབངས་མི་ཁྱིམ་ཚང་ཁྲི་ཕྲག་གཉིས་ཙམ་རྒྱལ་པོ་གནམ་རི་སྲོང་བཙན་ གྱི་ཕྱག་ཏུ་ཕུལ། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་གཙང་བོད་ ཀྱི་འབངས་མི་ཁྱིམ་ཚང་ཉིས་ཁྲི་ཙམ་ཁྱུང་པོ་སྤུང་སད་ཟུ་ཙེ་ལ་བྱ་ དགའ་གནང་ཞིང་བློན་པོའི་གོ་སར་མངའ་གསོལ། དཔའ་མཛངས་ [163] དེ་ནས་རྒྱལ་པོ་སྲོང་བཙན་སྒམ་ པོའི་བློན་པོ་མཛད་ཅིང་མཐའ་བཞི་རྒྱལ་ཕྲན་དབང་དུ་བསྡུ་བ་དང་ རྒྱལ་ཁྲིམས་གཏན་དུ་ཕབ་བ་བཅས་མཛད་རྗེས་ཆེའོ། རྒྱལ་པོ་སྲོང་ བཙན་སྒམ་པོས་ཀྱང་བློན་པོའི་ནང་ན། ཁྱུང་པོ་སྤུང་སད་ཟུ་ཙེ་ ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ། ཟུ་ཙེ་འཛངས་ཤེ་ན་འཛངས་ དཔའ་ཞེ་ན་དཔའ་འོ། ཆུ་གང་ཆེ་ཞེ་ན་ཆེ། ཡང་བ་རིང་ཞེ་ན་ རིང་ངོ། མྱི་ཆིག་ལ་ཚོགས་དགུའ་ཚོགས་ན། སྤུང་སད་ཟུ་ཙེའོ། ཞེས་གསུངས་སོ། །འོན་ཀྱང་སྐུ་ཚེའི་མཇུག་ཏུ་རྒྱལ་པོ་སྲོང་བཙན་ སྒམ་པོ་ལ་བློ་ལོག་སྟེ་བཀྲོང་རྒྱུའི་ལྐོག་གཡོ་བཤམས་པ་མགར་སྟོང་ བཙན་ཡུལ་ཟུང་གིས་མཁྱེན་ནས་རྒྱལ་པོ་ལ་ཞུས་ཀྱང་ཁྲིམས་ཀྱིས་ཚར་ གཅོད་ལོང་མ་བྱུང་བར་རང་ཉིད་ལྕེབས་སོ། ། ཁྱུང་པོ་བློན་རྒྱལ་འབྱུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཁྱུང་པོ་བློན་མེས་ཀོལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ [164] རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱི་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང་ པའི་དགའ་སྟོན། ཁྱུང་པོ་ཙེ་ཙེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ ཁྱུང་པོ་རྩེ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་ བོན་གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་པ་བྱུང་སྐབས་ཁོང་གིས་བོན་ཆོས་ཀྱི་ ཁ་འཛིན་དང་ཤགས་འདེབས་པ་མཛད་ནས་རྩོད་པ་ལས་བོན་ཆོས་ ཁུངས་ངན་ཞིང་གཏན་ཚིགས་ཆུང་བ་དང། བན་ཆོས་ཏེ་སངས་ རྒྱས་ཆོས་ལུགས་ནི་ཁུངས་བཙན་ལ་གཏན་ཚིགས་རྒྱ་ཆེ་བས་ཕྱིན་ཆད་ བོད་དུ་བོན་ཆོས་དོར་ནས་བན་ཆོས་ཏེ་སངས་རྒྱས་ཆོས་ལུགས་བྱའོ་ ཞེས་ཁ་འཆམས་ཏེ་རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས་སོ། ། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས།། [165] གཙང་རྟ་ནག་ཁུལ་ཁྱུང་པོ་རྩེར་ཡབ་ཁྱུང་རྩེ་ནང་སོ་བསོད་ནམས་ འཕེལ་དང། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སེ་ ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ ་ གྱི་གཅུང་པོ་ ཡིན། ཁོང་དགུང་ལོ་གཞོན་ནུའི་དུས་ནས་བཀྲ་ཤིས་ལྷུན་པོའི་ཆོས་ སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་རོ། །ཁོང་གི་རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་ རྩོམ་ནི་ ཞལ། པའི་གནམ་ལྕགས་མཁས་པའི་བློ་མཚོ་འཕེལ་བའི་ལེགས་བཤད་ཀྱི་ཆུ་ རྒྱུན།། ཁྱུང་ཆང་ཡེ་ཤེས་བླ་མ།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྟོད་ལུང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱ་འདུལ་ལས་རབ་ཏུ་བྱུང་ རྒྱ་དམར་ལས་བསྙེན་པར་རྫོགས། པ་ཚབ་ལོ་ཙཱ་བ་ལས་དབུ་མ་དང་ བཟད་པ་དབང་རྡོར་ལས་སྤྱོད་ཕྱོགས། རྒྱ་དམར་ལས་ཚད་མ་ སེ་སྟོན་ལས་ཕར་ཕྱིན། ཕུག་པ་བ་ལས་རྭ་ལི་དང་འཕགས་སྐོར་ ཇོ་བསོད་ལས་བདེ་མཆོག་དང་ཀྲོ་ཀྲྀ་ཡ། ལྷོ་བ་ལས་ཁ་རག་སྐོར་ [166] གནམ་འཕར་ བ་ལས་བཀའ་གདམས། འཁོན་ཕུ་བ་ལྕམ་སྲིང་ལས་ལམ་འབྲས་ རྔོག་ལས་དགྱེས་རྡོར་རྣམས་ལེགས་པར་གསན། འབྲི་སྒོམ་གླིང་ཁ་ བ་ལས་གཏུམ་མོ་དང། སྒྱུ་ལུས། རྨི་ལམ་གྱི་ཁྲིད་རྣམས་གསན་ དེ་ནས་རྗེ་རས་ཆུང་པའི་ཞབས་ལ་གཏུགས་ནས་ཞག་དགུ་བཅུ་ཐམ་པ་ ལ་སྙན་བརྒྱུད་ཚང་བར་གནང། ཚོགས་འཁོར་ཡང་དགུ་བཏང་ དེ་ནས་རྗེ་རས་ཆུང་པའི་བཀའ་ལྟར་གནས་ངེས་མེད་དབེན་པའི་རི་ ཁྲོད་འགྲིམས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡང་ནས་ཡང་དུ་དར་བར་ མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མ་གཅིག་ཨོང་ཇོ་དང་ དགེ་སྡིངས་པ། མར་སྟོན་ཚུལ་ཁྲིམས་འབྱུང་གནས་བཅས་ཡིན་ ཁྱུང་རོ་བློ་བཟང་ལྷུན་གྲུབ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྟོད་ཀྱི་རྒྱལ་རོང་ཚ་ཁོ་མཆོག་རྩེར་ཡབ་དཀའ་ཐུབ་དང། ཡུམ་ ཀླུ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་དུས་ཀྱི་ མིང་ལ་དཀའ་ཐུབ་འབུམ་ཞེས་བཏགས། དགུང་ལོ་བརྒྱད་པར་བླ་ མ་བློ་གྲོས་ལས་ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ་སོགས་ལ་ སྦྱངས་ནས་མཁས་པར་མཁྱེན། ཁོང་གིས་ཐོག་མར་བོན་དང། བར་ དུ་རྙིང་མ། མཐར་དགེ་ལུགས་པའི་ཆོས་རྣམས་ལ་རིམ་གྱིས་སྦྱངས་ པ་མཛད། དེ་ནས་རྙིང་མའི་དགོན་པ་ཚང་གནས་སུ་ཞུགས་ནས་ རྙིང་མའི་ཆོས་སྐོར་ལ་ཐོས་བསམ་མཛད། དགུང་ལོ་བཅུ་གསུམ་ [167] རྐྱེན་གྱིས་དཔོན་པོ་ཏཱ་རོ་རྡོ་རྗེ་རྒྱལ་གྱིས་ཡབ་ཡུམ་ཁྲིམས་ལ་སྦྱར་བས་ རེ་ཞིག་མི་གཞན་གྱི་གཡོག་ཏུ་བཞུགས་དགོས་པ་བྱུང། དགུང་ལོ་ བཅུ་དྲུག་པར་ཡབ་དང་ལྷན་ཅིག་ཏུ་ཏྲེ་ཧོར་དང། ཆབ་མདོ། སྤོ་ ཡུལ། ཀོང་པོ། དྭགས་པོ། སྤུར་ཏ། ཀླུ་ཁ་ད་གྲུ་བརྒྱུད་ བསམ་ཡས་གཙུག་ལག་ཁང་དང་མཇལ་ཞིང། དགུང་ལོ་བཅུ་བདུན་ པར་དབུས་ལྷ་ལྡན་དུ་ཕྱག་ཕེབས། དེ་ནས་སེ་ར་དགོན་དུ་བྱོན་ཏེ་ ལྷུན་གྲུབ་འཕྲོད་ལམ་ཆེས་མཚན་ལ་བློ་བཟང་ལྷུན་གྲུབ་ཅེས་གསོལ་ ཞིང་སེར་སྨད་ཐོས་བསམ་གླིང་དུ་ཞུགས། མཁན་ཟུར་བློ་བཟང་ ཐུགས་རྗེ་ལས་དགེ་བསྙེན་དང། བར་མ་རབ་བྱུང། དགེ་ཚུལ་ བཅས་ཀྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་མཚན་ལ་བློ་བཟང་བསྟན་ འཛིན་ཞེས་གསོལ། གུང་ཐང་ཆོས་ཁྲི་གྲགས་པ་མཁས་གྲུབ་དང་རྒྱལ་ རོང་བཟོད་པ་ལྡུན་གྲུབ་བཅས་ལ་བསྟེན་ནས་བསྡུས་གཞུང། དབུ་ མ། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་ མ་རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཡབ་ ཡུམ་གཉིས་ཀྱང་རབ་ཏུ་བྱུང་ཞིང་གྲོང་ཆོག་སོགས་སུ་ཕེབས་ཏེ་ཕྱག་ཏུ་ འབྱོར་བའི་རྒྱུ་རྫས་རྣམས་ཁོང་གི་སློབ་ཡོན་དུ་གནང། དགུང་ལོ་ ཉེར་གཅིག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ལས་བསྙེན་པར་ རྫོགས་ཤིང་བཀའ་ཆོས་མན་ངག་མང་དུ་གསན། དགུང་ལོ་སོ་གསུམ་ པར་གླིང་བསྲེའི་གྲྭ་སྐོར་མཛད་ཅིང་དཀའ་བཅུ་པའི་མཚན་བཏགས་ བཞེས། དགུང་ལོ་སོ་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ [168] དེ་ ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་ དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་ཅིང་སྔགས་ཀྱི་དམ་ བཅའ་ལེགས་པར་ཐོན་ནས་སྔགས་རམས་པའི་མཚན་བཏགས་བཞེས་ དགུང་ལོ་ཞེ་གཅིག་པར་རྒྱུད་པའི་དགེ་བསྐོས་མཛད། ཚེ་སྨོན་གླིང་ཕོ་ བྲང་གསར་རྒྱག་མཛད་པར་ཁོང་གིས་རབ་གནས་རྒྱས་པར་མཛད་ དགུང་ལོ་ཞེ་ལྔ་པར་དཔལ་ལྡན་སྨད་རྒྱུད་ཀྱི་བླ་མ་དབུ་མཛད་ཀྱི་ཁྲི་ལ་ བཞུགས། དགུང་ལོ་ཞེ་དགུ་པར་སྨད་རྒྱུད་ཀྱི་མཁན་པོའི་ཁྲི་ལ་བཞུགས་ ནས་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་མི་དམན་པ་ མཛད། དགུང་ལོ་ང་དྲུག་པར་བྱང་རྩེའི་ཁྲི་ལ་བཞུགས་ནས་མདོ་སྔགས་ ཆོས་ཀྱི་འཆད་ཉན་མཛད། དགུང་ལོ་དྲུག་ཅུ་རེ་གཉིས་པར་རབ་བྱུང་ བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ ཐུགས་རྟེན་མང་དུ་བཞེངས། དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་ བཅུ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་མཁས་གྲུབ་རྒྱ་ མཚོའི་ཡོངས་འཛིན་དུ་དབང་བཀུར་ཞིང་མདོ་སྔགས་ཀྱི་ཆོས་རྒྱུན་མང་ དུ་ཕུལ་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ ལ་བྱང་རྩེ་བློ་བཟང་ལྷུན་གྲུབ་ཅེས་ཞུའོ། ཁོང་ནི་དགའ་ལྡན་གསེར་ ཁྲི་འཛིན་པའི་ཁྲི་རབས་བདུན་ཅུ་དོན་བཞི་པ་ཡིན་ནོ།། ཁྲག་འཐུང་རྒྱལ་པོ།། [169] གཟིགས་པར་ཞུའོ།། ཁྲི་བཀྲ་ཤིས་ལྡེ།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་གུང་ ཐང་ཁབ་གོང་དུ་ཡབ་ཆོས་སྐྱོང་ལྡེ་དང། ཡུམ་ཀུན་དགའ་འབུམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ཐོག་མར་དགེ་བའི་བཤེས་ གཉེན་ལ་བསྟེན་ནས་དཔེ་ཡིག་ལུང་གསུམ་ལ་སྦྱངས་པ་མཛད། དེ་ ནས་ཝང་ཀུན་དགའ་ལེགས་པའི་སྲས་མོ་བསོད་ནམས་འབུམ་ཁབ་ཏུ་ བཞེས་ཏེ་རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རིགས་ སྲས་ཁྲི་ཕུན་ཚོགས་ལྡེ་སྐུ་འཁྲུངས། དགུང་ལོ་སུམ་ཅུ་སོ་དགུ་པ་རབ་ བྱུང་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་མང་ཡུལ་གུང་ཐང་ གི་ཆབ་སྲིད་བསྐྱངས་ནས་ཡབ་ཀྱི་དགོངས་རྫོགས་སུ་སྟོན་པ་ཤཱཀྱ་སེང་ གེའི་སྐུ་བརྙན་དང། ཡུམ་གྱི་ཆེད་དུ་སྒྲོལ་མའི་སྐུ་བརྙན་གཉིས་ཀ་ མི་ཚད་ལས་མཐོ་ཞིང་གཡུ་རྙིང་ཁྱད་པར་ཅན་སོགས་རིན་པོ་ཆེའི་འཕྲ་ ཚོམ་གྱིས་མཛེས་པར་བརྒྱན་པ་བཞེངས་ཤིང། བསྟན་འགྱུར་ཡང་ གསེར་གྱི་ཡང་ཞུན་གྱིས་བཞེངས་ཏེ་རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་ཀྱིས་ཞུས་དག་དང་ རབ་གནས་ལེགས་པར་མཛད་དོ། གཞན་ཡང་རྫོང་དཀར་གྱི་ལྕགས་ རི་ཕྱི་མ་དང། ལྕགས་རི་ཆེན་པོའི་ལྕགས་སྐོར། སྟག་ཚང་དཔེའུ་ ཆེན་གྱི་ལྕགས་ཁང་ལྕགས་རིའི་འོག་ས་འོག་ནས་རྒྱང་རིང་པོར་འཐོ་ [170] རྫོང་གི་དབུས་དང། ཆོས་སྡེའི་ནང་དུ་ ཁྲོན་ཆུ་བཟང་པོ་བཏོན་པ་དང། རྡོ་ཀྱོང་ཆེན་པོ་སོགས་ཉེ་བར་སྤྱོད་ པའི་རིགས་བཅས་ཞིབ་ཚགས་མཛད། ཁོང་ནི་མང་ཡུལ་གུང་ཐང་ གི་རྒྱལ་རབས་བཅུ་གསུམ་པ་ཡིན་ནོ།། ཁྲི་བཀྲ་ཤིས་བརྩེགས་པ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་གཙང་ གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་ འཁོར་བཙན་དང་ཡུམ་མཆིམས་བཟའ་བཙུན་ནེ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། བོད་ལུགས་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་གི་ཡབ་མངའ་བདག་དཔལ་འཁོར་བཙན་བཀྲོངས་རྗེས་མངའ་ བདག་ཡུམ་བརྟན་ཕྱོགས་ཀྱིས་གཡོ་རུ་ལ་སོགས་པའི་མངའ་ཁོངས་ རྣམས་འཕྲོགས་པས་ཁོང་ཉང་སྟོད་དུ་ཕེབས་ཏེ་རྒྱལ་མཁར་རྩེ་བཟུང་ ནས་ཆབ་སྲིད་བསྐྱངས། བཙུན་མོ་ཅོག་རོ་བཟའ་མགོན་དཔལ་ཁབ་ ཏུ་བཞེས་ཏེ་རིགས་སྲས་དཔལ་ལྡེ་དང། འོད་ལྡེ། སྐྱིད་ལྡེ་བཅས་ སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་རིམ་བཞིན་སྐུ་འཁྲུངས། དགུང་གྲངས་ བདུན་ཅུ་ལྷག་ཙམ་བཞུགས་པ་དང། ཁོང་གི་འདས་ལོ་ནི་མང་ཐོས་ ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ བཀོད་པ་ཡིན་ནོ།། ཁྲི་རྒྱ་ནག་པ།། ཁོང་ནི་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་དང་མི་གཅིག་ ཡིན་པས་དེར་གཟིགས་པར་ཞུའོ།། [171] ཁྲི་རྒྱལ་འབུམ་ལྡེ་མགོན།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ གུང་ཐང་དུ་ཡབ་བཙུན་པ་ལྡེ་དང། ཡུམ་ཉི་མ་འབུམ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དགུ་པར་ཞང་པོ་འགྲོ་མགོན་ཆོས་ རྒྱལ་འཕགས་པ་ལས་སྐབས་སུ་བབས་པའི་དབང་ལུང་མན་ངག་མང་དུ་ ཞུས། དགུང་ལོ་བཅོ་བརྒྱད་པར་མེ་རྡོ་ཐང་དུ་རྒྱལ་པོའི་ཁབ་བཀྲ་ ཤིས་ཁྱུང་རྫོང་དཀར་པོ་བཙུན་མོའི་སླས་ཁང་ལྕགས་རི་དང་བཅས་པ་ བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་སོགས་བཞེངས་པ་དང། ལྷག་ པར་དུ་བཙན་རྫོང་བཅུ་ཕྲག་ཁ་ཤས་བསྐྲུན་དེ་ གདུང་རབས། དཀར་དུམ་ གནམ་གྱི་ཁྱུང་རྫོང་བརྩིགས། ཕྱི་འབྲོག་མེན་ཞང་ཁ་གནོན་དུ། བྱ་ རྩི་རྣམ་རྒྱལ་ཐར་པོ་དང། མཚོ་དབར་ཉེ་བའི་གློ་སྟོད་དུ། ནི་རི་ གཡའ་རྫོང་དཀར་པོ་བརྩིགས། གློ་བོ་མཚོ་བཞིའི་ཁ་གནོན་དུ་ གཙང་རོང་བྱ་ཕོའི་ཟེ་བ་བརྩིགས། ཏ་མང་སེ་མོན་ཁ་གནོན་དུ་ གློ་སྨད་མུ་ཁུན་སྲིན་རྫོང་བརྩིགས། དོལ་པོ་མོན་གྱི་ཁ་གནོན་དུ་ དོལ་པོའི་ཡི་གེ་དྲུག་མ་བརྩིགས། ལ་སྟོད་བྱང་གི་ཁ་གནོན་དུ། ལ་ རུའི་གད་རྫོང་དཀར་པོ་བརྩིགས། ལ་སྟོད་ལྷོ་ཡི་ཁ་གནོན་དུ། ཁུན་ ཚོ་གད་རྫོང་དཀར་པོ་བརྩིགས། སྐྱིད་རོང་སྒོ་བཞི་གནས་འཇིམ་ ཁར། རག་མར་གྱད་ནོན་ཐར་པོ་དང། སྐྱིད་རོང་མཐིལ་དུ་སེང་ གེ་རྫོང། གླང་མཁར་གསལ་བའི་ཡང་རྩེ་བརྩིགས། རྒྱ་བལ་གཉིས་ [172] བལ་པོ་རྫོང་གི་རྫོང་དམར་བརྩིགས། སྙི་ཤོང་ རོང་གི་ཁ་གནོན་ལ། བོང་ཚེགས་གནམ་གྱི་ཀ་བ་བརྩིགས། ནུབ་ རི་མཐའ་འཁོབ་ཁ་གནོན་དུ། དྲོད་ཀྱི་བྲག་རྫོང་ནག་པོ་བརྩིགས་ ཕྱག་པ་ཡ་བཞིའི་བཙན་ས་རུ། ཆུ་དཀར་རྫོང་ཆུང་འཛུམ་ཤོར་ བརྩིགས། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་ རབས་བྱུང་བའི་ཚུན་དུ་ཆབ་སྲིད་དང་མངའ་ཐང་གང་གི་ཐད་ནས་ ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན། དགུང་ལོ་ཉེར་བརྒྱད་པར་ནང་ འཁོར་མི་སྲུན་པ་ཞིག་གིས་གསོལ་ངན་ཕུལ་ནས་བཀྲོངས་སོ་ ཁྲི་རྒྱལ་བསོད་ནམས་ལྡེ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་གུང་ཐང་ཁབ་གོང་དུ་ཡབ་ཁྲི་ཕུན་ཚོགས་ལྡེ་དང། ཡུམ་ནམ་ མཁའ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ཐོག་ མར་དགེ་བའི་བཤེས་གཉེན་བོ་དོང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ དང། རྗེ་སེང་གེ་བཟང་པོ། ལོ་ཙཱ་བ་ངག་དབང་གྲགས་པ་ རེད་མདའ་བ་གཞོན་ནུ་བློ་གྲོས་བཅས་ལ་བསྟེན་ནས་མདོ་སྔགས་རིག་ གནས་ལ་སྦྱངས་པ་མཛད། དེ་ནས་མང་ཡུལ་གུང་ཐང་གི་ཆབ་ བསྐྱངས་ཏེ་ལ་སྟོད་ལྷོ་བྱང་ཤེར་པ་དང་པུ་རངས་སོགས་ཀྱང་མངའ་ འོག་ཏུ་བསྡུས་ཏེ་དབུལ་ཕྱུག་ལན་གསུམ་དུ་སྙོམས་པར་གྲགས། དགུང་ ལོ་ཉི་ཤུ་ཐམ་པ་རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གུང་ཐང་དུ་བཤད་གྲྭ་དང་འབྲེལ་བའི་ཆོས་སྡེ་ཆེན་པོ་གྲྭ་ཚང་བཅུ་ [173] ལོ་ཙ་བ་གྲགས་པ་ རྒྱལ་མཚན་ཆོས་དཔོན་དུ་བསྐོས། ཆོས་རྗེ་སེང་གེ་བཟང་པོའི་བཞུགས་ གནས་བསམ་གཏན་གླིང་དང། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་ གྲོས་ཀྱི་བཞུགས་གནས་སྐྱིད་གྲོང་མེ་ཏོག་མདངས་ཅན་སོགས་བཞེངས་ པར་མཐུན་རྐྱེན་ལེགས་པར་སྦྱར། གུ་གེ་ནས་མངའ་བདག་མ་ཆེན་ མོ་ཆོས་སྐྱོང་རྒྱལ་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་བསོད་ནམས་རྒྱལ་ མཚན་དང་ལྷ་དབང་རྒྱལ་མཚན་གཉིས་སྐུ་འཁྲུངས་ཤིང། དགུང་ ལོ་སུམ་ཅུ་སོ་བཞི་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་བཅོ་ལྔ་པ་ཡིན་ནོ།། ཁྲི་སྒྲ་དཔུང་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྨད་ཙམ་དུ་ཡབ་ རྒྱལ་པོ་ཁྲི་བཙན་ནམ་དང། ཡུམ་སྨན་ས་ཁྲི་དཀར་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མཛད་ བཙུན་མོ་སྨན་བཟའ་ཀླུ་སྟེངས་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་ཐོག་རྗེ་ བཙན་སྐུ་འཁྲུངས། ཁོང་གི་བང་སོ་གངས་དཀར་རྩེ་ལ་བཏབ་ ཁོང་ནི་འོག་གི་བཙན་ལྔ་ལས་བཙན་གསུམ་པ་ཡིན་ནོ།། ཁྲི་ཆེན་དགེ་འདུན་ཕུན་ཚོགས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྨ་ཆུ་འགྲམ་ངོཊ་གཅའ་ཁོག་ཏ་རིའི་རྩེ་རྒྱལ་གྱི་འདབས་ སུ་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྩེ་དབུས་བྱམས་ཤུལ་གྱི་ རིགས་ལས་འཕྲོས་པ། ཡབ་འབུམ་ཕྱུག་དང་ཡུམ་རྡོ་རྗེ་མཁའ་འགྲོ་ [174] རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཅོ་ལྔ་པར་ དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་ བསྡུས་ར་དང་ཕར་ཕྱིན། འདུལ་བ་དང་རྣམ་འགྲེལ་བཅས་ལ་སྦྱངས་ དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ ལུགས་ལ་ལེགས་པར་སྦྱངས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་དགེ་བའི་ བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་པ་བྱ་བྲལ་དགེ་འདུན་ཕུན་ ཚོགས་ཞེས་སྙན་གྲགས་དབྱར་གྱི་རྔ་གསང་ལྡིར་བ་བཞིན་དུ་བྱུང་ དགུང་ལོ་དྲུག་ཅུ་རེ་བཞི་བར་དགའ་ལྡན་གསེར་ཁྲི་སྟེང་དུ་བྱོན་ཏེ་ཁྲི་ རབས་ལྔ་བཅུ་པ་ཡིན། དེ་ནས་བཟུང་འཆད་མཉན་དང་སྒྲིག་ལམ་ གཏོང་སྒོ་དང་འཛིན་ཐེབས་སོགས་ཆ་གང་ཐད་ནས་ཀྱང་ཡར་རྒྱས་སུ་ འགྲོ་བར་མཐུན་རྐྱེན་གང་ལེགས་བསྒྲུབས་ནས། རྗེ་བློ་བཟང་གྲགས་ པའི་སྔར་གྱི་དངུལ་གདུང་དེ་གསེར་གདུང་དུ་བསྒྱུར་བས་དགའ་ལྡན་ གསེར་གདུང་ཆེན་མོ་ཞེས་ཡོངས་སུ་གྲགས་དེ་བཞེངས་སོ། དེ་ནས་འགྲོ་ མགོན་ཞང་གཡུ་བྲག་པ་ཆེན་པོའི་གདན་ས་ཚལ་གུང་ཐང་གི་གཙུག་ ལག་ཁང་རྟེན་དང་བཅས་པ་ཉམས་རྒུད་ཆེ་བའང་ཕྱི་ནང་ ཚལ་ཡང་ དགོན། གུང་ཐང། ལྷ་ཆེན། འབུམ་ཁང་ ཀུན་ཏུ་ཞིག་ གསོས་རྒྱ་ཆེན་པོ་མཛད། ཁོང་གི་སྐུ་སྨད་དུ་བོད་ལ་དུས་འཁྲུགས་ མང་བར་བྱུང་ཡང་གཞུང་གི་ལས་དོན་པ་ཀུན་གྱིས་ཡང་བློ་ཕུགས་ གཏོད་སར་གྱུར་ཏེ། ལྷ་སའི་ཁྲི་ཐོག་ཁང་གི་ཁོང་གི་བཞུགས་གནས་ སུ་གཞུང་ས་རང་ནས་གསར་དུ་བསྐྲུན། སྐུ་ཚེའི་མཇུག་ཏུ་ཕལ་ཆེར་ [175] མདོ་སྔགས་ཀྱི་ཆོས་འཁོར་མཐའ་ ཡས་པ་བསྐོར་སྟབས། དེ་ནས་བཟུང་སྟེ་སྐུ་ཕྲེང་ཐམས་ཅད་ལ་ ཁྲི་ཆེན་གུང་ཐང་ཚང་ཞེས་གྲགས་པ་འདི་བྱུང་བའོ། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་མཆོག་སྤྲུལ་པད་དཀར་འཛིན་པ་དང། ཁྲི་ཆེན་ ངག་དབང་མཆོག་ལྡན། རྒྱུད་སྨད་མཁན་པོ་དགེ་འདུན་ལྷུན་གྲུབ་ སྒོ་མང་དཔོན་སློབ་བློ་བཟང་དམ་ཆོས། རྒྱལ་སྲས་སྤྲུལ་སྐུ་ཡེ་ཤེས་ གྲགས་པ། གྲུབ་པའི་དབང་ཕྱུག་དོན་ཡོད་དོན་གྲུབ། ཨ་ཀ་ བསོད་ནམས་བཟང་པོ། བསེ་ངག་དབང་བཀྲ་ཤིས། སྡེ་པ་བློ་ བཟང་དོན་གྲུབ་བཅས་ཡིན་ལ། གསུང་རྩོམ་ནི་བཅའ་ཡིག་སོགས་ མང་དུ་མཆིས་སོ།། ཁྲི་ཆེན་རྒྱལ་མཚན་སེང་གེ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ད་ལྟའི་ཀན་ལྷོའི་ཀླུ་ཆུ་རྫོང་གི་ཟམ་ཚ་ཞང་ཀ་དེའུ་མགོའི་གྲོང་དུ་ ཡབ་ཚེ་རིང་བཀྲ་ཤིས་དང། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བཅུ་གཅིག་པར་ཏཱ་དབོན་ཚུལ་ཁྲིམས་སེང་གེ་ལས་ རབ་ཏུ་བྱུང། དམ་པ་དེར་བསྟེན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ཆོས་གྲྭའི་ མཁན་ཁྲི་བཞེས་བཞིན་པའི་ཀུན་མཁྱེན་དབལ་ཤུལ་ངག་དབང་བརྩོན་ འགྲུས་ཀྱི་དྲུང་དུ་བསྡུས་གྲྭའི་བརྩི་བཞག་གསན། པན་ཆེན་སྐུ་ཕྲེང་ ལྔ་པ་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ [176] དགུང་ལོ་སོ་དགུ་བར་སྨོན་ལམ་གྲྭ་སྐོར་མཛད། དེ་ནས་ རྒྱུད་སྟོད་ཆོས་གྲྭར་ཞུགས་ཏེ་སྔགས་ལ་སྦྱངས། དགུང་ལོ་ང་ལྔ་པ་ལ་ དགའ་ལྡན་གསེར་ཁྲི་རིན་པོ་ཆེར་ཞབས་ཀྱི་པདྨའི་འཁོར་ལོ་བཀོད་ གདན་རབས་ང་གསུམ་པ་ཡིན། དགའ་ལྡན་དགོན་དུ་གསེར་དངུལ་ སྲང་མང་པོས་བྱང་ཆུབ་མཆོད་རྟེན་བཞེངས། ཚོགས་མཆོད་ལ་དངུལ་ ཊཾ་འགྱེད་དང་སྒོ་མང་ལ་སྲང་རེ་ཕུལ། འདུ་ཁང་སྟེང་དུ་གསེར་གྱི་ རྒྱལ་མཚན་ཆ་གཅིག་བཞེངས། དགུང་ལོ་བདུན་ཅུ་བར་མདོ་སྨད་ དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་ འཇིགས་མེད་དབང་པོ་དང་མཇལ་འཛོམས་ཀྱིས་ཐུགས་འབྲེལ་ཟབ་ པར་གྱུར། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་ ཉིད་གསར་དུ་བཏབ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆབ་མདོ་ འཕགས་པ་ལྷ་དང། བྲག་ཡབ་སྤྲུལ་སྐུ། བ་སོ་སྤྲུལ་སྐུ། ཐོ་ ཡོན་ནོ་མོན་ཧན་བཅས་ཡིན། གསུང་རྩོམ་ནི་ ལེའུ་ལྔ་པ་ཡན་གྱི་འགྲེལ་བ། འགའ་དང་བཅའ་ཡིག་མགུར་གཞས་སོགས་མང་པོ་བཞུགས་སོ།། ཁྲི་ཆེན་ངག་དབང་མཆོག་ལྡན།། ཁོང་ནི་གཅན་ཚ་ངག་དབང་མཆོག་ལྡན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། ཁྲི་ཆེན་བློ་བཟང་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [177] འདས་ལོ་མི་གསལ། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད་དེ་བསྡུས་ གཞུང་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་ པ་མཛད་ཅིང་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་ གྲྭར་ཞུགས་ཤིང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་རྨད་དུ་བྱུང་བ་ མཛད་དེ་སྔགས་རམས་པའི་མཚན་བཏགས་བཞེས། དགོན་པའི་ ལས་སྣེ་ཐམས་ཅད་རིམ་གྱིས་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་ བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་ གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་ཆོས་ཀྱི་འཁོར་ལོ་ བསྐོར། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་རྒྱལ་ ཚབ་ཏུ་བསྐོ་བཞག་མཛད་པས་ཁྲི་པ་དང། སྲིད་སྐྱོང། རྒྱལ་ཚབ་ གསུམ་གྱི་གོ་གནས་གཅིག་ཅར་དུ་ཐུགས་འགན་བཞེས། ལོ་དེའི་ཧོར་ ཟླ་དྲུག་པར་དབྱིན་ཇི་བཙན་འཛུལ་དམག་ལྷ་སར་འབྱོར་ཏེ་དམག་ དཔོན་རུང་ཧའོ་ཧྥང་གིས་དབྱིན་བོད་ཆིངས་ཡིག་བཞག་རྒྱུའི་རེ་འདུན་ བཏོན་པ་ལྟར་བོད་སྡོད་ཨམ་བན་ཡུའུ་ཐད་དང་སྲིད་སྐྱོང་རྒྱལ་ཚབ་ གཉིས་ཀྱང་བྱ་ཐབས་བྲལ་ཏེ་སྤྱི་ལོ་་ལོའི་ཧོར་ཟླ་བདུན་པར་ལྷ་ སའི་ཆིངས་ཡིག་ཅེས་པའི་དོན་ཚན་བཅུ་དེར་མོས་མཐུན་མིང་རྟགས་ འགོད་དགོས་བྱུང། རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཐུགས་འགན་དེ་རྒྱལ་བ་ཐུབ་བསྟན་རྒྱ་ མཚོར་གུས་འབུལ་ཞུས། དེ་ལྟར་ལོ་ངོ་དྲུག་གི་རིང་དུ་བོད་ཀྱི་ཆབ་ [178] ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ བརྒྱད་ཅུ་གྱ་དྲུག་པ་ཡིན་ནོ།། ཁྲི་གཉན་གཟུགས་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བཞི་པའི་དུས་སྨད་ཙམ་དུ་ཡབ་ རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང། ཡུམ་གནོ་བཟའ་མང་མོ་རྗེ་ ཇི་དགོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཁུའི་མང་ སྒྲ་ལེགས་པས་མཛད། བཙུན་མོ་འབྲོ་བཟའ་དུང་པྱང་བཞེར་ཁབ་ ཏུ་བཞེས་ཏེ་རིགས་སྲས་འབྲོང་གཉན་ལྡེའུ་སྐུ་འཁྲུངས། ཁོང་གི་བང་ སོ་དོན་མཁར་མདའ་རུ་བརྩིགས། དེ་ཡང་ཕུལ་མེད་ས་ཕུང་བརྡལ་ བ་འདྲའོ། །། ཁྲི་ཐོག་རྗེ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་མགོ་ཙམ་དུ་ཡབ་ རྒྱལ་པོ་ཁྲི་སྒྲ་དཔུང་བཙན་དང། ཡུམ་སྨན་བཟའ་ཀླུ་སྟེངས་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ལ་གཅུང་པོ་རྒུང་མཐའ་དང། སྣུབས་ མཐའ། འབྲིང་སྙ། སྙ་འབྲིང་བཅས་བཞི་ཡོད་ཀྱང་ཚང་མ་ཐང་ མཚམས་སུ་ཕབ། ཐང་མཚམས་ཞེས་པ་ནི་རྒྱལ་པོ་ལས་དམའ་བ་ དང། འབངས་ལས་མཐོ་བ་ཞིག་གི་ཐོབ་ཐང་ཡིན། ཁོང་གི་སྐུ་ བོན་ནི་ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མཛད། བཙུན་མོ་རུ་ཡོང་བཟའ་ སྟོང་རྒྱལ་མཚོ་ཞེས་པ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྷ་ཐོ་ཐོ་རི་གཉན་ བཙན་སྐུ་འཁྲུངས། ཁོང་གི་བང་སོ་གངས་དཀར་རྩེ་ལ་བཏབ་ [179] ། ཁྲི་དོར་སྣང་བཙུན་མོང་གི་བུ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་མཛངས་བློན་དུ་གྱུར་ ཏེ། དེ་ཡང་ བཅོས་འབྲུ་མར་ཚད་ཀྱིས་བཅལ། དགའ་གཉིས་ཚོང་བྱས་མཐུན་ གཉིས་ལ་ལུང་སྡེབས། དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད་ དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས་ཞེས་གསུངས་སོ།། ཁྲི་ལྡེ་འབུམ།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ གུང་ཐང་ཁབ་གོང་དུ་ཡབ་ཁྲི་རྒྱལ་འབུམ་ལྡེ་མགོན་དང། ཡུམ་སེ་ མ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་འདས་ལོ་མི་ གསལ། ཁོང་སྙིང་སྟོབས་དང་བློ་གྲོས་ཕུན་སུམ་ཚོགས་པས་གུང་ ཐང་གི་རྒྱལ་སྲིད་ཀྱང་ཡུན་རིང་ཙམ་བསྐྱངས་ཤིང། ཡབ་ཀྱི་དགོངས་ རྫོགས་སུ་སངས་རྒྱས་ཤཱཀྱ་སེང་གེའི་སྐུ་བརྙན་དགུང་ལོ་བཅུ་གཉིས་པའི་ ཚད་དང་ལྡན་པ་ཞིག་བཞེངས་པ་དང་ལོ་ཟླ་དུས་ཀྱི་མཆོད་པའི་རྒྱུན་ ཡང་བཙུགས། དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་ལྔ་པའི་མེ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་ཧོར་གྱི་རྒྱལ་པོའི་བཀའ་ལུང་ལྟར་ཏའི་ ཏུར་ཕེབས་ཏེ་ཨོལ་ཇ་དུ་རྒྱལ་པོས་ཁྱེད་རང་བོད་ལ་དབང་བསྒྱུར་ བའི་རིགས་རྒྱུད་ཆེན་པོ་ཡིན་འདུག་པས་གནམ་གྱི་ཤེད་མོང་སྟེར་བའི་ འོས་སུ་སྣང་ཞེས་བོད་ཤིང་སྒོ་བཙུགས་པའི་རྒྱལ་པོ་དུ་དབེན་ཤ་གསུམ་ [180] བའི་མངའ་བདག་གི་མིང་དང། རིན་པོ་ཆེ་ལས་གྲུབ་པའི་ཐམ་ཀ་ གླིང་བདུན་མ། ཐམ་གཡོག་ཐམ་ཤུ་བཅས་རྒྱལ་ཐབས་མི་འགྱུར་ གཡུང་དྲུང་རིན་པོ་ཆེས་སྤྲས་པའི་གསེར་ཡིག་མར་འབོད་པའི་འཇའ་ ས་ཐོ་སྟ་ཆེ་རྟགས་གནང་སྐྱེས་ཁྱད་པར་འཕགས་པ་བཅས་ཚེགས་མེད་ པར་ཐོབ་ཅེས་ གསལ། དེ་ནས་བོད་དུ་བདེ་བར་འཁྲོ་ཞིང་ཚ་བོ་ཆོས་སྐྱོང་ལྡེ་ལ་ མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས་སུ་བཅུག་ནས་ལོགས་སུ་ བཞུགས་སོ།། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན།། ཁོང་ནི་བོད་ལུགས་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཕོ་བྲང་ཚལ་ དུ་ཡབ་རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་དང་ ཡུམ་མཆིམས་བཟའ་བཙན་མོ་རྟོག་གེ་གཉིས་ཀྱི་སྲས་སུ་འཁྲུངས། བོད་ ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་འབལ་ལྡོང་ཙབ་སོགས་ཀྱིས་ བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་ཨ་ཡེས་འབྲོ་བཟའ་ཁྲི་མ་ ལོད་ཀྱིས་རྒྱལ་སྲིད་རོགས་སྐྱོར་མཛད་ནས་བསྐྱངས་པར་གྲགས། དེ་ ནས་ནར་སོན་ཏེ་ཆབ་སྲིད་བཟུང་ཞིང་ཡུལ་ཁམས་བདེ་བར་མཛད་དམ་ པའི་ལྷ་ཆོས་སྤེལ་ནས་བྲག་དམར་མགྲིན་བཟང་ལ་སོགས་པའི་ལྷ་ཁང་ ལྔ་བཞེངས། ལྡེག་རེན་པ་མནོན་སྣང་གྲགས་དང། ཁེ་རྒད་མདོ་ ནས་ཞི་བདེར་བཀོད། ཁུ་མང་པོ་རྗེ་ལྷ་ཟུང་དང། དབས་ཁྲི་ནས་ཞི་བདེར་བཀོད། ཁུ་མང་པོ་རྗེ་ལྷ་ཟུང་དང། དབས་ཁྲི་ [181] འཇང་མོ་ཁྲི་བཙུན་ དང། སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང། གྱིམ་ཤིང་ཀོང་ཇོ་ བཅས་ཁབ་ཏུ་བཞེས་ཏེ་རིགས་སྲས་འཇང་ཚ་ལྷ་དབོན་དང་ཁྲི་སྲོང་ ལྡེའུ་བཙན་སྤུན་མཆེད་རྣམས་སྐུ་འཁྲུངས། ཐང་བོད་བར་གྱི་འབྲེལ་ བ་ཇེ་ཟབ་ཏུ་བཏང་ནས་ཁྲི་ལིན་ཞེས་པའི་ས་ཆར་རྡོ་རིང་བཙུགས་ནས་ བཀའ་གཙིགས་ཀྱི་མདོ་ཡི་གེར་བཀོད་དོ། དགུང་ལོ་ལྔ་བཅུ་ང་གཉིས་ པར་བློན་པོ་འབལ་ལྡོང་ཙབ་སོགས་ཀྱིས་བཀྲོངས་སོ། མཁས་པའི་དགའ་སྟོན། གྲལ་ ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། མིང་ནི་ལྷ་རི་གཙུག་ནམ་བྱ་བ་ ལགས་ཞེས་འཁོད་འདུག་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ དང་ནང་དོན་གནད་བསྡུས་རྣམས་ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ གཞིར་བཟུང་ནས་བཀོད་པ་ཡིན་ནོ།། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན།། ཁོང་ནི་བོད་ལུགས་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཡབ་ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང། ཡུལ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་བཅུ་ཞེ་གཅིག་པ་བོད་ལུགས་ ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་ བཞུགས་ནས་ལོ་ངོ་བཅུ་གཅིག་གི་རིང་དུ་བོད་ཀྱི་རྒྱལ་སྲིད་བསྐྱངས་ཏེ་ སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་དང། དབུར་སྟོད་ཞྭ་ལྷ་ཁང་ གི་རྡོ་རིང། ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ། ཁམས་ཀྱི་བྱམས་མདུན་ [182] དང། ཡབ་མེས་ཀྱི་ལྷ་ཁང་ཞིག་གསོ་དང། སྐར་ཆུང་གཙུག་ལག་ ཁང་གསར་དུ་བཞེངས་པ་དང། དམ་པའི་ཆོས་བོད་ཡིག་ཏུ་བསྒྱུར་ ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་གཏན་ལ་ཕབ་ པའི་སྐོར་ རྒྱ་བོད་གཉིས་ ཀྱི་མཛའ་མཐུན་ཡང་སྔར་ལས་ཇེ་བཟང་དུ་བཏང་བ་བཅས་ཕྱག་རྗེས་ བླ་ན་མེད་པ་ཞིག་བཞག་མཛད་དོ། བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་ དང། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་ བཙན་རྒྱལ་གསུམ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྔ་ཙམ་འཁྲུངས་ དགུང་ལོ་ལྔ་བཅུ་ང་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ བང་སོ་ནི་འཕྲུལ་རྒྱལ་སྤྱི་མདུན་དུ་བརྩིགས་པ་དང། བང་སོའི་མིང་ ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་གྲགས་སོ།། ཁྲི་སྤེ་བཙན་པོ།། ཁོང་ནི་གདགས་ཁྲི་བཙན་པོ་དང་མི་གཅིག་ཡིན་པས་དེ་ གཟིགས་པར་ཞུའོ།། ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་ ཁོང་ནི་གཙོས་བློ་བཟང་རྒྱལ་མཚན་སེང་གེ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། ཁྲི་ཕུན་ཚོགས་ལྡེ།། ཁོང་ནི་རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ གུང་ཐང་ཁབ་གོང་དུ་ཡབ་ཁྲི་བཀྲ་ཤིས་ལྡེ་དང། ཡུམ་བསོད་ནམས་ [183] རབ་བྱུང་དྲུག་པའི་ལྕགས་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ཐོག་མར་དགེ་ བའི་བཤེས་གཉེན་རྣམས་ལ་བསྟེན་ནས་དཔེ་ཡིག་ལུང་གསུམ་ལ་སྦྱངས་ པ་མཛད། དེ་ནས་ཡབ་ཀྱི་དགོངས་རྫོགས་སུ་དེ་བཞིན་གཤེགས་པའི་ སྐུ་བརྙན་མི་ཚད་བསྐྲུན་པ་སོགས་རྣམ་དཀར་དགེ་བའི་མཛད་འཕྲིན་ གྱིས་མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས། ས་སྐྱ་པ་དང་སྐུ་གཉེན་ ཡིན་སྟབས་སྲིད་འཕེལ་འདུན་མ་གཅིག་པའི་བཅའ་ཡིག་མནའ་ བསྒྲིགས་ཀྱང་མཛད། བྱང་པ་ཏཱ་དབེན་གྱི་སྲས་མོ་ནམ་མཁའ་འབུམ་ ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་རྒྱལ་བསོད་ནམས་ལྡེ་སྐུ་འཁྲུངས་ འགུང་ལོ་སུམ་ཅུ་སོ་གསུམ་པར་བཙུན་མོ་དངོས་ཀྱི་གྱོད་པོ་ཏཱ་དབེན་ གྱིས་ལོག་པའི་བསམ་པས་ངན་བསྐུལ་བྱས་ཏེ་ཞང་རྟ་ཚག་པ་སྨོན་ལམ་ རྒྱལ་མཚན་གྱིས་བཀྲོངས་སོ། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་ བཅུ་བཞི་པ་ཡིན་ནོ།། ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཚལ་གུང་ཐང་དུ་ཡབ་ཚེ་རིང་དོན་གྲུབ་དང། ཡུམ་ཚེ་རིང་ སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་ཁྲི་བྱང་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཁྲི་འདོན་གནང་ དེ་ནས་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་ མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། འབུལ་ [184] ལས་ཐ་སྙད་རིག་གནས་གསན་བཞེས་མཛད། དགུང་ལོ་ཉེར་གཅིག་ པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་དམ་ བཅའ་གནང། ཕ་བོང་ཁ་བྱམས་པ་བསྟན་འཛིན་དང་སྟག་བྲག་ ངག་དབང་གསུང་རབ་གཉིས་ལས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ གསན། དགུང་ལོ་སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་ སྡོང་གསར་བཞེངས་ཀྱི་ཕྱག་ལས་གནང། དགུང་ལོ་ཞེ་བཞི་པར་རྒྱལ་ བ་བསྟན་འཛིན་རྒྱ་མཚོའི་མཚན་ཞབས་མཛད། དགུང་ལོ་ང་གཅིག་ པར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཡོངས་འཛིན་ གྱི་འགན་ཁུར་བཞེས་ཏེ་མདོ་སྔགས་ཆོས་ཀྱིས་མཆོད་པ་ཕུལ་ནས་དུས་ འདའ་བར་མཛད། དགུང་ལོ་གྱ་གཉིས་པར་དགོངས་ཆོས་དབྱིངས་ སུ་གཤེགས། ཁོང་ནི་ཁྲི་བྱང་སྐུ་ཕྲེང་གསུམ་པ་ཡིན་ནོ། །ཁོང་གི་ གསུང་རྩོམ་ནི་ སྐོར། གི་སྐོར། གྱི་བེའུ་བུམ་སྐོར། བཞུགས་སོ།། ཁྲི་སྨན་རྗེ་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་ལྡེ་སྣོལ་ནམ་གྱི་བཙུན་མོ་དང། རྒྱལ་པོ་ལྡེ་སྣོལ་པོའི་མ་ ཡུམ་ཡིན་ནོ།། [185] ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ཁོང་ནི་བོད་ལུགས་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་པོ་ ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང། ཡུམ་འབྲོ་བཟའ་ཁྲི་ མོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ལྕགས་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་བློན་པོ་དྦའྶ་རྒྱལ་ཏོ་རེ་སྟག་རྣ་ཅན་སོགས་ཀྱིས་ བཀྲོངས། ཁོང་དགུང་ལོ་བཅུ་གསུམ་པ་བོད་ལུགས་ཤིང་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་ ཉེར་བདུན་གྱི་རིང་དུ་རྒྱལ་སྲིད་བསྐྱངས། བན་དེ་ཆེན་པོ་བྲན་ཀ་ དཔལ་གྱི་ཡོན་ཏན་གྱིས་བློན་པོའི་གཙོ་བོ་མཛད་ཅིང། ཅོག་རོ་བཟའ་ དཔལ་གྱི་ངང་ཚུལ་མ་དང། མཆིམས་བཟའ་ཁྱུང་དཀར་མ། སྣ་ ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་ བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཙམ་ཁབ་ཏུ་བཞེས་ཀྱང་རིགས་ སྲས་ནི་མ་འཁྲུངས་བར་གྲགས། ཁོང་གིས་ཐོག་མར་ཆབ་སྲིད་ཀྱི་ མཐའ་བཀྱེད་ཀྱང་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཐང་ བོད་མཇལ་དུམ་མཛད་ནས་ པ་དང། བོད་ཡུལ་གྱི་སངས་རྒྱས་བསྟན་པ་ལ་བཀུར་སྟི་དང་རིམ་ གྲོ་ཚད་ལས་བརྒལ་བ་མཛད་ཅིང། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་ དགེ་འཕེལ་གྱི་ལྷ་ཁང་བཞེངས་པ་དང། སྒོམ་གྲྭ། བཤད་ གྲྭ། འདུལ་གྲྭ་སོགས་བཅུ་ཕྲག་འགའ་བཙུགས་ནས་རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་ཚང་བདུན་རེ་ལྷ་རིས་སམ་མཆོད་གཞིས་སུ་ ཕུལ་ཏེ་ཞབས་ཏོག་བླ་ན་མེད་པ་མཛད་ཅིང། དམ་པའི་ཆོས་བསྒྱུར་ [186] པའི་སྐོར་སོགས་མཛད་ནས་དགུང་ལོ་སུམ་ཅུ་སོ་དགུ་པར་བཀྲོངས་སོ་ བང་སོ་ནི། དོན་མཁར་མདའ་ཡི་གཡོན་ཟུར་དེ་རུ་བརྩིགས། བང་ སོ་དེའང་རིན་ཆེན་ནོར་གྱིས་བཀང། མིང་ནི་ཁྲི་སྟེང་རྨང་རི་ཟེར་ རོ་སྐད་ཞེས་འཁོད་འདུག་གོ་གོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ ནི་། ཁྲི་བཙན་ནམ།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་དཀྱིལ་ཙམ་དུ་ཡབ་ རྒྱལ་པོ་རྒྱལ་ཏོ་རི་ལོང་བཙན་དང། ཡུམ་འོ་མ་ལྡེ་བཟའ་ཁྲི་བཙུན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ཞང་ཞུང་མུ་ཧ་ལ་ རྒྱལ་གྱིས་མཛད། བཙུན་མོ་སྨན་ས་ཁྲི་དཀར་ཁབ་ཏུ་བཞེས་ཏེ་ རིགས་སྲས་ཁྲི་སྒྲ་དཔུང་བཙན་སྐུ་འཁྲུངས། ཁོང་གི་བང་སོ་གངས་ དཀར་རྩེ་ལ་བཏབ། ཁོང་ནི་འོག་གི་བཙན་ལྔ་ལས་བཙན་གཉིས་ པ་ཡིན་ནོ།། ཁྲི་བསམ་གཏན་ཕུན་ཚོགས།། ཁོང་ནི་ཤར་རྩེ་བསམ་གཏན་ཕུན་ཚོགས་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། ཁྲི་སྲོང་ལྡེ་བཙན།། ཁོང་ནི་བོད་ལུགས་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཕོ་བྲང་བྲག་ དམར་དུ་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང་ [187] བོད་ལུགས་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བཅོ་ལྔ་པ་བོད་ལུགས་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་མི་འཇིགས་ གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་བཞི་བཅུ་ཞེ་གཅིག་རིང་དུ་རྒྱལ་ སྲིད་བསྐྱངས་ཏེ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་དེ་འཛམ་གླིང་ སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བཟུང་བར་གྲགས། སློབ་ དཔོན་པདྨ་འབྱུང་གནས་དང་མཁན་པོ་ཞི་བ་འཚོ་སོགས་བོད་དུ་ གདན་འདྲེན་ཞུས་ཏེ། བསམ་ཡས་གཙུག་ལག་ཁང་སོགས་བཞེངས་ ནས་སད་མི་བདུན་རབ་ཏུ་བྱུང་བ་དང་རྒྱལ་བའི་གསུང་རབ་སྒྲ་བསྒྱུར་ མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། ལྷག་པར་དུ་ གསོ་རིག་གི་བསྟན་པ་ཉིན་མོ་ལྟར་མཛད་ནས་འགྲོ་བའི་ནད་ཀྱི་སྡུག་ བསྔལ་འཇོམས་པར་མཛད། ཁོང་གིས་མཆིམས་བཟང་ལྷ་མོ་བཙན་ དང། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་ཁྲི་རྒྱལ་མོ་ བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་ བཙུན་བཅས་ཁབ་ཏུ་བཞེས་ཤིང་རིགས་སྲས་མུ་ཁྲི་བཙན་པོ་སོགས་སྐུ་ འཁྲུངས། ཁོང་གི་བློན་པོ་གྲགས་ཆེ་བ་ནི་སྣང་བཞེར་ཟླ་བཙན་དང་ མཆིམས་རྒྱལ་གཟིགས་ཤུ་ཏིང། བློན་སྐྱེས་བཟང་རྒྱལ་ཀོང། ཞང་ སྟོང་བཙན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་ མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང། འགོས་ཁྲི་ བཟང་ཡབ་ལྷག་གཉེར་སྟག་བཙན་གདོང་གཟིགས། མ་ཞང་གྲོམ་ པ་སྐྱེས་བཅས་ཡིན་ནོ། དེ་ལྟར་ཆབ་སྲིད་ཀྱི་ལས་དབང་གྲུབ་སྟེ་ [188] ཞེས་འཁོད་འདུག་བང་སོ་མུ་ར་རི་ལ་བརྩིགས་ཤིང་མདུན་དུ་རྡོ་རིང་ ཡི་གེ་ཅན་ཞིག་བཙུགས་སོ།། ཁྲིམས་ཁང་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཡར་ཀླུང་བཙན་ཐང་གི་ཁྱམས་ཁང་གསར་དུ་ཡབ་བསོད་ནམས་ འོད་ཟེར་དང། ཡུམ་དཔལ་ལྡན་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། གདུང་རུས་ནི་རོག་ཡིན། རབ་བྱུང་བརྒྱད་པའི་ཆུ་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཆུང་དུས་ཀྱི་མིང་ལ་ དཔལ་འབྱོར་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཞི་ལྔ་ལ་ཡི་གེའི་འབྲི་ ཀློག་ལེགས་པར་མཁྱེན། དགུང་ལོ་བདུན་པར་རོང་སྟོན་སྨྲ་བའི་སེང་ གེས་མཁན་པོ་དང། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་སློབ་དཔོན་ བཀའ་བཞི་པ་ཤེས་རབ་དཔལ་ལྡན་གྱིས་དུས་བསྒོ་མཛད་ནས་རབ་ཏུ་ བྱུང་ཞིང་མཚན་ལ་ཤཱཀྱ་རིན་ཆེན་ཞེས་གསོལ། སློབ་དཔོན་ངག་ དབང་ལས་རྣམ་འགྲེལ་དང་ཕར་ཕྱིན་གསན། དགུང་ལོ་བཅུ་གསུམ་ པར་རྩེས་ཐང་གི་ཆོས་གྲྭར་ཕར་ཕྱིན་དང་ཚད་མའི་བཤད་པ་གསར་ བའི་དགའ་སྟོན་སྤེལ་བས་འདུས་པ་ཐམས་ཅད་ངོ་མཚར་གྱི་གནས་ལ་ བཀོད། ཚུལ་དེས་ཝང་གྲགས་པ་འབྱུང་གནས་ཀྱི་ཐུགས་འཕྲོག་སྟེ་ སློབ་གཉེར་གྱི་མཐུན་རྐྱེན་སྦྱར། དགུང་ལོ་ཉེར་གཅིག་པར་རྩེས་ཐང་ གི་ཚོགས་སུ་བྱམས་ཆོས་སྡེ་ལྔ་དང། དབུ་མ་རིགས་ཚོགས། རིན་ [189] བཤེས་སྤྲིང། སྤྱོད་འཇུག་དབུ་མ་རྩ་འཇུག་ མངོན་པ་གོང་འོག་ཕུང་པོ་ལྔའི་རབ་བྱེད། ཚད་མ་སྡེ་བདུན་རྣམས་ གསུངས་པས་མཁས་པ་ཐམས་ཅད་མགུ་བར་བསྐྱེད། ཁོང་གི་ཡབ་ ཆེན་ལས་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་དབང་ཞུས་ཏེ་ གསང་མཚན་ལ་མི་བསྐྱོད་རྡོ་རྗེ་ཞེས་གསོལ། རྔོག་བྱང་ཆུབ་དཔལ་ བ་ལས་རྔོག་དཀྱིལ་བདུན་སོགས་དང། དམར་སྟོན་རྒྱལ་མཚན་འོད་ ཟེར་ལས་གསང་སྔགས། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་ གྲུབ་ལས་ས་སྡེ་ལྔའི་ལུང། མཁན་ཆེན་རྒྱལ་བ་ལས་རྡོ་རྗེ་ཕྲེང་བ་ བཅས་གསན། དེ་ནས་མཚུར་ཕུར་ཕེབས་ཏེ་འཇམ་དབྱངས་དོན་ གྲུབ་འོད་ཟེར་ལས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་དང། འགོས་ལོ་གཞོན་ ནུ་དཔལ་ལས་ཕར་ཕྱིན་དང་བཀའ་གདམས་གཞུང་དྲུག་སྒྲ་ས་རིས་ དུས་འཁོར་བཅས་གསན། དགུང་ལོ་ཉེར་གཉིས་པ་མཁན་ཆེན་དོན་ གྲུབ་དཔལ་བས་མཁན་པོ་དང། ལས་ཀྱི་སློབ་དཔོན་འགོས་ལོ་གཞོན་ ནུ་དཔལ། གསང་སྟོན་ཆེན་པོ་དཔལ་འབྱོར་བས་མཛད་ཅིང་དགེ་ འདུན་ཉི་ཤུའི་ཚོགས་ཀྱི་དབུས་སུ་བསྙེན་པར་རྫོགས། དེ་ནས་རྩེས་ ཐང་དང། བསམ་གཏན་གླིང། ཕོ་བྲང་འུམ་བུ་བླ་མཁར། རྒྱལ་ བཟང། བསམ་ཡས་མཆིམས་ཕུ། ཁྲིམས་ཁང་གླིང། བྲག་ ལྷ་ཀླུ་ཕུག་སོགས་ལ་ཕེབས་ནས་སྐུ་མཚམས་བཞུགས་ཤིང་སྒྲུབ་པར་ མཛད། རྟོགས་པའི་ཡོན་ཏན་བརྙེས་ཤིང་ཡི་དམ་ཆེན་པོའི་ཞལ་ གཟིགས། རྩེས་ཐང་གི་གཙུག་ལག་ཁང་དུ་རི་མོ་ཤིང་རྩི་དང་བསམ་ ཡས་ཁྲིམས་ཁང་གླིང་གི་ཞིག་གསོས་བཅས་མཛད། བླ་མ་རྣམས་ལ་དུས་ [190] བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་ནས་དགུང་ལོ་ལྔ་བཅུ་རྩ་དགུ་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་གིས་སློབ་མ་གྲངས་ཀྱིས་མི་ལངས་པ་ བསྐྱངས་ཤིང་གསུང་རྩོམ་ཡང་པོ་ཏི་བཅུ་གཉིས་བཞུགས་སོ། བསྒྱུར་ རྩོམ་ནི་བསྟན་འགྱུར་ལས་ དུད་སོལ་མའི་རྗེས་གནང་བའི་ཆོ་ག། བཞུགས་སོ།། ཁྲེ་དམར་ཡེ་ཤེས་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་ཀ་རྒྱའི་བིས་རྒྱར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བིས་ཐང་ཡེ་ ཤེས་དར་རྒྱས་ལས་རབ་ཏུ་བྱུང། བཱ་ཡན་སྟོད་ཐའི་དགོན་དུ་ཕེབས་ ནས་འདོན་ཆོས་བསླབས། དགུང་ལོ་བཅོ་ལྔ་པར་བྱ་ཁྱུང་དགོན་པའི་ ཆོས་སྒོར་ཞུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད། དེ་ནས་གྲྭ་སར་ཕེབས་ཏེ་མཚན་བཏགས་ བཞེས། པཎ་ཆེན་རིན་པོ་ཆེ་སོགས་ལས་བསྙེན་རྫོགས་ཞུས། དེ་ ནས་མདོ་སྨད་རང་ཡུལ་དུ་ཕེབས་ཤིང། དགུང་ལོ་བཞི་བཅུ་ཞེ་ བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ལྔའི་རིང་དུ་གདན་ [191] ཁྲི་ཟུར་ ནས་རྗེ་གསེར་ཁང་བའི་ཞབས་ལ་གཏུགས་ཤིང་སྒྲུབ་པ་ཉམས་ལེན་ མཛད། ཁོང་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་ཞིང་ཐུགས་བསྐྱེད་བཟང་ བ་བཅས་བྱ་ཁྱུང་དགོན་དུ་བཞུགས་ན་ཕན་ཐོགས་ཆེ་ཡང་སྒྲུབ་པ་ལ་ གཞོལ་འདུན་ཆེ་བ་སོགས་གང་ཅིའི་རྐྱེན་གྱིས་རྒྱ་རྒྱའི་དགོན་དང་ཀ་ མདོ་གདོང་དམར་སྣ་སོགས་སུ་བཞུགས་ནས་ཉམས་བཞེས་བསྐྱངས་ རྒྱུད་པའི་འདུས་སྤྱིས་ཞུས་ངོར་གསང་འདུས་དང་བདེ་མཆོག་གི་དབང་ གནང། གཞན་ཡང་ལམ་རིན་ཆེན་མོའི་བཤད་ལུང་དང་བདེ་ལམ་ གྱི་ཉམས་ཁྲིད་སོགས་ཆོས་བཀའ་འགའ་རེ་གནང། དགུང་ལོ་བརྒྱད་ཅུ་ གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ ཁྱུང་དགོན་པའི་གདན་སའི་མཁན་རབས་དྲུག་ཅུ་རེ་གཉིས་པ་ཡིན་ནོ།། ཁོང་གི་གསུང་རྩོམ་ནི་ སྦྱར་བྱང་མེད་པ་ཡང་མང་ཙམ་ཡོད་ཅེས་རྗེ་བདེ་ཡངས་རིན་པོ་ཆེས་ གསུངས་ཞེས་བྱ་ཚང་བའི་གདན་རབས་སུ་བཀོད་འདུག་ ཁྲེ་ཙེ་དགེ་བཤེས་བརྩོན་འགྲུས་གྲགས་པ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ ཡུལ་ནི་ཕྱག་རྡོ་ཐང་གི་ཁྲེ་ཙེ་སྡེ་བ་ཡིན། ཁོང་སྐུ་འབུམ་དཔལ་ལྡན་ བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་འཛིན་གྲྭ་མས་རིམ་གྱིས་གཞུང་ བཀའ་པོད་ལྔ་ལ་སྦྱངས་པ་ལེགས་པར་མཐར་ཕྱིན་ཏེ་ཆོ་འཕྲུལ་སྨོན་ ལམ་རབ་འབྱམས་པའི་མིང་བཏགས་འཛིན། ཆེ་ཤོས་ངག་དབང་ [192] བླ་མ་གཞུང་ལས་པ་ཡང་ལོ་ཁ་ཤས་མཛད། དེ་ནས་ཆེ་ཤོས་བློ་བཟང་ བྱང་ཆུབ་བསྟན་པའི་སྒྲོན་མེའི་ཡོངས་འཛིན་མཛད་ཅིང་ཆེ་ཤོས་སྒར་ བར་བཞུགས། རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས། རབ་བྱུང་བཅུ་བཞི་ པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་ བཞུགས་ཤིང་ཆོས་སྲིད་གཉིས་ཀྱི་སྒོ་ནས་འཆད་ཉན་གྱི་ཞབས་འདེགས་ ལེགས་པར་མཛད། ཁྲི་ཟུར་ནས་འདུ་བྱས་ཀྱི་དགེ་ཆོས་ཐུགས་དམ་ ཞལ་འདོན་གྱི་རིམ་པ་ལ་འབད་མུས་སུ་ཞི་བར་གཤེགས་སོ། ཁོང་ནི་ སྐུ་འབུམ་དུས་འཁོར་དབོན་སློབ་ཀྱི་ཁྲི་རབས་བཅུ་དྲུག་པ་དང། རྒྱུད་ པ་མཁན་པོའི་ཁྲི་རབས་བཞི་བཅུ་ཐམ་པ་ཡིན་ནོ།། ཁྲོ་ཕུ་རྒྱལ་ཚ།། ཁོང་ནི་རྒྱལ་ཚ་རིན་ཆེན་མགོན་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ།། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ གཙང་ཡུལ་ཤབ་སྨད་དུ་ཡབ་ཇོ་འཕན་དང། ཡུམ་སྲེག་མོ་གསལ་ བྱེད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཤིང་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བརྒྱད་པར་རྒྱལ་ཚ་རིན་ཆེན་མགོན་ དང། ཀུན་ལྡན་རས་པ་གཉིས་ཀྱིས་མཁན་སློབ་མཛད་ནས་དགེ་ [193] དགུང་ལོ་བཅུ་གཅིག་པར་དགེ་བཤེས་གཙང་པ་ལས་ ཚད་མ་རྣམ་ངེས་སོགས་གསན། དགུང་ལོ་བཅུ་དྲུག་པར་གཙང་ དཀར་པ་ལས་དབུ་མ་དང། བྱམས་ཆོས་སོགས་གསན། ཞང་དགེ་ བ་ལས་ལོ་ཙཱ་བསླབས་པས་མཁས་པར་གྱུར། རྩེ་སྟོན་ཀུན་བཟང་ལས་ རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལྔ་བརྒྱ་ལྷག་གི་ཕྱག་ལེན་ དང་མན་ངག་བསླབས། དགུང་ལོ་བཅུ་དགུ་པ་ལ་བསྙེན་པར་རྫོགས་ རྒྱལ་ཚ་རིན་ཆེན་མགོན་དང་ཀུན་ལྡན་རས་པ་གཉིས་ལས་གདམས་ངག་ མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་དང། བཀའ་བབས་བཅུ་གསུམ་ བཅས་པ་མཐའ་དག་གསན། དགུང་ལོ་ཉེར་བཞི་པར་བལ་ཡུལ་དུ་ བྱོན། ཁ་ཆེ་པཎ་ཆེན་བུདྡྷ་ཤྲཱི་ལས་མདོ་སྔགས་ཀྱི་གདམས་ངག་མང་ དུ་གསན། སྔོན་རྗེས་སུ་མི་ཏྲ་ཛོ་གེ་དང། ཤཱཀྱ་ཤྲཱི་བྷ་དྲ་སོགས་ ཁྲོ་ཕུར་སྤྱན་དྲངས། ཁོང་གིས་ཁྲོ་ཕུར་གཞུང་ཆེན་མོའི་འཆད་ཉན་ གྱི་སྲོལ་གཏོད། དགའ་ལྡན་གྱི་གཙུག་ལག་ཁང་དང་བྱམས་ཆེན་ གསེར་ཟངས་ལས་གྲུབ་པའི་མིའི་ཁྲུ་བརྒྱད་ཅུ་པའི་སྐུ་ཚད་བཞེངས་ དགོན་ལག་གཞན་བསྐྲུན་པ་ ཁྲོ་རུ་དགོན་པ་ སོགས་རླབས་ཆེན་གྱི་ འཕྲིན་ལས་མཐར་ཕྱིན་ནས། དགུང་ལོ་ཞེ་བརྒྱད་པར་ཁྲོ་ཕུའི་གཉན་ མཁར་གྱི་བྲག་སེང་གེ་རྫོང་དུ་སྒྲུབ་པ་མཛད་ནས་བཞུགས་སོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་བླ་ཆེན་བསོད་ནམས་དབང་ཕྱུག་དང་ མཁན་ཆེན་བྱང་ཆུབ་དཔལ། ཡང་རྩེ་བ་རིན་ཆེན་སེང་གེ་སངས་ རྒྱས་ཞིག་ཆེན། བྱམས་པ་སྒྲུབ་བརྒྱུད་བསྟན་འཛིན། སྔོ་ཚ་གྲགས་ པ་དཔལ། གཉོས་ལོ་རྩེ་བ། བླ་མ་རྡོ་རྗེ་དབང། རས་མ་ [194] རོང་པ་རྒ་ལོ་བཅས་སོ།། ཁྲོ་བོ་དཔལ་ལྡན།། ཁོང་ནི་ཐང་སྟོང་རྒྱལ་པོ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ།། ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་འཆུམས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་དབང་དང་གདམས་ ངག་མང་དུ་ཞུས། དགུང་ལོ་བཅུ་བཞི་པར་སྐྱོ་སྟོན་བྱང་ཆུབ་རིན་ ཆེན་ལས་རབ་ཏུ་བྱུང་ཞིང་མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ་ འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། དགུང་ལོ་བཅུ་ དགུ་པར་ཀ་བ་དར་སེང་དང། དཔལ་ཆེན་རྡོར་གཞོན། གླན་ ཚུལ་ཁྲིམས་བྱང་ཆུབ་བཅས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད། དགུང་ལོ་སུམ་ཅུ་སོ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ སྤངས་ཐང་སྟོད་ཀྱི་གདན་ས་དང་སྦྲགས་མ་མཛད་ནས་ལོ་ངོ་ཉི་ཤུ་ཐམ་ པའི་རིང་དུ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། བསྟན་འཛིན་ གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་དར་ ཞིང་རྒྱས་པ་མཛད་དོ། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་ [195] གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་གསུམ་པ་ཡིན་ནོ།། ཁྲོམ་བཞེར་དབོན་པོ་རིན་ཆེན་གཞོན་ནུ།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་བཞི་པར་ཀམ་ཀམ་དུ་རབ་ཏུ་བྱུང་ དགུང་ལོ་ཉི་ཤུ་རྩ་གཉིས་པར་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་ བསོན་ནམས་རིན་ཆེན་དང་བྱ་ཡུལ་པའི་སངས་རྒྱས་ཇོ་བོ་དབང་ཕྱུག་ གཞོན་ནུ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་ཏེ་ མཁས་ཤིང་གྲུབ་པར་གྱུར། དགུང་ལོ་སུམ་ཅུ་སོ་གཉིས་པ་རབ་བྱུང་ ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་གདན་སར་ཕེབས་ ཤིང་ལོ་ངོ་བཞི་བཅུ་ཐམ་པའི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་ འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་པ་དང། བཤད་སྒྲུབ་ གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་པ་མཛད་ཅིང། དགུང་ལོ་བདུན་ ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ ཀམ་ཀམ་གྱི་གདན་རབས་དྲུག་པ་ཡིན་ནོ།། ཁྲོམ་བཞེར་རེན་ཆེན་སེང་གེ་ ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཡུལ་འཆུམས་སུ་སྔགས་བརྒྱུད་དུ་སྐུ་འཁྲུངས། རབ་ བྱུང་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ [196] སྣ་ནམ་ཇོ་དཔལ་དང་ལྷ་ བཙུན་བྱང་ཆུབ་འོད་ཀྱི་སློབ་མ་དབྱིག་ཐང་སྟོན་པ་ཞེས་པ་མདོ་ལུང་ན་ བཞུགས་པ་ཞིག་དང། སློབ་དཔོན་ཀམ་པ་དང། ཤ་ར་བ་ཡོན་ ཏན་གྲགས། བྱ་ཡུལ་བ་གཞོན་ནུ་འོད་རྣམས་ལ་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ལྷག་པར་དུ་བྱ་ཡུལ་བ་ཆེན་པོ་ལས་གདམས་ངག་ཐམས་ཅད་རྫོགས་ པར་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཁྱད་པར་ཅན་ ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་སོ་བརྒྱད་པ་རབ་བྱུང་གཉིས་ པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་གཙུག་ལག་ཁང་ གསར་བཞེངས་མཛད་ཅིང་དགེ་འདུན་ཉིས་བརྒྱ་ལྷག་ཙམ་འདུས་ནས་ ཚོགས་པ་ཡུན་རིང་དུ་བསྐྱངས། དེ་ནས་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་ ཁྲོམ་བཞེར་རིན་ཆེན་སེང་གེ་ ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ དཔལ་བ་དང་སློབ་དཔོན་རིན་ཆེན་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་ ཞིང་མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ། དགུང་ལོ་ཉི་ཤུ་ཐམ་ པར་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་རིན་ཆེན་གཞོན་ནུ་དང་ བྱ་ཡུལ་བའི་སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ་ལ་སོགས་པའི་དགེ་ [197] བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་མཁས་པའི་དབང་པོར་ གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་རབ་བྱུང་དྲུག་པའི་ས་ཕོ་འབྲུག་ལོ་ ་ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་སུམ་ཅུ་སོ་ལྔའི་ རིང་དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་ མཛད། དེ་ནས་གདན་ས་ཁོང་གི་དབོན་པོ་ཀམ་ཀམ་སངས་རྒྱས་འོད་ ཟེར་ལ་གཏད་ནས་ཟུར་བཞུགས་མཛད། དེ་ནས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གཅིག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་བདུན་ པ་ཡིན་ནོ།། མཁན་ཆེན་ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཆུ་སྒོའི་ཁུང་བྱ་བར་གྲོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བདུན་ པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ མཆིམས་བློ་བཟང་གྲགས་པ་ལས་བཀའ་གདམས་ཀྱི་གདམ་པ་རྣམས་ རྫོགས་པར་གསན། དཀའ་བཅུ་པ་གཞོན་ནུ་སེར་གེ་ལས་ཀྱང་གདམ་ པ་གཞན་དག་མང་པོ་གསན། རབ་བྱུང་དྲུག་པའི་ཤིང་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོར་སྣར་ཐང་གི་གདན་སར་ཕེབས། ལོ་ངོ་ཉེར་ བདུན་གྱི་བར་དུ་གདན་ས་བསྐྱངས་སོ། ཁོང་གིས་ ཊིཀྐ། རྗེ་བཙུན་བློ་བཟང་ གྲགས་པས་ཀྱང་ཞབས་ལ་གཏུགས། མཁན་ཆེན་བློ་བཟང་གྲགས་ [198] བཞུགས་ནས་བསྟན་པའི་ཞབས་ཏོག་དུ་མ་མཛད་ཅིང། ཁྱད་པར་ དུ་དཀར་ཕུགས་ལ་སོ་ནམ་མཛད་ནས་ནང་དུ་གནས་བརྟན་ལྷ་ཁང་ དང། མཁན་ཆེན་བློ་བཟང་གྲགས་པའི་ཕྱིའི་རྟེན་བཀྲ་ཤིས་སྒོ་མང་ གི་མཆོད་རྟེན་ཆེན་པོ་དང། ཕྱིའི་ལྕགས་རི་ཆེན་མོ་གྱང་རིམ་པ་ བཅུ་བཞི་ཡོད་པ་དེ་ཡང་བཞེངས་པར་མཛད་དོ། །ཁོང་ནི་དཔལ་ སྣར་ཐང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན།། མཁན་ཆེན་གྲགས་དོན་པ།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ གན་རྩར་སྐུ་འཁྲུངས། གདུང་རུས་ནི་གྲོ་ལ་མཚོ་བཞི་ཡོད་པའི་འབྲོག་ མཚོ་ཡིན། རབ་བྱུང་བརྒྱད་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་རབ་ཏུ་བྱུང་སྟེ་སྐུ་ཤིན་ཏུ་ བཙུན་པར་གྱུར། མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་ ཀྱི་ཆོས་སྐོར་ཡོངས་རྫོགས་ལེགས་པར་གསན། གདན་ས་གོང་མ་ ཁྲི་གཞོལ་མཛད་ནས་འདི་བ་ཁྲི་ལ་མ་ཕེབས་བར་གདན་ས་ལོ་ངོ་བཞི་ ཙམ་སྟོང། རབ་བྱུང་བདུན་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གདན་སའི་ཁྲི་ལ་ཕེབས། ལོ་ངོ་སུམ་ཅུའི་རིང་དུ་གདན་ས་བསྐྱངས་ ཏེ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་ནི་ འཕགས་པའི་གནས་བརྟན་ཆེན་པོ་ཞིག་གི་སྤྲུལ་པར་གྲགས་ཤིང་མཁས་ གྲུབ་གཉིས་ལྡན་གྱི་སློབ་མའང་མང་དུ་བྱོན་ནོ། ཁོང་ནི་དཔལ་སྣར་ ཐང་དགོན་པའི་གདན་རབས་བཅུ་དྲུག་པ་ཡིན་ [199] མཁན་ཆེན་གྲགས་པ་ཤེས་རབ།། ཁོང་ནི་རབ་བྱུང་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་མཆིམས་ནམ་མཁའ་གྲགས་པ་དང་འདུལ་འཛིན་ གྲགས་པ་བརྩོན་འགྲུས་སོགས་སློབ་དཔོན་དུ་བསྟེན་ནས་བཀའ་ གདམས་ཀྱི་གཞུང་ལུགས་མན་ངག་ཐམས་ཅད་མཐར་ཕྱིན་པ་གསན་ ནས་མཁས་པའི་གྲགས་པ་ཐོབ། སྣར་ཐང་གི་གདན་ས་ལོ་ངོ་བཅུ་གཅིག་རིང་དུ་བསྐྱངས་སོ། ཁོང་གི་གདུང་རྟེན་ནི་གདན་ས་གོང་ མའི་ནུབ་ན་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ རབས་བཅུ་གཅིག་པ་ཡིན།། མཁན་ཆེན་གྲགས་པ་ཤེས་རབ་ ཕྱི་མ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྣར་ཐང་དུ་སྐུ་འཁྲུངས། གདུང་རུས་གཉན་ཡིན། འདས་ ལོ་མི་གསལ། ཁོང་གིས་མཁན་ཆེན་གྲགས་པ་དོན་གྲུབ་ཀྱི་མདུན་ ནས་རབ་བྱུང་གི་སྡོམ་པ་མནོས། རྗེ་དགེ་འདུན་གྲུབ་དང། རབ་ འབྱམས་པ་སྨོན་ལམ་དཔལ་བ། མཁས་པ་དཔལ་ལྡན་ཆོས་སྐྱོང་ སོགས་བླ་ཟུར་དུ་བསྟེན་ཅིང་སྡེ་སྣོད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་ གསན། དེ་ནས་སྣར་ཐང་ཁྲོན་སྤུག་གྲྭ་ཚང་གི་འཆད་མཉན་ཡང་ མཛད། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་སྟེ། རབ་བྱུང་ བརྒྱད་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་གདན་སའི་ཁྲི་ལ་ཕེབས་ རྣམ་པར་དཀར་བའི་འཕྲིན་ལས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད་ [200] ཁོང་ གི་རྗེས་ནས་ལོ་ངོ་ཆིག་བརྒྱ་དྲུག་ཅུ་ལྷག་གི་རིང་དུ་ཆོས་སྡེ་འདི་ཉིད་ རིམ་གྱིས་ཉམས་རྒུད་དུ་སོང་ནས། སེར་ཁྱིམ་པར་འགྱུར་སྐད་དང་ དེ་རྗེས་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགུང་ གྲགས་བརྒྱད་ཅུ་ལྷག་ཙམ་ལ་ཕེབས་དུས་རྒྱལ་བ་ལྔ་བ་ཆེན་པོ་དང་ གུ་ཤྲི་བསྟན་འཛིན་ཆོས་རྒྱལ། སྡེ་སྲིད་བསོད་ནམས་རབ་བརྟན་ བཅས་ཀྱིས་སྣར་ཐང་ཁུལ་དེ་བཀྲ་ཤིས་ལྷུན་པོའི་ཆོས་གཞིས་སུ་ཕུལ་བ་ ནས་བཟུང་ཆོས་སྡེ་འདི་ཡང་བཀྲ་ཤིས་ལྷུན་པོའི་ཁོངས་སུ་ཆོད་ པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་སྐབས་སུ་སྣར་ཐང་ཆོས་ སྡེར་དག་ཐེར་མཛད་ནས་བཙད་དགོན་དུ་བསྒྱུར་ཅིང་དགེ་འདུན་ རྣམས་ལ་ཆོས་ཕོགས་ཀྱང་གཏན་འཁེལ་མཛད་ཅིང། དུས་དེ་ནས་ བཟུང་སྣར་ཐང་གི་མཁན་པོ་ཡང་བཀྲ་ཤིས་ལྷུན་པོ་རང་ནས་མངགས་ གཏོང་དགོས་པའི་ལམ་སྲོལ་ཆགས་སོ། ། མཁན་ཆེན་གྲུབ་པ་ཤེས་རབ།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྣར་ ཐང་གི་ཉེ་འཁོར་རོང་གུ་ཞེས་བྱ་བར་དབང་གི་རིགས་སུ་སྐུ་འཁྲུངས་ རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བདུན་པའི་སྟེང་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ དགུང་ལོ་བཅུ་པའི་སྟེང་ནས་མཁན་ཆེན་ཀུན་དགའ་རྒྱལ་མཚན་ལས་ རབ་ཏུ་བྱུང། མཚན་ལ་གྲུབ་པ་ཤེས་རབ་ཅེས་གསོལ། དགུང་ ལོ་ཉི་ཤུ་པར་བསྙེན་པར་རྫོགས་པར་མཛད། མཁན་ཆེན་ཀུན་དགའ་ [201] སློབ་དཔོན་གྲགས་པ་རྒྱ་མཚོ། ཆོས་རྗེ་ཡོན་ ཏན་འོད། སློབ་དཔོན་སྐལ་བ་བཟང་པོ་སོགས་མཁས་གྲུབ་དུ་མ་ལ་ བསྟེན་ནས་མདོ་དང། རྒྱུད་སྡེ། མན་ངག་གི་སྐོར་རྣམས་ལེགས་ པར་གསན་ཅིང་ཐུགས་སུ་ཆུད་པར་མཛད། ཁྱད་པར་དུ་མཁན་ཆེན་ ཀུན་དགའ་རྒྱལ་མཚན་ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་མཐར་ ཕྱིན་པར་གསན་སྦྱངས་མཛད། དགུང་ལོ་སོ་གཉིས་པར་སྣར་ཐང་ གི་གདན་སར་ཕེབས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཁས་པ་ རྣམས་ཀྱི་ཐུགས་ཡིད་ཚིམས་པར་མཛད་ཅིང་སྐྱེ་བོ་རྣམས་ལའང་ཐར་ བའི་ས་བོན་བཏབ་པར་མཛད། ཁོང་ལ་གོང་མ་མིང་རྒྱལ་རབས་ ནས་གནང་བའི་སྤུ་མ་དམར་པོའི་ཀ་འཕན་རྒྱ་ཡིག་ཅན་དང། སྒོ་ འཕན་བཅས་ཡོད། གདན་ས་ལོ་ངོ་བཅུའི་རིང་དུ་བསྐྱངས་ཏེ་རྗེ་ ཉིད་དབོན་པོ་བསོད་ནམས་མཆོག་གྲུབ་ལ་གདན་ས་བསྐོ་བཞག་མཛད་ ནས་ལོ་ལྔའི་བར་དུ་ཟུར་བཞུགས་མཛད། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་དཔལ་ཡིད་བཟང་རྩེ་བ་དང། རྗེ་ཤེས་རབ་སེང་གེ་རྗེ་དགེ་ འདུན་གྲུབ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ སོགས་བཞུགས་སོ། །ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ རབས་བཅུ་བཞི་པ་ཡིན། ། མཁན་ཆེན་རྒྱལ་མཚན་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གིས་འཇམ་དབྱངས་རིན་ཆེན་རྒྱལ་ [202] སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ དེ་ནས་གསང་ཕུ་དང་རྩེས་ཐང་གཉིས་ཀར་དཀའ་བཞིས་གཙོ་བྱས་ པའི་སྡེ་སྣོད་མཐའ་དག་ལ་མཁྱེན་པ་རྒྱས་ཤིང་སོ་སོར་ཐར་བའི་སྡོམ་པ་ ལ་ཡང་གཅེས་སྤྲས་སུ་མཛད། བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་ པ་དང་ལྡན་ཞིང་འཇམ་དབྱངས་ཆོས་མགོན་པ་ལས་དུས་ཀྱི་འཁོར་ལོ་ གསན་ཏེ་མཁས་པར་གྱུར། དུས་ཀྱི་འཁོར་ལོའི་བསྐྱེད་པའི་རིམ་པ་ ལ་མངོན་པར་རྟོགས་པ་ཚིགས་བཅད་མ་ཅིག་ཀྱང་མཛད་དོ། ཚོགས་ ཆེན་མོ་བའི་མཁན་ཆེན་སངས་རྒྱས་བློ་གྲོས་ལས་ཡན་ལག་དྲུག་གི་མན་ ངག་གསན་ཞིང་སློབ་མ་ལ་ཡང་ཁྲིད་ཀྱི་རིམ་པས་ཕན་གདགས་པར་ མཛད་དེ། དགུང་ལོ་བདུན་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། །ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་ཤཱཀྱ་ཤྲཱི་ཡིན། ། མཁན་ཆེན་དགེ་འདུན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀྱི་རེབ་ཀོང་གི་ཡུལ་དུ་ཡབ་ཚེ་ཐར་སྐྱབས་དང་ཡུམ་ལྷ་ མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཅུ་པར་ རོང་བོ་དངོས་གྲུབ་ལས་རབ་བྱུང་བསྒྲུབས། མཚན་དགེ་འདུན་ དོན་གྲུབ་ཏུ་གསོལ། དེ་ནས་རོང་བོ་དགོན་དུ་ཞུགས་ནས་བསྡུས་ གྲྭ་དང་ལམ་རིམ་བཅས་ལ་སྤྱངས་པར་མཐར་ཕྱིན་མཛད། དེ་ ནས་དར་ཞིང་གི་ཁྲིར་བཞུགས་ཏེ་མཚན་དགེ་འདུན་རྒྱ་མཚོར་གསོལ་ [203] མདོ་སྨད་ཀྱི་དགོན་སྡེ་ཁག་ཏུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དགུང་ལོ་ ཉེར་དགུ་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ ཞུགས། དགུང་ལོ་སོ་དྲུག་པར་ལྷ་སའི་སྨོན་ལམ་ཆེན་མོར་གཞུང་ བཀའ་པོད་ལྔའི་དམ་བཅའ་བཞག་པས་རབ་འབྱམས་པའི་མཚན་ རྟགས་བླངས། དགུང་ལོ་བཞི་བཅུ་བར་སྡེ་བ་གཞུང་ནས་གཙང་ དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས། རྗེས་སུ་རྩེ་ཆེན་ཆོས་ སྡེའི་གདན་སའང་བཞུགས། དགོན་པ་བཞེངས་གསོ་དང་སྒྲིག་ལམ་ ཀུན་སྤྱོད་ལེགས་བཅོས་མཛད། ཆོས་ཀྱི་འཆད་ཉན་ལེགས་པར་ བསྐྱངས། དགུང་ལོ་ང་ལྔ་པར་རང་ཡུལ་དུ་ཕྱིར་ཕེབས་ཏེ་རོང་བོ་ དགོན་ཆེན་གྱི་གདན་སར་བཞུགས། མདོ་སྨད་ཕྱོགས་ཀྱི་དགོན་ཁག་ ཡོངས་སུ་ཕེབས་ཤིང་འཆད་ཉན་རྒྱ་ཆེར་སྤེལ་ནས་དུས་འདའ་བར་ མཛད། ཁོང་གི་གསུང་རྩོམ་ནི་ མེད་བསྐལ་བཟང་གི་བློ་གྲོས་ཀྱི་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་ མ། ། མཁན་ཆེན་ཆུ་བཟང་པ་བྱང་ཆུབ་འབར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ མུས་ཀྱི་ངང་དཀར་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ དགུང་ལོ་བདུན་པའི་དུས་སུ་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ཞིང་ འདོན་ཆོག་སོགས་ལ་ཐོགས་པ་མེད། དགུང་ལོ་བཅུ་གཅིག་པར་ ལྡོག་ལོང་པ་ཤཱཀྱ་བྱང་ཆུབ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། དེ་ནས་ [204] ཕྱིན་པར་མཛད། དགུང་ལོ་ཉི་ཤུ་པར་བསྙེན་པར་རྫོགས། དེ་ནས་ ལྡོག་ལོང་པ་ཤཱཀྱ་བྱང་ཆུབ་ལས་སྤྱན་རས་གཟིགས་ཀྱི་ལུང་དང་སྒྲུབ་ ཐབས་ལག་ལེན་བཅས་པར་ལེགས་པར་ཞུས། བསྙུང་གནས་ཚར་ སུམ་བརྒྱ་སྒྲུབ་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་ གཟིགས། དེ་ནས་བླ་མའི་བཀའ་ལྟར་ཕ་ཡུལ་མུས་ཀྱི་ངང་དཀར་དུ་ བྱོན་ཏེ་སྐུ་བསོད་རྒྱས་ཤིང་ཟླ་བ་རེ་ལ་བསྙུང་གནས་སྒྲུབ་པ་ཆེན་པོ་རེ་ མཛད། ཡི་དམ་མང་པོའི་ཞལ་གཟིགས། དེ་ནས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཐུགས་རྗེ་ཆེན་པོ་དཔལ་མོ་ ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། ཁོང་གི་ མཆོག་ཏུ་གྱུར་པའི་སློབ་མ་ནི་སྙག་ཕུ་པ་བསོད་ནམས་དབང་ཕྱུག་ ཡིན། ། མཁན་ཆེན་ཆོས་སྐྱབས་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ གཉལ་ལ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་ཡུམ་ གཉིས་ཀྱིས་ཀུན་མཁྱེན་མཚོ་སྣ་བ་ལ་ཕུལ་བས་དགུང་ལོ་བདུན་པར་ རབ་ཏུ་བྱུང་ཞིང་མཚན་ལ་ཆོས་སྐྱབས་བཟང་པོ་ཞེས་གསོལ། ཀུན་ མཁྱེན་མཚོ་སྣ་བ་ལས་སྡེ་སྣོད་གསུམ་གྱི་དབང་ལུང་མན་ངག་ཡོད་ཚད་ ཞུས་ནས་ཐུགས་སུ་ཆུད་པར་མཛད་ཅིང་བསྙེན་པར་རྫོགས། ལྷག་པར་བཀའ་གདམས་གཞུང་བའི་བཤད་སྲོལ་ལྟར་བྱང་ཆུབ་ལམ་གྱི་རིམ་ [205] དེ་ནས་མོན་ གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ལ་བསྟེན་ནས་བྱང་ཆུབ་ལམ་རིམ་དང་ འདུལ་བ། མངོན་པ་སྡེ་བདུན་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་དེ་མཁས་པའི་ཁྱུ་མཆོག་ཏུ་གྱུར། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། སྐལ་ལྡན་འགྲོ་བ་ཀུན་ གྱི་སྐྱབས་སུ་གྱུར། འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ་ དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ཅེས་བསྔགས་ བརྗོད་མཛད་དོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་རྩ་ གཉིས་པ་ཡིན་ནོ། ། མཁན་ཆེན་ཉི་མ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྣར་ཐང་གི་ཕུའི་སྟེང་ཀརྨ་ཁ་རིར་སྐུ་འཁྲུངས། གདུང་རུས་རམ་ཡིན་ རབ་བྱུང་ལྔ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་གཞོན་ནུ་དུས་ནས་རབ་ཏུ་བྱུང། འབྲོམ་ཀུ་མ་ར་མ་ཏི་སློབ་དཔོན་ དུ་བསྟེན་ནས་བཀའ་གདམས་པའི་གླེགས་བམ་ཆ་ལག་དང་བཅས་པ་ གསན། ཁྱད་པར་དུ་མཆིམས་ནམ་མཁའ་གྲགས་པ་དང་སྐྱོ་སྟོན་སྨོན་ ལམ་ཚུལ་ཁྲིམས་རྣམ་གཉིས་ནས་གདམ་པ་ཡོངས་སུ་རྫོགས་པའི་བཀའ་ དྲིན་མནོས། ཁོང་གིས་ཚུལ་ཁྲིམས་སྟག་བརྒྱས་བསྐོས། ཆོས་ཁྲིམས་ ཀྱང་དམ་པར་མཛད། སྣར་ཐང་གི་གདན་ས་ལོ་ངོ་བདུན་གྱི་བར་དུ་ བསྐྱངས་སོ། ཁོང་གི་གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་ ཤར་ན་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ [206] ། མཁན་ཆེན་ཐོགས་མེད་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས། ཁོང་གིས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ ་ ་ ལ་བགྲོ་གླིང་གི་མཆོད་སྤྲིན་འབུལ་གནང་མཛད་པ་ལས་རྣམ་ ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་ གསུང་རྩོམ་ནི་ ཞུན་མའི་ཁྲིད། སོ་བཞི་པའི་བཤད་པ། པ། མཐའ་དག་ཡོངས་སུ་ཚང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་ སྟེར། བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དང་གཞན་ཡང་ཟིན་བྲིས་སྣ་ ཚོགས། པོ། བཞུགས་སོ། ། མཁན་ཆེན་བདེ་བ་དཔལ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གཙང་རོང་གཡག་སྡེར་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་བྱ་ [207] ཁོང་གཞོན་ནུའི་དུས་ནས་རབ་ ཏུ་བྱུང་སྟེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པར་ མཛད། དགུང་ལོ་ཉི་ཤུ་ཐམ་པར་ལྷོ་བྲག་བྱང་ཆུབ་དཔལ་དང་ སློབ་དཔོན་བསོད་ནམས་བཟང་པོ། སློབ་དཔོན་དབང་ཕྱུག་གྲགས་ པ་གསུམ་ལས་བསྙེན་པར་རྫོགས་ཤིང་འདུལ་བ་ལུང་སྡེ་བཞི་དང་ བྱང་ཆུབ་ལམ་རིམ། དམིགས་པ་སྐོར་གསུམ་སོགས་གསན། གཞན་ ཡང་སློབ་དཔོན་ཡོན་ཏན་དཔལ་དང། སློབ་དཔོན་བཀྲ་ཤིས་བསོད་ ནམས། རྫོང་ཕུ་བ་དོན་ཡོད་ཞགས་པ། གཡག་སྡེ་ལོ་ཙཱ་བ་བསོད་ ནམས་སེང་གེ་སློབ་དཔོན་དཀོན་མཆོག་གྲགས། འགྲོ་མགོན་འཕགས་ པ། མཁན་པོ་སེང་གེ་ཟིལ་གནོན། ཁྲོ་ཕུ་རིན་པོ་ཆེ་སོགས་ལ་བསྟེན་ ནས་ཐེག་ཆེན་བློ་སྦྱོང་དང། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར། དོན་ ཡོད་ཞགས་པའི་སྒྲུབ་སྐོར། ཕར་ཕྱིན་སོགས་མཐའ་ཡས་པ་གསན་ དགུང་ལོ་སུམ་ཅུ་རྩ་བརྒྱད་པར་ལྷོ་བྲག་བྱང་ཆུབ་དཔལ་གྱི་གདན་སར་ ཕེབས་ཏེ་ལོ་ཉེར་བདུན་གྱི་རིང་དུ་གདན་ས་བསྐྱངས་ཤིང་མདོ་སྔགས་ ཆོས་ཀྱི་འཆད་ཉན་མཛད། དེ་ནས་དཀའ་བཞི་པ་གྲགས་པ་གཞོན་ ནུ་ལ་གདན་ས་གཏད་ནས་ཟུར་བཞུགས་མཛད་དེ་རྒྱལ་བའི་གསུང་ རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་ཉམས་ལེན་གྱི་ལུས་ གཅིག་ཏུ་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པ་དང། དེའི་སྙིང་པོ་བདག་ གཞན་མཉམ་བརྗེའི་བློ་སྦྱོང་ལ་ཐུགས་དམ་རྩེ་གཅིག་ཏུ་གཞོལ་བར་ མཛད། དགུང་ལོ་དྲུག་ཅུ་རྩ་བདུན་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བདུན་ཅུ་པ་ [208] ། མཁན་ཆེན་ཕྱག་རྡོར།། ཁོང་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་དྲུག་པར་བློ་ བཟང་ཡར་འཕེལ་གྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ ལོ་བདུན་པར་བློ་བཟང་ཡར་འཕེལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་ པ་མནོས། སྐབས་དེར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་ མཛད། དེ་ནས་ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་བླ་མར་བསྟེན་ཏེ་དབང་ ལུང་མན་ངག་མང་དུ་གསན། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ ཆུབ་ཀྱི་མདུན་ནས་གསོ་བ་རིག་པ་དང། སྐར་རྩིས། སོག་ཡིག་ བཅས་སྦྱངས་པར་མཛད། དེ་ནས་དབུས་གཙང་དུ་ཕེབས་ཏེ་རྒྱལ་བ་ ལྔ་པ་ཆེན་པོ་དང་མཇལ་ནས་ཆོས་འབྲེལ་ཡང་ཞུས། དེ་ནས་བཀྲ་ ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་བཀྲ་ཤིས་ ལྷུན་པོའི་རྒྱུད་པ་གྲྭ་ཚང་དུ་ཞུགས། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་ བཟང་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ ནས་སོག་ཡུལ་དུ་ཕེབས། མདོར་ན་དགེ་བའི་བཤེས་གཉེན་ཉི་ཤུ་ལྷག་ ལ་བསྟེན་ཏེ་དབང་ལུང་མན་ངག་རྗེས་གནང་དང་བཅས་པ་ཤིན་ཏུ་ [209] རང་ཡུལ་དུ་ཕེབས་རྗེས་དགོན་གསར་བཀྲ་ཤིས་དགེ་ འཕེལ་གླིང་དུ་བཞུགས། ཁོང་གི་གསུང་རྩོམ་ནི་ཆོས་ཚན་བཞི་བཅུ་ ཞེ་དགུར་བཞུགས་སོ། ། མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གཞོན་ནུ་དུས་ ནས་རབ་ཏུ་བྱུང། སྤྱིར་ཆོས་དང་ཁྱད་པར་དུ་ཕར་ཕྱིན་ལ་ཤིན་ཏུ་ མཁས་པར་གྱུར། མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཆེ་བ་ དང། གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་སྡེ་གཙུགས་པར་ མཛད། གྲྭ་རྒྱུགས་དང་ཚུལ་འཛུགས་ལ་སོགས་པ་མཛད་པས་དགེ་ འདུན་སྟོང་ལྷག་ཙམ་འདུས། སྤྱིར་ཆོས་ཐམས་ཅད་ལ་མཁས་ཀྱང་ གཙོ་བོ་འདུལ་བ་ལ་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ་ མངའ། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་ཞལ་ གཟིགས། དེ་ནས་ཞང་སྟོན་དགྲ་འཇིགས་དང་མཇལ་ཞིང་སྤྱན་རས་ གཟིགས་བཅུ་གཅིག་ཞལ་གྱི་ལུང་དང། ལག་ལེན་སྒྲུབ་ཐབས་བསྙེན་ ཚད་དང་བཅས་པ་ཞུས། བསྙུང་གནས་སྟོང་ཕྲག་གཅིག་གི་དམ་ བཅའ་བླ་མ་ཞང་སྟོན་དགྲ་འཇིགས་ལ་ཕུལ་བ་ལྟར་ཉམས་ལེན་མཛད་ པ་ལས་ཚར་སུམ་བརྒྱ་སོང་བའི་ཚེ་ས་ག་ཟླ་བའི་ཚེས་བཅུ་དྲུག་གི་ཉིན་ ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ཤིང་གསུངས་བྱོན། དེ་ནས་ཞལ་ ཡང་ཡང་མཇལ་ཏེ་སེམས་ཅན་མང་པོའི་འགྲོ་དོན་མཛད་དེ་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་ [210] ཁོང་ནི་ཐུགས་རྗེ་ཆེན་པོ་དཔལ་མོ་ ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན་ནོ། ། མཁན་ཆེན་བཟོད་པ་དཔལ་གྲུབ།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་ཆུ་སྒོ་གཞུང་དུ་སྐུ་འཁྲུངས། གདུང་རུས་གྲོ་ཡིན། རབ་བྱུང་ བརྒྱད་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་མདུན་ནས་རབ་བྱུང་གི་སྡོམ་པ་མནོས་ མཁས་གྲུབ་དགེ་ལེགས་དཔལ་བཟང་དང། རྗེ་ཤེས་རབ་སེང་གེ་ རྗེ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་ སློབ་དཔོན་དུ་བསྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མཁས་ པར་གསན་སྦྱངས་མཛད། སྣར་ཐང་དུ་མཚན་ཉིད་ཀྱི་འཆད་མཉན་ ཡང་མཛད། རབ་བྱུང་བརྒྱད་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གདན་སའི་ཁྲི་ལ་ཕེབས། གདན་ས་ལོ་ངོ་གསུམ་གྱི་རིང་དུ་བསྐྱངས་ པར་མཛད། ཁོང་ནི་དཔལ་སྣར་ཐང་དགོན་གྱི་གདན་རབས་བཅུ་ བདུན་པ་ཡིན་ མཁན་ཆེན་ཡེ་ཤེས་དཔལ་འབྱོར།། ཁོང་ནི་གཙང་པ་ཡེ་ཤེས་དཔལ་འབྱོར་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མཁན་ཆེན་ཡེ་ཤེས་དཔལ་འབྱོར།། ཁོང་ནི་གཙང་པ་ཡེ་ཤེས་དཔལ་འབྱོར་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མཁན་ཆེན་ཤེས་རབ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཤབ་སྟག་ལ་དང་ཉེ་བའི་གྲོང་སྤོ་ཁར་ཞེས་པར་སྐུ་འཁྲུངས་ [211] འདས་ལོ་མི་གསལ། ཁོང་གཞོན་ནུ་དུས་ ནས་རབ་བྱུང་གི་སྡོམ་པ་མནོས། བཙུན་ཆུང་གི་དུས་ནས་ཐུགས་རབ་ ཆེ་ཞིང་སྒོ་གསུམ་བག་དང་ལྡན་པ་ཞིག་ཡོད་པས། འདི་ལ་སྣར་ཐང་ གི་མཁན་པོ་འོང་ཞེས་ཀུན་གྱིས་གླེང་བ་བྱུང། དེ་ནས་རྗེ་དགེ་འདུན་ གྲུབ་ཀྱི་ཞབས་ལ་གཏུགས་ནས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ་རྩེ་ ཐང་དུ་པོ་ཏི་བཅོ་བརྒྱད་ཀྱི་གྲྭ་སྐོར་མཛད། མཐིལ་དུ་བྱོན་ཏེ་ཆོས་རྗེ་ བསོད་ནམས་མཆོག་གྲུབ་པ་དང་མཇལ། ཆོས་རྗེ་བྱམས་པ་གླིང་པ་ ལས་སྒྲ་བསླབས། དེ་ནས་དགའ་ལྡན་དུ་བྱོན་ཏེ་རྒྱུད་ཆེན་སྦྱིན་པ་ དཔལ་ལས་གསང་འདུས་ཀྱི་རྒྱུད་འགྲེལ་རྫོགས་པར་གསན། དེ་ནས་ སླར་གཙང་དུ་བྱོན་ཏེ་སྣར་ཐང་དུ་མཚན་ཉིད་ཀྱི་འཆད་མཉན་མཛད་ དེ་ནས་ཁོང་གིས་ཚེ་འདི་ལ་མཐོང་ལམ་ཐོབ་པ་ཞིག་བྱེད་གསུངས་ཏེ་ འཆད་མཉན་གྱི་བྱ་བ་རྣམས་བཞག་སྟེ་བྱང་ཆུབ་ཆེན་པོའི་དབེན་ གནས་དང། རྐང་བཞི་ཕུའི་དབེན་གནས་སོགས་སུ་ཐུགས་དམ་གཙོ་ བོར་མཛད། དེ་ནས་ཉེ་གནས་ཆེན་པོས་སྣར་ཐང་གི་མཁན་པོར་ གདན་དྲངས་ཀྱང་ཕེབས་དཀའ་བར་བྱུང་བ་ལ། རྗེ་དགེ་འདུན་གྲུབ་ ཀྱི་བཀའ་ལུང་ནན་གྱིས་ཕེབས་པ་བཟློག་མི་ནུས་པར་དགུང་ལོ་ང་ གསུམ་བཞེས་པ་སྟེ། རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གདན་སའི་ཁྲི་ལ་ཕེབས། ལོ་ངོ་བཅུ་བཞིའི་བར་དུ་གདན་ས་ བསྐྱངས། དེ་ནས་ཟུར་བཞུགས་མཛད་དེ་དབེན་པའི་གནས་སུ་ ཐུགས་དམ་རྩེ་གཅིག་ཏུ་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་ པའི་གདན་རབས་བཅུ་དགུ་པ་ཡིན། ། [212] མཁན་ཆེན་སངས་རྒྱས་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་གཡག་སྡེ་པན་ ཆེན་གྱི་སློབ་མ་གཙོ་བོ་ཞིག་ཡིན་ཏེ། ཨེ་བཾ་གདན་སའི་ཚོགས་ཀྱི་ མཁན་པོ་ཡུན་རིང་དུ་མཛད། དེ་རྗེས་ས་སྟོད་སྨད་མང་པོར་བཞུགས་ ནས་ཁྲིད་ཀྱིས་གཞན་དོན་མང་དུ་སྒྲུབ་པ་མཛད། དུས་ཕྱིས་སུ་ཡོལ་ རིན་ཆེན་གླིང་གསར་འདེབས་མཛད་ཅིང། སློབ་མའི་ཚོགས་པ་ བསྐྱངས་ནས་འཆད་ཉན་གྱིས་དུས་འདའ་བར་མཛད་དོ། ཁོང་གི་ སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་མཁན་ཆེན་རྒྱལ་བ་བཟང་པོ་ ཡིན། ། མཁན་ཆེན་བསོད་ནམས་བཟང་པོ།། ཁོང་ནི་གཉག་ཕུ་པ་བསོད་ནམས་བཟང་པོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། མཁན་པོ་གུ་ར་བ།། ཁོང་ནི་སུམ་པ་ཚུལ་ཁྲིམས་རྡོ་རྗེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། མཁན་པོ་ཛྙཱ་ན་པྲ་ཛྙཱ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་སུམ་ཅུ་སོ་གཉིས་པ་རབ་བྱུང་ལྔ་པའི་ཤིང་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་ [213] བུ་སློབ་མང་དུ་གསོ་སྐྱོང་མཛད། དགུང་ལོ་ལྔ་བཅུ་ང་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་ རབས་ཉི་ཤུ་རྩ་གཅིག་པ་ཡིན། རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོའི་ཡན་ལ་རྒྱལ་ལྷ་ཁང་གསར་འདེབས་མཛད་ནས་ལོ་ ངོ་སུམ་བརྒྱ་བཞི་བཅུ་ཐམ་པ་སོང་བ་འགོས་ལོ་གཞོན་ནུ་དཔལ་གྱིས་ གསུངས་སོ། ། མཁན་པོ་བསམ་གྲུབ་བསྟན་འཛིན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ འདོན་ཆོས་བཅས་ལ་བྱང་བར་མཛད་ནས་བསྟན་པའི་ཆོས་སྒོར་ཞུགས་ ཏེ་དགེ་བསྙེན་དང་རབ་བྱུང། དགེ་ཚུལ། དགེ་སློང་གི་སྡོམ་པ་ བཞེས་ཤིང་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། དེ་ནས་གྲྭ་ ས་ཆེན་པོ་འགྲིམས་ཏེ་ཐ་སྙད་རིག་གནས་དང། གཞུང་ཆེན་བཀའ་ པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་མཁས་པར་སྦྱངས། རྒྱ་ མཁར་བ་ཡེ་ཤེས་སྨོན་ལམ་དང། ཐོ་ཡོན་འཇམ་དབྱངས་འཕྲིན་ལས་ སོགས་ལ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་ མང་དུ་གསན་ཞིང་མཁན་པོའི་གོ་སར་བཞུགས། ཁོང་གི་རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་ རྩོམ་ནི་ རྩ་དངོས་གྲུབ་བུམ་བཟང། ། [214] མཁའ་འགྲོ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་འབྲི་ཀློག་ལ་བྱང་ཞིང་ཆུབ་པར་མཛད་ཅིང། དེ་ནས་མདོ་ སྔགས་གཉིས་ཀའི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ མཁས་པ་ཆེན་པོར་གྱུར། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ནང་བྱན་ ཚུད་པ་བསླབས་ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ འབྲས་བུ་གསལ་བར་བྱེད་པ། མཛད་པ་བཞུགས་སོ། ། མཁར་ཆེན་དཔལ་གྱི་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྒྲགས་ཀྱི་གྲོང་མོ་ཆེར་ཡབ་ནམ་མཁའ་ཡེ་ཤེས་དང། ཡུམ་གནུབས་ མོ་དགེ་བ་འབུམ་གྱི་སྲས་སུ་སྐུ་འཁྲུངས་ཤིང། རྟེན་ཁྱིམ་པ་ཡིན་ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན། སློབ་དཔོན་པདྨ་འབྱུང་ གནས་ལས་དབང་ལུང་མན་ངག་མང་དུ་ཞུས་ནས་སྒྲུབ་པ་ཉམས་ལེན་ ལ་བརྩོན་པར་མཛད་པས་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་ བའི་རིགས་སྔགས་འཆང་བའི་དབང་ཕྱུག་པ་ཞིག་ཡིན་ཏེ། མཐའ་ཤེལ་གྱི་མེ་ལོང། ཚད་འགུམ་ཞེས་གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ ཉེར་ལྔའི་ནང་ཚན་ཞིག་ཡིན་ནོ། ། [215] མཁར་ཆུ་བ་ཆོས་བསམ་འོད།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་ལྔ་པའི་ ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བའི་ བཤེས་གཉེན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སློབ་གཉེར་ཕུལ་དུ་བྱུང་བ་མཛད་ནས་རབ་བྱུང་བསྙེན་རྫོགས་ཀྱི་ སྡོམ་པ་བཞེས་ཏེ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་བར་ མཛད། ཆོས་རྗེ་རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད་ལས་བཀའ་ གདམས་ལམ་རིམ་དང། འདུལ་བ་མདོ་རྩ། དུས་འཁོར་རྒྱུད་ འགྲེལ། གསང་འདུས་སྦྱོར་དྲུག་དབུ་སེམས་ཀྱི་སེམས་བསྐྱེད། ཕྱག་ རྒྱ་ཆེན་པོ། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར། ཐབས་ལམ་ ཟབ་མོའི་གདམས་པ། གང་ཟག་སྙན་བརྒྱུད། ནཱ་རོ་ཆོས་དྲུག་བཅས་ ལ་ལེགས་པར་གསན་ནས་སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་ལྔ་པའི་ ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་གཡའ་བཟང་དགོན་པའི་གདན་ སར་ཕེབས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འཆད་ ཉན་གྱིས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་སྤེལ། དགོན་པའི་འདུལ་ ཁྲིམས་ལེགས་པར་འཛིན་པའི་བཅའ་ཡིག་གཏན་ལ་ཕབ། ཆེན་པོའི་ གདན་སའི་ཁྲི་ལ་བཞུགས་ཀྱང་དགེ་སློང་དཀྱུས་མ་ཞིག་གི་བརྟུལ་ ཞུགས་འཛིན་པས་སྡེ་དགོན་གཉིས་ཀྱིས་གཙུག་ཏུ་བཀུར། ལོ་ངོ་བཅོ་ བརྒྱད་རིང་དུ་གདན་སའི་ཁྲིར་བཞུགས། ཁོང་ནི་གཡའ་བཟང་དགོན་ པའི་གདན་རབས་བཞི་པ་ཡིན། ། མཁར་ཆེན་བཟའ་མཚོ་རྒྱལ།། [216] སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་ལས་ནང་གི་ སྐྱེད་རྫོགས་སྡེ་གསུམ་གྱི་དབང་ཆེན་ཞུས་ཏེ། དེའི་དབང་ཡོན་དུ་ བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་སློབ་དཔོན་པདྨ་འབྱུང་གནས་ལ་ ཕུལ་ཏོ། ། མཁར་རྡོ་བཟོད་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ལྷ་སར་ཡབ་ངག་དབང་ཚུལ་ཁྲིམས་དང། ཡུམ་ཨ་ལྕེ་སྐྱིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་བྱིས་པའི་དུས་ཀྱི་མིང་ ལ་ཤེས་རབ་རྒྱ་མཚོ་ཞེས་ཞུ། དགུང་ལོ་བདུན་པར་ཡི་གེའི་སྦྱོར་ཀློག་ དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གསུམ་ པར་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་སློབ་དཔོན་ རྒྱལ་མཚན་དོན་གྲུབ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་ བསྒྲུབས་ཤིང་མཚན་ལ་བཟོད་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་ བཞི་པར་ཆོས་གྲྭར་འགྲིམས་ཏེ་བསྡུས་གཞུང་དང། ཕར་ཕྱིན་གཉིས་ ལ་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་པར་གྲྭ་ཚང་ལ་དགོངས་པ་ ཞུས་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ཏེ་བྱང་ ཆུབ་ལམ་རིམ་དང། བློ་སྦྱོང་དོན་བདུན་མ། གཅོད། སྙིང་པོ་ དོན་གསུམ་བཅས་ཀྱི་ཁྲིད་རྣམས་ལེགས་པར་ཞུས་ཤིང་སྒྲུབ་པ་ཉམས་ ལེན་མཛད་པས་རྟོགས་པར་མངོན་དུ་གྱུར། དགུང་ལོ་ཉི་ཤུ་ཐམ་པར་ [217] མང་དུ་གསན། དེ་ནས་འོལ་ཁ་དང། ཆོས་འཁོར་རྒྱལ། ཙ་རི་ ཡེར་པ། རྭ་སྒྲེང། མཁར་རྡོ། དབེན་དགོན། རྒོད་ཚང། སྣར་ ཐང། གངས་ཅན། ཁྲོ་ཕུ། དངུལ་ཆུ་ཆོས་རྫོང། རྟ་ནག་རྟ་ ཕུག་རྡོ་རྗེའི་གུར་ཁང་སོགས་སུ་འགྲིམས་ནས་སྒྲུབ་པ་ཉམས་ལེན་ མཛད། སླར་མཁར་རྡོར་ཕེབས་ཏེ་སྒྲུབ་སྡེ་བཙུགས་ནས་དགེ་འདུན་ མང་པོའི་ཚོགས་པ་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ ང་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི་ ལམ་གྱི་ཞལ་ཤེས་ལྷན་ཐབས། མའི་རྣལ་འབྱོར། གཅོད་ཀྱི་སྙིང་པོ། མཆོད་སྙིང་པོ། བསྡེབས། ལམ་གྱི་རིམ་པའི་སྔོན་འགྲོའི་དོན་བསམ་པ་མདོ་ལུང་གསལ་བའི་ཉི་ མ། ཐར། ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར།། ཁོང་ནི་རབ་བྱུང་དང་པོའི་མེ་ཡོས་གོང་གི་བགྲང་བྱ་ཞེ་དགུ་པ་ [218] ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་ པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བཅུ་པར་རྒྱ་བོད་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དུས་ཀྱི་འཁོར་ ལོ་ལ་མཁས། དགུང་ལོ་བཅུ་གསུམ་པར་སློབ་དཔོན་གཡུང་དྲུང་རྒྱལ་ བ་ལས་བོན་ཆོས་མཁས་པར་བསླབས་ནས་གཞན་ལ་བཤད་པས་དཔེ་ འགྲེམས་བདུན་བརྒྱ་ཙམ་བྱུང། བླ་མ་འབྱུང་གནས་སེང་གེ་ལས་ རྫོགས་ཆེན་སེམས་སྡེའི་སྐོར་མང་དུ་གསན་ནས་བཤད་པས་དེར་ཡང་ སློབ་མ་བདུན་བརྒྱ་ཙམ་བྱུང། དེ་ནས་བལ་ཡུལ་དུ་ཕེབས་ཏེ་པཎྜི་ཏ་ པ་སུ་མ་ཏི་ལས་ལོ་ཙཱ་བསླབས། ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ་རྒྱ་བལ་ བོད་གསུམ་དུ་འབྱོན་བཞུད་མཛད། རྒྱ་བལ་དུ་བླ་མ་མཁས་པ་དང་ གྲུབ་ཐོབ་བརྒྱ་དང་ལྔ་བཅུར་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་ མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། ཐུན་མོང་གི་བླ་མ་རྡོ་རྗེ་ གདན་པ་ཆེན་པོ་དང། མཻ་ཏྲི་བ། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་ སྟེ་བཞི། ཐུན་མིན་གྱི་བླ་མ་ཡེ་ཤེས་གྱི་མཁའ་འགྲོ་མ་ནི་གུ་མ། སུ་ཁ་ སིདྡྷི་སྟེ་དྲུག་པོ་དེ་གཙོ་བོར་མཛད། ནི་གུ་མ་ལས་སྒྱུ་ལུས་ཀྱི་ལམ་གྱི་ དབང་དང། ཆོས་དྲུག་རྡོ་རྗེའི་ཚིག་རྐང། སྒྱུ་མ་ལམ་རིམ་སོགས་ གདམས་ངག་མང་དུ་གསན། མཻ་ཏྲི་བ་ལས་ཡེ་ཤེས་མགོན་པོའི་ཆོས་ སྐོར་གསན། གླང་རི་ཐང་པ་རྡོ་རྗེ་སེང་གེ་ལས་བསྙེན་པར་རྫོགས་ དེ་ནས་གཡས་རུ་ཤངས་སུ་བྱོན་ནས་ལོ་གསུམ་གྱི་ནང་དུ་ཞང་ཞོང་གི་ དགོན་པས་གཙོས་པའི་དགོན་པ་བརྒྱ་དང་རྩ་བརྒྱད་གསར་འདེབས་ [219] དེ་ཕྱིན་ནས་ཤངས་པ་བཀའ་བརྒྱུད་དུ་གྲགས། གྲྭ་བ་ཁྲི་ཚོ་ བརྒྱད་འདུས་པ་ལ་འཆད་ཉན་མཛད་ནས་ལོ་སུམ་ཅུའི་རིང་དུ་ཤངས་ པ་བཀའ་བརྒྱུད་སྲོལ་གཏོད་ནས་དར་བར་མཛད་དོ། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ ཡལ་ག་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་དངུལ་སྟོན་རིན་ དབང། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་ གསལ་སྙིང་པོ་ཞང་སྒོམ་ཆོས་སེང། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་ པ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་བཅས་སོ། ཁོང་གི་བསྒྱུར་ རྩོམ་ནི་བསྟན་འགྱུར་ལས། ངག་གི་སྒྲུབ་ཐབས། ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས། ། མཁས་གྲུབ་དགེ་ལེགས་དཔལ་བཟང།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ གཙང་ལ་སྟོད་ཆུ་འོག་ཏུ་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་ རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་ ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་ཁྲི་པ་ཐུགས་འགན་ བཞེས་རིང་དུ་སྐུ་གཤེགས། གསེར་སྡོང་དགའ་ལྡན་དུ་བཞུགས་ ཁོང་མཁན་ཆེན་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་ སྡོམ་པ་བཞེས་ཏེ་མཚན་ལ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ་ དགུང་ལོ་བཅུ་དྲུག་པར་ངམ་རིང་ཆོས་སྡེ་རུ་བོ་དོང་པཎ་ཆེན་འཇིགས་ [220] རྫོགས་པར་མཁྱེན་ནས། བོ་དོང་བ་ཁོང་གི་ཐུགས་ཡིད་འཕྲོགས་ཏེ་ སུམ་ཚོགས་པ་ཞིག་ཀྱང་མཛད། དགུང་ལོ་ཉེར་གཅིག་པར་རྗེ་བཙུན་ རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང། ཆོས་རྗེ་དཔལ་ འབྱོར་ཤེས་རབ་ཀྱིས་ལས་སློབ། གཉལ་བ་བློ་གྲོས་མཚུངས་མེད་ཀྱིས་ གསང་སྟོན་མཛད་ནས་དགེ་སློང་གི་སྡོམ་པ་བཞེས་པར་མ་ཟད། རྗེ་ བཙུན་རེད་མདའ་བ་ལས་ཚད་མ་སྡེ་བདུན་དང། མངོན་པ་གོང་འོག་ བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས། འདུལ་བ་བཅས་ལ་སྦྱངས་ ཏེ་རིང་པོར་མ་ཐོགས་པར་མཁས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ ཉེར་གསུམ་པར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་མཇལ། མདོ་ སྔགས་ཀྱི་མན་ངག་དང་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་ དུ་མནོས་པས་ནང་གི་ཐུགས་སྲས་གཅིག་པུར་གྱུར། གཞན་ཡང་རྒྱལ་ ཚབ་དར་མ་རིན་ཆེན་དང། འདུལ་འཛིན་གྲགས་པ་རྒྱལ་མཚན་ སོགས་ལས་བཀའ་ཆོས་མང་དུ་གསན། དེ་རྗེས་གཙང་དུ་ཕེབས་ཏེ་ ལྕང་ར་དགོན་གྱི་མཁན་པོ་གནང་ཐོག་རི་བོ་མདངས་ཆེན་དགོན་ཕྱག་ འདེབས་པའི་གཙོ་སྐྱོང་གནང། དགུང་ལོ་སོ་བཞི་བར་རྒྱལ་རྩེ་པའི་ ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་སྦྱིན་བདག་མཛད་ནས་ དཔལ་འཁོར་ཆོས་སྡེ་གླིང་ཕྱག་བཏབ། དགུང་ལོ་ཞེ་བདུན་པར་ དགའ་ལྡན་གསེར་ཁྲི་ཐོག་ཏུ་ཕེབས་ཏེ་འཆད་མཉན་བཤད་སྒྲུབ་ཀྱི་སྒོ་ ཐམས་ཅད་ཡར་ཟླ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དོ། ཁོང་ནི་ [221] ཁོང་གི་སློབ་མ་གྲགས་ཆེ་ བ་ནི་མཁན་ཆེན་བསོད་ནམས་མཆོག་གྲུབ་དང། ཀུན་མཁྱེན་འཕགས་ པ་འོད། གསང་མདའ་བ་ཆོས་ལྡན་རབ་འབྱོར། སྤྱན་སྔ་བློ་གྲོས་ རྒྱལ་མཚན་བཅས་ཡིན། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་ ཕར་ཕྱིན་རྣམ་བཤད། རྣམ་འགྲེལ་ཊིཀ་ཆེན། སྒྲུབ་ཐབས། བསྟོད་ ཚོགས་བཅས་པོ་ཏི་བཅུ་གཉིས་ཡོད། ། མཁས་གྲུབ་དར་མ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་ ཐང་ལྷའི་ཉེ་ལོགས་སུ་ཡབ་བསོད་ནམས་མགོན་དང། ཡུམ་བཀྲ་ཤིས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་ གསུང་ཐུགས་རྟེན་ལ་དགའ་བ་དང། དགེ་འདུན་ལ་གུས་པ། སྙིང་ རྗེ་ཆེ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་གོ་དགུང་ལོ་ དྲུག་པར་ཡི་གེའི་སྦྱོར་ཀློག་ལ་མཁས་པར་གྱུར། ཡུམ་རྒྱས་འབྲིང་ སོགས་ལ་གཟིགས་པས་ཚིག་དོན་རགས་རིམ་ཐུགས་ལ་བྱོན། ཆོས་རྗེ་ རང་བྱུང་རྡོ་རྗེ་དང། མཁན་ཆེན་གཞོན་ནུ་བྱང་ཆུབ་པ་གཉིས་ལས་ དགུང་ལོ་བཅུ་དགུ་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྙེ་མདོ་ བ་ཀུན་དགའ་དོན་གྲུབ་དང། བླ་མ་ཚུལ་ཁྲིམས་རིན་ཆེན། རྟོགས་ ལྡན་གྲགས་པ་སེང་གེ་མཁན་ཆེན་ནམ་མཁའ་རྒྱལ་མཚན། བླ་མ་ བསོད་ནམས་རིན་ཆེན། བྱང་ཆུབ་མགོན་པོ། བསོད་ནམས་ སེང་གེ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་རྒྱུད་ བསྟན་བཅོས་བཅས་ལ་གསན་པ་རྒྱ་ཆེར་མཛད། ཁྱད་པར་དུ་མན་ [222] ཁྲོད་དབེན་པ་རྣམས་སུ་གཡེང་བ་རྣམ་པར་བཅད་ནས་བསྒོམས་པས་ ཐམས་ཅད་ཀྱང་གུས་པར་གྱུར། ཕག་མོའི་རི་ཁྲོད་དུ་རྟོགས་ལྡན་ གྲགས་པ་སེང་གེའི་ཞབས་ལ་གཏུགས་ནས་ཕྱག་ཕྱིར་འབྲངས་ཏེ་ བསྙེན་སྒྲུབ་དང། སྙིང་ཐིག་མཁའ་སྤྱོད་བསྙེན་སྒྲུབ་སོགས་ཀྱི་ གདམས་པ་བསམ་གྱིས་མི་ཁྱབ་པ་གསན། གནས་ནང་གི་གདན་སར་ བསྐོས། སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་འབའ་ཞིག་བསྒྲུབས་ ནས་དུས་འདའ་བར་མཛད་དོ། ཁོང་ནི་ཞྭ་དམར་བ་སྐུ་ཕྲེང་དང་ པོ་རྟོགས་ལྡན་གྲགས་པ་སེང་གེའི་མཆོག་ཏུ་གྱུར་བའི་སློབ་མ་ཡིན། ། མཁས་གྲུབ་ནོར་བཟང་རྒྱ་མཚོ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང། ཡུམ་ ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ གསུམ་པར་བྲག་དམར་ཆོས་སྡིངས་སུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་མགོན་ པོ་དང་བྱང་སེམས་ཆོས་འཕེལ་རྒྱལ་མཚན་གཉིས་ལས་རབ་བྱུང་ བསྒྲུབས་ཤིང་བཀའ་ཆོས་གསན། དེ་ནས་རི་ཁུད་ཆོས་སྡེར་ཕེབས་ ཤིང་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་ སྡེ་སྣོད་གསུམ་ལ་ཐོས་བསམ་ནན་ཏན་དུ་མཛད། འཆུམས་བདེ་ཆེན་ དང་ཆོས་འཁོར་སྒང་དུ་བྱོན་ཏེ་ཀུན་མཁྱེན་ཤེས་རབ་རིན་ཆེན་སོགས་ བཤེས་གཉེན་དམ་པ་དུ་མ་ལས་དབང་ལུང་མན་ངག་མང་དུ་གསན་ [223] ཆུབ་ལམ་རིམ་དང། ཕར་ཕྱིན། དབུ་མ། འདུལ་བ། མངོན་ པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཞིབ་ཏུ་སྦྱངས་ཤིང་གསང་ ཕུའི་གྲྭ་སྐོར་མཛད་ནས་མཁས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་ དགུང་ལོ་སོ་ལྔ་པར་དགའ་ལྡན་དུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་ དང། ཆོས་རྗེ་གྲགས་པ་འོད་ཟེར། རོང་པོ་བློ་བཟང་གསུམ་ལས་ བསྙེན་པར་རྫོགས་ཤིང་དབང་ལུང་མན་ངག་མཐའ་ཡས་པ་གསན་ དགུང་ལོ་སོ་བདུན་པར་དབེན་གནས་རིན་ཆེན་སྒང་དང། ཨེའི་ ཏིའུ་ར། འོལ་ཁ་ཆོས་ལུང། རྒྱ་སོག་ཕུ། ལྷ་སྡིངས་སོགས་སུ་ འགྲིམས་ནས་ལོ་བཞི་ཙམ་གྱི་བར་སྒྲུབ་པ་ཉམས་ལེན་མཛད་ནས་ རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་སོ། དགུང་ལོ་གོ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ ཀྱི་བླ་རབས་ལྔ་བཅུ་ང་བདུན་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་ མཆོག་ཏུ་གྱུར་བའི་ཐུགས་སྲས་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་ མཚོ་ཡིན། ཁོང་གི་གསུང་རྩོམ་ནི་ རྒྱན། གསང་བ་འདུས་པའི་རིམ་གཉིས་ཀྱི་གནད་དོན་གསལ་བར་སྟོན་པ་ རིམ་ལྔ་ཡང་གསལ། ། མཁས་གྲུབ་བྱང་ཆུབ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་གཡག་སྡེ་པཎ་ [224] གཡག་སྡེ་པཎ་ཆེན་དགོངས་པ་ཆོས་ དབྱིངས་སུ་འཐིམས་རྗེས། ཨེ་ཝཾ་གདན་ས་ལ་ཡུན་རིང་མ་བཞུགས་ ནས་ཆོས་འཁོར་གླིང་དུ་ཕེབས་ཏེ། འཆད་ཉན་མཛད་ནས་ཡུན་རིང་ དུ་བཞུགས། དུས་ཕྱིས་སུ་ཆུ་མིག་དགོན་གསར་དུ་བཞུགས་ཤིང་ འཆད་ཉན་མཛད་ནས་སློབ་མའི་ཚོགས་པ་བསྐྱངས། ཁོང་གི་སློབ་ མའི་ཚོགས་ལས་མཆོག་ཏུ་གྱུར་བ་ནི་སློབ་དཔོན་ནམ་མཁའ་གྲགས་པ་ ཡིན། ། མཁས་གྲུབ་སྦྱིན་པ་དར་རྒྱས།། ཁོང་ནི་རབ་བྱུང་དགུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་གི་གསུང་རྩོམ་མང་དག་ ཡོད་པ་མ་ཟད་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཚན་ཉིད་ཡིག་ཆའི་ བདག་ཉིད་ཅན་ཡིན། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ སེལ་ནོར་བུའི་ཕྲེང་བ། དག་མཐའི་སྤྱི་དོན། ཀྱི་སྤྱི་དོན། ལུང་རིགས་བང་མཛོད། རྒྱན་འགྲེལ་དང་བཅས་པའི་སྐལ་བཟང་ཀླུ་དབང་རོལ་མཚོའི་སྤྱི་དོན། བཅས་པོད་གཉིས་བཞུགས་སོ། ། མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་མགོན་པོ།། [225] ཡུལ་རྐྱང་ཡང་ཁང་དུ་ཡབ་དཔོན་པོ་དཀོན་མཆོག་བཟང་དང། ཡུམ་ ཇོ་དགེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བརྒྱད་དགུ་ལ་ཡི་གེའི་ འབྲི་ཀློག་མཁྱེན། དགུང་ལོ་བཅུ་གསུམ་པར་ཉི་ཐོག་པས་མཁན་པོ་ དང། སློབ་དཔོན་ཚུལ་ཁྲུམས་ཤེས་རབ་ཀྱིས་མཛད་ནས་དགེ་ཚུལ་ གྱི་སྡོམ་པ་མནོས་ཤིང་མཚན་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། སློབ་ དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་གསན། དགུང་ལོ་ བཅོ་བརྒྱད་པར་ཕར་ཕྱིན་གྱི་བཤད་གསར་མཛད། སློབ་དཔོན་ཚུལ་ ཁྲིམས་ཤེས་རབ་ལས་ཚད་མ་རྣམ་ངེས་དང། བྱམས་ཆོས་སྡེ་ལྔ་ ས་སྡེ། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས། བསླབ་ བཏུས། གསང་སྔགས་ཀྱི་ཆོས་ཚོགས་བཅས་མང་དུ་གསན། ཁྱད་ པར་དུ་ཚད་མ་ལ་མཁས་ཤིང་སྟོན་པ་བཟང་པོར་གྲགས། བླ་མ་ས་སྟོན་ ལྷ་རིན་ལས་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་པོ་དང། གཡའ་ ལུང་མཁན་པོ་ལས་བཀའ་གདམས། མདོ་པོར་ཀརྨ་པ་ལས་ཟབ་ ཆོས་རྣམས་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན། འཁོར་བ་ལ་ཞེན་ པ་ལོག་ནས་ཡུལ་གཞིས་ཐམས་ཅད་བཙོངས་ནས་ཕ་མའི་ཕྱོགས་སུ་ འགྱེད་ལན་བཅུ་གཅིག་མཛད། དེ་ནས་ཡོལ་ཕུ་རི་གུང་དུ་ཕེབས་ཏེ་ བླ་མ་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ལས་ནི་གུའི་ཆོས་སྐོར་མ་ལུས་ པར་ཞུས། ཐུགས་དམ་ཡང་ཤིན་ཏུ་འཕེལ། བླ་མ་དཀོན་སྐྱབས་ ལས་སྙིང་ཐིག་ཞུས་པས་ལྟ་སྟངས་མཛད་པ་ཙམ་གྱིས་ཆོས་ཉིད་མངོན་ [226] དེ་ནས་ཙ་རིར་སྒྲུབ་པ་མཛད་ནས་ ཉམས་རྟོགས་ཁྱད་དུ་འཕགས་པ་སྐྱེས། དེ་འཇག་ཏུ་བཞུགས་ནས་ གཞན་དོན་རྒྱ་ཆེན་པོ་མཛད། སློབ་མ་རྟོགས་ལྡན་ཡང་མང་དུ་བྱུང་ ངོ། དགུང་ལོ་བདུན་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་སོ། །ཁོང་གི་མཆོག་ཏུ་གྱུར་བའི་སློབ་མ་ནི་འཇག་པ་རྒྱལ་ མཚན་འབུམ་ཡིན། ། མཁས་གྲུབ་སངས་རྒྱས་ཡེ་ཤེས།། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ གཙང་རོང་གི་ལྷན་དྲུག་བརྒྱར་ཡབ་བླ་མ་རིན་ཆེན་དང། ཡུམ་ཆོས་ བསྟན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ལྕགས་ཕོ་ སྟག་ལོ་སྤྱི་ལོ་་ལོར་རོང་བྱམས་ཆེན་དུ་སྐུ་གཤེགས། ཁོང་ དགུང་ལོ་བཅུ་པར་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་བསྙེན་གྱི་ སྡོམ་པ་མནོས་ཤིང་མཚན་ལ་ཆོས་སྐྱབས་རྡོ་རྗེ་ཞེས་གསོལ། ཡི་གེའི་ སྦྱོར་ཀློག་དང་སུམ་རྟགས་དག་གསུམ། འདོན་ཆོས་སྤྱོད་བཅས་ ལ་བྱང་བར་མཛད། དེ་ནས་བ་སོ་ལྷུན་གྲུབ་བདེ་ཆེན་དུ་ཕེབས་ཏེ་ དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་ མཚན་ལ་སངས་རྒྱས་ཡེ་ཤེས་ཅེས་གསོལ། མཁན་པོ་དེ་ཉིད་ལས་རྡོ་ རྗེ་འཇིགས་བྱེད་དང། གསང་བ་འདུས་པ། མི་བསྐྱོད་པའི་དབང་ བཞི་ཡོངས་རྫོགས་དང། བཀའ་གདམས་གླེགས་བམ་གྱི་ལུང་སོགས་ དམ་ཆོས་མང་དུ་ཞུས། དགུང་ལོ་བཅོ་ལྔ་པར་བཀྲ་ཤིས་ལྷུན་པོར་ ཕེབས་ཏེ་རིགས་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན་ལས་མཚན་ [227] རྟ་ནག་པ་དགེ་ འདུན་བློ་བཟང་ལས་ཚད་མ་རྣམ་འགྲེལ་དང། དབུ་མ། ཕར་ ཕྱིན། འདུལ་བ། མཛོད་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད་ཅིང་དགུང་ལོ་ཉེར་ལྔ་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ ཆེན་དུ་ཕེབས་ཏེ་དཀའ་བཞི་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་ དྲུག་པར་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་བཟུང་སྟེ་སྒོ་ཀུན་ནས་ལེགས་ པར་བསྐྱངས། སྐབས་ཤིག་ལ་གངས་ཅན་ཆོས་འཕེལ་དུ་ཕེབས་ཏེ་ པཎ་ཆེན་དོན་ཡོད་རྒྱལ་མཚན་ལས་དོན་བདུན་མའི་ཉམས་ཁྲིད་སོགས་ ཆོས་མང་དུ་ཞུས། དེ་ནས་དབུས་སུ་བྱོན་ཏེ་རྒྱུད་སྨད་གྲྭ་ཚང་དུ་ ཞུགས་ནས་གསང་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་པར་བྱང་ བར་མཛད་ཅིང་དབེན་དགོན་དུ་ཕེབས། དབེན་ས་བློ་བཟང་དོན་ གྲུབ་ལ་བསྟེན་ནས་དགེ་ལྡན་སྙན་བརྒྱུད་གཙོ་བོར་མཛད་པའི་ལམ་ རིམ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་ཅིང་ ཡུན་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ནས་རྟོགས་པའི་ཡོན་ཏན་ལ་ མངའ་བརྙེས། གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ལས་བསྙེན་ པར་རྫོགས་ཤིང་སྣར་ཐང་བརྒྱ་རྩ་དང། བཀའ་གདམས་ལྷ་བཞི་ ཀུན་རིག་གི་དབང་ལུང་མན་ངག་མང་དུ་ཞུས། དེ་ནས་རི་བོ་དགེ་ འཕེལ་གྱི་གདན་སའི་ཁྲི་ལ་བཞུགས་མདོ་སྔགས་ཆོས་ཀྱི་འཆད་ཉན་ མཛད། དགུང་ལོ་ལྔ་བཅུ་ང་བརྒྱད་པར་དབེན་དགོན་གྱི་གདན་ས་ བསྐྱངས་ཏེ་སྔར་སྲོལ་བཟང་པོ་མ་ཉམས་པ་མཛད། དགུང་ལོ་དྲུག་ཅུ་ རེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་ [228] གནས་ རྙིང་འཇམ་དབྱངས། ཇོ་གདན་ནོར་བཟང་རྒྱ་མཚོ། ཤར་རྩེ་ ཤཱཀྱ་མཆོག་གྲུབ། བསམ་བློ་ཤེས་རབ་རྒྱལ་མཚན། དཀའ་བཅུ་ བློ་བཟང་དཔལ་མགོན། མཁན་པོ་སངས་རྒྱས་ཚུལ་ཁྲིམས། ཆུ་ དབར་རིན་ཆེན་དོན་ཡོད་རྒྱ་མཚོ། དབུས་པ་དགེ་ལེགས། ཀོང་ སྟོན་འཇམ་དབྱངས་རྒྱལ་པོ། ཞལ་སྔ་འཇམ་དཔལ་རྡོ་རྗེ། གུང་ རུ་ཤེས་རབ་བཀྲ་ཤིས། ཆོས་རྗེ་ཆོས་དོན་བཅས་ཡིན་ནོ། ཁོང་ གི་གསུང་རྩོམ་ནི་ སྐོར། པ་ལེན་ཚུལ། གནས་ཆོ་ག་དངོས་གྲུབ་ཀུན་འབྱུང། ཐབས། ཁོང་ནི་ལམ་ རིམ་བླ་བརྒྱུད་ཀྱི་བླ་རབས་བཞི་བཅུ་ཞེ་གསུམ་པ་ཡིན་ནོ། ། མཁས་དབང་གྲུབ་མཁྱེན་རབ་ནོར་བུ་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་ཁར་ཡབ་ཀྲང་མགོ་ལེབ་དང། ཡུམ་དབྱངས་ཅན་གཉིས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་རྩེད་ཐང་དུ་ཆོས་ཞུགས་མཛད་ཅིང་ཡི་ [229] དེ་ནས་ དབུས་སུ་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས་ཤིང་ གསོ་རིག་དང་རྩིས་རིག་ལ་སྦྱངས་པ་མཛད། སེར་སྨན་སྦྱིན་པ་ངག་ དབང་ཆོས་ལྡན་དང། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་ དབང། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། ཁུ་ནུ་བསྟན་འཛིན་རྒྱལ་ མཚན་བཅས་མདོ་སྔགས་རིག་གནས་དང་བཅས་པར་ཡང་ནས་ཡང་དུ་ གསན་སྦྱོང་མཛད། དགུང་ལོ་ཉེར་དགུ་པར་འབྲས་སྤུངས་དགོན་ གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས། དགུང་ལོ་སུམ་ཅུ་ཐམ་ པར་བཀའ་བློན་བཤད་སྒྲ་དང་མཉམ་དུ་རྒྱ་གར་ལ་ཕེབས། དགུང་ ལོ་སོ་གསུམ་པར་ལྕགས་རི་དང་སྨན་རྩིས་ཁང་གཉིས་ཀའི་ཐུགས་ འགན་བཞེས་ཏེ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་ འདའ་བར་མཛད། དགུང་ལོ་དོན་བདུན་པར་དམངས་གཙོ་བཅོས་ བསྒྱུར་བྱས་རྗེས་མི་དམངས་སྲིད་གཞུང་གིས་སྨན་རྩིས་ཁང་གི་ཡོན་ ཀྲང་བསྐོ་བཞག་གནང། དགུང་ལོ་བརྒྱད་ཆུ་ཐམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་སྟོང་ཕྲག་ལྷག་ཙམ་ལས་ གྲགས་ཆེ་བ་ནི་བློ་བཟང་ཐབས་མཁས་དང། འཇམ་དཔལ་མཐུ་ སྟོབས། ཐུབ་བསྟན་དཔལ་འབར། རྣམ་གྲོལ་ཆོས་དབང། བློ་ བཟང་མཁས་མཆོག་བྱམས་པ་ཆོས་གྲགས། དཔལ་ལྡན་རྒྱལ་ མཚན་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ པོ། མ། [230] ཀྱི་ས་བཅད་སྟག་མོའི་རྔམས་ཐབས། ཟླ་ཤེལ་ནོར་བུའི་མེ་ལོང། སྦྱོར་བདུད་རྩིའི་བུམ་བཟང། ལྔ་བཞུགས་སོ།། མཁས་བཙུན་ནམ་མཁའ་ལེགས་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་ལྷ་རྩེར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ནམ་ མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་ མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་གཞི་ཐོག་གཟིམས་ཁང་དུ་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཁས་པ་ནོར་བཟང་དཔལ་ལ་ བསྟེན་ནས་ཐུགས་གཉེར་མཛད་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་འཁོར་ལོ་ཆེན་པོའི་ མངོན་རྟོགས་ལ་སོགས་པ་རྩོམ་པ་ཡང་ཅི་རིགས་གནང། ཡབ་མེས་ ཀྱི་ཆོས་ལ་སྦྱངས་ཤིང་ཆོས་ཀྱོང་བྲན་དུ་བཀོད་པའི་ནུས་མཐུ་ལྡན་ དགུང་ལོ་ཉེར་གཅིག་པར་དཔལ་ལྡན་ས་སྐྱའི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་ངོ་བཅུ་དགུའི་རིང་དུ་གདན་ས་བསྐྱངས་ཤིང་སྐུ་ གསུང་ཐུགས་རྟེན་མང་དུ་བཞེངས། ཀུ་ཤ་ལ་གོ་ཐུག་རྒྱལ་པོས་ཀུན་ ཏིང་གུ་ཤྲཱིའི་ཆོ་ལོ་དང། ཤེལ་དམ་བཅས་པ་ཕུལ། དེ་ལྟར་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་སོ་དགུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ ལ་བདག་ཆེན་ནམ་མཁའ་ལེགས་པ་ཞེས་ཞུའོ། ཁོང་ནི་གཞི་ [231] ཐོག་བླ་བྲང་གི་གདན་རབས་དང་པོ་དང། ས་སྐྱའི་གདན་སའི་ ཁྲི་རབས་བཅུ་གཅིག་པ་ཡིན་ནོ།། མཁས་བཙུན་གཞོན་ནུ་དཔལ།། ཁོང་ནི་མྱང་སྨད་གཅུང་བ་ཡུ་བ་གདོང་དུ་ཡབ་རྒྱལ་པོ་ཆེ་ འཕེལ་དང། ཡུམ་རྒྱ་མོ་ཁྱེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་ལྔ་པའི་ས་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་སྣར་ ཐང་གི་མཁན་ཆེན་ནམ་མཁའ་གྲགས་ཀྱི་དྲུང་དུ་རབ་ཏུ་བྱུང། ཆུ་ མིག་པ་ལ་སོགས་པའི་དྲུང་ནས་སྡེ་སྣོད་རྣམས་ལ་མཁས་པར་སྦྱངས་ དགུང་ལོ་ཉི་ཤུ་པར་མཁན་ཆེན་ནམ་མཁའ་གྲགས་ལས་བསྙེན་པར་ རྫོགས། དགུང་ལོ་ཉི་ཤུ་རྩ་གཉིས་པར་ས་སྐྱའི་བླ་མ་འཕགས་པའི་ སྤྱན་སྔར་བྱོན་ནས་རྒྱུད་ཀྱི་བཤད་པ་མང་པོ་གསན། གཞན་ཡང་ གདན་ས་ན་བཞུགས་པའི་དགེ་བཤེས་ཆེན་པོ་གཞན་རྣམས་ལའང་རྒྱུད་ སྡེ་མང་པོ་གསན་ཞིང་མཁས་པར་མཁྱེན་ཏེ་སློབ་མ་མང་པོར་བསྐྱངས་ ཁོང་གིས་སྤྱིར་བླ་མ་བརྒྱད་ཅུ་རྩ་གསུམ་བསྟེན་ནས་གདམས་ངག་ཟབ་ དགུ་ཞུས་ནས་ཉམས་རྟོགས་ཆེན་པོར་འཕེལ། ཁྱད་པར་དུ་སངས་ རྒྱས་སྟོན་པའི་དྲིང་དུ་ཕེབས་ནས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ ངག་མ་ལུས་པ་དང་གཞན་ཡང་ཟབ་ཆོས་མང་དུ་བཞུགས་པ་རྣམས་ གསན། ཁོང་གི་ཉམས་རྟོགས་བརྙེས་པ་ལའང་བླ་མ་ཤིན་ཏུ་དགྱེས་ དབུས་གཙང་གི་ས་ཆ་མང་པོར་ལུས་སྲོག་བློས་བཏང་པའི་གཅོད་ མཛད་ནས་ལྷ་འདྲེ་མང་པོའི་དོན་མཛད། དུས་ཕྱིས་སུ་མྱང་སྨད་དུ་ [232] བསམ་སྡིངས་བཏབ་ཅིང་སློབ་མ་མང་པོར་ལམ་འབྲས་དང། ཕྱག་ ཆེན། ནི་གུའི་ཆོས་ཀྱིས་ཁྲིད་བཏབ། སྙན་གྲགས་ཀྱིས་ས་སྟེང་ ཁྱབ་ཅིང་གདུལ་བྱ་ཡང་དཔག་ཏུ་མེད་པར་འདུས། སྦྱིན་བདག་གི་ གཙོ་བོ་ཞ་ལུ་སྐུ་ཞང་པས་མཛད། བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་ཅིང་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ།། མཁས་བཙུན་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་མདོག་གི་སྤེན་པར་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་ས་སྐྱར་འཇམ་དབྱངས་པ་ལ་སོགས་པའི་མཁས་པ་མང་པོར་ བསྟེན་ནས་སྡེ་སྣོད་ལ་ལེགས་པར་སྦྱངས་མཛད། འཇམ་དབྱངས་ པའི་ཕྱག་ཕྱིར་གོང་དུ་ཡང་བྱོན། འཇམ་དབྱངས་པ་ལ་ཞུ་བ་མཛད་ ནས་ཕྱིས་དབུས་གཙང་དུ་མྱུར་བར་ཕེབས། དེ་ནས་ཇོ་མོ་ནང་དུ་ བྱོན་ཏེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་བྱང་སེམས་རྒྱལ་བ་ཡེ་ ཤེས་གཉིས་ཀའི་ཞབས་ལ་གཏུགས་ཤིང་དབང་རྒྱུད་ཁྲིད་དང་བཅས་པ་ ལེགས་པར་ཞུས། ཐུགས་དམ་ཡང་ཤིན་ཏུ་མཐོན་པོར་གྱུར་ནས་འགྲོ་ བ་མཐའ་དག་གིས་མཆོད་པའི་གནས་སུ་གྱུར། དགུང་ལོ་དྲུག་ཅུ་རེ་ གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་ཇོ་ ནང་གི་གདན་སར་ཕེབས་ཏེ་ལོ་ངོ་བདུན་གྱི་རིང་དུ་དགེ་འདུན་མང་ པོའི་ཚོགས་པ་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད་ དེ་ནས་ཇོ་ནང་གི་གདན་ས་ཁོང་གི་མཆོག་ཏུ་གྱུར་པའི་སློབ་མ་ཀུན་ [233] མཁྱེན་ཤེས་རབ་རྒྱལ་མཚན་ལ་གཏད་དེ་དགུང་ལོ་དྲུག་ཅུ་རྩ་བརྒྱད་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཇོ་ནང་དགོན་ པའི་གདན་རབས་གསུམ་པ་ཡིན་ འཁོན་དཀོན་མཆོག་རྒྱལ་པོ།། ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་ཀྱི་ལོ་སྟེ་སྤྱི་ལོ་་ལོར་ གཡའ་ལུང་མཁར་སྟབས་སུ་འཁོན་ཤཱཀྱ་བློ་གྲོས་སྲས་སུ་སྐུ་འཁྲུངས་ རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྒོ་རུམ་དུ་སྐུ་ གཤེགས། སྐུ་གཞོན་ནུའི་དུས་སུ་ཡབ་དང་གཅེན་འཁོན་རོག་ཤེས་ རབ་ཚུལ་ཁྲིམས་ལས་དབང་བཤད་དང་མན་ངག་མང་དུ་གསན་ཞིང་ གསང་སྔགས་རྙིང་མ་ལ་མཁས་པར་བསླབས། དེ་ནས་འཁྱིན་ལོ་ཙཱ་བ་ ལས་ཀྱེ་རྡོ་རྗེའི་དབང་ཞུས། རྒྱུད་གསན། འབྲོག་མི་ལོ་ཙཱ་བ་ ལས་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གསན་ནས་བཤད་བཀའ་འཛིན་ པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། འགོས་ལོ་ཙའ་བ་ལས་གསང་ འདུས་ཀྱི་སྐོར་དང། ཨོ་རྒྱན་གྱི་པཎྚི་ཏ་ཤེས་རབ་ལས་ཐིག་ལེ་ལྔའི་ སྐོར། རྨ་ལོ་ཙཱ་བ་ལས་བདེ་མཆོག་དང་གྲུབ་སྙིང་གི་སྐོར་སོགས་ གསན། གཞན་ཡང་མལ་ལོ་ཙཱ་བ་དང། བ་རི་ལོ་ཙཱ་བ། པུ་ ཧྲང་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད། འཁོན་སྐྱི་ཆ་བ། སྐྱུ་ ར་ཨ་སེང་སོགས་བླ་མ་དམ་པ་མང་པོ་ལས་སེམས་བསྐྱེད་དང། དབང་ བཤད་མན་ངང་མཐའ་ཡས་པ་གསན་ནས་གསང་སྔགས་གསར་རྙིང་ མཐའ་དག་གི་བདག་པོར་གྱུར། དེ་ནས་ཞང་ཡུལ་འཇག་གཤོང་དུ་ [234] བྱོན་ནས་ཡབ་དང་གཅེན་གྱི་ཕྱི་རྟེན་བཞེངས། བྲ་པོ་ལུང་པར་དགོན་ ཆུང་ཞིག་བཏབ་ནས་ལོ་འགར་བཞུགས་པས་དེ་ལ་ས་སྐྱ་གོག་པོར་ གྲགས་སོ། དེ་ནས་དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང། ཆུ་བོ་གཡས་ སུ་འབབ་པ་སོགས་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་ གཟིགས་ཏེ། དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ས་ཆ་ སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་གནང་བ་ཞུས། སོགས་ཀྱི་བདག་ པོ་ཞང་ཞུང་གུ་ར་བ་དང། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་ ཟེར་བ་དེ་རྣམས་ལ། རྟ་རྒོད་མ་དཀར་མོ་གཅིག་དང། ནོར་ བུའི་ཕྲེང་བ། མོ་གོས་གཅིག་སོགས་གནས་ནས་ས་དེ་ཉོས། དགུང་ ལོ་སོ་དགུ་པ་སྟེ་སྤྱི་ལོ་་ལོར་ས་སྐྱའི་དགོན་པ་བཏབ། དེ་ནས་ བཟུང་འཆད་ཉན་གྱིས་དུས་འདའ་བར་མཛད། ཁོང་ནི་འཁོན་ས་ སྐྱ་པ་ཞེས་གྲགས་པའི་ཐོག་མ་སྟེ་ས་སྐྱའི་བསྟན་པའི་མེས་པོ་ཡིན།། འཁོན་ཀླུའི་དབང་པོ་སྲུང་བ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཁོང་ གིས་བསམ་ཡས་གཙུག་ལག་ཁང་གི་སྤྱིན་བདག་ལག་དཔོན་མཛད་ནས་ སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ལོ་ཙཱ་བསླབས་ཤིང་ཆོས་གཞུང་ དུ་མ་བོད་ཡིག་ཏུ་བསྒྱུར། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མཁན་པོ་བཧོ་དཧི་ས་དྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་ རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན་ [235] ནོ།། འཁོན་གད་པ་ཀཱི་རྟི།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གིས་མང་ར་སེང་ གེ་རྒྱལ་མཚན་ལ་ཡུན་རིང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་ལེགས་པར་སྦྱངས་ཏེ་མཁས་པའི་གྲགས་པ་ཐོབ། ཁྱད་ པར་དུ་འཕགས་སྐོར་ལ་ཤིན་ཏུ་མཁས་པ་ཡིན། དེ་ནས་མཚུར་སྟོན་ དབང་གི་རྡོ་རྗེའི་གྲགས་པ་ཐོས་ཏེ་ཞབས་ལ་གཏུགས་ཤིང་འབུལ་བ་རྟ་ དང་ཚོས་ལྟང་ཐམས་ཅད་ཕུལ། མོས་གུས་ཆེན་པོའི་སྒོ་ནས་ཆོས་ རིམ་ལྔའི་མན་ངག་དང་རྒྱུད་གི་བཤད་པ་རྫོགས་པ་གསན། སྒྲུབ་ པ་ཉམས་ལེན་དུ་མཛད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོ། སངས་ རྒྱས་ཀྱི་ཞིང་མང་པོ་ཡང་གཟིགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་ཡུམ་གཅིག་པའི་སྤུན་མཆེད་བྱ་ཁང་བ་བསོད་ནམས་རིན་ཆེན་བཅས་ ཡིན།། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།། ཁོང་ནི་རབ་བྱུང་དགུ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཨེའི་སྐྱོང་ཁར་དུ་ཡབ་ཚེ་དབང་ནོར་རྒྱས་དང། ཡུམ་རྒྱལ་མོ་འཛོམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་རྒྱལ་ བ་བསོད་ནམས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ ལ་བསོད་ནམས་རྣམ་རྒྱལ་ཞེས་གནང་སྟེ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ [236] ཁྲིད་གསན། གདུང་ལོ་ཉི་ཤུ་ཐམ་པར་དྭགས་པོ་གྲྭ་ཚང་དུ་ཞུགས་ཏེ་ འོལ་ཁ་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང། མཁན་ པོ་དེ་ཉིད་སློབ་དཔོན་དུ་བསྟེན་ནས་ཕར་ཕྱིན་དང། དབུ་མ་ འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་ བསམ་ནན་ཏན་དུ་མཛད་ཅིང་མཁས་པའི་ཕུལ་དུ་ཕྱིན། དེ་ནས་ སེར་བྱེས་སུ་ཕེབས་ཏེ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང་འཕྲིན་ ལས་ལྷུན་གྲུབ་གཉིས་ལ་བསྟེན་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ ཡིག་ཆའི་སྟེང་ནས་གཞུང་བཀའ་པོད་ལྔ་ལ་བསྐྱར་སྦྱངས་མཛད་དེ་ གླིང་བསྲེའི་གྲྭ་སྐོར་མཛད། དེ་ནས་ལྷས་ལྟག་དགོན་དུ་ཕེབས་ཏེ་སྤྱན་སྔ་ ཆོས་དཔལ་བཟང་པོ་ལ་བསམ་སྦྱོར་གཉིས་ཀྱི་ཚུལ་བཞིན་དུ་བསྟེན་ ཏེ་བྱང་ཆུབ་ལམ་རིམ་གྱི་ཁྲིད་གསན་ནས་མྱོང་བ་ཐོན་པར་མཛད་ ཤར་པ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ དབང་ཆེན་དང་རིམ་གཉིས་ཀྱི་ཁྲིད་རྣམས་གསན། དགུང་ལོ་སོ་ བཞི་པར་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་དང། ཆོས་རྗེ་དགེ་འདུན་ རྒྱལ་མཚན་ལས་བསྙེན་པར་རྫོགས་ཤིང་མཚན་ལ་དཔལ་འབྱོར་ལྷུན་ གྲུབ་ཅེས་གསོལ། དེ་ནས་རྒྱུད་སྨད་དུ་ཕེབས་ཏེ་མཁས་གྲུབ་རྣམ་ རྒྱལ་དཔལ་བཟང་ལ་བསྟེན་ནས་ལོ་བཞིའི་རིང་དུ་གསང་སྔགས་ཀྱི་ གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ ཅིང་མཁས་པའི་སྙན་གྲགས་རྒྱས། དེ་ནས་གསང་ཕུ་ཉི་མ་ཐང་ གི་ཁྲི་དང། སེ་ར་བྱེས་པ་གྲྭ་ཚང་གི་ཁྲི་བཅས་ལ་བཞུགས་ནས་ འཆད་ཉན་ཡུན་རིང་དུ་བསྐྱངས། དེ་ནས་ཕ་བོང་ཁར་ཕེབས་ཏེ་ [237] སྒྲུབ་པ་ཡུན་རིང་དུ་མཛད་པས་འཇམ་དབྱངས་འཁོན་སྟོན་དཔལ་ འབྱོར་ལྷུན་གྲུབ་ཅེས་ཡོངས་སུ་གྲགས། རྒྱལ་བ་བློ་བཟང་རྒྱ་མཚོའི་ ཡོངས་འཛིན་དུ་དབང་བཀུར། དགུང་ལོ་དོན་བདུན་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ དྲུག་ཅུ་རེ་གསུམ་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་གྲགས་ཆེ་ བའི་ཐུགས་སྲས་ནི་ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཡིན་ ཁོང་གི་གསུང་རྩོམ་ནི་ ། འཁོན་པོ་བར་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་ལྔ་ པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ལྔ་པའི་ས་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་རྒྱལ་ལྷ་ཁང་གི་གདན་ས་བསྐྱངས་ ཤིང་སློབ་མ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་གདན་ རབས་བཅོ་བརྒྱད་པ་ཡིན་ནོ།། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ།། ཁོང་ནི་རབ་བྱུང་དང་པོའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ཕ་དྲུག་ཏུ་ཡབ་བྱི་བ་ཧབ་ཤ་ཞེས་མཚན་དངོས་ཞ་མ་རྡོ་རྗེ་རྒྱལ་ མཚན་དང། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བདུན་པར་ཡབ་མཆེན་གཉིས་ཡི་གེའི་སྦྱོར་ཀློག་ལེགས་པར་ [238] བསླབས་ཤིང་མཁས་པར་མཁྱེན། དགེ་བཤེས་གཉན་པ་ལས་དགེ་ བསྙེན་གྱི་སྡོམ་པ་མནོས་ཏེ་སྤྱོད་ཕྱོགས་ཀྱི་གཞུང་ཆེ་ཆུང་མང་པོར་ གསན། དགུང་ལོ་བཅུ་བཞི་པར་རོང་ཟོམ་ཆོས་ལས་སྨྲ་སྒོའི་མཚོན་ ཆ་དང། རྨ་ལོ་དགེ་བའི་བློ་གྲོས་ལས་སྐད་རིགས་མང་པོར་སྦྱངས་ ཏེ་ལོ་ཅཱ་བ་མཁས་པར་བསླབས། དེ་ནས་འུ་ཡུག་ཏུ་ཕེབས་ཏེ་དགེ་ བཤེས་ཞང་ལས་འཕགས་ཡོག་དུས་གསུམ་དང། རྒྱ་རོང་གངས་ པ་ཤེའུ་ལས་དེ་ཉིད་འདུས་པ་དང། རྡོ་རྗེ་རྩེ་མོ། དཔལ་མཆོག་ གི་རྒྱུད། མར་པ་སེང་རྫིང་ལས་གྲུབ་རྙིང་དང་བདེ་མཆོག་བཤད་ རྒྱུད་བཅས་གསན་པར་མཛད། དགུང་ལོ་ཉི་ཤུ་རྩ་དྲུག་པར་བལ་ ཡུལ་དུ་ཕེབས་ཤིང་ཡེ་རང་པ་ལས་མཻ་ཏྲི་བའི་ཆོས་སྐོར་དང། ཕམ་ མཐིང་བ་ལས་དུས་འཁོར་གྱི་གདམས་ངག་དང་གདན་བཞིའི་རྒྱུད་ རྣམས་གསན། དེ་ནས་བོད་དུ་བྱོན་ཏེ་འཁོན་སྐྱེ་ཆུ་བ་ལས་སྒྲོན་མ་ གསལ་བ་དང། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་ཀྱི་གདམས་པ་ དང། རྟ་ནག་དར་མ་ཀཱི་རྟཱི་ལས་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ འཁོར་ཆོ་ག་དང། རཱ་ལོ་རྡོ་རྗེ་གྲགས་ལས་འཇིགས་བྱེད་ཀྱི་དབང་ རྒྱས་པ་ཞུས། སླར་བལ་ཡུལ་དུ་བྱོན་ཏེ་རྒྱ་གར་གྱི་བླ་མ་མི་མཉམ་རྡོ་ རྗེ་དང་མཇལ་ཞིང་ལཱུ་ནག་དྲིལ་གསུམ་ནཱ་རོ་པའི་ལུགས་དང་བཅས་ པའི་བདེ་མཆོག་དབང་དང་བཅས་པ་གསན། དགུང་ལོ་སུམ་ཅུ་པར་ བོད་དུ་བྱོན་ནས་འཁོན་ཕུ་རྫིང་གི་བྲག་དམར་དུ་སྒྲུབ་པ་ཉམས་ལེན་ མཛད། དགུང་ལོ་བཞི་བཅུ་རྩ་བཞི་པར་བྲིན་སྙེ་ནམ་དང། ཕ་ དྲུག་ལ་སྟོད་ལྷོ་བྱང་གི་གནས་མང་པོར་བཞུགས་ཤིང་གདུལ་བྱ་མང་ [239] པོ་ལ་གྲུབ་སྙིང་ལ་སོགས་པའི་ཁྲིད་ཀྱིས་བསྐྱངས། དེའི་ཚེ་ཞ་མ་ལྕམ་ སྲིང་ཞེས་ཡུལ་ཐམས་ཅད་དུ་སྙན་པས་ཁྱབ། དུས་ཕྱིས་བླ་མ་སོ་སོའི་ རྣམ་ཐར་དུ་ཡང་ཡ་མཚན་དུ་མཛད་དེ་ཡི་གེར་བཀོད་པ་གདའ་འོ་ དགུང་ལོ་བདུན་ཅུ་རྩ་དྲུག་པར་ཞི་བར་གཤེགས། ཁོང་ནི་གསང་ སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ།། འཁོར་རེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་ཞང་ ཞུང་དུ་ཡབ་མངའ་བདག་བཀྲ་ཤིས་ལྡེ་མགོན་གྱི་སྲས་སུ་སྐུ་འཁྲུངས་ ཁོང་གི་མཚན་དངོས་ལ་འཁོར་ལོ་ལྡེ་ཞེས་ཞུ་ཞིང། ཁོང་གིས་མངའ་ རིས་པུ་རངས་བཟུང་ནས་ཆབ་སྲིད་བསྐྱངས་ཏེ་རིགས་སྲས་ལྷ་ལྡེ་སྐུ་ འཁྲུངས། བོད་ལུགས་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་གཅེན་ པོ་སྲོང་ངེ་རབ་ཏུ་བྱུང་ཞིང་མངའ་རིས་གུ་གེའི་རྒྱལ་སྲིད་ཀྱང་ཁོང་ལ་ གཏད་ནས་པུ་རངས་དང་གུ་གེ་གཉིས་ཀའི་ཆབ་སྲིད་བསྐྱངས་ཤིང་ཁ་ ཚར་གྱི་ལྷ་ཁང་བཞེངས་ཏེ་དཀོན་མཆོག་གསུམ་ལ་བཀུར་སྟི་ཕུམ་སུམ་ ཚོགས་པར་མཛད་དོ།། འཁོར་ལོ་ལྡེ།། ཁོང་ནི་འཁོར་རེ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ ཞུའོ།། འཁྲུལ་ཞིག་དར་མ་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཤེས་རབ་འོད་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་ [240] འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ བྱིས་པའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོ་ཞིང་ཡིད་ ཀྱི་དམིགས་འཛིན་མེད་ཀྱང་དགའ་ཡལ་ཡལ་བ་དང་བུན་ལོང་བ་རྟག་ ཏུ་བྱུང། གང་ལ་ཡང་ཞེན་འཛིན་མེད་པས་འཁྲུལ་ཞིག་ཏུ་མཚན་ ཐོགས། དགུང་ལོ་བཅུ་གཉིས་པར་སོ་བ་ལས་མདོ་དབང་ཞུས་ དགུང་ལོ་བཅོ་ལྔ་པར་དགེ་བཤེས་ཀུན་དགའ་ལས་མངོན་རྟོགས་རྒྱན་ དང་རྨ་ལུགས་སོགས་གསན། དགུང་ལོ་ཉེར་གཅིག་པར་བདེ་གཤེགས་ ཆེན་པོ་ལས་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཐམས་ཅད་ཞུས་ དགུང་ལོ་ཉེར་དགུ་པར་རྩེ་བ་སྒང་དུ་བཞུགས་ནས་སློབ་མ་མང་པོ་ བསྐྱངས། དགོན་སྐོར་གསུམ་གྱི་བླ་གྲྭ་རྣམས་ལ་ཆོས་ཀྱི་བགྲོ་གླེང་ མཛད་པས་འཁྲུལ་ཞིག་པའི་གདན་སར་འོས་པར་ཐག་བཅད། དགུང་ ལོ་སུམ་ཅུ་ཐམ་པར་གདན་ས་བསྐྱངས། དགུང་ལོ་སོ་གཉིས་པར་ འབྲི་གུང་དུ་ཕེབས་ཏེ་ཆོས་རྗེ་སྤྱན་སྔ་བ་དང་ལྷ་དཀོན་མཆོག་འཕེལ་བ་ ལས་རབ་ཏུ་བྱུང་ཞིང་ཆོས་མང་དུ་གསན། དགུང་ལོ་ཞེ་གསུམ་པར་ གྲུབ་ཐོབ་མེ་ལོང་རྡོ་རྗེ་ལས་གདམས་པ་མང་དུ་ཞུས། དགུང་ལོ་ཞེས་ ལྔ་པར་རྩེ་སྒང་གི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་པ་ བསྐྱངས། དེ་ནས་གདན་ས་ལ་སྤྱན་སྔ་འཚལ་བ་བསྐོ་བཞག་མཛད་ དེ་ཟུར་སྟོད་དུ་ཐུགས་དམ་འབའ་ཞིག་མཛད་ནས་བཞུགས་སོ། བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་གཅིག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་ནི་ཞི་བྱེད་ [241] བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན།། འཁྲུལ་ཞིག་པ་གར་དབང།། ཁོང་ནི་ལྡན་མ་བློ་བཟང་བསྟན་པ་ཆོས་འཕེལ་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ།། འཁྲུལ་ཞིག་བསོད་ནམས་འབུམ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་ གནས་ནང་དང་ཉེ་བའི་གཡུ་མ་ཞེས་པར་སྐུ་འཁྲུངས་པའི་མཁས་གྲུབ་ ཆེན་པོ་ཞིག་ཡིན། ཁོང་གིས་སྤྱིར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ མང་དུ་བསྟེན་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དེ་ནས་ཞྭ་དམར་བ་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་ དབང་པོའི་ཞབས་ལ་གཏུགས་ཏེ་གདམས་ངག་མང་དུ་གསན་ནས་ ཉམས་རྟོགས་ལེགས་པོར་འཁྲུངས། གནས་ནང་གི་གདན་སར་ བཞུགས་ཏེ་འཆད་ཉན་གྱི་གཙོ་འགན་བཞེས། ཆོས་རྗེ་མཁའ་སྤྱོད་ དབང་པོའི་གསུང་ལ་ཟིན་བྲིས་མཛད་པ་དང། བསྙེན་སྒྲུབ་ཀྱི་ཁྲིད་ ཡིག་ཆེན་མོ་ལ་སོགས་པ་མང་དུ་མཛད། ཁོང་གི་སློབ་མ་མཆོག་ཏུ་ གྱུར་པ་ནི་སློབ་དཔོན་བླ་མ་རྒྱལ་མཚན་ཡིན།། མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དབུས་གཡོན་རུའི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པ་ ནས་དམ་པའི་ཆོས་ཀྱི་སྒོར་ཞུགས། དགུང་ལོ་གཞོན་དུས་ནས་རྣམ་ [242] དཔྱོད་ཆེ་ཞིང་སྔོན་གྱི་བག་ཆགས་སད་པས་སློབ་དཔོན་མང་པོར་མ་ བསྟེན་ཅིང་སློབ་གཉེར་ལ་དཀའ་བ་མང་པོར་མ་སྤྱད་པར་མདོ་རྒྱུད་ཀྱི་ ཟབ་ཆོས་དང་རིག་གནས་མཐའ་དག་ལ་མཁས་པའི་རྩེར་སོན། དགུང་ ལོ་ཉེར་ལྔ་ནས་སོ་ལྔའི་བར་དཔེན་པའི་གནས་སུ་སྒྲུབ་པ་སྙིང་པོར་ མཛད་དེ་བཅད་རྒྱ་ལོ་བཅུ་ཙམ་མཛད། དེ་ནས་བསྟན་འགྲོའི་དོན་ ཆེན་བརྩེ་བས་ལྷུར་ལེན་མཛད་ནས་དབུས་གཙང་ཁམས་གསུམ་དང་ མོན་དང་ཁ་ཆེ་སོགས་སུ་སྐད་རིགས་མི་གཅིག་པའི་སློབ་མ་མང་དུ་ སྤེལ། རྒྱལ་བ་པཎ་ཆེན་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་ཚང་ མས་བསྟོད་པའི་མེ་ཏོག་ཕྱོགས་ཀུན་གཏོར་ནས་མཁས་གྲུབ་ཀུན་གྱིས་ གཙུག་གི་ཅོད་པན་ལྟར་བཀུར་བའི་བླ་མ་ཞིག་ཏུ་གྱུར། སྐུ་ཚེ་གང་ བོར་བསྟན་པའི་རྩ་བ་ལུང་རྟོགས་གཉིས་ཀྱི་བྱ་བ་ཁོ་ན་མཛད་ནས་དུས་ འདའ་བར་མཛད། ཀུན་མཁྱེན་འཇིགས་མེད་གླིང་པ་དང། ཀློང་ ཆེན་སྤྲུལ་སྐུ་རང་བྱུང་རྡོ་རྗེ་གཉིས་ནི་ཁོང་གི་མཚན་གྱི་རྣམ་གྲངས་ ཡིན། ཁོང་གི་གསུང་རྩོམ་ནི། དང། བྱང། བཞུགས།། [243] ག་རོད་ཚུལ་ཁྲིམས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་ དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད་ ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་ བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་ སུ་འབྲངས་པ། བའི་སྒྲུབ་ཐབས། འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། ཤོ་ལོ་ཀ་ སྟོང་ཕྲག་བཅུ་བཞི་པ། [244] བ།། གངས་པ་རིན་ཆེན་འོད་ཟེར།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་གྱ་བར་གསང་སྔགས་རྙིང་མ་པ་ཞིག་གི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ རབ་ཏུ་བྱུང་སྟེ་མཚན་ལ་རིན་ཆེན་འོད་ཟེར་ཞེས་གསོལ། དེ་ནས་ ཁོང་གིས་འབྲི་གུང་ཆོས་རྗེ་དང། སྟག་ལུང་ཐང་པ། རྨོག་ ལྕོགས་པ། ལྷོ་ལ་ཡག་པ། དྭགས་པོ་འདུལ་འཛིན། ཉེ་གནས་ གསལ་བྱང། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་འབད་པ་ཆེན་པོས་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ནས་མཁས་པ་ཆེན་པོར་གྱུར། ཕྱག་རྒྱ་ཆེན་ པོའི་རྟོགས་པ་ཁྱད་དུ་འཕགས་པར་མངའ་བརྙེས། དེ་ནས་ཇོ་མོ་ གངས་ཀྱི་ཕ་བོང་དཀར་ལེབ་ལ་སོགས་པའི་གནས་རྣམས་སུ་སྒྲུབ་པ་ མཛད། བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད་ ནས་སྐུ་ཚེ་འདའ་བར་མཛད་དོ།། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་གཙང་གཡས་རུ་བདེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་ དང་ཉེ་བ། ཆུ་བོ་ལོ་ཧ་ཏའི་ཉེ་འདབས་བརྒྱ་མཁར་ཞེས་པའི་ཡུལ་ དུ་ཡབ་ཚེ་རིང་དཔལ་འབྱོར་དང། ཡུམ་འཛོམས་ཆོག་གཉིས་ཀྱི་ [245] སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་བྱིས་པའི་དུས་ཀྱི་ མིང་ལ་བཀྲ་ཤིས་དོན་གྲུབ་ཅེས་འབོད། དགུང་ལོ་དགུ་པར་ཁ་བ་བློ་ བཟང་བརྩོན་འགྲུས་ལས་རབ་ཏུ་བྱུང། མཚན་ལ་བློ་བཟང་བསྟན་ འཛིན་རྒྱ་མཚོ་ཞེས་གསོལ། བཀྲ་ཤིས་ལྷུན་པོར་ཆོས་སྤྱོད་སོགས་ཀྱི་ འཛིན་རྒྱ་མཚོ་ཞེས་གསོལ། བཀྲ་ཤིས་ལྷུན་པོར་ཆོས་སྤྱོད་སོགས་ཀྱི་ རྒྱུགས་ལེགས་པར་ཕུལ། དགུང་ལོ་བཅུ་པར་མཁན་ཆེན་ཡེ་ཤེས་ རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ཚོགས་ཆེན་ངག་འདོན་ གྱི་རིམ་པ་དང། གྲྭ་ཚང་གི་ཆོས་སྤྱོད་རྣམས་ལ་ལེགས་པར་སྦྱངས་ དཀྱིལ་ཁང་གྲྭ་ཚང་དུ་ཚད་མའི་སྐོར་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་ མཛད་པས་དཀའ་བཅུ་པའི་མཚན་རྟགས་བཞེས། སློབ་དཔོན་རིན་ ཆེན་དགེ་སློང་ཆོས་རྗེ་ལས་སྒྲ་དང་སྡེབ་སྦྱོར་སྦྱངས། དགུང་ལོ་ཉེར་ བརྒྱད་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་དགེ་སློང་གི་ སྡོམ་པ་བཞེས། དེ་ནས་ལོ་བཅུ་བཞིའི་རིང་དུ་དཔལ་འབྱོར་ལྷུན་ བོའི་རི་ཁྲོད་སོགས་གནས་དབེན་པར་བསྟེན་ནས་ཉམས་ལེན་མཛད་དེ་ རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་གོ་བ་མཐར་ཕྱིན་ པར་གྱུར། དགུང་ལོ་ཞེ་ལྔ་པར་དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་ དུ་བསྐོས། དགུང་ལོ་ཞེ་ལྔ་པར་དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་ མཛད། དགུང་ལོ་ཞེ་དགུ་པར་པཎ་ཆེན་བློ་བཟང་བསྟན་པའི་ཉི་ མའི་ཡོངས་འཛིན་མཛད། དེ་ནས་བཟུང་གུ་གེ་ཡོངས་འཛིན་ཞེས་ པའི་མཚན་སྙན་ཐོབ། དགུང་ལོ་དྲུག་ཅུ་རེ་བརྒྱད་པར། སྡོམ་པའི་དབང་བཤད། སྐུ་ཚེ་གང་བོར་འཆད་ རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ [246] ནི། དང། ། གུ་རུ་ཆོས་ཀྱི་དབང་ཕྱུག་ ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཡོ་རུར་ཡབ་མཁས་སྟོན་ཉི་རྒྱ་བ་དང། ཡུམ་དཀར་ཟ་མགོན་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་བོ་བྱ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གི་གདུང་རུས་པང་ཡིན། དགུང་ ལོ་བཞི་པར་ཡབ་ལས་ཡི་གེའི་འབྲི་ཀློག་སྦྱངས་པས་ལེགས་པར་མཁྱེན་ མདོར་ན་ཐེག་པ་རིམ་དགུ་ལ་སྦྱངས་ཚུལ་ཉིད་ཀྱི་གསུང་ལས་དང་པོ་ བདེན་བཞིའི་སྒོར་ཞུགས་གང་ཟག་གི་བདག་མེད་རྟོགས། དགྲ་ བཅོམ་གྱི་འབྲས་བུ་ལ་སྨོན་རྒྱལ་མཁན་ལྟར་རང་དོན་བག་ཙམ་བྱས་ དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོར་ཞུགས་ཆོས་ཀྱི་བདག་མེད་ཀྱི་ ཕྱོགས་གཅིག་རྟོགས། ཡིད་ཞི་བདེ་ལ་སྨོན་བསེ་རུ་ལྟ་བུར་ཡང་བདག་ ཙམ་བསྡད། དེ་ནས་ཕར་ཕྱིན་བཅུའི་སྒོར་ཞུགས་བདག་མེད་གཉིས་ ཀའི་དོན་རྟོགས། ཀུན་ཏུ་འོད་ཀྱི་ས་ལ་ཡིད་སྨོན་མཉན་པ་ལྟར་ རང་གཞན་གཉིས་ཀའི་དོན་ཡང་བག་ཙམ་བྱས། དེ་ནས་བྱ་བ་དྲུག་ གི་སྒོར་ཞུགས་སྐྱེ་འགག་མེད་པའི་དོན་རྟོགས། རྡོ་རྗེ་འཛིན་པའི་ས་ ལ་ཡིད་སྨོན་བྲམ་ཟེ་ལྟ་བུར་གཙང་སྦྲ་ཡང་བག་ཙམ་བྱས། དེ་ནས་ ཕྱི་ནང་གཉིས་ཀའི་སྒོར་ཞུགས་སྐྱེ་འགག་གཉིས་ལྷར་རྟོགས། རིགས་ [247] བཞིའི་རྡོ་རྗེ་འཆང་ལ་ཡིད་སྨོན་རྗེ་རིགས་ལྟར་ཕྱི་ནང་གཉིས་ཀའི་སྤྱོད་ པ་བག་ཙམ་སྤྱད། དེ་ནས་ཡོ་གའི་སྒོར་ཞུགས་རྒྱལ་མཆོག་རྣམ་པ་ གསུམ་གྱིས་རྒྱུད་སྦྱངས། རིགས་ལྔའི་སངས་རྒྱས་སུ་སྨོན་རྒྱལ་པོ་ ལྟར་ཚོགས་དཔོན་ཡང་བག་ཙམ་བགྱིས། དེ་ནས་ཏིང་འཛིན་རྣམ་ གསུམ་གྱི་སྒོར་ཞུགས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་རྟོགས། པདྨ་ ཅན་ཀྱི་ས་ལ་ཡིད་སྨོན་མངལ་སྐྱེས་ལྟར་རིམ་གྱིས་ས་ལམ་སྦྱངས། དེ་ ནས་སྐད་ཅིག་ལྷར་གསལ་གྱི་སྒོར་ཞུགས་ཡབ་ཡུམ་གཉིས་མེད་རང་ བྱུང་དུ་རྟོགས། འཁོར་ལོ་ཚོགས་ཆེན་གྱི་ས་ལ་ཡིད་སྨོན་བརྫུས་སྐྱེས་ ཚུལ་གྱིས་རིག་པའི་རྩལ་སྦྱངས། དེ་ནས་བྱ་བྲལ་རྟོགས་པའི་སྒོར་ ཞུགས་འཁོར་འདས་གཉིས་མེད་རང་སེམས་སུ་རྟོགས། ཀུན་བཟང་ དབྱེར་མེད་ཀྱི་ས་ལ་ཡིད་སྨོན་སངས་རྒྱས་མཉམ་སྦྱོར་ངོ་མཚར་ཆེ་ཞེས་ པ་ལྟ་བུའོ། ཁོང་གིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཕྱེས་ཏེ་རྙིང་མའི་ གཏེར་སྟོན་འོག་མ་པ་ཞེས་སྐད་གྲགས་ཅན་ཞིག་ཡིན།། གུ་རུ་ལེགས།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་དུ་ ཡབ་རྒྱལ་པོ་དེ་ཤོ་ལེགས་དང་ཡུམ་ཀླུ་སྨན་མེར་མོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། ཁོང་གིས་དབོན་གསལ་འབེ་ཤོ་ཀྲམ་བསྟེན་ཞིང་ལྷ་ བོན་བཅོ་ཕན་གྲགས་ཀྱིས་མཛད། གསས་ཁང་ས་ལེ་བང་བང་དང་ སྐུ་མཁར་ཡང་རྩེ་བཞེངས། བཙུན་མོ་གུར་སྨན་ཁབ་ཏུ་བཞེས་ཏེ་ རིགས་སྲས་འབྲོང་ཞི་ལེགས་སྐུ་འཁྲུངས། ཁོང་གི་བང་སོ་གཡའ་ སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་གསུམ་ [248] པ་ཡིན་ནོ།། གུ་ཤྲཱི་ཀུན་དགའ་ཉི་མ།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་མ་གཅིག་གཞོན་ ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་ཡོན་གོང་མའི་ཕོ་བྲང་དུ་སྐུ་གཤེགས། ཁོང་ གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་གཉིས་ཀྱི་ དབང་ལུང་ཁྲིད་གསུམ་མང་དུ་ཐོབ་སྟེ་གདམས་ངག་ཐམས་ཅད་ཀྱི་ བདག་པོར་གྱུར་ཏེ། རིན་ཆེན་སྒང་བླ་བྲང་གི་འགྲོ་མགོན་ཆོས་རྒྱལ་ འཕགས་པའི་ཆོས་ཁྲིའི་སྟེང་ནས་གསུང་རབ་མང་པོ་འཆད་པས་མཁས་ པའི་སྙན་གྲགས་ཕྱོགས་བཅུར་ཁྱབ། དེ་ཡོན་རྒྱལ་རབས་ཀྱི་གོང་མ་ ཆེན་པོ་གེ་གེན་གྱིས་ཕོ་བྲང་ཆེན་པོར་གདན་དྲངས་ཏེ་རྒྱལ་བློན་འཁོར་ དང་བཅས་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བསྟན་པའི་བྱ་ པ་རྒྱ་ཆེར་མཛད། གོང་མ་ཆེན་པོས་ཀྱང་ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་ དང་ཤེལ་དམ་ཆེ་བ་ཐོ་ཤུ་བཅས་གནང་སྦྱིན་གང་ལེགས་བསྩལ། བར་ ཆད་ཀྱི་དབང་གིས་སྐུ་ཚེ་ཡུན་རིང་དུ་མ་བརྟན་པར་དགུང་ལོ་བཅུ་ བཞིའི་སྟེང་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ།། གུ་ཤྲཱི་ཀུན་དགའ་ལེགས་པའི་བློ་གྲོས།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་ཝང་གྲགས་པ་རྒྱལ་མཚན་དང། ཡུམ་མ་གཅིག་ལྷ་རིན་ [249] གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་ཕོ་སྤྱི་ལོ་སྟེ་སྤྱི་ལོ་ ་ལོར་རྟ་ནག་རི་ཁུད་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་བདག་ཆེན་ཀུན་དགའ་རིན་ཆེན་དང་ས་བཟང་མ་ཏི་པཎ་ ཆེན་གཉིས་ལས་རབ་ཏུ་བྱུང། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ དང། བླ་ཆེན་བསོད་ནམས་བློ་གྲོས། བླ་མ་མཉམ་མེད་པ་སོགས་ལ་བསྟེན་ནས་ཡབ་མེས་ཀྱི་བཀའ་ཆོས་དང། མདོ་རྒྱུད་བསྟན་བཅོས་ རྣམས་ཀྱི་དབང་ལུང་ཁྲིད་གསུམ་བཅས་གསན་པ་མཛད་ཅིང་ཚོགས་ ཆེན་པོར་ཚོགས་ཆོས་མང་དུ་གསུངས། བླ་མ་དམ་པ་བསོད་ནམས་ རྒྱལ་མཚན་གྱིས་ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་སར་བསྐོ་ བཞག་མཛད་པ་ལྟར་གདན་ས་བཟུང་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ མཛད། ཡོན་གོང་མ་ཆེན་པོས་སྔར་སྲོལ་བཟང་པོ་ལྟར་ཏཱ་དབེན་ གུ་ཤྲཱིའི་ཆོ་ལོ་དང། ཤེལ་དམ་ཆེན་པོ་ཐོ་ཤུ་དང་བཅས་པ་གནང་ སྤྱིན་བསྩལ། དེ་ནས་རྟ་ནག་ཕྱོགས་སུ་ཕེབས་ཏེ་སྡེ་དགོན་བཅས་པ་ ཞལ་བདག་མཛད་ཅིང་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས་མུར་ དགུང་ལོ་ཉེར་བརྒྱད་པར་ངོ་མཚར་བའི་ལྟས་དང་བཅས་དགོངས་པ་ ཆོས་དབྱིངས་སུ་གཤེགས་སོ།། གུ་ཤྲཱི་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱའི་ལྷ་རྩེར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ནམ་ མཁའ་རྒྱལ་མོ་གཉིས་ཀྱིས་རས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་མེ་ཏོག་རྭ་བར་སྐུ་ [250] གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གུང་རུ་ཤེས་རབ་རིན་ཆེན་ སོགས་ལ་བསྟེན་ནས་མདོ་སྔགས་གཉིས་ཀྱི་ཟབ་ཆོས་དང་ཡབ་མེས་ཀྱི་ གདམས་ངག་ཐམས་ཅད་ཐུགས་སུ་ཆུད་པ་མཛད་དེ་ཚོགས་ཆོས་ཡང་ མང་དུ་གསུངས་པས་སྙན་གྲགས་ཆེ། དེའི་སྐབས་སུ་ཡོན་རྒྱལ་རབས་ ཀྱི་གོང་མ་ཆེན་པོས་གདན་དྲངས་པ་ལྟར་ཕོ་བྲང་དུ་ཕེབས་ཏེ་གོང་མའི་ བླ་མཆོད་མཛད་ཅིང་གོང་མས་ཀྱང་གུ་ཤྲཱིའི་ཆོ་ལོ་བསྩལ་ནས་ཏཱི་ཤྲཱིའི་ ལས་ཚབ་པ་གནང། རྒྱལ་བློན་འཁོར་དང་བཅས་པ་ལ་ཟབ་རྒྱས་ ཆོས་ཀྱི་འཁོར་ལོ་བསྐོར་མུར་དགུང་ལོ་ཉི་ཤུ་ཐམ་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ།། གུ་ཤྲཱི་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱའི་གཞི་ཐོག་བླ་བྲང་དུ་ཡབ་ཏཱ་དབེན་ཀུན་དགའ་རིན་ཆེན་དང་ ཡུམ་མ་གཅིག་ནམ་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་ པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཆོས་རྗེ་བླ་མ་དམ་པ་ལས་རབ་ཏུ་བྱུང་ཞིང་ཡབ་ མེས་ཀྱི་ཆོས་རྣམས་ལ་སྦྱངས་པ་རྒྱ་ཆེར་མཛད་དེ་ཆོས་དུང་དཀར་པོ་ རྒྱང་གྲགས་སུ་གྲགས་པ་དེ་བུས་ནས་ཚོགས་ཆེན་པོར་ཆོས་ཀྱི་དགའ་ སྟོན་མང་དུ་མཛད། གཞན་ཡང་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་ བསྟན་བཅོས་རྣམས་ལ་ནང་བྱན་ཚུད་པ་མཛད་ཅིང་གཞི་ཐོག་བླ་བྲང་ གི་གདན་ས་ལ་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་ བསྐྱངས། གོང་མ་ཏཱ་མིང་རྒྱལ་པོས་གུ་ཤྲཱིའི་ཆོ་ལོ་བསྩལ་ཞིང་གདན་ [251] ས་ཆེན་པོའི་བཀའ་བགྲོས་པ་གཙོ་བོ་ཡིན། དགུང་ལོ་ལྔ་བཅུ་ང་ལྔ་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ས་སྐྱའི་གཞི་ ཐོག་བླ་བྲང་གི་གདན་རབས་གསུམ་པ་ཡིན་ནོ། སྟག་ཚང་ལོ་ཙཱ་བ་ ཤེས་རབ་རིན་ཆེན་གྱིས་དགུང་ལོ་ལྔ་བཅུ་ལས་མ་བཞུགས་ཞེས་ གསུངས་སོ།། གུ་ཤྲཱི་བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང། ཡུམ་རིན་ཆེན་འཚོ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། དགུང་ལོ་དགུ་པར་དགེ་བསྙེན་ཀྱི་སྡོམ་ པ་མནོས། དགུང་ལོ་བཅུ་པར་རྩེད་ཐང་དུ་བྱོན་ནས་ལོ་ལྔའི་རིང་ དུ་གདན་ས་མཛད། དེ་ནས་ལོ་ཆེན་བྱང་ཆུབ་རྩེ་མོ་དང་མཁན་ཆེན་ གཞོན་ནུ་དབང་པོ་དང། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་རྣམས་ ལ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སྣེའུ་གདོང་རྩེའི་གོ་ས་བཟུང་ ནས་ཆབ་སྲིད་ལོ་ལྔའི་རིང་དུ་བསྐྱངས། དགུང་ལོ་ཉེར་བརྒྱད་པར་ མཐིལ་གྱི་གདན་སར་ཕེབས་ཏེ་སྤྱན་སྔ་ལོ་ངོ་བཅུ་དགུའི་རིང་དུ་མཛད་ མཚོ་དཀར་བ་ལས་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་གསན་པས་ཐུགས་ དམ་ཁྱད་པར་ཅན་འཁྲུངས། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་ པ་ཡིན། ཏཱ་མིང་གོང་མ་ཆེན་པོ་ཧུང་ལྦུ་རྒྱལ་པོས་ཁོང་ལ་ཀྭ་དིན་གུ་ ཤྲཱིའི་གོ་གནས་གནང་ངོ། ཕག་གྲུའི་གདན་རབས་ བཅུ་གཅིག་པ་ཡིན་ [252] གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་ད་ལྟའི་ཀན་ལྷོའི་ཞཱ་ཧྭོ་རྫོང་གི་ཙ་ཡུལ་དུ་གདུང་རུས་ལྡོང་གི་རྒྱུད་ དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཀུན་མཁྱེན་འཇིགས་མེད་རྒྱ་ མཚོས་བརྟག་བསྒྲིལ་མཛད་དེ་གུང་ཐང་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་ དུ་ཐུགས་ཐག་བཅད་པས་གུང་ཐང་སྐུ་ཕྲེང་བཞི་བ་ཡིན། དགུང་ལོ་ བདུན་པར་ཀུན་གཟིགས་མཆོག་གི་དྲུང་ནས་རབ་བྱུང་དང་དགེ་ཚུལ་ གྱི་སྡོམ་པ་མནོས། དྲུང་ཡིག་དཀོན་མཆོག་ལས་ཡི་གེའི་འབྲི་ཀློག་ སྦྱངས། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས་ནས་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་རྟ་ཚག་ཡོངས་འཛིན་ འདུལ་བ་མཁན་པོ་བློ་གྲོས་བསྟེན་ནས་དཔེ་ཁྲིད་ཞུས། དགུང་ལོ་ཉི་ ཤུ་བར་གཙང་དུ་ཕེབས་ཏེ་པཎ་ཆེན་བསྟན་པའི་ཉི་མ་མཆོག་ལས་ བསྙེན་པར་རྫོགས། དངུལ་སྲང་བརྒྱ་དང་རྟ་མཛོ་ལྔ་བཅུ་ཕུལ། དེ་ ནས་སྣར་ཐང་དང། ས་སྐྱ། ཞྭ་ལུ། འོལ་ཁ། ཟངས་རི་ མཁར་དམར། ཡར་ལུང་རྟེན་གསུམ་གནས་གསུམ། དཔལ་བསམ་ ཡས། དགའ་ལྡན། སེ་ར་བཅས་ལ་མཆོད་འབུལ་ཞིབ་མཇལ་ གནང། དགུང་ལོ་ཉེར་གཉིས་པར་མདོ་སྨད་དུ་ཕེབས། དགུང་ ལོ་སོ་གཉིས་པར་གདན་སའི་ཚོགས་ཆེན་ཁྲི་ལ་ཞབས་སེན་ཉེ་བར་ འཁོད་དེ་ཁྲིད་རབས་ཞེ་བརྒྱད་པ་ཡིན། དེ་ནས་ཁོང་གིས་དགོན་ པའི་ལས་དོན་ཡོངས་ལ་དག་ཐེར་མཛད་ནས་སྔར་ལས་ལྷག་པར་ཇེ་ [253] དགའ་ཇེ་དར་དུ་བཏང་སྟེ། སྔར་གྱི་ཁྲིམས་འཆལ་ཅན་ཆིག་བརྒྱ་ ལྷག་ཙམ་དགོན་པའི་གྲལ་ནས་ཕུད་པ་དང། དུས་རྒྱུན་དུ་བརྩི་བཞག་ གི་རྒྱུགས་དང། རིགས་ལུང་གི་རྒྱུགས། རིག་གནས་ཀྱི་རྒྱུགས་ སྐད་གྲྭ་བའི་རྒྱུགས། དཔར་གྱི་རྒྱུགས་རྣམས་ཞིབ་པར་བླངས་ཏེ་ སྒྲའི་སློབ་དཔོན་བྱེད་ཐུབ་པ་བརྒྱད། ས་རིས་ཀྱི་སློབ་དཔོན་ཐུབ་པ་ བཅོ་བརྒྱད། དཔར་ཡིག་གི་དགེ་རྒན་ཐུབ་པ་ལྔ་ཙམ་བྱུང་བས་ དེའི་སྐབས་སུ་བླ་བྲང་དགོན་པའི་འཆད་མཉན་ཤིན་ཏུ་དར་བ་རེད་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་བདེ་ཐང་མཁན་སྤྲུལ་འཇམ་དབྱངས་ ཐུབ་བསྟན་རྒྱ་མཚོ་དང། སྣང་ཞིག་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། རབ་ བརྟན་རྒྱ་མཚོའི་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་བཅས་ཡིན། ཁོང་གི་ གསུང་རྩོམ་ནི། བླ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཟབ་གནད་ཆ་ཚང། ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་མང་པོ་ བཞུགས་སོ།། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཤར་ལྷོའི་མཛོད་དགེའི་སྨད་ཀྱི་ཡུལ་དུ་ཡབ་ཐེ་བོ་ལྕགས་ པོ་བྱམས་པ་དང། ཡུམ་བོ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བདུན་པར་ཕེབས་དུས་ཀུན་མཁྱེན་འཇིགས་མེད་དབང་ [254] པོས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད་ དེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས། ཁོང་གིས་ཀུན་མཁྱེན་ འཇིགས་མེད་དབང་པོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་ བཅས་དཀྱུས་གཅིག་ཏུ་ཞུས་ཤིང་མཚན་ལ་དཀོན་མཆོག་བསྟན་པའི་ སྒྲོན་མེ་ཞེས་གསོལ། དེ་ནས་རྡོ་རམས་པ་བློ་བཟང་རིན་ཆེན་སློབ་ དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་བློ་འཛིན་སོགས་ལེགས་ པར་སྦྱངས་བ་མ་ཟད། རིམ་གྱིས་རྒྱ་དང་སོག་པོའི་སྐད་ཡིག་སྦྱངས་ བས་ཐུགས་སུ་ཆུད། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ ནས་འབྲས་སྤུངས་གོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཧོར་སྐལ་ བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དབུ་མ་དང། མཛོད་ འདུལ་བ། ཚད་མ། ཕར་ཕྱིན་བཅས་གཞུང་བཀའ་པོད་ལྔ་ལ་ བརྡར་ཤ་ཆོད་པར་སྦྱངས། དགུང་ལོ་ཉེར་གཅིག་པར་རྒྱལ་བ་བློ་ བཟང་འཇམ་དཔལ་རྒྱ་མཚོའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ མནོས། དགུང་ལོ་ཉེར་གཉིས་པར་དགེ་བཤེས་ལྷ་རྨས་པའི་མཚན་ བཏགས་བླངས། དབུས་སུ་ལོ་བརྒྱད་ཙམ་བཞུགས་པའི་རིང་ལ་མདོ་ སྔགས་རིག་གནས་ཀྱི་གཞུང་ཀུན་ལ་མཁྱེན་པ་ཐོགས་མེད་དུ་གྱུར་ ཅིང། དབུས་གཙང་གི་མཁས་མང་དཀྱིལ་ན་རྒྱལ་མཚན་གྱི་ཏོག་ ལྟར་ཀུན་གྱིས་གཙུག་ཏུ་བཀུར་བའི་གནས་སུ་གྱུར། དགུང་ལོ་ཉེར་ ལྔ་བར་ཡུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་ སུམ་ཅུ་བར་ཆོས་དེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་ འཁོད་པས་གདན་རབས་ཉེར་གཅིག་པ་ཡིན། དེ་ནས་བཟུང་ཡུལ་ [255] མདོ་སྨད་ལྷོ་བྱང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་འཆད་རྩོད་རྩོམ་གསུམ་གྱི་ བྱ་བའི་ཡོ་ལང་ཁོ་ནས་དུས་འདའ་བར་མཛད་ཅིང། དབལ་མང་ པཎྜི་ཏ་དཀོན་མཆོག་རྒྱལ་མཚན་སོགས་སློབ་མ་མཁས་ཆེན་མང་དུ་ བྱུང་ངོ། ཁོང་གི་གསུང་རྩོམ་ནི་ཕར་ཕྱིན་སྡོམ་དང། མཛོད་ སྡོམ། འདུལ་བ་སྡོམ། སྒྲ་དང་སྙན་ངག་སྨན་དང་རྩིས། ལྷ་ རིས་ཐིག་ཚད་སོགས་སྒྱུ་རྩལ་སྐོར་གྱི་བསྟན་བཅོས་རྣམས་གཅིག་ཏུ་ བསྡུས་ཏེ་པོ་ཏི་བཅུ་གཉིས་བྱས་ནས་ཤིང་བར་དུ་བརྐོས་ཡོད་ གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན།། ཁོང་རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་དབུས་ཀྱི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ གི་ཉེ་འདབས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་པེ་ཅིན་དུ་སྐུ་གཤེགས། དགུང་ལོ་གསུམ་པར་ རྒྱལ་བ་ཡབ་སྲས་ཀྱི་གསུང་ལྟར་གུང་ཐང་དུ་གདན་དྲངས། དགུང་ ལོ་ལྔ་བར་རྒྱལ་སྲས་ཡེ་ཤེས་གྲགས་པ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ ལོ་ལྔ་བར་རྒྱལ་སྲས་ཡེ་ཤེས་གྲགས་པ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ ལོ་བདུན་པར་མཁན་པོ་དེ་ཉིད་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ ལོ་དེར་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས། དགུང་ལོ་བཅུ་བར་ བསེ་ཁྲི་རྒན་ཚང་དང་གྲུབ་དབང་སྡེ་རྣམ་ཚང་རྣམ་པ་ཉིས་ཀྱིས་ བསྐུལ་བ་ལྟར་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་ པས་ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་རྡོ་རྗེ་ཞེས་ [256] གསོལ། དགུང་ལོ་ཉི་ཤུ་བར་གཉན་རྩེ་དཔོན་སློབ་ངག་དབང་ ཆོས་འཕེལ་ ་ ལས་བསྙེན་པར་རྫོགས་ཏེ་བདེ་ མཆོག་གི་དབང་ཡང་གནང། དགུང་ལོ་ཉེར་གཉིས་པར་གདན་ས་ བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བར་ཕེབས་པས་ཁྲི་རབས་ལྔ་བ་ ཡིན། བསྟན་འགྱུར་སྐྱ་པོཏ་སྤུས་གཙང་དང། བརྒྱད་སྟོང་པ་ ཚར་བརྒྱ་དངུལ་གྱིས་བྲིས་ཏེ་སྐུ་གསུང་ཐུགས་རྟེན་དཔག་མེད་ཅིག་ གསར་བཞེངས་མཛད། དགུང་ལོ་སོ་གསུམ་པར་གོང་མ་ལྷ་སྐྱོང་ ཆེན་པོའི་བཀའ་ལྟར་པེ་ཅིན་དུ་ཕྱག་ཕེབས། གོང་མ་ཤིན་ཏུ་དགྱེས་ ནས། སྤྱིར་བླ་ཆེན་རེ་གཉིས་ཙམ་མ་གཏོགས་གདན་སེར་པོའི་ཐོབ་ གནང་སྲོལ་མེད་རུང། ཁོང་ལ་གདན་སེར་པོའི་ཐོབ་དང། བཞུགས་ གདན་སེར་པོ་རྒྱབ་ཡོལ་དང་བཅས་གནང་བའོ། དེ་ནས་བཟུང་ རྒྱལ་སའི་ཧུ་ཐོག་ཐུ་རྣམ་བརྒྱད་ཀྱི་ནང་ཚན་ཁྲི་གུང་ཐང་ཚང་ཞེས་སྙན་ པའི་གྲགས་པ་ཀུན་ཏུ་ཁྱབ་བོ།། གུང་ཐང་དབྱངས་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རྨ་ཆུ་འགྲམ་ངོགས་གཅའ་ཁོག་ཏུ་ཡབ་བདེ་ཆེན་ དར་རྒྱས་དང། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅོ་ལྔ་བའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བེ་ཤིང་ དགོན་དུ་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་དབང་ཆེན་ཚེ་རིང་ ཞེས་བཏགས། དགུང་ལོ་བཞི་བར་གུང་ཐང་བླ་བྲང་ཐུབ་བསྟན་ སྐྱེད་ཚལ་གྱི་ཁྲི་ལ་མངའ་གསོལ། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་ [257] རབ་བྱུང་གི་སྡོམ་པ་མནོས་ཏེ་མཚན་ལ་འཇམ་དབྱངས་བསྟན་པའི་ཉི་ མ་ཞེས་གསོལ་ཞིང་ཡི་གེའི་འབྲི་ཀློག་བཅས་ལ་སྦྱངས། དགུང་ལོ་ བདུན་པར་རྗེ་ཤེས་རབ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ དགུང་ལོ་བཅུ་གསུམ་པར་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ ཞུགས་ཏེ་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་ པར་བྲ་ཉེ་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་ལས་དགེ་སློང་གི་ སྡོམ་པ་མནོས། དགུང་ལོ་ཉེར་ལྔ་བར་དབུས་གཙང་དུ་གནས་མཇལ་ ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་མཇལ། དགུང་ལོ་བཞི་ བཅུ་པར་སླར་ཡང་ཨུ་ཆེན་ཐོར་གོད་བརྒྱུད་དེ་ཕྱི་སོག་དུར་བེད་དུ་བྱོན་ ནས་བཀའ་ཆོས་མང་པོ་གསུངས་ཏེ་སེམས་ཅན་ཀུན་གྱི་རེ་བ་བསྐངས་ དགུང་ལོ་ཞེ་བཞི་བར་བླ་བྲང་དགོན་པའི་ཚོགས་ཆེན་ཁྲི་བ་མཛད་དེ་ཁྲི་ རབས་རེ་དགུ་བ་ཡིན། གདན་སའི་འཆད་ཉན་དང་སྤྱི་སྒེར་གྱི་སྒྲིག་ ལམ་དམ་བཟུང་མཛད་ཅིང། རིགས་གྲྭར་ངར་ཆར་འཕད་ཀྱི་གཏོང་ སྒོའི་རིགས་དང་འདུ་ཁང་ཆེན་མོར་གོས་ཆེན་གྱི་གནམ་རྒྱན་ཕུལ་བ་ བཅས་བསྙེན་བཀུར་གཟབ་རྒྱས་མཛད། དགུང་ལོ་ང་ལྔ་བར་ཧལ་ ཧའི་ཕྱོགས་སུ་ཕེབས་ཏེ་ཆོ་ལོ་ཏིའི་དགོན། ཨ་ན་དགོན། ཨི་གུ་ ཐིའི་དགོན། ཤིས་ཆང་གུ་དགོན་བཅས་དགོན་ཁག་སུམ་ཅུ་ལྷག་ གིས་དགོན་མགོ་ཕུལ་བ་ཞལ་བཞེས་མཛད། དགུང་ལོ་ང་དགུ་བར་མཱ་ ཆི་ཚང་དང་བླ་བྲང་བར་ལ་འགལ་ཟླ་ཡོད་ཀྱང་ཁོང་གིས་དཀའ་ལས་ སྐུ་ཚེགས་ཁྱད་དུ་བསད་དེ། གང་ལ་གང་འཚམས་དེ་ལ་དེ་སྟོན་གྱི་ ཐབས་དང་ཤེས་པས་གདན་ས་དང་ཡུལ་སྡེ་ཚང་མ་བདེ་ལ་བཀོད་ [258] ཁོང་གི་གསུང་རྩོམ་ནི་མཎྜལ་གྱི་བཤད་པའི་སྐོར་དང། ཡང་སྤྲུལ་ མྱུར་འབྱོན་གྱི་སྐོར། རྣམ་ཐར་གྱི་སྐོར། ཁྲི་བཤད་ཀྱི་སྐོར་ བསླབ་བྱའི་སྐོར། ཡུལ་ལྷའི་གསོལ་མཆོད་ཀྱི་སྐོར། གསན་ཡིག་ ཆབ་ཤོག་གི་སྐོར། ཆིངས་ཡིག་བཅའ་ཡིག་གི་སྐོར་བཅས་རྣམ་གྲངས་ མང་པོ་བཞུགས་སོ།། གུང་ཐང་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྤྲུལ་སྐུ་མིན་ ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་གྲགས་ཆེན་ཞིག་ཡིན་ ཁོང་གིས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་གསན་སྦྱངས་ལེགས་པར་མཛད་དེ་ཕྱིས་དུས་ཀྱི་ མཁས་པ་གྲགས་ཅན་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་གཞུང་བཀའ་ པོད་ལྔའི་འགྲེལ་བཤད་དང་སྙན་ངག་གི་འགྲེལ་པ། བླ་མའི་རྣལ་ འབྱོར་སོགས་བསྟན་བཅོས་མང་པོ་ཡོད་པ་རྣམས་ཀ་ནས་ཐའི་བར་ པོད་བཅུ་ཐམ་པ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ།། གུང་རི་གུང་བཙན།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཕོ་བྲང་དམར་པོ་རི་ལ་ཡབ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་ ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱིས་རས་སུ་སྐུ་འཁྲུངས། རབ་བྱུང་མ་ ཚུགས་གོང་གི་ཤིང་མི་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ [259] དགུང་ལོ་བཅུ་གསུམ་པ་བོད་ལུགས་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ། སྐུ་གཤེན་ནི་ཞང་ཞུང་ ཁྱུང་སྐར་ཡིན། ལོ་ངོ་ལྔའི་རིང་དུ་རྒྱལ་སྲིད་བསྐྱངས། བཙུན་ མོ་འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁབ་ཏུ་བཞེས་ཏེ་རིགས་སྲས་མང་ སྲོང་མང་བཙན་སྐུ་འཁྲུངས། སྐུ་ཚེ་མཐར་མ་འཁྱོལ་ནས་དགུང་ལོ་ བཅོ་བརྒྱད་པར་དགོངས་པ་མྱ་ངན་ལས་འདས་སོ། ཁོང་གི་བང་སོ་ དོན་མཁར་མདའ་རུ་བརྩིགས་ཤིང་གྲལ་ནི་གནམ་རི་སྲོང་བཙན་གྱི་ གཡོན་ན་ཡོད། ཁོང་གི་མཚན་གཞན་ལ་གུང་སྲོང་གུང་བཙན་དང་ གུང་རི་གུང་ཆེན་ཞེས་ཞུའོ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་ ། གུང་རུ་རྒྱལ་མཚན་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམས་གུང་རུ་སྟོད་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ ནུའི་དུས་ནས་དབུས་སུ་བྱོན་ཏེ་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ་ དང། བྱང་སེམས་རྭ་སྒྲེང་པ་སོགས་ལ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། རྗེ་བཙུན་ བློ་བཟང་གྲགས་པ་དང། རྒྱལ་ཚབ་དར་མ་རིན་ཆེན། མཁས་ གྲུབ་དགེ་ལེགས་དཔལ་བཟང་བཅས་དགེ་འདུན་གྲངས་ཚང་པའི་ དབུས་སུ་བསྐྱེན་པར་རྫོགས་ཤིང་ཟབ་ཆོས་ཀྱི་དབང་ལུང་མན་ངག་ མང་དུ་གསན། དེ་ནས་གསུང་ཕུ་སྦེ་སེར་གྱི་འཆད་ཉན་པ་མཛད་ [260] པས་ལུང་དང་རིགས་པ་སྨྲ་བ་ལ་འགྲན་ཟླ་མཚུངས་པ་མེད་པའི་རྐྱེན་ གྱིས་མཚུངས་མེད་ཆོས་རྗེ་ཞེས་གྲགས་སོ། སེ་ར་ཐེག་ཆེན་གླིང་གི་ གདན་སའི་ཁྲི་ལ་བཞུགས་ནས་བཙུན་མོ་ཚལ་དང་གདན་ས་གཉིས་ འཛིན་གྱི་སྒོ་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། དགུང་ལོ་ དྲུག་ཅུ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་མཁས་གྲུབ་དཔལ་ལྡན་སེང་གེ་དང། ཆོས་ རྗེ་རིན་ཆེན་བྱང་ཆུབ། ཀུན་དགའ་ལེགས་པ། པུ་ཏོ་བླ་མ་གཞོན་ ནུ་དཀོན་མཆོག་འབྲོང་སྟེང་བླ་མ་སངས་རྒྱས་ཚུལ་ཁྲིམས། དཔུང་ མཁར་བླ་མ་རྒྱལ་མཆོག་པ། རི་ཁ་བླ་མ་གྲོགས་འོང་བ། བྱེའུ་གནས་ བརྟན་པ་བཅས་ཡིན་ནོ། ཁོང་གི་གསུང་རྩོམ་ནི་ བཅོས་མཁས་པ་དགའ་སྐྱེད། ཁོང་ནི་ སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་གསུམ་པ་ཡིན། ཁོང་ གི་མཚན་གཞན་ལ་མཚུངས་མེད་ཆོས་རྗེ་ཞེས་ཞུའོ།། གུང་སྲོང་གུང་བཅན།། ཁོང་ནི་གུང་རི་གུང་བཙན་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། གུར་སྨན།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་ དུ་སྐུ་འཁྲུངས་ཤིང་རྒྱལ་པོ་གུ་རུ་ལེགས་ཀྱི་བཙུན་མོ་དང། རྒྱལ་པོ་ འབྲོང་ཞི་ལེགས་ཀྱི་མ་ཡུམ་ཡིན་ནོ།། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ [261] ཁོང་ནི་རབ་བྱུང་བདུན་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཁམས་འབོམ་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་ས་སྐྱ་དགོན་དུ་སྐུ་གཤེགས། དགུང་ལོ་ བརྒྱད་པར་བླ་མ་ཀུན་དགའ་འབུམ་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ དེ་ནས་ཡི་གེའི་འབྲི་ཀློག་དང། བྱམས་ཆོས་སྡེ་ལྔ། རོང་ ཊིཀ་ཆ་ཚང། གཡག་ཊིཀ་ཆེན་མོ་སོགས་རིམ་གྱིས་ཐུགས་འཛིན་ མཛད། དགུང་ལོ་བཅུ་གསུམ་པར་ཀྱཻ་རྡོ་རྗེ་སོགས་གསང་སྔགས་ ཀྱི་དབང་ལུང་མང་པོ་ཞུས། དགུང་ལོ་བཅུ་དགུ་པར་གཙང་དུ་ གྲྭ་སྐོར་ལ་ཕེབས། རོང་སྟོན་ཆོས་རྗེ་ཉི་མ་དང། བླ་མ་ཤེས་རབ་ དཔལ་སོགས་ལས་དབང་ལུང་མང་དུ་ཞུས། དགུང་ལོ་ཉེར་ལྔ་པར་ཨེ་ ཝཾ་དགོན་དུ་འཇམ་དབྱངས་ཀུན་དགའ་བཟང་པོ་ལས་ལོ་གསུམ་རིང་ རྒྱུད་སེ་བཞི་སོགས་གསང་སྔགས་སྐོར་གྱི་ཆོས་མང་པོ་གསན། དགུང་ ལོ་ཉེར་བདུན་པར་མཁན་པོ་མུས་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ བཞེས། དཀོན་མཆོག་རྒྱལ་མཚན་ལས་ལམ་འབྲས་གཞུང་བཤད་ གསན་པ་སོགས་མཁས་ཆེན་དམ་པ་བཅོ་བརྒྱད་ཙམ་ལ་བསྟེན་པས་ མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང། གངས་ཅན་ མཁས་མང་ཀུན་གྱི་གཙུག་རྒྱན་དུ་གྱུར། དགུང་ལོ་སོ་གཅིག་པ་ནས་ བཟུང་འཆད་ཉན་མཛད་དེ་ཀུན་རིག་དང། ཀྱཻ་རྡོ་རྗེ། གསང་ འདུས་སོགས་ལ་ལོག་སྨྲའི་རྒོལ་བ་མ་ལུས་པར་ཚར་བཅད། མདོ་ ཕྱོགས་ཀྱི་བཤད་པ་ཉིན་རེར་ཆོས་ཐུན་བཅུ་རེ་ཙམ་མཛད། དགུང་ལོ་ ཞེ་ལྔ་བར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་བཏབ། དགུང་ལོ་ང་གཅིག་ [262] པར་ས་སྐྱར་ཕེབས་ནས་རྟེན་ཁྱད་འཕགས་ཅན་དང་དགེ་འདུན་མང་ ཚོགས་ལ་མཆོད་པ་དང་བསྙེན་བཀུར་རྒྱ་ཆེན་མཛད། དགུང་ལོ་ང་ གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་གདན་ས་ལོ་ལྔར་བཟུང་ དགུང་ལོ་ང་བརྒྱད་པར་རྒྱལ་མཚན་དཀོན་མཆོག་འཕེལ་གདན་སར་ བཀོད་ནས་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་པར་ས་སྐྱར་ ཕེབས་ཏེ་རྟེན་བཞུགས་རྣམས་ལ་མཆོད་སྤྲིན་རྒྱ་མཚོ་ལྟ་བུ་ཕུལ། སྐུ་ ཚེ་གང་བོར་འཆད་རྩོད་རྩོམ་གྱིས་དུས་འདའ་བར་མཛད། ཁོང་ གི་གསུང་རྩོམ་ནི། པའི་ལེའུ། ཐེག་མཆོག་གནད་ཀྱི་ཟླ་ཟེར། ཚན་དོན་དགུ་ཡོད་པ་བོད་བཅུ་གསུམ་དུ་བསྡུས་ནས་བཞུགས་སོ།། གོ་ཤྲཱི་ཆོས་རྗེ་བློ་བཟང་ལྷུན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་མདོ་སྔགས་ཀྱི་ཆོས་ལ་ ཐོས་བསམ་ནན་ཏན་དུ་གནང་བ་དང། སུམ་པ་ཡེ་ཤེས་དཔལ་འབྱོར་ ་ རྩ་བའི་བླ་མར་བསྟེན་ནས་དབང་ལུང་ཁྲིད་ གསུམ་མང་དུ་ཞུས། ཁོང་གི་མཚན་གཞན་ལ་སྒེག་པའི་རྡོ་རྗེ་ཞེས་ ཞུའོ། །ཁོང་གི་རྣམ་ཐར་ཞིབ་ཏུ་མ་མཇལ་བས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི་ བསྐྱེད་རྫོགས་ཀྱི་ལམ་ཟབ་མོའི་རིམ་པ་གཉིས་ཀྱི་རྣམ་གཞག་སྐུ་གསུམ་ ནོར་བུའི་བང་མཛོད། [263] རིམ་སྐུ་གསུམ་ཐེམ་སྐས། རིག་འཛིན་དགའ་སྟོན།། གོང་སྨན་དཀོན་ཅོག་བདེ་ལེགས།། ཁོང་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་གཙང་ས་ སྐྱར་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་གི་བྲང་ཏི་ཆོས་རྒྱལ་བཀྲ་ ཤིས་སོགས་སློབ་དཔོན་དུ་བསྟེན་ནས་གསོ་བ་རིག་པའི་མན་ངག་ ཐམས་ཅད་ཐུགས་སུ་ཆུད་པ་མཛད། གངས་རིའི་ལྗོངས་ན་གྲགས་ པའི་གསོ་བ་རིག་པའི་གཞུང་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ནས་རྒྱ་བོད་ ཀྱི་གསོ་རིག་མཁས་ཆེན་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་ བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་གི་གཞུང་མང་པོ་མཛད་ ཁོང་གི་གསུང་རྩོམ་ནི། བའི་སྒྲོན་མེ། གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། དཔེ་དོན་བསྡུས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི། ལྡིང་མ། བར་བཞེད་པ་རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་གོང་ནས་ གོང་དུ་སྤེ་ལད་ཏོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གོང་སྨན་དཀོན་ཅོག་ ཕན་དར་ཡིན།། [264] གོང་སྨན་དཀོན་ཅོག་ཕན་དར།། ཁོང་ནི་དུས་རབས་བཅུ་དྲུག་པའི་དུས་སྟོད་ཙམ་དུ་གཙང་ས་ སྐྱར་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་དགུང་ལོ་དགུ་པ་ནས་བཟུང་ མེས་པོ་དཀོན་ཅོག་བདེ་ལེགས་སོགས་སློབ་དཔོན་དུ་བསྟེན་ཏེ་གསོ་བ་ རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་མན་ངག་སྤྱི་དང་ ཁྱད་པར་དུ་དཔལ་ལྡན་བྱང་བའི་བཞེད་པ་གཙོ་བོར་བསྟེན་ནས་འགྲོ་ དོན་མཛད། ཁོང་གི་གསུང་རྩོམ་ནི། གསལ། མན་ངག་གི་སྐོར་ལ། བ་ནོར་བུའི་ཕྲེང་བ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མངའ་རིས་པ་བདེ་ཆེན་དང། མང་ མཁར་བདེ་གླིང་པ་ཉི་མ་གྲགས་པ་གཉིས་ཡིན།། གོང་ཡུ་ངག་དབང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཨ་མདོའི་གཅན་ཚའི་གོང་ཡུར་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ཐོག་མར་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་དབུ་ཕར་ གཉིས་ལ་སྦྱངས་པར་མཛད། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་ པ་དཔྱིས་ཕྱིན་པ་མཛད་དེ་གླིང་བསྲེའི་མཚན་བཏགས་འཛིན། རང་ ཡུལ་དུ་ཕེབས་ནས་གཞིས་དགོན་དཀར་པོ་གདོང་དུ་བཞུགས། རབ་ བྱུང་བཅུ་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཏོར་གེ་ [265] ཨམྦྷན་གྱིས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བསྐོས། དཔལ་ལྡན་ ཡོན་ཚོགས་མའི་དབྱངས་རྟ་གཏོང་བ་དང། རྒྱན་འཇུག་མཚན་ གསུམ་རྒྱུགས་ལེན་པའི་སྲོལ་ལེགས་པར་བཙུགས། འདུ་ཁང་གི་ཡོ་ སྲོང་བ་དང་རྒྱ་མཐོངས་སྔར་ལས་ཇེ་རྒྱས་སུ་བཏང་བར་མཛད། ཐུན་ བཞི་ཆགས་མེད་ཀྱིས་ཕྱག་ཕྲེང་བཅུ་གསུམ་ལ་གྲངས་གསོག་གི་ཞལ་ འདོན་མཛད། ཁྲི་ཟུར་ནས་གཞིས་དགོན་དཀན་པོ་གདོང་དུ་ཐུགས་ དམ་ལ་གཞོལ་བའི་མུས་དགུང་ལོ་བདུན་ཅུ་དོན་གསུམ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་ སའི་མཁན་རབས་སུམ་ཅུ་སོ་བཞི་པ་ཡིན་ནོ།། གྱི་ཇོ་ཟླ་བའི་འོད་ཟེར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། དེ་རྗེས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པ་དང་ ལེགས་སྦྱར་གྱི་སྐད་ལ་ཡང་སློབ་གཉེར་ལེགས་པར་མཛད་པས་རབ་བྱུང་དང་པོའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བོད་དུ་དུས་འཁོར་ ཐོག་མར་བསྒྱུར་ཞིང། དེ་ནས་བཟུང་བོད་དུ་རབ་བྱུང་རྩི་བའི་འགོ་ ཚུགས་སོ། ཁོང་གི་བསྒྱུར་རྩོམ་ནི། ལོའི་རྒྱུད་ཀྱི་སྙིང་པོ། གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་ [266] འབྱུང་བ་རྩ་བའི་རྒྱུད། པོ། གཅིག་པ། ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ། སྒྲུབ་ཐབས། སངས་རྒྱས་ཐོད་པ། ཉིད་རབ་ཏུ་བརྟན་པར་བྱེད་པའི་དཀའ་འགྲེལ། སྦྱོར་ཐིག་ལེའི་རྒྱ་ཆེར་འགྲེལ་བ། ངག། རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས། གཏོར་མའི་རིམ་པ། པ། བཞུགས་སོ།། གྱི་ལྗང་དབུ་དཀར་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་མདོ་ཞིག་ཡིན་ ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏུ་པཎ་གྲུབ་ མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིན་བཅས་ལ་ ལེགས་པར་སྦྱངས་ནས་བསྟན་བཅོས་འགའ་ཡང་བསྒྱུར་བར་མཛད་ ཁོང་གི་བསྒྱུར་རྩོམ་ནི་ སྒྲུབ་ཐབས། ཐབས། བཞུགས་སོ།། གྱོ་ར་བསོད་ནམས་རིན་ཆེན།། ཁོང་ནི་འཁྲུངས་ལོ་མི་གསལ་ཡང་འཁྲུངས་ཡུལ་ནི་མདོ་སྨད་ བསང་གཞུང་ཡིན། རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་གྲང་བཀྲ་ཤིས་ འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་སློབ་མཐར་ཕྱིན་ཞིང་རྡོ་རམས་པ་གནང་ བར་དམ་བཅའ་འཇོག་རྒྱུ་ལ་གནང་བ་ཞུས། གྲྭ་ཚང་དགེ་བསྐོས་ཀྱི་ ཐུགས་འགན་བཞེས། མཚམས་རིང་གི་བླ་མར་ཕེབས་ཤིང་བཀའ་འགྱུར་ དང་གསེར་ཡུམ་བཞེངས། དབུས་གཙང་དུ་ཕེབས་ཏེ་རྗེ་བཞད་ འཕར་མ་གདན་འདྲེན་ཞུས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་ པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས་པ་དང། སྐུ་ གསུང་ཐུགས་རྟེན་བཞེངས་པར་མཛད། ཁྲི་ཟུར་ནས་དགོན་གསར་ བསྟན་འཕྲེལ་གླིང་དང་ཙ་ཡུས་དགོན་གྱི་ཁྲི་ལ་བཞུགས་ཏེ་ཟུང་འབྲེལ་ གྱིས་འཆད་ཉན་གང་ལེགས་སྤེལ། ལུགས་གཉིས་ལེགས་མཛད་གོང་ དུ་འཕེལ་བའི་ངང་ནས་ཞི་བར་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་གཅིག་པ་ཡིན་ནོ།། གྱེར་སྒོམ་ཆོས་ཀྱི་སེང་གེ་ ཁོང་ནི་གྱེར་སྒོམ་ཚུལ་ཁྲིམས་སེང་གེ་དང་མི་གཅིག་ཡིན་པས་ [268] དེར་གཟིགས་པར་ཞུའོ།། གྱེར་སྒོམ་ཚུལ་ཁྲིམས་སེང་གེ་ ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཡར་ཀླུངས་སུ་ཁྲ་འབུག་པའི་རྗེ་རྒྱུད་དུ་སྐུ་འཁྲུངས། རབ་ བྱུང་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བཅུ་གཅིག་པར་རབ་བྱུང་བསྒྲུབ། དགེ་བཤེས་ ཧོར་ལས་གསང་དུས་ཀྱི་རྩ་འགྲེལ་དང་དབང་ལུང་མན་ངག་མང་དུ་ གསན། དགུང་ལོ་བཅུ་དགུ་པར་འཐབ་རྩར་བྱོན། ཕག་མོ་ གྲུ་པ་སར་ཆོས་མང་དུ་གསན་ནས་བླ་མ་སངས་རྒྱས་སུ་མཐོང། དེ་ ནས་རྣལ་འབྱོར་ཆོས་གསུང་དང་མཇལ་ཏེ་རྗེ་བཙུན་མའི་བྱིན་རླབས་ དང་ཆོས་དྲུག་གི་ཁྲིད་སོགས་ནས་ཆོས་བརྒྱད་ཀྱི་འཆིང་བ་རྣམས་གྲོལ་ ཏེ་གནས་ངེས་མེད་དུ་བྱོན། མལ་གྲོ་གཟི་ཅན་དང་སྙེའི་ཁ་ནག་ སོགས་གདུག་པ་ཅན་རྣམས་བཏུལ། དེ་ནས་སྟོད་ལུང་གི་ཕྲེང་ཁ་ དབྲག་ཏུ་ཕེབས་ཏེ་ལོ་ངོ་ལྔ་ཙམ་བཞུགས། དགུང་ལོ་སོ་བརྒྱད་པར་ རབ་བྱུང་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ད་ལྟ་བོད་ རང་སྐྱོང་ལྗོངས་ཀྱི་ཆུ་ཤུལ་རྫོང་ཁོངས་སུ་སྙེ་ཕུར་ཤུག་གསེབ་དགོན་པ་ གསར་འདེབས་མཛད། ལོ་ངོ་ཉེར་བཞིའི་རིང་དུ་གདན་སར་བཞུགས་ ཏེ་གཞན་དོན་རྒྱ་ཆེན་བསྒྲུབས། སློབ་མ་སྟོད་ནས་རྒྱ་དམར་མཛོད་ གསུམ་དང། སྨད་ནས་སྟོབས་ལྡན་མི་གསུམ་སོགས་མང་དུ་བྱོན་ འདི་ལ་ཤུག་གསེབ་བཀའ་བརྒྱུད་ཅེས་གྲགས། དེ་ནས་རིམ་པར་ བརྒྱུད་པ་དག་གིས་ཕ་དམ་པའི་ཞི་བྱེད་ཀྱི་ཆོས་དང་གཅིག་མཚུངས་སུ་ [269] གྱུར་པས་འགོས་ལོ་གཞོན་ནུ་དཔལ་གྱིས་འདི་ཉིད་ཞི་བྱེད་པར་བརྩིས་ སོ།། གྲགས་པ་མཐའ་ཡས།། ཁོང་ནི་སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།། གྲགས་པ་དཔལ་འབྱོར།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ ཡུལ་ནི་མཚོ་སྔོན་ཝང་ཆེན་ཁྲི་ཞེས་པའི་སྡེ་བ་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་ཞིང་དགོན་ལུང་བྱམས་པ་གླིང་གི་ ཆོས་སྒོར་ཞུགས་ཏེ་མཚན་ཉིད་ཀྱི་གཞུང་སོགས་ལ་སློབ་གཉེར་མཐར་ ཕྱིན་སྦྱངས་ནས་དཀའ་བཅུའི་གྲྭ་སྐོར་མཛད། ཐ་སྙད་རིག་གནས་ ལ་ཡང་སྦྱངས་པ་ཕུལ་དུ་ཕྱིན། ཤིང་ལུང་གོང་མའི་བྲག་ཕུག་ཏུ་ ཡུན་རིང་བོར་བཅད་རྒྱ་མཛད་དེ་སྒྲུབ་པ་ལ་གཞོལ་ཞིང་བཀྲ་ཤིས་ཆོས་ གླིང་གི་བླ་མ་ཡང་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། དེའི་ སྐབས་སུ་དགེ་འདུན་རྣམས་ཀྱང་དུས་ཟིང་ལངས་པའི་རྐྱེན་གྱིས་སྐྱོ་ ཤས་ཆེ་ཞིང། ཕྱུགས་ཀྱི་འཚོ་སྐྱོང་དང་བྲེ་ལོག་སྲང་ལོག་གིས་བུན་ སྐྱེད་སོགས་བྱ་བ་མང་པོའི་འགོ་མ་ཚུགས་སྐབས་ལ་སོང་བ་དང། ཁོང་ གིས་འཆད་ཉན་ཁོ་ན་ཆིག་བསྒྲིལ་དུ་མཛད་པས་བསྟན་པའི་བྱ་བ་ལ་དབྱར་མཚོ་བཞིན་དུ་འཕེལ། ཁོང་མཁས་བཙུན་བཟང་གསུམ་ [270] འཛོམས་པའི་བཤེས་གཉེན་ཆེན་པོ་ཡིན་པས་སྔར་ལྕང་སྐྱ་ངག་དབང་ བློ་བཟང་ཆོས་ལྡན་དགོན་ལུང་བྱམས་པ་གླིང་དུ་ཕེབས་སྐབས་སྐུ་དྲུང་ དུ་དགེ་བཤེས་མང་པོས་མཚན་ཉིད་ཀྱི་བགྲོ་གླེང་བགྱིས་པ་ལ། ཁོང་ ཁོ་ནར་བསྔགས་བརྗོད་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ཕོ་ བྲང་ཆེན་པོ་པེ་ཅིན་ནས་དགོན་ལུང་བྱམས་པ་གླིང་དུ་ཕེབས་པ་ལ་ ཆིབས་བསུ་གཞི་ལེན་སོགས་བཟང་པོ་མཛད། དེའི་ཕྱི་ལོ་ཐུའུ་བཀྭན་ རིན་པོ་ཆེ་ཞི་བར་གཤེགས་པའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཡང་ ཁོང་གིས་མཛད་དོ། །སྐུ་མྱ་ངན་ལས་འདའ་ཁར་བདེ་མཆོག་གི་སྐུ་ བཀྲམས་ཤིང་མཆོད་པ་ཕུལ་ཏེ་འཁོར་ལོ་སྡོམ་པའི་རྫོགས་རིམ་ཟབ་ མོའི་ངང་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་ རྩོམ་ནི་ ཁོང་ནི་དགོན་ལུང་བྱམས་པ་ གླིང་གི་གདན་སའི་མཁན་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ནོ།། གྲགས་པ་བྱང་ཆུབ།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང། ཡུམ་ཟིན་བཀྲ་ཤིས་སྐྱིད་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་བཞི་པར་ཀློག་ཡིག་བསླབས། དགུང་ལོ་བཅུ་ གཉིས་པར་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་གྲགས་པ་བྱང་ཆུབ་ ཅེས་གསོལ། ཁོང་གི་བྱིས་པའི་དུས་ཀྱི་མིང་ལ་གྲགས་པ་རིན་ཆེན་དུ་ [271] གསོལ། ཚེས་བཞི་གསར་མ་བ་ཞེས་ཀྱང་འབོད། ཁོང་གིས་བརྟག་ གཉིས་དང་ཆོས་དྲུག་སོགས་གསན་ནས་སློབ་དཔོན་ཚུལ་རྒྱལ་བས་བརྡ་ བཞིའི་སྒོ་ནས་སྨིན་པར་མཛད། དེ་ནས་རྩེད་ཐང་དུ་ཕེབས་ནས་བརྟག་ གཉིས་གསུངས། དགུང་ལོ་བཅོ་ལྔ་པར་དགེ་ཚུལ་གྱི་སྡོམ་པ་མནོས་ དགུང་ལོ་བཅུ་དྲུག་པར་མཐིལ་གྱི་གདན་སར་ཕེབས། དགུང་ལོ་བཅུ་ དགུ་པར་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེའི་དགུང་ལོ་སྟེ་རབ་བྱུང་ དྲུག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་དྲུག་པའི་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོའི་བར་ལོ་ངོ་བརྒྱད་ཀྱི་རིང་དུ་བླ་ དཔོན་སྦྲགས་མ་མཛད་ནས་ཆོས་སྲིད་གཉིས་ཀ་ལུགས་བཞིན་བསྐྱངས་ གདན་ས་ལོ་ངོ་བཅུ་དྲུག་ཙམ་དུ་མཛད། རྗེ་ཙོང་ཁ་པས་ཁོང་ལ་ ཁོང་ནི་ཕག་གྲུའི་སྡེ་སྲིད་ཁྲི་ རབས་གསུམ་པ་དང། ཕག་གྲུའི་གདན་རབས་བཅུ་བ་ཡིན།། གྲགས་པ་བརྩོན་འགྲུས།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་མོ་སྟེ་སྤྱི་ལོ་་ལོར་ ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། དགུང་ལོ་བཅོ་ལྔ་པར་མཁན་པོ་སྟོན་པ་དང། སློབ་དཔོན་ ལན་བ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་བརྩོན་འགྲུས་ ཞེས་གསོལ། དགུང་ལོ་བཅུ་དྲུག་པར་དབུས་སུ་ཕེབས་ཤིང་སྤྱན་སྔ་ གྲགས་པ་འབྱུང་གནས་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་པས་ རྟོགས་པ་ཁྱད་དུ་འཕགས་པར་མངའ་བརྙེས། དགུང་ལོ་བཅུ་དགུ་ [272] པར་འབྲི་གུང་དུ་བྱོན་ནས་མཁན་པོ་སྟོན་པ་དང། ལས་སློབ་ཤར་ གླིང་པ། གསང་སྟོན་ཡུང་བ་པ་རྣམས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ བཞེས། དེ་ནས་སྒྲུབ་པ་མཛད་པས་སྤྲུལ་བསྒྱུར་གྱི་ནུས་པ་བྱུང་ དགུང་ལོ་སུམ་ཅུ་རྩ་གསུམ་པ་རབ་བྱུང་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་ཕག་གྲུའི་གདན་སའི་གོ་སར་ཕེབས། སྤྱན་སྔ་གྲགས་པ་ འབྱུང་གནས་འབྲི་གུང་དུ་ཕེབས་པའི་ཕྱི་ལོ་ཡིན་ལོ་ངོ་སུམ་ཅུ་རྩ་ གསུམ་རིང་དུ་གདན་སའི་འགན་ཁུར་བཞེས། །ལན་ཅིག་གནམ་ ལྕགས་ཐོག་རྒོད་བབས་པར་སྐུ་ཆོས་གོས་ཀྱིས་གཏུམས་པས་གནོད་པ་ ཅི་ཡང་མེད་སྟབས་ཐོག་རྡུགས་པར་གྲགས། ཁོང་གི་ཡོན་ཏན་གྱི་སྙན་ པ་གསན་པས་རྒྱལ་པོ་ཧུ་ལས་སྟོད་ནས་འབུལ་བ་ཆེན་མོ་ལན་གསུམ་ བྱུང། གཞན་ཡང་སིངྷ་གླིང་དང། ཏི་ར་ཧུ་ཏི། ཡ་ཚེའི་རྒྱལ་པོ་ རྣམས་ཀྱིས་ཀྱང་འབུལ་བ་མང་དུ་ཕུལ། སྐུ་བསོད་འཕྲིན་ལས་ཤིན་ཏུ་ རྒྱས། དགུང་ལོ་དྲུག་ཅུ་རེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་ནི་ཕག་གྲུའི་གདན་རབས་བཞི་པ་ཡིན།། གྲགས་པ་ཡེ་ཤེས་ ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་ཕྱི་ལོ་སྟེ་སྤྱི་ལོ་་ལོར་ ཁྲོ་བོ་འབན་གྱི་སྲས་སུ་སྐུ་འཁྲུངས། །རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། སྐུ་གཞོན་ནུའི་དུས་ནས་ཆོས་རྗེ་སྤྱན་སྔ་གྲགས་ པ་འབྱུང་གནས་དང་མཇལ་ཞིང་བཀའ་བརྒྱུད་ཀྱི་གདམས་ངག་མང་དུ་ ཞུས། ཟླ་དགོན་དུ་ཕེབས་ནས་ཡིག་རྩིས་སོགས་ལ་སྦྱངས་བར་མཛད་ ཟླ་དགོན་ནི་རྒྱལ་བ་རིན་ཆེན་ཐོག་རྡུགས་ཀྱི་གཅེན་པོ་གྲགས་པ་བསོད་ [273] ནམས་ཀྱིས་རྡོ་ཆུའི་རྒྱུད་ཤོད་དུ་གསར་འདེབས་མཛད་པ་ཞིག་ཡིན་ དེ་རྗེས་རྒྱལ་བ་རིན་ཆེན་ཐོག་རྡུགས་ཀྱི་བཀས་ཕག་མོ་གྲུར་བྱོན་ནས་ རབ་ཏུ་བྱུང། ཆོས་ཁྲིད་རྣམས་རྫོགས་པར་གསན། དེ་ནས་ས་སྐྱར་ འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྱན་སྔར་བྱོན། ཞོགས་པ་རེ་ལ་ མདོ་སྡུད་པ་ཚར་རེ་ཙམ་མཁྱེན་པ་བྱུང་ནས་ཤེས་རབ་ཆེ་བར་གྲགས་ སླར་གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ལས་ཟབ་ཆོས་གསན་ནས་ སྒྲུབ་པར་མཛད། དགུང་ལོ་ཞེ་གཉིས་པ་རབ་བྱུང་ལྔ་པའི་ལྕགས་མོ་ སྤྲུལ་ལོ་སྟེ་ལོ་་ལོར་ཕག་གྲུའི་གདན་སར་ཕེབས་ནས་སྤྱན་སྔའི་ གོ་སའི་འགན་ཁུར་བཞེས། ལོ་དེར་ཧོར་དམག་བོད་དུ་སླེབས་ཏེ་བྱ་ རོག་རྫོང་བཅོམ་ཞིང་དཔོན་ཆེན་ཀུན་དགའ་བཟང་པོ་ཁྲིམས་ལ་སྦྱར་ ནས་སྲོག་ཐོག་བཏང། ལོ་ངོ་བརྒྱད་ཀྱི་རིང་དུ་གདན་ས་བཟུང་སྟེ་ འཆད་ཉན་ལེགས་པར་སྤེལ། དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། །ཁོང་ནི་ཕག་གྲུའི་གདན་རབས་དྲུག་པ་ཡིན།། གྲགས་པ་རིན་ཆེ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ལ་སྟེ་སྤྱི་ལོ་་ལོར་ ཁྲོ་བོ་འབན་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་རྗེ་སྤྱན་ལྔ་ གྲགས་པ་འབྱུང་གནས་སྐུ་གཤེགས། །གཅུང་བཅུ་གཉིས་པ་རིན་ཆེན་རྡོ་ རྗེ་ལས་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་ལེགས་པར་གསན། དེ་ནས་ རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་རིན་ཆེན་ཞེས་གསོལ། མཁས་ གྲུབ་མང་པོའི་ཞབས་ལ་གཏུགས་ནས་ཕྱི་ནང་གི་བསྟན་བཅོས་རྣམས་ལ་ [274] མཁས་པར་སྦྱངས། དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་ལྔ་པའི་ས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་གདན་སའི་སྤྱན་སྔའི་གོ་སར་ ཕེབས། དེའི་ཕྱི་ལོ་ས་སྐྱ་པས་འབྲི་གུང་བཅོམ། ཏཱི་ཤྲཱི་གྲགས་པ་འོད་ ཟེར་དང་རྒྱལ་བུ་གཉིས་ཀྱིས་སྟག་མགོ་གནང་བས་བླ་དཔོན་སྦྲགས་མ་ མཛད། སྐུ་འབུམ་ཤར་ནུབ་ཀྱི་གསེར་ཐོག་ཁྱད་པར་ཅན་འདི་རྣམས་ ཀྱང་ཁོང་གི་རིང་ལ་ཡ་ཙེ་རྒྱལ་པོས་ཕུལ་ནས་བཟུང་སྟེ་སྤྱན་སྔ་གསེར་ ཐོག་པར་གྲགས། ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་གདན་སའི་འགན་ ཁུར་བཞེས་ནས་བསྟན་པ་དར་བར་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཕག་གྲུའི་ གདན་རབས་བདུན་པ་ཡིན། ཁོང་གི་མཚན་གྱི་རྣམ་གྲངས་ནི་སྤྱན་སྔ་ གཉིས་མཆོད་པ་དང། སྤྱན་སྔ་གསེར་ཐོག་པ། ཕག་གྲུ་གཉིས་མཆོད་ པ་བཅས་ཡོད།། གྲགས་པ་རིན་ཆེན། ཕྱི་མ་ ཁོང་ནི་གྲགས་པ་བྱང་ཆུབ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ།། གྲི་གུམ་བཙན་པོ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་ པོ་སྲིབ་ཁྲི་བཙན་པོ་དང། ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོའུ་ཚེམས་དཀར་གྱིས་མཛད། གསས་ མཁར་ས་ལེ་བྱེལ་ཚང་བཞེངས་ཏེ་བཙུན་མོ་ཀླུ་སྲིང་མེར་ལྕམ་ཁབ་ཏུ་ བཞེས་ཏེ་རིགས་སྲས་ཤ་ཁྲི་དང། བྱ་ཁྲི། ཉ་ཁྲི་གསུམ་སྐུ་འཁྲུངས་ [275] བོན་གྱི་མཛོད་སྒྲ་འགྲེལ་སོགས་ལས་གཤེན་ངག་ཚིག་གསུམ་མ་བྱུང་ བར། རྒྱལ་པོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་ གླུ་དེང་གསུམ་མ་བླངས་པར། རྒྱལ་བློན་གླུ་བྲོ་མི་རོལ། ཞེས་པ་ལྟར་ རྒྱལ་གཤེན་དོ་མཉམ་པར་གྱུར་བས་བློན་པོ་ལི་བཙན་བཞེར་སོགས་ ཀྱིས་བཙན་པོ་ལ་གསོལ་བ་དབུའི་ཞྭ་ཆེ་ན་ལུས་པོ་རྡུལ་གྱིས་ལྗིད་ ཟས་ཞིམ་པོ་མྱངས་དྲགས་ན་སྐྱུག་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ ནས། སྤྱི་བོའི་གཙུག་རྙོག་ཞེས་དང། དུས་ད་ལྟ་རྒྱལ་གཤེན་དོ་ མཉམ་ཙམ་དུ་གདའ་སྟེ། དུས་ལན་གཅིག་ཙམ་ན། སྲས་དབོན་ རྣམས་ཀྱི་སྐུ་རིང་ལ། རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ་ཞེས་ དང། བོན་ལ་ཆབ་གསོལ་བར་ གསོད་པའི་དོན་ བཀའ་མི་ཕེབས་ པས། གཤེན་པོ་མཐའ་རུ་སྨྱུགས་པའི་བཀའ་མཆིད་བསྲིང་བར་ཞུ་ ཞེས་ཡང་ཡང་གླེངས་པས་བཙན་པོས་བདེན་པར་བསམས་ཏེ་བོན་གྱི་ བསྟན་པ་བསྣུབས་པའི་ཁྲོད་ནས་ལོ་ངམ་རྟ་རྫི་སོགས་ཀྱིས་བཀྲོངས་ ནས་རྒྱལ་སྲིད་རེ་ཞིག་ལོ་ངམ་རྟ་རྫིས་བཟུང། ཁོང་གི་བང་སོ་ནི་ གཡང་ཏོ་བླ་འབུས་ཀྱི་མགུར་དུ་བཏབ་སྟེ་དབྱིབས་ནི་བཟླུམས་པོར་ བརྩིགས། ལ་ལས་འཕྱིངས་ཡུལ་དར་ཐང་དུ་བང་སོ་བརྩིགས་ཞེས་ ཀྱང་འཁོད་འདུག་གང་ལྟར་ཡང་བཙན་པོའི་སྐུ་གདུང་དུར་དུ་སྦས་ པའི་སྲོལ་ཐོག་མར་ཚུགས། ཁོང་ནི་སྟོད་ཀྱི་སྟེང་གཉིས་ལས་དང་པོ་ ཡིན་ནོ།། གྲུ་མེར་ཚུལ་ཁྲིམས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་ [276] སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ དུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་འདུལ་འཛིན་ཆེན་པོ་ ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་ སོགས་མང་དུ་གསན། དེ་ནས་ཁོང་གིས་སོལ་ནག་ཐང་པོ་ཆེ་བཞེངས་ ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་ སྤེལ་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁུ་སྟོན་བརྩོན་ འགྲུས་གཡུང་དྲུང་དང་རྒྱལ་བ་འོད་སོགས་མང་དུ་བྱོན། ཁོང་ནི་ཀླུ་ མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞིག་ཡིན་ནོ།། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ཀུན་དགའ་རྒྱལ་པོ་དང། ཡུམ་ དཔལ་འཛོམས་ཞེས་བྱ་བའི་བྱ་བྲལ་ཕོ་མོ་གཉིས་དབུས་གཙང་དུ་ གནས་སྐོར་ལ་འོངས་པའི་སྐབས་སུ་རྟ་ནག་རྡོ་རྗེ་གདན་དུ་སྐུ་འཁྲུངས་ འདས་ལོ་མི་གསལ་ན་ཡང་རབ་བྱུང་དགུ་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་དབེན་ས་བློ་བཟང་དོན་གྲུབ་ལ་དགེ་ལྡན་སྙན་བརྒྱུད་ དམ་དབེན་ས་སྙན་བརྒྱུད་གནང་ཞིང་སྤྲུལ་པའི་གླེགས་བམ་ཡང་ གནང། ཁོང་དགུང་ལོ་བཅུ་གཅིག་པར་ཡབ་ཡུམ་གཉིས་ཀྱིས་ཁྲིད་ནས་ གནས་ཆེན་སོ་སོར་མཇལ་ཞིང་རིམ་གྱིས་དགའ་ལྡན་རྣམ་པར་རྒྱལ་ པའི་གླིང་དུ་བྱོན་ཏེ་ཐོག་མར་བ་སོ་ཆོས་ཀྱི་རྒྱལ་མཚན་དང་མཇལ་བ་ ན། ཆོས་རྗེ་འདི་བས་ཡབ་ཡུམ་གཉིས་ལ་འཇིག་རྟེན་དང་མཐུན་པའི་ [277] བདག་རྐྱེན་དཔག་ཏུ་མེད་པ་གནང་ནས་བུ་འདི་ང་ལ་བྱིན་ཅིག་ཅེས་ གསུངས་པས་ཡབ་ཡུམ་གཉིས་ཀྱིས་དགའ་སྤྲོའི་ངང་ནས་ཕུལ། དེ་ ནས་བཟུང་བ་སོ་ཆོས་རྗེས་གཅེས་པར་བསྐྱངས་ཤིང་རབ་ཏུ་བྱུང་སྟེ་ མཚན་ལ་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། མདོ་རྒྱུད་ཀྱི་གསུང་རབ་མཐའ་ དག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང། ལྷག་པར་དུ་བྱང་ཆུབ་ ལམ་གྱི་རིམ་པའི་དམིགས་སྐོར་དང། གསང་བདེ་འཇིགས་གསུམ་ དུས་འཁོར་དང་བཅས་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་ཡོངས་སུ་ རྫོགས་པར་གསན། དགེ་ལྡན་སྙན་བརྒྱུད་དང་སྤྲུལ་པའི་གླེགས་བམ་ བཅས་པ་ཆོས་རྗེས་ཁོང་ལ་གཏད་ནས་བཀའ་རྒྱ་དམ་པོར་མཛད། དེ་ ནས་འབྲས་སྤུངས་སུ་ཕེབས་ཏེ་མཁས་དབང་བདེ་ལེགས་སྟོབས་ལྡན་ དང་སློབ་དཔོན་ཉི་མ་གཉིས་ལས་བསྙེན་པར་རྫོགས་ཤིང་དབུ་ཕར་ གཙོ་བྱས་པའི་གཞུང་ཆེན་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ཅིང་གཙང་དུ་བྱོན། འདུལ་འཛིན་བློ་གྲོས་སྦས་པ་ལས་འདུལ་བའི་ སྐོར་ཡོངས་སུ་རྫོགས་པ་གསན། དེ་ནས་བ་སོ་ཆོས་རྗེའི་བཀའ་ལྟར་ གངས་དང། རི་སུལ། ནགས་ཁྲོད་སོགས་སུ་འགྲིམས་ཏེ་མདོ་སྔགས་ ཀྱི་ལམ་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་སྙིང་པོར་མཛད་པས་ཉམས་ རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་གྱུར། ཁྱད་པར་དུ་ སྔོན་བྱོན་སྐྱེས་བུ་དམ་པ་མང་པོ་གྲུབ་པ་བརྙེས་པའི་གནས་ཆེན་པ་སྣམ་ ཇོ་མོའི་ལྷ་རིའི་གསང་ཆེན་གྲུབ་པའི་གནས་པདྨ་ཅན་དུ་སྒྲུབ་པ་ལྷུར་ བཞེས་པས་བསྐྱེད་རིམ་མཐར་ཕྱིན་ཏེ་རྫོགས་རིམ་ལ་ཆིག་སྒྲིལ་མཛད་ པས་འོད་གསལ་དང་སྒྱུ་ལུས་དངོས་སུ་གྲུབ། ཁོང་གིས་དགེ་ལྡན་སྙན་ [278] བརྒྱུད་དང་སྤྲུལ་གླེགས་བམ་བཅས་སྲས་ཀྱི་ཐུ་བོ་དབེན་ས་བློ་བཟང་ དོན་གྲུབ་ལ་གཏད་ནས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བཀུར་རོ། ཁོར་ གི་མཚན་གཞན་ལ་དབེན་ས་སྨྱོན་པ་ཞེས་ཞུའོ།། གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་རོང་བོར་ཡབ་མཁར་འབུམ་རྒྱལ་དང། ཡུམ་ གླིང་རྒྱ་བཟའ་འཁོར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་ཀློག་ དང། བྲིས་འབུར་གྱི་བཟོ་རྩལ། གཞུང་ཆེན་མོ་ཐུགས་ འཛིན། ཉམས་ལེན་སོགས་ལ་གཞན་གྱིས་མཚོན་ནུས་མིན་པ་ཞིག་གོ་ དགུང་ལོ་བཅུ་བཞི་པར་འདུལ་འཛིན་བསམ་གྲུབ་རིན་ཆེན་ལས་རབ་ ཏུ་བྱུང། དགུང་ལོ་ཉི་ཤུ་ཐམ་པར་ཅོ་ནེ་སངས་རྒྱས་རྒྱ་མཚོ་ལས་ བསྙེན་པར་རྫོགས། པཎ་ཆེན་བློ་བཟང་ཆོས་རྒྱན་དང། ཡོན་ཏན་ རྒྱ་མཚོ། དཀོན་མཆོག་ཆོས་འཕེལ། ངག་དབང་ཆོས་གྲགས་ རྒྱ་མཚོ། དཀོན་མཆོག་ཆོས་འཕེལ། ངག་དབང་ཆོས་གྲགས་ དབང་ཕྱུག་བརྩོན་འགྲུས། དགེ་ལེགས་ལྷུན་གྲུབ་སོགས་བླ་མ་བཞི་ བཅུ་རྩ་ལྔའི་ཞབས་ལ་གཏུགས་ནས་རྒྱུད་སྡེ་རྣམས་ཀྱི་དབང་རྗེས་ གནང་དང། བཀའ་བསྟན་གྱི་མན་ངག་རྒྱས་བཤད་བཅས་ཐུགས་སུ་ ཆུད་པ་མཛད། དགུང་ལོ་ཉེར་བཞི་པར་དབུས་སུ་བྱོན་ཏེ་རྭ་སྟོད་ ཆོས་གྲྭར་ཞུགས་ནས་མདོ་ཕྱོགས་ལ་སྦྱངས། རྒྱུད་སྨད་གྲྭ་ཚང་དུ་ ཞུགས་ཏེ་གསང་ཆེན་གྱི་གཞུང་ལ་ཐོས་བསམ་མཛད། དབུས་གཙང་ [279] དུ་ལན་གཉིས་པ་ཕེབས་སྐབས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཆོས་སྒོ་ མང་བོར་ཞུགས་ཏེ་སྦྱངས་པ་ཕུལ་ཕྱིན་གནང། དེ་ནས་མདོ་སྨད་དུ་ ཕེབས་ཏེ་བཀྲ་ཤིས་འཁྱིལ་གཙོར་བྱས་པའི་བྲག་དཀར་རི་ཁྲོད་དང་ བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང། དན་ཚིག་ཡང་ཏིག་བཅས་དབེན་ པའི་གནས་བརྒྱ་ཕྲག་མང་པོར་བཞུགས་ནས་སྒྲུབ་པ་ཉམས་ལེན་ མཛད། དབུས་ཕྱོགས་སུ་སྨད་རྒྱུད་ཁང་དང། བྱང་རྩེ་གྲྭ་ཚང་གི་ འདུ་ཁང་ལ་ཚོན་རྩི་གསར་བ་འབུལ་ཞིང། གསེར་ཕོན་ཆེ་བ་གནང་ སྟེ་ཞིག་གསོས་མཛད། སྨད་རྒྱུད་དུ་གསང་འདུས་ཁྲི་མཆོད་ཀྱི་བཐེབ་ ཀྱང་ཕུལ། རོང་བོའི་འདུ་ཁང་གསར་བཞེངས་མཛད་ཅིང། ཕྱག་ རྫས་གཏོས་ཆེན་སྔ་ཕྱིར་རོང་བོ་གྲྭ་ཚང་འཛུགས་འཐེབ་ཏུ་གནང། རྡོ་ སྦིས་གྲྭ་ཚང་དུ་བྱམས་སྐུ་ཆེན་མོ་རྟེན་བརྟེན་པ་མཐུན་རྐྱེན་སྦྱར་ཏེ་ བཞེངས། མདོ་སྨད་དུ་དགོན་པ་ཕར་ཞོག་གྲོང་ཐམས་ཅད་ལ་ཡང་ གང་མཚམས་ཀྱི་ཆོས་སྦྱིན། ལྔ་མཆོད་སོགས་ཆོས་ཐོག་དགེ་བསྐུལ་ དང་སྡིག་རྒྱུན་གཅོད་པ། གཙུག་ལག་ཁང་དང་མཆོད་རྟེན་རྣམས་ལ་ མཇལ་སྐོར་སོགས་ཀྱི་སྲོལ་བཏོད་པ་ཅི་རིགས་མ་མཛད་པའི་ས་ཆ་མི་ སྣང་བ་ཡིན། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་ དགུང་ལོ་དོན་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་རེབ་སྐོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ ཡིན་ལ། གསུང་རྩོམ་ཡང་། གྲུབ་ཆེན་ཨུ་རྒྱན་པ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ [280] ལོར་ཡབ་རྒྱུས་དབོན་ཇོ་འཕན་དང། ཡུམ་ཕྱུག་མོ་དུག་གེ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། དགུང་ལོ་ཆུང་དུས་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་ དང། གསང་སྔགས་ཀྱི་ཆོས་མང་པོ་གསན་ཏེ་མཁས་པར་གྱུར། དགུང་ ལོ་བཅུ་དྲུག་པར་བོ་དོང་ཨེ་དགོན་དུ་བྱོན་ནས་ཆོས་རྗེ་རིན་ཆེན་རྩེ་མོ་ ལས་མངོན་པ་གོང་འོག་དང། ཚད་མ། དབུ་མ་བཅས་གསན་ ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་མཚན་ལ་རིན་ ཆེན་དཔལ་གསོལ། དེ་ནས་ལོ་ངོ་བཅུ་གཉིས་རིང་དུ་ཆོས་རྗེ་རིན་ ཆེན་རྩེ་མོ་དང། གོང་ལུང་པ་ནམ་མཁའ་རྒྱལ་མཚན། དུས་འཁོར་ བ་སངས་རྒྱས་རྡོ་རྗེ་བཅས་ལ་བསྟེན་ནས་དུས་འཁོར་འགྲོ་ལུགས་དང་ ཆགས་ལུགས། རྩ་མི་ལུགས་བཅས་སློབ་སྦྱངས་མཛད་དེ་དུས་འཁོར་ དང། སྐར་རྩིས་ལ་ཤིན་ཏུ་མཁས་པར་གྱུར། ཆོས་རྗེ་རྒོད་ཚང་པ་ དང་ཀརྨ་པཀྵི་གཉིས་ལ་བསྟེན་ནས་བཀའ་བརྒྱུད་པའི་ཆོས་སྐོར་ མཐའ་དག་གསན། དེ་ནས་མང་ཡུལ་སྐྱིད་གྲོང་ལ་ལམ་བྱས་ནས་ཁ་ ཆེའི་ཡུལ་དུ་བྱོན། དེ་ནས་ཨོ་རྒྱན་གྱི་ཡུལ་དུ་ཕེབས་ཏེ་གསང་སྔགས་ ཀྱི་ཆོས་མང་དུ་གསན། དགུང་ལོ་སོ་གཉིས་པར་རྒྱ་གར་རྡོ་རྗེ་གདན་ དུ་བྱོན་ནས་མཆོད་རྟེན་ལ་ཞིག་གསོས་གནང། རབ་བྱུང་ལྔ་པའི་ས་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཀརྨ་པཀྵིའི་ཞལ་ཆེམས་ལྟར་ཁོང་གིས་ རང་བྱུང་རྡོ་རྗེ་ཀརྨ་པཀྵིའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་ བཟུང་བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ [281] ལམ་ལུགས་གསར་དུ་ཚུགས་པ་རེད། དགུང་ལོ་རེ་གསུམ་པ་རབ་བྱུང་ ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཡོན་རྒྱལ་རབས་ཀྱི་གོང་ མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས་ཏེ་རྒྱལ་པོ་དང་བློན་འབངས་ བཅས་ལ་ཆོས་མང་པོ་གསུངས། རྒྱལ་བུའི་ཕྱག་བསྙུན་བར་སུས་ཀྱང་ བཅོས་མ་ཐུབ་པ་འཆོས་པར་མཛད། རྒྱལ་པོ་དགྱེས་ནས་འབུལ་བ་ ཚད་མེད་ཕུལ་ཡང་སྣ་གཅིག་ཀྱང་མ་བཞེས་པར་བོད་དུ་ཕེབས་སོ།། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར།། ཁོང་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ།། གྲུབ་ཐོབ་ཆོས་འབྱུང་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཤོང་ཡུར་དུ་ཡབ་དཔོན་ཡིག་གཞོན་ནུ་རིན་ཆེན་དང། ཡུམ་ བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་ པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལ་དཀའ་ཚེགས་མེད་དེ་དབུ་ ཅན་དང་དབུ་མེད་ཐམས་ཅད་མཁྱེན། དགུང་ལོ་བཅུ་གཉིས་ པར་མཁན་པོ་རིན་ཆེན་བསམ་གཏན་དཔལ་བཟང་དང། སློབ་ དཔོན་ཤོང་སྟོན་རབ་བརྟན་གཉིས་ལས་རབ་ཏུ་བྱུང། ཕར་ཕྱིན་ བསླབས་ནས་གནས་རྙིང་དུ་བཤད་གསར་མཛད། དགུང་ལོ་སོ་ གཉིས་པར་མཁན་པོ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་དང་ སློབ་དཔོན་ལེགས་མཆོག་པ། གསང་སྟོན་དཀའ་བཞི་པ་རིན་ཆེན་རྡོ་ [282] རྗེས་མཛད་དེ་བསྙེན་པར་རྫོགས། དགུང་ལོ་སོ་བརྒྱད་པར་འཇག་ ཆེན་བྱམས་པ་དཔལ་དང་མཇལ་ཞིང་ཤངས་པ་བཀའ་བརྒྱུད་པའི་ཐུན་ མོང་མ་ཡིན་པའི་གདམས་པ་མ་ལུས་པ་ཞུས། རྒྱབ་སྐྱོར་གྱི་ལུང་རྣམས་ སློབ་དཔོན་དཔལ་བཟང་ལས་ཞུས་ཏེ་རྟོགས་པའང་འཁྲུངས། དུས་ ཕྱིས་སུ་གནས་རྙིང་དང་ཡོལ་དུ་བཞུགས། ཕལ་ཆེར་སྐུ་མཚམས་ མཛད་དེ་མངོན་པར་ཤེས་པ་ཡང་མངའ་ཞིང་སྐྱེ་འགྲོ་མང་པོ་སྨིན་པར་ མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་ལྔ་ བཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ།། གྲུབ་ཐོབ་མེ་ལོང་རྡོ་རྗེ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྒྲགས་ཕུར་ཡབ་རྣལ་འབྱོར་པ་བསམ་ཡས་དང། ཡུམ་འབར་མ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དགུ་པར་གྲུབ་ཐོབ་ཟ་ལུང་པ་དང་ མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང། དགུང་ལོ་བཅུ་དྲུག་ པར་སྒྲགས་ཕུའི་ཞོགས་སྟེངས་སུ་ཚོགས་བརྒྱ་ཚར་མཛད་པས་གནས་ ལུགས་ཀྱི་དོན་རྟོགས། དེ་ནས་ཡུལ་ཕྱོགས་མང་པོར་བྱོན་ཏེ་བླ་མ་མང་ དུ་བསྟེན་ཞིང་གདམས་ངག་མང་དུ་ཞུས། ཤ་བུག་སྟག་སྒོ་དང་མཁར་ཆུ་ ལ་སོགས་སུ་དཀའ་ཐུབ་དང་དཀའ་སྤྱད་མང་པོ་མཛད། དགུང་ལོ་བཅོ་ བརྒྱད་པར་སེང་གེ་རྒྱབ་ཏུ་སངས་རྒྱས་དབོན་པོ་ལས་སྙིང་ཐིག་རྣམས་ ཞུས། སྒྲུབ་པ་ཉམས་ལེན་མཛད་པས་ཉིན་ཞག་དྲུག་ཅུ་མཚམས་ནས་ རྡོ་རྗེ་སེམས་དཔའ་ཉིན་མཚན་མེད་པར་ཞལ་མཐོང། དགུང་ལོ་ཉི་ [283] ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་ གཏེར་ཆོས་མང་དུ་ཞུས་པས་རྡོ་རྗེ་ཕག་མོ་དང་མཇལ། འོད་ཕུང་གི་ དཀྱིལ་ནས་བདེ་མཆོག་ལྷན་སྐྱེས་དང། རྟ་མགྲིན། སྒྲོལ་མ་ ཐུགས་རྗེ་ཆེན་པོ། རྡོར་སེམས་རྣམས་མཐོང། དགུང་ལོ་ཉི་ཤུ་རྩ་ དྲུག་པར་འཁྲུལ་ཞིག་དར་མ་དང། སྤྲུལ་སྐུ་རྒྱ་མཚོ་སོགས་ལ་བསྟེན་ ནས་ཆོས་མང་དུ་གསན། དེ་ནས་མཁན་པ་ལྗོངས་དང། མཁན་པ་ གླིང། སེང་གེ་རྫོང། ཀུན་བཟང་གླིང། མཁར་ཆུ་རྣམས་སུ་ ཕེབས་ཏེ་སྒྲུབ་པ་མཛད་ཅིང་འགྲོ་དོན་བསྐྱངས། རིག་འཛིན་ཀུ་མཱ་ར་ རཱ་ཛ་ལ་སོགས་པའི་སློབ་མ་རྣམས་ལ་སྙིང་ཐིག་གི་ཁྲིད་བཏབ་ནས་ བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་གསང་སྔགས་རྙིང་ མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ།། གྲུབ་དབང་འཇམ་དཔལ་རྒྱ་མཚོ།། ཁོང་ནི་འཇམ་དབྱངས་བདེ་བའི་རྡོ་རྗེ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། གྲུབ་དབང་བློ་བཟང་རྣམ་རྒྱལ།། ཁོང་ནི་བྱ་བྲལ་བློ་བཟང་རྣམ་རྒྱལ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ།། གྲོ་སྟོན་བདུད་རྩི་གྲགས་པ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ [284] ཆུ་སྒོ་ལུམ་དུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་རྩིས་པ་གཞོན་ནུ་སེང་གེ་ལས་བསྙེན་ པར་རྫོགས། རྡོ་སྟོན་ཤེས་རབ་གྲགས་པ་དང་ཞང་བཙུན་རྡོ་རྗེ་འོད་ཟེར་ ལས་ཤར་བ་པ་ལས་བརྒྱུད་པའི་གདམ་པ་མ་ལུས་པར་མནོས་ཤིང། ལུམ་ པ་བའི་ཐུགས་སྲས་ཆུ་མིག་པ་ཤེས་རབ་གྲགས་པ་ལས་ཀརྨ་པའི་ལམ་གྱི་ རིམ་པ་ཡང་གསན། བྱ་ཡུལ་པའི་སློབ་མ་མུ་སྨན་པ་ཆེན་པོ་དང། སངས་ རྒྱས་དཔོན་སྟོན་སོགས་མཁས་གྲུབ་དུ་མ་བསྟེན་ནས་གསན་པ་རྒྱ་ཆེན་ པོ་མཛད། བྱང་ན་སྒྲེང་དགོན་དུ་འབུལ་མོ་ཆེ་ཐེངས་གསུམ་མཛད་དེ་ རྭ་སྒྲེང་དགོན་གྱི་དབུ་རྩེ་རིན་པོ་ཆེའི་སྟེང་དུ་གསེར་ཏོག་ཁམས་གསུམ་ ཟིལ་གནོན་ཡང་བཞེངས། ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་ འདི་ཡང་མཛད་དེ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་ལྡན་པ་རྣམས་རྗེས་ སུ་བཟུང། ཁོང་འཕྲིན་ལས་དར་ཁྱབ་ཆེ་ཞིང་སྣར་ཐང་གི་དཔལ་ མགོན་ཡང་ཁོང་གི་སྐུ་རིང་ལ་བྱུང་བ་མ་ཟད། གནས་བརྟན་བཅུ་ དྲུག་གདན་འཛོམས་ཀྱང་མཛད་པ་རེད། སྣར་ཐང་གི་གདན་ས་ཡང་ ལོ་ངོ་སོ་དགུའི་རིང་དུ་བསྐྱངས་པ་མཛད། ཁོང་གི་གདུང་རྟེན་ནི་ གདན་ས་གསུམ་པའི་གདུང་རྟེན་གྱི་ཤར་ན་བཞུགས་སོ། ཁོང་ནི་ དཔལ་སྣར་ཐང་དགོན་པའི་གདན་རབས་བཞི་པ་ཡིན།། གྲོ་མདའ་བསྟན་པ་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་དྭགས་པོ་གྲོ་ མདའ་ཡིན། རབ་བྱུང་བཅུ་གཅིག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཤར་ཕྱོགས་བསྟན་ [285] པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་དུ་ཞུགས་ཏེ་ཐུན་མོང་གི་རིག་གནས་དང་ མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ ནས་དཔལ་ལྡན་སྨད་རྒྱུད་དུ་ཞུགས་ཏེ་གསང་བ་སྔགས་ཀྱི་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་ལ་བྱང་ཞིང་ཆུབ་པར་མཛད། རྒྱུད་དང་བྱང་རྩེ་ སོགས་ཀྱི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་ ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཁོར་ལོ་ བསྐོར་བཞིན་པ་ནས་ཁྲི་ཐོག་མཛད་མུས་སུ་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ བུ་སོ་བརྒྱད་པ་ཡིན་ནོ།། གྲོ་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་ མཛོ་དགེ་གྲོ་ཚང་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གྲོ་ཀུན་བཟང་ ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ དུ་ཕེབས་ནས་བསྡུས་གཞུང་དང། སྐུ་འབུམ་དགོན་དུ་བྱོན་ནས་ཕར་ ཕྱིན་སོགས་གཞུང་ལྷག་མ་བཞི་ལ་ཐུགས་གཉེར་མཛད་ཅིང་ཐུགས་དམ་ ཉམས་བཞེས་ལ་མངོན་པར་བརྩོན་བཞིན་ཡུན་རིང་དུ་བཞུགས། རབ་ བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྨན་པ་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་སྔར་གྱི་འགྲིག་ལམ་ཀུན་སྤྱོད་ཉམས་ པ་གསར་གསོས་དང་མ་ཉམས་པ་རྣམས་གོང་འཕེལ་དུ་མཛད། ཁྱད་ པར་དུ་གྲྭ་ཚང་རང་ལ་རྩ་རྒྱུད་དང། བཤད་རྒྱུད། མན་ངག་རྒྱུད་ [286] ཕྱི་མ་རྒྱུད་དེ་འཛིན་གྲྭ་བཞིར་ཕྱེ་ཞིང། དེ་མཐུན་གྱི་བརྩི་བཞག་ལ་ སྨན་རྒྱུད་བཞི་གནང། དབྱར་ཆོས་དང་སྟོན་ཆོས་གཉིས་ལ་རྡེའུ་དང་ སྡོར་པོ་འགྲེམས་པ་དང། དབྱར་གནས་ལ་སྨན་རིགས་ངོས་འཛིན་ པའི་རྣམ་གཞག་འཁྲུངས་དཔེ་བློ་ལ་བཟུང་ཞིང་དྲི་མེད་ཤེལ་ཕྲེང་ལ་ སློབ་ཁྲིད་ལེགས་པར་མཛད་དེ། ཧོར་ཟླ་བདུན་པའི་ཚེས་གཉིས་ནས་ དབྱར་བྱིན་རླབས་གནར་ངོས་ཆུ་དཀར་རི་ཁྲོད་དུ་ཕེབས་ཤིང། ས་ དང་རྡོ་ཤིང་སྔོ་སྨན་གྱི་ངོས་འཛིན་ཞག་བདུན་ཙམ་དུ་མཛད་པའི་སྲོལ་ བཙུགས། དེ་ལྟར་ལོ་ཁ་ཤས་ཀྱི་བར་དུ་ཆོས་སྲིད་གཉིས་ཀྱིས་འཛིན་ སྐྱོང་སྦེལ་བའི་བཀའ་དྲིན་བསྐྱངས། ཁོང་གིས་དངུལ་སྲང་བཞི་སྟོང་ བརྒྱད་བརྒྱ་བརྒལ་བའི་རྒྱུ་སོང་གིས་འདུ་ཁང་གྱན་གྲངས་སུམ་ཅུ་སོ་ལྔ་ ཡོད་པ་རྒྱ་མཐོངས་སྒོ་སྐྱོར་ཁྱམས་ན་རྔ་ཁང་དང་བཅས་པ་གསར་ བཞེངས་མཛད་ཅིང། རྟེན་གསུམ་མཆོད་རྫས་ཡོ་བྱད་གང་མཁོ་ གསར་བསྐྲུན་གྱིས་སྤྱི་འཇོག་ཏུ་ཕུལ་བ་སོགས་གྲྭ་ཚང་འདི་ལ་སྐུ་དྲིན་ ཤིན་ཏུ་ཆེ་བ་ཞིག་ཡིན། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ རབས་དང་པོ་ཡིན་ནོ།། གྲོ་མོ་ཁྲོང་ངག་དབང་བསྟན་འཛིན།། ཁོང་རབ་བྱུང་བྕ་བཞི་པ་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཕྱག་རྡོ་ཐང་གྲོ་མོ་ཁྲོང་སྡེ་བར་ཡབ་ཀ་ལུའུ་ཧྲི་དང། ཡུམ་ཙི་མི་ཧྭ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་སྐྱབས་ རྗེ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་བྱུང་དང་ [287] དགེ་ཚུལ་བསྒྲུབས། དགུང་ལོ་བཅོ་ལྔ་པར་སྐུ་འབུམ་དཔལ་ལྡན་བཤད་ སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཐོས་བསམ་ལ་བརྩོན་འགྲུས་མཛད་ དེ་ནས་དབུས་སུ་ཕེབས་ཤིང་རྒྱལ་བ་ཡབ་སྲས་དང་ཇོ་ཤཱཀ་རྣམ་གཉིས་ སོགས་གནས་རྟེན་མང་པོར་མཇལ་ཕྱག་སྨོན་འདུན་མཛད། བོད་ཀྱི་རྒྱལ་ ཚག་གནང་བ་ཁྲི་ཆེན་ན་སྒྲེང་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ བསྒྲུབས་ཏེ་རང་ཡུལ་དུ་ཕེབས། དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་ བྱུང་བཅོ་ལྔ་པའི་ཤིང་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དུས་ འཁོར་དཔོན་སློབ་ཀྱི་ཁྲི་ལ་ཕེབས་ཏེ་ཟླ་བ་ཁ་ཤས་ཙམ་བཞུགས་རིང་ ལོ་གཅིག་གི་གཏོང་སྒོ་མ་ཉམས་པར་བཏང་མཛད། དེ་ནས་སྔ་ཕྱི་ ལན་གཉིས་ཙམ་ཐོར་གོད་ཤོག་ཏུ་ཕེབས་ཤིང་གདུལ་བྱའི་རེ་འདོད་ ཡོངས་སུ་བསྐངས་ཏེ་སྐུ་འབུམ་དུ་ཕེབས། སྒྲུབ་པ་ཉམས་ལེན་གཙོ་བོ་ མཛད་ནས་དུས་འདའ་བའོ། དགུང་ལོ་བདུན་ཅུ་དོན་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དུས་འཁོར་ དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་པ་ཡིན་ནོ།། གྲོ་ཚངས་བྲག་བློ་བཟང་སྐལ་བཟང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གྲོ་ཚང་དགྱེས་ལེགས་སྡེ་བར་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ རོང་བོ་ཨ་རོལ་རིན་པོ་ཆེ། ན་རྒྱའི་ཨ་ལགས་རྒྱལ་བ་རིན་པོ་ཆེ་ རྣམས་ཀྱིས་སྐུ་གོང་མ་སྐལ་བཟང་བསྟན་འཛིན་རྒྱ་མཚོའི་ཡང་སྲིད་ དུ་ངོས་འཛིན་མཛད། དགུང་ལོ་བདུན་པར་རོང་བོ་རེབ་སྐོང་ [288] གཉན་ཐོག་དགོན་པར་ཕེབས་ཏེ་སྐུ་ཞབས་ཨ་རོལ་རིན་པོ་ཆེ་ལས་རབ་ བྱུང་དང་དགེ་ཚུལ་བསྒྲུབས་ཤིང་དབང་ལུང་རྗེས་གསུམ་གྱི་ཆོས་འབྲེལ་ ཐོབ། དེ་ནས་ཐོ་ཀྱཱ་དགོན་པར་ཕེབས་ཏེ་སྐུ་ཞབས་ཞྭ་དམར་རིན་པོ་ ཆེ་ལས་ཚེ་ལྷ་རྣམ་གསུམ་གྱི་ཆོས་འབྲེལ་ཞུས། ལོ་དེའི་ཟླ་བ་དགུ་པར་ གྲོ་ཚང་རྡོ་རྗེ་འཆང་དུ་གདན་སར་བཀོད་དེ་དགའ་སྟོན་གང་རྒྱས་ གནང། དགུང་ལོ་བརྒྱད་པར་གྲོ་ཚང་རྒྱུད་པ་ཚང་ལས་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་བཅས་ལ་ལེགས་པར་སྦྱངས། དཔའ་རིས་མཱ་ཡང་ པཎྚི་ཏ་ངག་དབང་ལེགས་བཤད་ཉི་མ་ལས་གསོ་རིག་རྒྱུད་བཞི་དང་ བྱང་ཁོག་ལུས་ཐིག་རྩ་སྡེབ་འགྲེམ་ཚུལ། རྩི་སྔོ་ཤིང་གསུམ་བཅས་ལ་ སྦྱོང་བར་མཛད། སྐྱབས་རྗེ་རྫོང་དཀར་རྡོ་རྗེ་འཆང་འཇིགས་མེད་ བསམ་གཏན་ལས་འཇིགས་བྱེད་དཔའ་གཅིག་དང། ལྷ་བཅུ་གསུམ་ པའི་དབང་ཆེན། སྒྲོལ་དཀར་སོགས་ཀྱི་དབང་དང་རྗེས་གནང་ གསན། དགུང་ལོ་བཅུ་བདུན་པར་སྐུ་འབུམ་རང་སྒར་དུ་ཕེབས་ཤིང་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། དཔའ་རིས་དགེ་ བཤེས་བློ་བཟང་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་ཚད་མའི་གཞུང་ ལ་སོགས་པའི་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད་ དགུང་ལོ་ཉེར་གཉིས་པར་ཡོངས་འཛིན་ལ་སོགས་པའི་མདུན་ནས་ བསྙེན་རྫོགས་བསྒྲུབས་ཤིང། སྐབས་བབ་ཀྱི་མཁོ་ཆོས་སྐོར་གྱི་དབང་ དང་རྗེས་གནང་དཔེ་ཁྲིད་བཤད་ཁྲིད་སོགས་གསན་བར་མཛད་ དགུང་ལོ་ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ཤིང་ཆོས་ [289] སྲིད་ཟུང་གི་སྒོ་ནས་འཛིན་སྐྱོང་གོང་འཕེལ་གནང། ཁྲི་ཟུར་ནས་སྒྲོལ་ དཀར་བསྙེན་པ་ཚད་ལྡན་རྟགས་ཐོན་སྦྱིན་སྲེག་དང་བཅས་པ་གྲུབ་ གསུངས། དགུང་ལོ་ཉེར་དྲུག་པར་སྟོང་འཁོར་དགོན་པར་ཕེབས་ཏེ་ སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་ལས་སྒྲུབ་ཐབས་རིན་འབྱུང་གི་རྗེས་ གནང་སོགས་བཀའ་ཆོས་འགའ་གསན། དེ་རྗེས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་བོ། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ ཆེན་བདུན་ཅུ་དོན་དྲུག་པ་ཡིན་ནོ།། གྲོ་ཚང་བྲག་སྐལ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་དཔའ་རིས་བྱང་རྒྱུད་དར་ལུང་དུ་ཡབ་ཕྱག་རྡོར་སྐྱབས་དང་ ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐྱབས་ མགོན་རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ ཐག་བཅད་དེ་གྲོ་ཚང་རྡོ་རྗེ་འཆང་དུ་གདན་དྲངས་ཤིང་རབ་བྱུང་ དང་དགེ་ཚུལ་རིམ་གྱིས་བསྒྲུབས་པར་མཛད། དེ་ནས་སྐུ་འབུམ་ རང་སྒར་དུ་ཕེབས་ཤིང་གདན་སར་བཀོད་དེ་དགའ་སྟོན་གྱི་ཡོ་ལང་ སྤྲོས། དཔལ་ལྡན་བཤད་སྒྲུབ་གླིང་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ རྣམས་ལ་ཐོས་བསམ་ཕུལ་དུ་ཕྱིན་པར་མཛད། སྐྱབས་རྗེ་གསེར་ ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས་ དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚངས་གི་ཆོས་སྒོར་ཞུགས་ཏེ་ ཆོ་ག་ཕྱག་ལེན་དང་སྨིན་གྲོལ་གྱི་གདམས་པའི་གནད་རྣམས་ལ་ལེགས་ [290] པར་སྦྱངས། སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འཆད་ཉན་ དང་འཛིན་སྐྱོང་གང་ལེགས་གནང། དགུང་ལོ་བཞི་བཅུ་ཞེ་གཉིས་པ་ རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་བཅའ་ཡིག་ཆེན་མོའི་ དགོངས་དོན་ལྟར་གྲྭ་ཚང་སོ་སོའི་འགྲིག་ལམ་ཀུན་སྤྱོད་དང། སློབ་ གཉེར་མཛད་ཚུལ་བཅས་ལ་རྟིང་སྐུལ་གང་ཞིབ་མཛད། ཁྲི་ཟུར་ནས་ ཀྱང་གྲོ་ཚང་དང། བླ་བྲང་བཀྲ་ཤིས་འཁྱིལ། རོང་བོ་རེབ་སྐོང་ ཁྲི་ཀ་སོགས་སུ་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་སྦྱིན་པ་བཏང། ལོ་ ལྟར་མར་རྒྱ་མ་སྟོང་ཕྲག་གཉིས་རེའི་མཆོད་མེ་རྡོ་རྗེ་འཆང་གི་མདུན་དུ་ ཆག་མེད་དུ་འབུལ་བར་མ་ཟད། གྲོ་ཚང་དགོན་པར་རྒྱུ་རྫས་མང་པོའི་ སྤྱི་འཇོག་ལེགས་པར་མཛད། ལོ་ཀྱཱ་ཏུན་གྱི་བདེ་མཆོག་གནས་རི་དང་ ཕུ་ལང་ཡང་རྫོང་གི་གནས་རི་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ མཛད་དེ་དུས་འདའ་བའོ། དགུང་ལོ་དྲུག་ཅུ་རེ་བཞི་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ ཁྲི་ཆེན་ལྔ་བཅུ་ང་དྲུག་པ་ཡིན་ནོ།། གྲོ་ཚང་བློ་བཟང་བསྟད་པ་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་རྒྱ་དཔོན་ལུང་པའི་ར་རྒན་སྡེ་བའི་རྫོང་ནང་དུ་ཡབ་དབང་རྒྱལ་ དང། ཡུམ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་བདུན་པར་སྐྱབས་རྗེ་གྲོ་ཚང་བྲག་རིན་པོ་ཆེ་ དང། གྲོའུ་ཀྱཱའི་བླ་རྒན་གཉིས་ཀྱིས་གྲོའུ་ཀྱཱ་བསྟན་འཛིན་རྒྱ་མཚོའི་ [291] སྤྲུལ་སྐུར་ངོས་འཛིན་མཛད་ཅིང། སྐུ་མཆེད་རིན་པོ་ཆེ་བློ་བཟང་ བསྟན་པ་རྒྱ་མཚོ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་ བཞེས། དགུང་ལོ་བརྒྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སྡེ་ ཁྲི་རིན་པོ་ཆེ་ལས་ཚེ་དབང་དང། ཁོང་བསྐལ་བཟང་ལས་འདོན་ ཆོས་སྤྱོད་བཅས་ལ་གསན་པར་མཛད། དགུང་ལོ་བཅུ་གསུམ་པར་གྲོ་ ཚང་དགོན་པར་ཚོགས་ཞུགས་དང་ཆོས་གྲྭར་ཕེབས་ནས་བསྡུས་ཆུང་ལ་ སྦྱངས། དགུང་ལོ་བཅུ་བཞི་པར་རྒྱན་འཇུག་གི་ཚོགས་རྒྱུགས་ཕུལ་ ཞིང། ཁ་དོག་གི་ཚོགས་ལངས་བཞེངས། དགུང་ལོ་བཅོ་བརྒྱད་པར་ སྐུ་འབུམ་གྲོའུ་ཀྱཱ་སྒར་བར་ཕེབས་ཤིང་དཔལ་ལྡན་བཤད་སྒྲུབ་གླིང་གི་ ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད་ དགུང་ལོ་བཅུ་དགུ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་ལས་ འཇིགས་བྱེད་ལྷ་བཅུ་གསུམ་མ་དང། ཡི་དམ་རྟ་མགྲིན་ཡང་གསང་ གི་དབང། སྨན་བླ་ཐོ་བརྩེགས་བཅས་གསན་པར་མཛད། དགུང་ ལོ་ཉི་ཤུ་ཐམ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་དགེ་ ཚུལ་བསྒྲུབས་ཤིང་རང་ཡུལ་དུ་ཕེབས། དགུང་ལོ་ཉེར་ལྔ་པར་མཱ་ཡང་ པཎྚི་ཏ་ངག་དབང་ལེགས་བཤད་ཉི་མའི་དྲུང་ནས་རྩིས་དཀར་ནག་ དང། རྒྱ་ནག་ཆུ་རྩིས། སུམ་རྟགས། སྒྲ་ཊཱིཀ་སོགས་རིག་གནས་ རྣམས་ཀྱི་ཁྲིད་རྒྱུན་གསན། དགུང་ལོ་སོ་གཅིག་པར་སྐྱབས་རྗེ་ཤིང་ བཟའ་རྡོ་རྗེ་འཆང་གི་བཀའ་ལུང་ལྟར་གྲོ་ཚང་རྒྱུད་པ་མཁན་པོའི་ གདན་སར་ཕེབས། དགུང་ལོ་སོ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་ དུ་ཆོས་གྲྭར་ཞུགས་ཏེ་གཞུང་རྒྱུགས་ཕུལ་ཞིང་ཚོགས་ལངས་བཞེངས་ [292] དགུང་ལོ་སོ་གསུམ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་སོགས་ལས་ བསྙེན་རྫོགས་བསྒྲུབས། དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་བཅོ་ལྔ་ པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ ཀྱི་ཁྲི་ལ་ཕེབས་ནས་འཆད་ཉན་ལེགས་པར་བསྐྱངས། དགུང་ལོ་ཞེ་ བདུན་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་ སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་ལེགས་པར་མཛད། རབ་ བྱུང་བཅོ་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཚོགས་ཆེན་ རུང་ཁང་ཆེན་མོ་མེ་དགྲ་བཞེས་པའི་ལོ་དེར་གསར་བཞེངས་མཛད། ཁྲི་ ཟུར་ནས་ཀྱང་སྐུ་འབུམ་དགོན་དང། གྲོ་ཚང་རྡོ་རྗེ་འཆང་དུ་རེས་ མོས་བཞུགས་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད་དོ། ཁོང་ ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ལྔ་བཅུ་ང་བཞི་པ་དང་ སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བདུན་ཅུ་དོན་གཉིས་པ་ཡིན་ ནོ།། གྲོ་ཚང་བྲག་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་གསུམ་ པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ ཁྲི་ལ་བཞུགས་ནས་ལོ་ངོ་བཞིའི་རིང་དུ་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་བཅས་ལ་ཚགས་འཛིན་གང་ལེགས་གནང། རབ་བྱུང་ བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་ [293] གདན་སའི་ཁྲི་ལ་བཞུག་ནས་ལོ་ངོ་ལྔའི་རིང་དུ་གདན་ས་བསྐྱངས་ཏེ་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་ལེགས་ པར་མཛད་དོ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ དགུ་བ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་སུམ་ཅུ་ སོ་དྲུག་པ་ཡིན་ནོ།། གྲོ་ལུང་པ་བློ་གྲོས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ གཉལ་ཆོས་སྒོ་ཤོ་བོར་སྐུ་འཁྲུངས་པ་ཡིན། ཁོང་གཞོན་ནུའི་དུས་ ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལས་བཀའ་གདམས་ པའི་ཆོས་སྐོར་རྣམས་ལེགས་པར་གསན། ཁོང་གི་སྐུ་ཚེའི་སྟོད་ལ་ ལོངས་སྤྱད་ཀྱིས་ཕོངས། དེ་ནས་སྣེའུ་ཟུར་པའི་སློབ་མ་གུང་པ་ལྷ་ རྗེས་གནོད་སྦྱིན་རྨུགས་འཛིན་གྱི་མན་ངག་གནང་བས་ལོངས་སྤྱོད་ཀྱང་ ཤིན་ཏུ་ཆེ། བྲིན་ལས་ཀྱི་གཙུག་ལག་ཁང་ཆེན་མོའང་བཏབ། རྔོག་ བློ་ལྡན་ཤེས་རབ་ ་ ཀྱི་སློབ་མ་ཐུགས་སྲས་བཞི་ ལས་གསུང་རབ་ཀུན་ལ་མཁས་པའི་མཆོག་ཡིན། ཁོང་གི་གསུང་རྩོམ་ ནི། བཅས་བཞུགས་སོ། འགྲེལ་ཟླ་མེད་ཡིན་པས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ཡང་ཕལ་ཆེར་ འདི་དང་མཐུན་པར་མཛད་དོ།། གྲོང་སྨད་པ་ངག་དབང་རིན་ཆེན།། ཁོང་ནི་གྲོང་སྨད་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྲས་སུ་སྐུ་ [294] འཁྲུངས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་སྐབས་ཀྱི་གནས་ཚུལ་དང་སྐུ་ཚེའི་མཇུག་གི་བྱ་ གཞག་རྣམས་གསལ་མོ་ཞིག་མ་རྙེད་པས་ཤིན་ཏུ་ཕངས། རབ་བྱུང་ བཅུ་གཉིས་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོའི་ལྷ་ལྡན་སྨོན་ལམ་ ཆེན་མོའི་སྐབས་སུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང། ལ་ མོ་ཆོས་རྗེ། སྐྱིད་ཤོད་སྡེ་པ། གདན་སའི་མཁན་པོ། གཞུང་ ཞབས་གང་ཡོད། པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་མགྲོན་གཉེར་དཀའ་ ཆེན་རྡོ་རྗེ། སོག་པོའི་སྦྱིན་བདག་སོགས་བཀའ་གྲོས་མཛད་ནས་ དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོ་བཞག་མཛད། ད་དུང་སྡེ་སྲིད་ སངས་རྒྱ་མཚོ་སྡེ་སྲིད་ཟུར་པའི་གོ་གནས་ནས་གོང་དཀར་དུ་བཞུགས་ རྒྱུ་དང་ལྷ་བཟང་ཧན་རྒྱལ་པོའི་མཚན་གནས་གཞིར་བཞག་ཐོག་མཚོ་ སྔོན་དུ་ཕེབས་རྒྱུ་བཅད་ཐག་གཅོད་མཛད། རབ་བྱུང་བཅུ་གཉིས་ པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་ སྲིད་ཀྱི་གོ་གནས་ལས་ཕབ་སྟེ་མདོ་སྨད་ཀྱི་ཕྱོགས་སུ་རྒྱང་ཕུད་བཏང་ བར་གྲགས། གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་ནས་རྒྱལ་ དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཇལ་ཚུལ་བཅས་འཁོད་ འདུག་ཁོང་ནི་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དྲུག་པ་ཡིན་ནོ།། གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཅིག་པའི་ས་ ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་སྐུ་ [295] གཤེགས། ཁོང་གི་སྐུ་ཚེ་སྟོད་ཀྱི་མཛད་པ་འཕྲིན་ལས་ཁ་མི་གསལ་བས་ ཤིན་ཏུ་ཕངས། རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་རྒྱལ་དབང་ལྔ་ པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོ་ བཞག་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་འབྲས་ལྗོངས་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་འཁོར་དང་ བཅས་པ་ལྷ་སར་ཕེབས་ཏེ་རྒྱལ་དབང་ལྔ་བ་རིན་པོ་ཆེ་དང་སྡེ་སྲིད་རྣམ་ པ་གཉིས་ཀྱིས་མཇལ་འཕྲད་གནང་ཞིང་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ གི་སྐོར་ལ་སློབ་སྟོན་མཛད། རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་ཕོ་བྲང་དམར་པོ་དང། ལྕགས་པོ་རི་གཉིས་ཀྱི་རི་ བརྒྱུད་དུ་བྲག་སྒོ་ཀ་ཎིའི་མཆོད་རྟེན་ཆོས་འཁོར་བཅུ་གསུམ་རླུང་དྲིལ་ དང་བཅས་པ་ཡུལ་གྱི་མཛེས་རྒྱན་ལྟ་བུ་ལེགས་པར་བསྐྲུན། དེ་ལྟར་ དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་ལོ་ངོ་དགུའི་རིང་དུ་ཞུས་ཏེ་བདེ་བར་ གཤེགས། ཁོང་གི་མཚན་གཞན་ལ་ཇི་སང་སྡེ་བ་ཞེས་ཞུའོ། ཁོང་ནི་ དགའ་ལྡན་ཕོ་བྲང་གི་སྡེ་སྲིད་གཉིས་པ་ཡིན་ནོ།། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ།། ཁོང་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ།། གྲོལ་སྒོམ་ཆོས་གཡུང།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ འོལ་ཁ་ལ་ཡབ་ལྷ་རྗེ་སྨོན་ལམ་འབར་དང། ཡུམ་རྣམ་ཤེས་སྐྱིད་གཉིས་ [296] ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ ལེགས་པར་མཁྱེན། དགུང་ལོ་བཅུ་པར་ཡབ་ལས་གསང་སྔགས་ཀྱི་ཆོས་ སྐོར་དང་གསོ་བ་རིག་པའི་གཞུང་བཅས་ལ་སྦྱངས་པར་མཛད། དགུང་ ལོ་བཅོ་ལྔ་པར་ཁྱིམ་ཐབ་ཅིག་ཁབ་ཏུ་བཞེས་ཀྱང་ལོ་དེར་འདས་པས་ སྐྱོ་བ་སྐྱེས་ནས་དགེ་བཤེས་བྲག་རྩ་བ་ལས་སྡོམ་པ་མནོས། ཞང་སྟོན་ ཤེས་རབ་འབར་ལས་འདུལ་བའི་ཆོས་སྐོར་ལ་ལེཊ་པར་སྦྱངས། དེ་ནས་ རྗེ་སྒམ་པོ་པ་ལ་དད་པ་དཔག་ཏུ་མེད་པ་སྐྱེས་ནས་རྒྱུད་ཀྱི་དབང་ལུང་ ཁྲིད་གསུམ་དང་མན་ངག་ཟབ་མོ་རྣམས་ཞུས་པས་ཞག་གཅིག་གི་བར་ དུ་འོད་གསལ་ཐུན་གཅིག་ལ་བཞུགས་པ་ལ་སོགས་པའི་ཐུགས་དམ་ མཆོག་ཏུ་གྱུར། འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་དབང་དུ་འདུས་ དེ་ནས་ཡོ་བྱད་རྣམས་གྲོགས་ལ་བྱིན་ནས་ལོ་རོ་རས་ཆུང་པ་ལས་སྙན་ བརྒྱུད་རྣམས་ཞུས། འཇམ་དཔལ་གྱིས་ཞལ་གཟིགས་ནས་དབུ་རུ་ ཕྱོགས་སུ་ལུང་བསྟན། ཕྱྭ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་ མགྲིན་གྱིས་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་འབྱུང་བར་ལུང་ བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒྭ་ལོས་བར་དོའི་གདམས་པ་ ཞུས་སོ། སྐུ་ཚེ་གང་བོར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་བསྐྱངས་ ནས་དུས་འདའ་བར་མཛད་དོ། ཁོང་ནི་དྭགས་པོ་ལྷ་རྗེའི་སློབ་མ་ གྲུབ་ཆེན་བཞིའི་ཡ་གྱལ་ཡིན།། གྲྭ་བ་མངོན་ཤེས་ཅན།། ཁོང་ནི་རབ་བྱུང་དང་པོ་མ་ཚུགས་པའི་སྔོན་གྱི་ཆུ་ཕོ་བྱི་ལོ་སྟེ་ [297] སྤྱི་ལོ་་ལོར་གཡོ་རུར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་ མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང། མཚན་ལ་ དབང་ཕྱུག་འབར་ཞེས་བཏགས། ཁོང་གི་ཁུ་བོ་ཞང་སྟོན་ཆོས་ འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང་གསོ་བ་རིག་པ། ཕ་དམ་ པ་སངས་རྒྱས་ལས་ཞི་བྱེད་ཀྱི་སྐོར། ཁ་ཆེ་པཎ་ཆེན་ཟླ་བ་མགོན་ པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། ཡུལ་གྲྭ་ལ་འཁྲུངས་ པས་གྲྭ་པ་དང། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་ མ་དཔེ་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་གཏེར་ནས་གདན་དྲངས་ ཤིང། དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་ གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་ མ་གྲགས་པ་ལ་གནང། གྲྭ་ནང་གི་མདར་དཔལ་གྲྭ་ཐང་གི་ཆོས་གྲྭ་ ཆེན་པོ་ཕྱག་བཏབ། ཁོང་གི་གསུང་རྩོམ་ནི་ སོགས་བསྟན་བཅོས་སྣ་ཚོགས་བཞུགས་སོ།། གླག་བྱང་ཆུབ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་ སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་ [298] རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་གིས་ཆུ་ མིག་གཙུག་ལག་ཁང་བཞེངས་པར་མཛད་ཅིང་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་དར་བར་མཛད། ཆོས་ རྒྱུད་དེ་ལས་གྱེས་པ་ལ་གླག་ཚོ་ཞེས་གྲགས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་ དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ།། གླང་སྟོན་ཤེས་རབ་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བཞི་ པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་བཞི་པའི་ཤིང་ཕོ་ སྦྲེལ་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་དྲུག་གི་རིང་དུ་རྒྱལ་ལྷ་ཁང་ གི་གདན་ས་བསྐྱངས་ཏེ་སློབ་མ་མང་དུ་གསོ་སྐྱོང་མཛད། ཁོང་ནི་ རྒྱལ་ལྷ་ཁང་གི་གདན་རབས་བཅུ་བཞི་པ་ཡིན་ནོ།། གླང་སྟོན་སེང་གེ་འབུམ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བཞི་ པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ལྔ་པའི་ས་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་ཉི་ཤུ་རྩ་གསུམ་གྱི་རིང་དུ་རྒྱལ་ལྷ་ ཁང་གི་གདན་ས་བསྐྱངས་ཤིང་སློབ་མ་མང་པོ་གསོ་སྐྱོང་མཛད། ཁོང་ [299] ནི་རྒྱལ་ལྷ་ཁང་གི་གདན་རབས་བཅུ་བདུན་པ་ཡིན་ནོ།། གླང་ཐང་པ་རྡོ་རྗེ་སེང་གེ་ ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དབུར་སྟོད་དུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གྲོག་མོ་མཁར་པ་ལས་རབ་ཏུ་བྱུང་ མཚན་ལ་རྡོ་རྗེ་སེང་གེ་ཞེས་གསོལ། དགེ་བཤེས་པོ་ཏོ་བ་རིན་ཆེན་ གསལ་ལས་སྡེ་སྣོད་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་གསན་ཏེ། བཀའ་ གདམས་བློ་སྦྱོང་གི་མན་ངག་དམིགས་པའི་ས་བཅད་བརྒྱད་དུ་མཛད་པ་ ལ་བློ་སྦྱོང་ཚིགས་བརྒྱད་མར་གྲགས་པ་དེ་ཚོགས་ཆོས་སུ་མཛད། སློབ་ མ་ཉིས་སྟོང་ཙམ་འདུས། ཁོང་གིས་རབ་བྱུང་གཉིས་པའི་ཆུ་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་འཕན་པོར་གླང་ཐང་དགོན་པ་གསར་འདེབས་ མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཡར་ཀླུངས་ལྕགས་ཞིང་པ། བ་ ཡགས་ཀྱི་འདུལ་འཛིན། ལུང་མོ་བ་མདོ་སྡེ། ཞང་བཙུན་གཉན་ འགར་ཞང་ཞུང་པ། མ་ཐང་པ་བཅས་ཡིན།། གླང་དར་མ་འུ་དུམ་བཙན་པོ།། ཁོང་ནི་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་ པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང། ཡུམ་འབྲོ་ བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་མེ་ ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་ ཁོང་དགུང་ལོ་སུམ་ཅུ་སོ་དགུ་པ་བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་དྲུག་གི་ [302] རྣམས་གསན་ཞིང་སྣང་བ་ཐམས་ཅད་འགགས་ཏེ་ནམ་མཁའ་ལྟ་བུར་ གྱུར། དེ་ནས་གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ་ལ་ལོ་ངོ་ལྔ་ཙམ་ བསྟེན་ཞིང་ཇོ་བོ་རྗེའི་ཐབས་ལམ་དང་བདེན་གཉིས་བཅས་ལ་གསན་ པར་མཛད་དེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། རབ་བྱུང་ གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཡུལ་དགོན་གྱི་གདན་ སར་ཕེབས་ཤིང་ལོ་ངོ་སུམ་ཅུ་རྩ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ཏེ་ བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་གྱི་ གདན་རབས་གསུམ་པ་ཡིན་ནོ།། གླང་ཆུང་དར་མ་ཚུལ་ཁྲིམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་ བསམ་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ཅིང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ གསང་བ་བསྟན་པའི་རྒྱུད། འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ། ལེའུ་ཉི་ཤུ་རྩ་གཅིག་པ། [303] རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས། ཏུ་མེད་པའི་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག། ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག། མནན་པའི་ཆོ་ག། བསྡུས། ཀུ་གཏོར་རྒྱག་པ། གྱི་ཆོ་ག་བཟང་པོ་མདོར་བསྡུས་པ། པའི་སྙིང་པོའི་སྒྲུབ་ཐབས།། གླན་དར་མ་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་ དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ གཤེགས་པའི་རིགས་སུ་གཏོགས་པའི་བཀའ་ཉན་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་ གསུང་པའི་རྒྱུད་ཀྱི་རྒྱལ་པོ། རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་བ། [304] འདས་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ། བ། རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ། བྱེད་མཚན་གྱི་བསྟོད་པ། ཐབས་རྡོ་རྗེ་འོད། ཆོ་ག་གསལ་བ། སྦྱིན་མོའི་སྒྲུབ་ཐབས།། གླན་ཚུལ་ཁྲིམས་བྱང་ཆུབ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། དགུང་ལོ་ལྔ་བཅུ་རྩ་བདུན་པ་ལྕགས་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཏེ་ལོ་ངོ་བཞི་ བཅུ་རྩ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ཤིང་སློབ་མ་མང་པོ་གསོ་ སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་དགུ་བཅུ་གོ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་གཉིས་པ་ཡིན་ནོ།། གླན་ཚུལ་ཁྲིམས་བྱང་ཆུབ།། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ [305] ལོར་རྒྱ་རི་མོ་ཅན་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་གཉིས་ པ་རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་ གི་གདན་སར་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ་ སློབ་མ་མང་དུ་གསོ་སྐྱོང་མཛད། དེ་དག་ལས་གྲགས་ཆེ་བ་ནི་རྒྱལ་བ་ གཡུང་དྲུང་དབང་ཕྱུག་ཡིན། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་བཅུ་པ་ཡིན།། གླན་ཡེ་ཤེས་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་ སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ དུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་འདུལ་འཛིན་ཆེན་པོ་ ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་ སོགས་མང་དུ་གསན། དེ་ནས་ཁོང་གིས་རྒྱ་གར་སྒང་དང། གླག་མདའ། མཚལ་ཆུང་བཅས་བཟུང་སྟེ་འདུལ་བའི་བསྟན་པ་སྤེལ་ཞིང་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཆོས་རྒྱུད་དེ་ལས་གྱེས་པ་ལ་ གླང་ཚོའམ་གླན་སྐོར་དུ་གྲགས་སོ། ཁོང་ནི་ཀླུ་མེས་ཤེས་རབ་ཚུལ་ ཁྲིམས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞིག་ཡིན་ནོ།། གླིང་དཀོན་མཆོག་དགྱེས་པའི་བློ་གྲོས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ [306] ་ལོར་མདོ་སྨད་བསང་སྤྱིའི་ལྷ་སྡེར་ཡབ་ངག་དབང་གི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཀུན་མཁྱེན་སྐུ་ཕྲེང་གསུམ་ པས་གླིང་དོན་གྲུབ་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་དེ་རབ་བྱུང་ དང་དགེ་ཚུལ་བསྒྲུབས། སྣང་ར་བཟང་པོ་བཀྲ་ཤིས་ལས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་སྦྱངས། དགུང་ལོ་བཅུ་ གཉིས་པར་གླིང་འཇམ་དབྱངས་ཀྱིས་ཁུར་བླངས་ཏེ་ཆོས་གྲྭར་ཞུགས་ དཔོན་སློབ་རབ་བརྟན་རྒྱ་མཚོ་སོགས་ལ་བསྟེན་བསྡུས་གྲྭ་དང་གཞུང་ བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པའི་འབྲས་རྟགས་སུ་ སྨོན་རམས་དང་རྡོ་རམས་པའི་མཚན་བཏགས་རིམ་གྱིས་བཞེས། རྩིས་ དཀར་ནག་དང། སྒྲ་སྙན་ངག་བཟོ་གསོ་བ་བཅས་ལའང་ཤིན་ཏུ་ མཁས། ཀུན་མཁྱེན་སྐུ་འཕྲེང་སྔ་ཕྱི་དང། གུང་ཐང་འཇམ་པའི་ དབྱངས། ཧོར་ཚང་གསེར་ཁྲི་རིན་པོ་ཆེ། བཀའ་འགྱུར་བ་འཇིགས་ མེད་རབ་རྒྱས་སོགས་ལས་ཟབ་ཆོས་རྒྱ་ཆེར་གསན། དམུ་དགེ་དགོན་དང། མཛོད་དགེ་དགོན་གསར་རབ་རྒྱས་གླིང་གི་བླ་མ་མཛད་ཅིང་ མདོ་སྔགས་ཀྱི་འཆད་ཉན་སྤེལ། དེ་ནས་རིམ་གྱིས་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་རྒྱུད་པའི་ཁྲི་དང། གདན་སའི་ཁྲི་ལ་བཞུགས་ཏེ་འཆད་ཉན་ དང་གཏོང་སྒོ་སྔ་སྲོལ་གོང་འཕེལ་དུ་བསྐྱངས། གཟིམ་ཁང་དང་ མགོན་ཁང། རྣམ་སྲས་ཁང་བཅས་གསར་བཞེངས་གནང་ཞིང་སྐུ་ གསུང་ཐུགས་རྟེན་མང་དུ་བཞེངས། ཁྲི་ཟུར་ནས་རི་བོ་དྭངས་བསིལ་ དང། པེ་ཅིན་གྱི་ཙན་དན་ཇོ་བོ། གླང་ཆེན་འགྱིང་རི་བཅས་ལ་ [307] ཞབས་ཀྱིས་བཅགས་ཤིང་མཆོད་མཇལ་མཛད། ཚ་གན་པེ་ཤིང་དང་ ཨུརྒེ་གྲྭ་ཚང་གི་བླ་མར་བཞུགས་ནས་འཆད་རྩོད་རྩོམ་གྱིས་གདུལ་བྱ་ བསྐྱངས་ཤིང་དུས་འདའ་བའོ། །གསུང་རྩོམ་ཡང། དང། ཁོང་ནི་ བླ་བྲང་དགོན་པའི་གདན་རབས་ཉེར་བརྒྱད་པ་ཡིན་ནོ།། གླིང་དོན་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་འབྲོག་སྡེར་གླིང་མོད་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ ཞུགས། ཐོག་མར་རྩིབ་སྤྱོད་ཅན་ཞིག་ཡིན་ཡང་རྗེས་སོར་ཚོགས་ ཆོས་ལ་ཚུལ་བཞིན་འགྲིམས་ཏེ་སློབ་གཉེར་ལ་ཧུར་ཐག་བྱེད་པ་དང་ ཞི་དུལ་གྱི་ཀུན་སྤྱོད་ལྷུན་གྲུབ་ཅིག་གློ་བུར་དུ་བྱུང་བས་ཐམས་ཅད་ངོ་ མཚར་བར་གྱུར། གཞུང་བཀའ་པོད་ལྔ་ཐོས་བསམ་ནན་ཏན་དུ་ མཛད་པས་དགེ་བཤེས་གྲགས་ལྡན་གྱི་གོ་འཕང་ཐོབ། འཇིག་རྟེན་གྱི་ མཁྱེན་རྒྱ་ཤིན་ཏུ་ཆེ་བས་མཆོད་ཡོན་གྱི་ཟླ་ཟུང་གི་ཆོས་སྲིད་ཟུང་འབྲེལ་ གྱི་མདུན་མའི་སྐོར་ལ་སྐུ་དབང་ཆེ་བ་བྱུང། ཚོགས་ཆེན་དགེ་བསྐོས་ དང་བླ་མ་དབུ་མཛད་ཀྱི་གོ་ས་རིམ་པ་བརྒྱུད་ནས་འགྲིག་ལམ་ཀུན་ སྤྱོད་དང་ཆོས་འཆད་ཉན་ལ་དོ་དམ་གང་ལེགས་མཛད། རབ་བྱུང་ བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་རིང་དུ་གདན་ས་ [308] བསྐྱངས་ཤིང་ཆོས་འཆད་ཉན་དང་གཏོང་སྒོ་སོགས་གང་ཅིའི་ཐད་ནས་ སྔར་སྲོལ་མ་ཉམས་པ་མཛད། ཁྲི་ཟུར་ནས་ཨུརྒེར་གྲྭ་ཚང་གསང་ སྔགས་སྨིན་རྒྱས་གླིང་གི་ཁྲི་ལ་བཞུགས་མུས་དགུང་ལོ་རེ་བརྒྱད་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་དགོན་པའི་ གདན་རབས་བཅུ་པ་ཡིན་ནོ།། གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྲི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འབྲས་སྤུངས་སུ་ ཆོས་ཞུགས་མཛད་དེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་ བ་མཛད། དེ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་ ཅིང་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད། རྒྱུད་སྟོད་དུ་ཞུགས་ཏེ་ གསང་ཆེན་ཆོས་ཀྱི་ཆོ་ག་དང་ཕྱག་ལེན་བཅས་ལ་ནང་བྱང་ཚུད་པར་ མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང་མཁན་ཁྲིར་རིམ་གྱིས་ ཕེབས་ནས་གསར་སྔགས་བསྟན་པའི་འཆད་ཉན་སྤེལ། རབ་བྱུང་ བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་སྐུ་འཕྲེང་ བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་གྱི་འགན་འཁྲི་བཞེས་ ཏེ་མདོ་སྔགས་ཆོས་ཀྱི་མཆོད་པ་ཕུལ། དགུང་ལོ་ལྔ་བཅུ་ང་གསུམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནི་ ལེགས་པར་འབྱེད་པའི་ལེགས་བཤད་རིན་ཆེན་གསེར་གྱི་ལྡེ་མིག། [309] བཅས་ཆོས་ཚན་བཅོ་བརྒྱད་ལོངས་པའི་པོད་གཅིག་བཞུགས་སོ།། གླིང་མོད་བློ་བཟང་རིན་ཆེན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་གླིང་མདོ་རིགས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ གྲྭར་ཞུགས་ཏེ་འཛིན་གྲྭའི་སྐྱོར་དཔོན་མཛད། ཉིན་གཅིག་རྩེད་ མོར་ཕྱིན་ཏེ་ཆོས་གྲྭར་ལུས་སོང་བས་ཚོགས་ཆེན་ཁྲི་བས་བཀའ་བསྐྱོན་ གྱི་ཚུལ་དུ་བརྩི་བཞག་ཉིས་འགྱུར་དུ་གནང་བ་ཆད་ལྷག་མེད་པར་ བསྐྱོར་བས་ཐུགས་དགྱེས་ཏེ་ཁོ་ལ་རྣོ་འབུག་འདྲ་བ་ཞིག་ཡོང་བ་འདུག་ གསུངས་པས་སྐྱོར་དཔོན་རྣོ་འབུག་ཅེས་གྲགས། བསྡུས་གཞུང་ནས་ བཟུང་གཞུང་བཀའ་པོད་ལྔ་ལ་ལེགས་པར་སྦྱངས་པས་རྩོད་པ་ལ་ འགྲན་ཟླ་མེད་པའི་སྙན་གྲགས་ཀྱི་རོལ་མོ་རྣ་བའི་བཅུད་ལེན་དུ་འབར་ བ་བྱུང། རྣམ་དཔྱོད་ཀྱི་རྩལ་བསམ་གྱིས་མི་ཁྱབ་པས་སྒྲ་དང་སྙན་ ངག་སོགས་ལ་སློབ་སྦྱོང་ཆེར་མ་མཛད་ཀྱང་གཟིགས་པ་ཙམ་གྱིས་ ཐུགས་སུ་ཆུད་པ་ཞིག་ཡོད་པས་རིག་གནས་སྨྲ་བའི་སྙན་གྲགས་རྒྱས་ རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། རྒྱུད་པ་གྲྭ་ཚང་ ལ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་ བར་སྦྱངས་པས་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་ པོར་གྱུར། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཡོངས་ འཛིན་མཛད། དེ་ནས་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་ལོ་བཅུའི་ [310] རིང་དུ་བཞུགས་ཏེ་ཆོས་འཆད་ཉན་དང། འགྲིག་ལམ་ཀུན་སྤྱོད་ དངོས་རྫས་གཏོང་སྒོ་བཅས་ཀྱི་ཐད་དུ་དགེ་འདུན་མང་ཚོགས་ཐུགས་ ཡིད་ཚིམ་པར་མཛད། ཁྲི་ཟུར་ནས་དམུ་དགེའི་དགོན་དུ་རྒྱུད་ཀྱི་ འཆད་ཉན་ཡུན་རིང་མཛད། ཟུར་བཞུགས་མཛད་ནས་བླ་བྲང་བཀྲ་ ཤིས་འཁྱིལ་དུ་ཐུགས་དམ་ཟབ་མོའི་ཉམས་བཞེས་མུར་དགུང་ལོ་དོན་ བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ ནི་ ཐི་ལའི་འཁྲི་ཤིང་གི་འགྲེལ་བ་ཤེས་རབ་པདྨོ་རྒྱས་པའི་ཉིན་བྱེད། ཁོང་ནི་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཞི་བ་ ཡིན།། གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་གྲ་ ནང་དགོན་པའི་ཞོལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་ བསོད་ནམས་རྒྱལ་མཆོག་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་ བཅུ་གཉིས་པར་དྭགས་པོ་གྲྭ་ཚངས་དུ་ཞུགས་ཤིང་སློབ་དཔོན་བློ་བཟང་ ཆོས་འཕེལ་ལས་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་དཀོན་མཆོག་ཆོས་ འཕེལ་ཞེས་གསོལ། སློབ་གཉེར་ནན་ཏན་དུ་མཛད་པས་མཁས་པ་སྙན་ གྲཊ་ཆེ་བར་གྱུར། དགུང་ལོ་ཉེར་གཉིས་པར་རྩེས་ཐང་དུ་རབ་འབྱམས་ [311] པའི་གྲྭ་སྐོར་མཛད། དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་མདོ་སྔགས་གཉིས་ལ་ ཟབ་སྦྱངས་མཛད་པས་དགེ་བཤེས་ཆེན་པོར་གྱུར་ཞིང་དགའ་ལྡན་གྱི་ ཚོགས་ཆེན་གྲལ་དུ་བགྲོ་གླེང་གནང་བས་མཁས་པའི་སྙན་གྲགས་ཕྱོགས་ བཅུར་ཁྱབ། དགུང་ལོ་ཉེར་བཞི་པར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་ མཚོ་ལས་བསྙེན་པར་རྫོགས་ཏེ་ཁམས་སུ་འབུལ་སྡུད་ལ་བྱོན་པས་ཕྱག་ རྫས་གང་འབྱོ་དགའ་ལྡན་དུ་ཕུལ། གསང་ཕུ་ར་བ་སྟོད་དང་རྒྱུད་སྟོད་ པའི་འཆད་ཉན་པ་མཛད། གཙང་སོག་གི་བར་མཛད་པས་སེ་འབྲས་ གཉིས་ལ་ཕན་ཐོགས་ཤིང་གཙང་པ་ཡང་དགྱེས་པར་གྱུར། གསང་ ཕུའི་ཁྲིར་ཕེབས་ཏེ་གླིང་སྨད་ཆོས་རྗེ་ཞེས་གྲགས། དགའ་ལྡན་ཤར་གྱི་ གདན་ས་དང། བློ་གསལ་གླིང་གཉིས་སྦྲེལ་བའི་བླ་མ་མཛད་པས་ འཆད་ཉན་སྨར་བ་བྱུང། དགུང་ལོ་ང་བཞི་པ་རབ་བྱུང་བཅུ་པའི་མེ་ ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ ལོ་ངོ་བཅུ་གཉིས་ཀྱི་རིང་དུ་གསེར་ཁྲི་བསྐྱངས། སྐྱོར་མོ་ལུང་དང་ གསང་སྔགས་མཁར། རིན་ཆེན་གླིང། འོལ་དགའ་རྡིང་ཕྱི། གསང་ ཕུ་རྣམས་སྤྱི་བླའམ་མཁན་པོ་མཛད། དབུས་ཁུལ་གྱི་བླ་མ་ཕལ་ཆེར་ བུ་སློབ་ཏུ་གྱུར་བས་རྣམ་དཀར་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་ པར་གྱུར། དགུང་ལོ་དོན་བཞི་པར་གསང་སྔགས་མཁར་དུ་དགོངས་ པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་ དངུལ་གདུང་རྣམ་རྒྱལ་མཆོད་རྟེན་ནི་དགའ་ལྡན་ལི་མ་ལྷ་ཁང་ཤར་གྱི་ རྟེན་གཙོའི་གཡས་གཉིས་པར་བཞུགས་སོ། ཁོང་ནི་དགའ་ལྡན་ གསེར་ཁྲི་འཛིན་པའི་ཁྲི་རབ་སུམ་ཅུ་རྩ་ལྔ་པ་ཡིན་ནོ།། [312] གླིང་རས་པདྨ་རྡོ་རྗེ།། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་མྱང་སྟོད་ཀྱི་གླིང་སྨད་པར་ཡབ་རྒྱལ་པོ་སྐྱབ་བེ་དང། ཡུམ་ གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་ པའི་ས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དགུ་ པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་ པར་ཡོན་ཏན་ཤིན་ཏུ་ཆེ་བར་གྱུར། སློབ་དཔོན་དཔལ་གཡང་དང་ དབུས་པ་ཞང་ར་ལོ་ཙཱ་བ་སོགས་ལས་རྒྱུད་དང་གདམས་ངག་མང་དུ་ གསན། དགུང་ལོ་སོ་བརྒྱད་པར་དཔལ་ཕག་མོ་གྲུ་པ་མཇལ་ནས་ཁྲིད་ གསན་ཏེ་སྒོམ་པས་ཞག་གསུམ་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས་ ལོ་བདུན་ཟླ་བདུན་ཞག་བདུན་དུ་མཚམས་བཅད་དེ་རྟོགས་པ་ཕུལ་བས་ བླ་མ་ཤིན་ཏུ་དགྱེས། དེ་ནས་ཕྱོགས་ཐམས་ཅད་དུ་ཕེབས་ནས་ འགྲོ་དོན་མཛད། ཕྱིས་སུ་ཁོང་གིས་སྣ་ཕུ་དགོན་པ་གསར་འདེབས་ མཛད། ཁོང་གི་སློབ་མ་གཙོ་བོ་ནི་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་ ཡིན། ཁོང་གི་གསུང་རྩོན་ནི་ ཀྱི་རྡོ་རྗེའི་བསྟོད་པ། དཀྱིལ་འཁོར་གྱི་ཆོ་ག། བཞུགས་སོ།། གླིང་རིན་པོ་ཆེ།། ཁོང་ནི་འབྲི་གུང་རྡོ་རྗེ་རིན་ཆེན་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། [313] གློ་བོ་ཤེས་རབ་རིན་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང། དགེ་ ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་ལ་སློབ་གཉེར་མཛད། དེ་ནས་བལ་ཡུལ་དང། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་ནས་བསྟན་བཅོས་དུ་མ་ བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ཚིག་རྣལ་འབྱོར་དབྱེ་བ། མའི་སྒྲུབ་ཐབས། གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག། གཤིན་རྗེ་གཤེད་དམར་པོའི་འཚོ་བ་དེ་ཁོ་ན་ཉིད་ཀྱི་མན་ངག། པ། མན་ངག། ཐབས། དབྱངས་འཆར་བ། [314] སྐབས་ཀྱི་འབྲས་བུ་གནོད་པ་འབྱུང་བའི་ལས། བའི་དོན་བསྡུས། ། དགའ་བཞི་མགོན་པོ་དངོས་གྲུབ་རབ་བརྟན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཡབ་དགའ་བཞི་སྒྲ་དཔོན་ཚེ་བརྟན་བཀྲ་ཤིས་དང་ ཡུམ་བསོད་ནམས་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་སོགས་ལ་བྱང་བར་ མཛད་ཅིང། དེ་ནས་སྨིན་གྲོལ་གླིང་དུ་ཕེབས་ཏེ་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པ་ ཆེན་པོར་གྱུར། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་ རྒྱ་མཚོ་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་རྣམ་གཉིས་ལ་གཙུག་ལག་ རིག་གནས་ཀྱི་ཡིག་རྒྱུགས་ཕུལ་བས་ཁོང་ལ་ནོ་ཡོན་པཎྜྀ་ཏ། ཞེས་ པའི་མིང་བཏགས་དང་གུང་རྒྱུད་འཛིན་པའི་ཆོག་མཆན་གནང་ དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ ལོ་་ལོར་བཀའ་ཤག་སྲིད་གཞུང་གི་ལས་ཐོག་དང་པོའི་བཀའ་ བློན་དུ་བསྐོས། དེ་ནས་བཟུང་ལོ་ངོ་བཞི་བཅུ་ཞེ་གཅིག་གི་རིང་དུ་ བཀའ་ཤག་སྲིད་གཞུང་ལ་ཞབས་ཏོག་བསྒྲུབས། གོར་བོད་དམག་ འཁྲུགས་དང་སྨར་ཁམས་དམག་འཁྲུག་བཅས་ལ་བཀོད་འདོམས་མཛད་ པ་དང། ལྷ་སའི་གཙུག་ལག་ཁང་ལ་ཞིག་གསོས་བཅས་མཛད་དེ་ དགུང་ལོ་བདུན་ཅུ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ [315] འཐིམས། ཁོང་གི་མཚན་གཞན་ལ་རྡོ་རིང་པཎྜི་ཏ་ཞེས་ཞུའོ། ། དགའ་བཞི་བསྟན་འཛིན་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ལྷ་སར་ཡབ་དགའ་བཞི་མགོན་པོ་དངོས་གྲུབ་རབ་བརྟན་ དང། ཡུམ་རིན་ཆེན་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་བསླབས་ ཤིང། དགུང་ལོ་བརྒྱད་པ་ནས་བཟུང་སེར་བྱེས་དགེ་བཤེས་པ་རི་ དང། སྨིན་གྲོལ་ཆོས་རྫོང་སོགས་ལ་བསྟེན་ཏེ་ཆོས་སྤྱོད་དང་ བརྡ་སྤྲོད། སྙན་ངག་རྩིས་རིག་ཚད་མ་བཅས་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གོང་མ་ཆན་ལུང་གིས་བཀའ་ཤག་སྲིད་ གཞུང་གི་བཀའ་བློན་དུ་བསྐོས། དགུང་ལོ་སུམ་ཅུ་ཐམ་པ་རབ་བྱུང་ བཅུ་གསུམ་པའི་ས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་གོར་བོད་ཆིངས་ ཁྲ། བཀོད་པའི་གྲལ་དུ་ཞུགས། དགུང་ལོ་སོ་བཞི་པར་ ་ གོར་དམག་གིས་གཉའ་ནང་ཚོང་འདུས་ས་ནས་འཇབ་བཟུང་བྱས་ཏེ་ བལ་ཡུལ་དུ་བཙན་ཁྲིད་བྱས། དེ་ནས་གོང་མ་ཆན་ལུང་གིས་དམག་ དཔུང་མངགས་ཤིང་གོར་དམག་མཐར་བསྐྲད་བྱས་པས་གོར་བོད་ དམག་འཁྲུག་ཐེངས་གཉིས་པའི་རྒྱལ་ཁ་ཐོབ་ཅིང་བཀའ་བློན་བསྟན་ འཛིན་དཔལ་འབྱོར་སོགས་རང་ཡུལ་ལྷ་སར་ལོག་ཕེབས་བྱུང། དགུང་ ལོ་སོ་ལྔ་པར་ ་ པེ་ཅིན་དུ་ཕེབས་ཏེ་གོར་བོད་དམག་འཁྲུག་གི་ བརྒྱུད་རིམ་རྣམས་ཞུ་འབུལ་བྱས་རྗེས་བཀའ་བློན་གྱི་ཐོབ་བླངས་པ་ལས་ [316] ཁྲིམས་ལ་མ་སྦྱར་བས་དགུང་ལོ་སོ་དྲུག་པར་ ་ བོད་དུ་ཕེབས་ དགུང་ལོ་སོ་བརྒྱད་པར་ཞོལ་སྡེ་བའི་ལས་འགན་ཁུར་ཞིང། དགུང་ ལོ་ཞེ་གཉིས་པར་ ་ བོད་སྡོད་ཨམ་བན་གྱིས་དགའ་བཞི་པའི་ ཐོབ་ཐང་ཚང་མ་ཕྱི་སྤྲད་མཛད། དགུང་ལོ་ཞེ་བརྒྱད་པར་ ་ བཀའ་བློན་བསྐོ་བཞག་བྱ་རྒྱུའི་གླེང་མོལ་བྱས་ཀྱང་ཁོང་གི་རེ་འདུན་ ལྟར་བུ་བསོད་ནམས་དཔལ་འབྱོར་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་བྱི་ ལོ་སྟེ་་ལོར་གོང་མ་ཅཱ་ཆིན་གྱིས་བཀའ་བློན་དུ་བསྒོས་སོ། དེ་ ལྟར་བཀའ་ཤག་སྲིད་གཞུང་ལ་ཞབས་ཏོག་བསྒྲུབས་ཤིང་དུས་འདའ་ བར་མཛད། ཁོང་གི་མཚན་གཞན་ལ་རྡོ་རང་བསྟན་འཛིན་དཔལ་ འབྱོར་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི་ པའི་བསྟན་བཅོས། བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ། ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ། བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟློ་མེད་གཏམ་གྱི་རོལ་མོ། བཅས་བཞུགས་སོ། ། དགུ་ཁྲི་ཐོག་སྒྲ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། མངའ་བདག་འོད་བསྲུངས་ ་ ཀྱི་ བློན་པོ་ཡིན་ཏེ། བན་ཆོས་ལ་གཙིགས་སུ་བཟུང་ནས་གཙུག་ལག་ ཁང་སོགས་བསྐྱར་བཞེངས་དང། གཡོ་རུ་ས་ཁུལ་གཙོ་བོར་བཟུང་ སྟེ་མངའ་བདག་འོད་བསྲུངས་ཀྱི་ཆབ་སྲིད་ལ་གཞོགས་འདེགས་ལེགས་ [317] པར་མཛད་དོ། ། དགེ་སྟག་སྦྲུལ་སྐུ་བློ་བཟང་དོན་གྲུབ་གྲགས་པ་མཐའ་ཡས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཁམས་དཀར་མཛེས་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་ པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་ གཉིས་ཉིན་མེས་རྒྱལ་གྱི་དོན་དུ་སྐུ་གཤེགས། དགུང་ལོ་བདུན་པར་ བེ་རི་དགོན་པས་བདག་པོར་མཛད་ནས་ཁྲི་ཁར་ཕུད། དགུང་ལོ་ བཅུ་བདུན་པར་དབུས་སུ་ཕེབས་ཏེ་དགའ་ལྡན་དགོན་པའི་ཆོས་གྲྭར་ ཞུགས། དེ་ནས་ལོ་ངོ་བརྒྱད་ཀྱི་རིང་ལ་མདོ་སྔགས་གཉིས་ལ་སྦྱངས་ པ་མཐར་ཕྱིན་པ་མཛད་པ་དགའ་ལྡན་དགོན་པའི་དགེ་བཤེས་ཀྱི་ མཚན་རྟགས་བཞེས། དགུང་ལོ་ཉེར་ལྔ་བར་རང་ཡུལ་དུ་ཕེབས་ཏེ་ བེ་རི་དགོན་པའི་ཆོས་སྲིད་གཉིས་ལ་ཐུགས་དམ་གཏད། དགུང་ལོ་ སུམ་ཅུ་སོ་གསུམ་པར་ ་ དམར་དམག་གིས་བོད་རིགས་ལོ་ རྒྱུས་ཐོག་གི་ཨང་དང་པོའི་མི་དམངས་སྲིད་དབང་སྟེ་ཀྲུང་ཧྭ་སུའུ་ཝེ་ ཨེར་བོད་པ་རང་སྐྱོང་སྲིད་གཞུང་དེ་དཀར་མཛེས་རྫོང་དུ་ དབུ་བརྙེས་པ་དྲིལ་བསྒྲགས་མཛད་པར་མ་ཟད། ཁོང་རང་སྐྱོང་ སྲིད་གཞུང་གི་ཀྲུའི་ཞི་གཞོན་པར་འདེམས་བསྐོས་བྱས་པ་རེད། ཀྲུའུ་ ཏེའུ་དང། ལེའུ་པའོ་ཁྲིང། ཧིའུ་ལུང་སོགས་གསར་བརྗེའི་རྒན་རབས་ པ་རྣམས་ལས་གུང་ཁྲན་ཏང་གི་རྩ་འཛིན་ལམ་ལུགས་རྣམས་སློབ་སྦྱོང་ བྱས་ན་སྤྱི་ཚོགས་རྙིང་བ་བསྐྱུར་ནས་སྤྱི་ཚོགས་གསར་བའི་ལམ་དུ་ ཁྲིད་པའི་དགེ་མཚན་ཚང་མ་མཁྱེན་པ་རེད། ཁོང་གི་འགོ་ཁྲིད་འོག་ [318] ནས་དམར་དམག་རྨས་མ་སྟོང་ཚོ་གསུམ་ལྷག་ཙམ་གྱི་ཚེ་སྲོག་བསྐྱབས་ ཐུབ་པར་བྱུང་བ་རེད། ཁོང་གིས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་ གི་ཨུ་ཡ་དང། ལྷོ་ནུབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ ཡོན། ཤིས་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་ པ། དར་མདོ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་ འགན་ཁུར་བཞེས་མྱོང། ་ལོའི་ཟླ་བ་བདུན་པར་ཀྲུང་དབྱང་མི་ དམངས་སྲིད་གཞུང་གིས་ཁོང་ཉིད་ལྷ་སར་ཕེབས་པའི་བཀའ་མངགས་ ལྟར་ཟླ་བ་བདུན་པའི་ཚེས་བཅུའི་ཉིན་དཀར་མཛེས་ནས་ཆིབས་ཁ་ བསྒྱུར་ཏེ་ཟླ་བ་བདུན་པའི་ཚེས་ཉེར་བཞི་ཉིན་དར་མདོར་བྱོན། ཟླ་ བ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ཁོང་གིས་ལྷ་སར་བོད་ཞི་བས་ བཅིངས་འགྲོལ་ཐོབ་དགོས་པའི་དོན་གནད་རྣམས་གློག་འཕྲིན་བཏང་ བ་རེད། ཟླ་བ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ལོག་སྤྱོད་པས་དུག་ དྲངས་པས་ཚེས་ཉེར་གཉིས་ཉིན་སྐུ་གཤེགས། ་ལོའི་ཟླ་བ་ བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཤིས་ཁམས་ཞིང་ཆེན་མི་དམངས་སྲིད་ གཞུང་གིས་གཟབ་རྒྱས་ཀྱི་སྒོ་ནས་མྱ་ངན་ཚོགས་འདུ་འཚོགས་པ་དང་ ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ བཏང་བ་དང། བོད་རིགས་བཅིངས་འགྲོལ་གཏོང་བའི་འབོད་ སྐུལ་ཡང་གནང་བ་རེད། ཁོང་གི་གསུང་རྩོམ་ནི་མགུར་དང་གླུ་སོགས་ ཤིན་ཏུ་མང་པོ་ཡོད། ། དགེ་འདུན་ཆོས་འཕེལ་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ [319] མདོ་སྨད་རེབ་ཀོང་ཞོ་འཕོང་ཡུལ་དུ་ཡབ་ཨ་ལགས་རྒྱལ་པོ་དང་ ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་སྐུ་གཤེགས། ཆུང་དུས་ ནས་བློ་རིག་ཤིན་ཏུ་རྒྱས་པས་རྡོར་གྲགས་སྤྲུལ་སྐུའི་ཡང་སྲིད་དུ་ངོས་ འཛིན་མཛད་དེ་གཡའ་མ་བཀྲ་ཤིས་འཁྱིལ་དགོན་པར་རྒྱུན་སྡོད་མཛད་ ནས་སུམ་རྟགས་དག་བཅས་ལ་སྦྱངས་པར་མཛད། དགུང་ལོ་བཅོ་ལྔ་ ཙམ་ལ་ལྡེའུ་ཚ་དགོན་དུ་ཕེབས་ནས་ཞྭ་དམར་པཎྜི་ཏ་ལས་མཚན་ཉིད་ སོགས་ཀྱི་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་པར་མཁན་ཆེན་ སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ མཚན་ལ་དགེ་འདུན་ཆོས་འཕེལ་ཞེས་གསོལ། བླ་བྲང་བཀྲ་ཤིས་ འཁྱིལ་དུ་ལོ་ངོ་བཅུ་ཙམ་རིང་དུ་ཚད་མ་དང་ཕར་ཕྱིན་བཅས་ལ་སྦྱངས་ པ་དཔྱིས་ཕྱིན་པ་མཛད། དགུང་ལོ་ཉེར་ལྔ་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། རྡོ་སྦིས་དགེ་བཤེས་ཤེས་ རབ་རྒྱ་མཚོ་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པས་ མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། དགུང་ལོ་སུམ་ཅུ་པར་རྒྱ་ གར་གྱི་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ཝ་ར་ཎཱ་ སི་སོགས་སུ་ཕེབས་ནས་ལེགས་སྦྱར་གྱི་སྐད་ལ་སྦྱངས། དེ་ནས་སིང་ ག་ལར་ཕེབས་ནས་སཾ་སྐྲྀ་ཏའི་སློབ་གྲྭ་ཆེན་མོར་ལོ་གཅིག་ལྷག་ཙམ་སློབ་ གཉེར་མཛད་པས་མཁས་པའི་ཡང་རྩེར་སོན། དེ་ནས་པཎྜི་ཏ་ཏ་ར་ཧུ་ ལ་དང་མཉམ་དུ་བོད་ལ་ཕེབས་ནས་ཡུན་རིང་མ་བཞུགས་པར་སླར་རྒྱ་ གར་དུ་ཕེབས་ཏེ་ལོ་གསུམ་བཞུགས། དགུང་ལོ་ཞེ་གཉིས་པར་ཁྲི་ [320] བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟར་ བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་དབྱིན་ཇི་བཙན་རྒྱལ་ རིང་ལུགས་པ་དང་བཀའ་ཤག་སྲིད་གཞུང་ངན་འབྲེལ་བྱས་ནས་བཙོན་ དུ་བཅུག་དགུང་ལོ་ཞེ་དྲུག་པར་བཙོན་ཁང་ནང་ནས་བཏང་རྗེས་བློ་ གསལ་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད་ནས་དུས་འདའ་བར་ མཛད། ཁོང་གི་གསུང་རྩོམ་ནི་ད་ལྟ་དཔེ་ཐོ་ཡོད་པར་བལྟས་ན་ ཆོས་ཚན་ཉེར་བཞི་བཞུགས་ལ་གྲགས་ཆེ་བ་ནི། དང། བསྒྱུར་རྩོམ་ནི་ ཎའི་རྟོགས་བརྗོད། ། དགེ་འདུན་འཇིགས་མེད་རྣམ་རྒྱལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རེབ་སྐོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཁུ་ཆེན་དགེ་འདུན་མཁྱེན་རབ་ལས་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་སོགས་ལ་སྦྱངས་པ་མཛད། དགུང་ལོ་བཅོ་ལྔ་ པར་རོང་བོ་ཐོས་བསམ་གླིང་དུ་ཞུགས་ཏེ་མཚན་ཉིད་སོགས་ཀྱི་གཞུང་ ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་བྱོན་ཏེ་ འབྲས་སྤུངས་ཀླུ་འབུམ་ནས་དབུ་ཕར་སོགས་ལ་སྦྱངས་པ་དཔྱིས་ཕྱིན་ པར་མཛད། དེ་ནས་མདོ་སྨད་དུ་ཕེབས་ཤིང་སྒྲ་དང། སྙན་ངག་ རྩིས་ཡིག་སོགས་ལ་མཁས་པར་སྦྱངས། རབ་བྱུང་བཅུ་བཞི་པའི་ ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་རྒྱུད་པ་མཁན་པོའི་ཁྲི་བ་ [321] མཛད་ཅིང། གསང་སྒྲོགས་ནས་བདེ་ཆེན་སྤྲུལ་སྐུ་གདན་དྲངས་ཏེ་ མཚན་སྒྲོགས་སྤྲུལ་སྐུ་དང་ལྷན་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ལས་བཞིའི་ འཕྲུལ་འཁོར་དང། ལྕགས་མཁར་གྱི་ཕྱག་བཞེས་མཐའ་དག་ཞིབ་ ཁྲིད་གནང། སྐྱབས་མགོན་སྐུ་ཕྲེང་བཟི་བ་ཆོས་གྲགས་རྒྱ་མཚོའི་ བཀའ་ལྟར། རབ་བྱུང་བཅུ་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ ལོ་བཞིའི་རིང་དུ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་གདན་ས་ བསྐྱངས། ཁྲི་ཟུར་ནས་རྗེ་གསེར་ཁང་པའི་ཞབས་ལ་གཏུགས་ནས་ དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་ མཛད། དགུང་ལོ་ལྔ་བཅུ་ང་བདུན་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ སའི་མཁན་རབས་ཉེར་དགུ་བ་ཡིན། ། དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་པོ།། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཆུ་བཟང་རྭ་ལོ་ཐང་དུ་ཡབ་གསེར་འོད་སྐྱབས་དང་ཡུམ་ལྷ་མོ་བྱམས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། འོན་རྒྱལ་སྲས་པ་དང་འགྲོ་ མགོན་ཐར་ཤུལ་རིན་པོ་ཆེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་རྣམ་གཉིས་ ནས་ལ་མོ་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་ མཚང་ཡི་ཡང་སྤྲུལ་དུ་ངོས་འཛིན་གནང། དགུང་ལོ་བརྒྱད་ཀྱི་སྟེང་ ནས་གདན་ཁྲི་ལ་བཀོད། བདེ་ཆེན་རང་དགོན་དུ་ཚོགས་བཞུགས་ [322] གནང། དགེ་བཤེས་ཤེས་རབ་རྒྱ་མྪོའམ་བློ་བཟང་ཤེས་རབ་དང་ ཀླུ་འབུམ་ལྷ་རམས་པ་ངག་དབང་ཚུལ་ཁྲིམས། དགེ་བཤེས་སངས་ རྒྱས་ཆོས་གྲགས། དཔལ་རིས་དགེ་བཤེས་བློ་བཟང་རབ་གསལ་ སོགས་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔར་གསན་ སྦྱངས་མཐིལ་ཕྱིན་མཛད། རྒྱ་ནག་ཏུ་སྔ་ཕྱི་ལན་གཉིས་བྱོན། དང་ པོའི་སྐབས་གོང་མ་བཀང་ཞི་ལ་མཇལ་འཕྲད་བྱས། མང་ཕོ་སེར་པོ་ སོགས་ན་བཟའ་ཉེར་སྤྱད་ཕོན་ཆེན་དང། པ་ཐེ་གྱོ་ཞེས་མི་བརྒྱད་ ཀྱིས་འཁུར་བའི་ཅོ་ཙི་སེར་བོ་སོགས་བདག་རྐྱེན་སྤམ་མཐོ་བ་གནང་ ལན་གཉིས་པར་ཡོན་ཧྲི་ཁེ་དང་མཇལ་འཕྲད་བྱས། སྐབས་དེར་པེ་ ཅིན་དུ་གྲོས་དབང་དུ་གཏོགས་པའི་དཔོན་ཆེ་བ་བརྒྱད་ཅུ་ཙམ་ཚོགས་ ནས་ཉིན་རེའི་དོན་སྐོར་ཐག་གཅོད་ཀྱི་སྲོལ་བཙུགས་པའི་གྲས་སུ་གོང་ གི་བཀའ་ལྟར་ཕེབས། ཡོན་ཧྲི་ཁེས་མཚོ་སྔོན་སོག་པོའི་དཔོན་ཁག་ སྤྱིའི་བླ་མ་ཞེས་བསྔགས་བརྗོད་བྱས་ཞོར་སྒོར་ཁྲི་ཕྲག་གཅིག་གནང་ བཀང་ཏཱ་མེན་ཏྲི་ཧན་ཝང་ཞེས་པའི་གོ་གནས་དང། ཡངས་པའི་ ས་ཆེན་གསལ་བའི་མཁས་པ་ཆེན་པོ་ཚ་ཀན་ནོ་མིན་ཧན་གྱི་བླ་གྲྭ་སྤྱིའི་ བདག་པོ་ཧུ་ཐོག་ཐུའི་ཐམ་ག་རྒྱལ། ཞེས་རྒྱ་བོད་མྫྙུ་སོག་པོ་བཅས་ ཀྱི་ཡི་གེ་ཡོད་པའི་དངུལ་སྲས་དགུ་བཅུས་བསྐྲུན་པའི་ཐམ་ག་སྟག་གི་ འཛིན་ཅན་གནང། དེ་ནས་ཁོང་གིས་མཁས་པ་མི་གསུམ་གྱི་ལྷ་ཁང་ ལ་ཞིག་གསོས་དང་ནང་རྟེན་གཞི་ནས་གསར་བཞེངས་ཕུན་སུམ་ཚོགས་ པ་མཛད། རབ་བྱུང་བཅོ་ང་བའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ཀོས་ནན་ཐོ་ལི་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་གསར་ [323] འདེབས་མཛད། ལྷོ་མང་རའི་མདུན་བྲག་དཀར་ཚུན་ཆད། ནུབ་ཏུ་ འགྱང་ཆེ་ཆུང་མན་ཆད། བྱ་དང་ཤར་གྱི་རྨ་ཆུས་བཅད་མཚམས་ ནས་ལ་མོ་སྐུ་ཕྲེང་གི་ས་ཡིན་བྲིས་ནས་ཕྱོགས་བཞིར་ཨམ་བན་གྱི་ཐམ་ག་ དཀྱིལ་དུ་ཙོང་འདུའི་ཐམ་ག་བཏབ་སྟེ་ཡ་མོན་གཉིས་ཀྱིས་ནན་དུ་ བཞག་པར་མཛད། དེ་ལྟར་སྐུ་ཚེ་དེ་ལ་ཆོས་དང་སྲིད་ཀྱི་བཞེད་ དགུ་ལྷུན་གྱིས་གྲུབ་ནས་ཞི་བར་གཤེགས་སོ། ། དགེ་སྡིངས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ ཤངས་ཀྱི་ལྷ་ཕུར་ཟི་སྟོན་མ་རི་ཙེའི་སྲས་སུ་སྐུ་འཁྲུངས། ཁོང་བྱིས་ པའི་དུས་ཀྱི་མིང་ལ་ཇོ་སྲས་ཨ་སེང་ཞེས་ཟེར། གཞོན་ནུའི་དུས་ནས་ རབ་ཏུ་བྱུང། གངས་པ་ཤེའུ་ལ་སོགས་པའི་མཁས་པ་མང་པོར་ བསྟེན་ནས་དབུ་མ་དང་སྤྱོད་ཕྱོགས་གསན། སློབ་དཔོན་རྒྱ་མ་བ་ལ་ སོགས་པ་ལས་ཡོ་ག་ལ་སོགས་པའི་གསང་སྔགས་མང་དུ་གསན། དེ་ ནས་ཁྱུང་ཚང་ཡེ་ཤེས་བླ་མའི་ཞབས་ལ་གཏུགས་ནས་སྙན་བརྒྱུད་ཀྱི་ གདམས་ངག་ཐམས་ཅད་ལེགས་པར་ཞུས། ཆོས་ཉིད་ཀྱི་རྟོགས་པ་ དང་ལྡན་ཞིང་རྟག་ཏུ་མཉམ་པར་གཞག་པའི་ངང་ཚུལ་ཅན་ཞིག་ བཞུགས་སོ། རས་ཆུང་སྙན་བརྒྱུད་ཀྱི་བདག་པོར་གྱུར་ཏོ། ། དགེ་རེ་གྲགས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ དབུ་སྟོད་དགེ་རེ་གྲོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ [324] ངུའི་དུས་ནས་དགོན་གསར་དུ་རབ་བྱུང་བསྒྲུབས་ཤིང་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ངམ་རིང་ དུ་རབ་འབྱམས་པའི་གྲྭ་སྐོར་མཛད། རྒྱུད་སྟོད་ཀྱི་འཆད་ཉན་པ་དང་ ཤར་སྤྲས་རིན་ཆེན་བྲག་སོགས་ཀྱི་ཞལ་འཛིན་མཛད། དགུང་ལོ་བདུན་ ཅུ་ཐམ་པ་རབ་བྱུང་བཅུ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང་ མདོ་སྔགས་ཆོས་ཀྱི་འཆད་ཉན་ལེགས་པར་མཛད་ཅིང་བུ་སློབ་མང་དུ་ གསོ་སྐྱོང་མཛད། དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ སུམ་ཅུ་སོ་གསུམ་པ་ཡིན་ནོ། ། དགེ་བཤེས་ལྕང་རི་བ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཞི་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། སློབ་དཔོན་ཆེན་པོ་ཚེ་ཏན་ཞབས་དྲུང་ ལགས་ཀྱིས་ ཞེས་འཁོད་འདུག་ཁོང་དགུང་ལོ་བཞི་བཅུ་ཞེ་གཉིས་པ་རབ་བྱུང་ གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་ སར་ཕེབས་ཤིང་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་རྒྱལ་ལྷ་ཁང་གི་གདན་ས་ བསྐྱངས་ཏེ་སློབ་མ་མང་པོ་གསོ་སྐྱོང་མཛད་དེ་རྒྱལ་ལྷ་ཁང་གི་མགའ་ ཐང་ཡང་ཤིན་ཏུ་དར་བར་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ། དགུང་ལོ་ལྔ་བཅུ་ང་བརྒྱད་པར་དགོངས་པ་ [325] ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ བཅུ་གསུམ་པ་ཡིན་ནོ། ། དགེ་བཤེས་སྟོན་གཞོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་ པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་སློང་ གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་སྐོར་ ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་དགེ་བཤེས་ཀྱི་མཚན་བཏགས་ བཞེས། དེ་ནས་ལེགས་སྦྱར་སྐད་ཡིག་ལ་བྱང་ཞིང་ཆུབ་པར་མཛད་ དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བརྒྱུར་བ་མཛད། ཁོང་གི་ བརྒྱུར་རྩོམ་ནི་ ལ་འཇུག་པ། པ་བཞུགས་སོ། ། དགེ་བཤེས་གནས་བརྟན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བཞི་ པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་བཞི་པའི་མེ་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་བཞིའི་རིང་རྒྱལ་ལྷ་ཁང་གི་ གདན་ས་བསྐྱངས་ཤིང་སློབ་མ་མང་པོ་གསོ་སྐྱོང་མཛད། ཁོང་ནི་ རྒྱལ་ལྷ་ཁང་གི་གདན་རབས་བཅུ་དྲུག་པ་ཡིན་ནོ། ། [326] དགེ་བཤེས་བྲག་དཀར་བ།། ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ དབུས་གཙང་ཕྱོགས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བཤེས་པོ་ ཏོ་བ་རིན་ཆེན་གསལ་ལ་ཡུན་རིང་དུ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ ཆེན་པོར་གྱུར། རྗེ་པོ་ཏོ་བ་སྐུ་གཤེགས་རྗེས་དགེ་བཤེས་ཕོ་བྲང་ སྡིང་པའི་ཞབས་ལ་གཏུགས་ནས་རྗེ་པོ་ཏོ་བའི་གསུང་སྒྲོས་རྣམས་ཚར་ གཅིག་གསན་པར་མཛད། དེ་ནས་བྲག་དཀར་དང་སྟག་རྩེ་བཅས་ ལ་བཞུགས་ཏེ་ལམ་རིམ་གཙོ་བོར་མཛད་པའི་མདོ་སྔགས་ཆོས་ཀྱི་ འཆད་ཉན་བསྐྱངས་ཤིང་གྲྭ་པ་སུམ་བརྒྱ་ཙམ་འདུས་སོ། ཁོང་གི་ གསུང་རྩོམ་ནི་ ཁོང་ ནི་རྗེ་པོ་ཏོ་བའི་བཀའ་བབ་ཀྱི་བུ་ཆེན་བརྒྱད་ལས་མཆོད་པ་ཀུན་ཏུ་ བཟང་པོའི་མཆོད་སྤྲིན་ལ་འགྲན་ནུས་པ་ཞིག་ཡོད་པའི་བཀའ་བབ་ ཡིན་ནོ། །དགུང་ལོ་བརྒྱད་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གནས་བརྟན་རྒྱ་ལེ་འབར་ དང་འཕན་ཡུལ་བ་བྱང་ཆུབ་སྣང་བ་གཉིས་ཡིན་ནོ། ། དགེ་བཤེས་ཚུལ་འཕས་ངན་ལམ་པ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་བཞི་པ་རབ་བྱུང་གསུམ་ ་ག་ པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ ཤིང་ལོ་ངོ་བདུན་གྱི་རིང་དུ་གདན་ས་བསྐྱངས་ཏེ་སློབ་མ་མང་པོར་གསོ་ སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། རབ་ བྱུང་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ གསུམ་པའི་ཆུ་མོ་ལུག་ལོག་སྟེ་སྤྱི་ལོ་་ལོའི་བར་དུ་རྒྱལ་ལྷ་ཁང་གི་ གདན་ས་སྟོངས་པ་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས། ཁོང་ནི་ རྒྱལ་ལྷ་ཁང་གདན་རབ་བདུན་པ་ཡིན་ནོ། ། དགེ་སློང་ནམ་མཁང་འོད།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ རུ་མཚམས་ཀྱི་ས་ཆར་ཡབ་དགོན་པ་དོན་གྲུབ་བླ་མ་དང། ཡུམ་ལྷ་ མོ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ ནས་སྔོན་གྱི་བླ་མ་དྲན་ཞིང་དད་པ་སྐྱེས་ཏེ་དགུང་ལོ་བརྒྱད་དགུ་ཐོག་ ནས་ཆོས་རྗེ་དུས་གསུམ་མཁྱེན་པ་ལ་ཕུལ། ལོ་ངོ་བརྒྱད་དགུ་ཙམ་དུ་ ཕྱག་ཕྱིར་འབྲལ་མེད་དུ་བཞུགས། གདམས་པ་དང་རྗེས་སུ་གདམས་ པ་དཔག་མེད་དུ་མཛད། བྱིས་པའི་སྤྱོད་པ་མེད་པར་མོས་གུས་ཀྱིས་ བླ་མར་བསྟེན་ཞིང་གདམས་པ་རྩད་བཅད་པས་ཆོས་རྗེ་དུས་མཁྱེན་ ཤིན་ཏུ་མཉེས་པར་གྱུར། ཆོས་རྗེ་དུས་མཁྱེན་ཁམས་སུ་ཕེབས་རྗེས་ གངས་དཀར་དང། སེ་མོ་དོ། ཁ་རག་ཐང་ལྷ་ལ་སོགས་པའི་ དབེན་པ་རྣས་སུ་བསྒོམས། མཚམས་བ་དུ་འགྲོ་མགོན་ཞང་ [328] དང། ལྷོ་པ། སྐྱེར་སྒང་བ། གླིང་པ་ལ་སོགས་པའི་སྐྱེས་ཆེན་ དམ་པ་མང་དུ་མཇལ་ཞིང་གདམས་པ་མང་དུ་གསན། ཁྱད་པར་དུ་ བདེ་གཤེགས་སྟག་ལུང་ཐང་པ་ལ་དད་པ་རབ་ཏུ་ཐོབ་ནས་ཆོས་ཞུས་ གཙོ་བོར་སྒྲུབ་པ་ཁོ་ན་མཛད། དེ་ནས་ཆོས་རྗེ་དུས་མཁྱེན་དབུས་ སུ་ཕེབས་ནས་གདམས་པ་ལྷག་མ་དང་རྗེས་སུ་གདམས་པ་དཔག་ཏུ་ མེད་པ་ཞུས། དེ་ནས་ལོ་ངོ་བཅུ་བདུན་རིང་དུ་སྐུ་མཚམས་འབའ་ ཞིག་བཞུགས་ཤིང་གྲུབ་པའི་རྟགས་མཚན་ཡང་འགའ་རེ་རྙེད་པར་གྱུར་ རོ། ཁོང་ནི་ཞྭ་དམར་ཚུལ་ཁྲིམས་དཔལ་གྱི་སྐུ་སྐྱེ་ཡིན་པར། སྔོན། ། དགེ་སློང་འཕགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། སྐད་གཉིས་སྨྲ་བ་ལ་ནང་ བྱན་ཚུད་པས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ དང། པའི་སྒྲོལ་མའི་སྒྲུབ་ཐྦྶ། ། དགེ་སློང་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་སྐུ་ [329] འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་ གཞུང་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་ གྱི་སྐད་ཡིག་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། ཆེན་འབྱུང་གནས་ཞི་བས་མཛད་པ་བཞུགས་སོ། ། དགོན་པ་བ།། ཁོང་ནི་འཛེང་དབང་ཕྱུག་རྒྱལ་མཚན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། དགྱེར་སྒོམ་གཞོན་ནུ་གྲགས་པ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་དགྱེར་ལྷ་སྣང་གི་རིགས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་སྤྱིར་ དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་ བཀའ་གདམས་པའི་བླ་མ་སྣེའུ་ཟུར་པ་ཡེ་ཤེས་འབར་དང། བྱ་ཡུལ་ བ་གཞོན་ནུ་འོད་གཉིས་ལ་བསྟེན་ནས་བཀའ་གདམས་པའི་གདམས་ ངག་ཐམས་ཅད་ལེགས་པར་ཞུས་ཤིང་སྒྲུབ་པ་ཉམས་ལེན་གཙོ་བོར་ མཛད་པས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཏེ་དགྱེ་ [330] སྒོམ་པ་ཞེས་གྲགས་སོ། དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་གཉིས་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་མ་རིན་ཆེན་སྒང་གི་གཙུག་ ལག་ཁང་དང་སྡེ་དགོན་བཅས་པ་གསར་འདེབས་མཛད་ཅིང་ཕྱོགས་སོ་ སོ་ནས་གྲྭ་པ་བརྒྱད་བརྒྱ་ལྷག་ཙམ་འདུས་ཏེ་ཚོགས་པ་ཡུན་རིང་དུ་ བསྐྱངས། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ ལོ་བརྒྱད་ཅུ་རྩ་གཉིས་པར་སྐུ་གཤེགས། ། མགར་ཁྲི་འབྲིང་བཙན་བྲོད།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་བློན་ པོ་མགར་སྟོང་བཙན་ཡུལ་ཟུང་གི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་མང་ སྲོང་མང་བཙན་གྱི་དམག་དཔོན་མཛད་ཅིང་བོད་ལུགས་མེ་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོར་འཇང་ཡུལ་དུ་དམག་དྲངས་ཏེ་ཡུལ་ཚན་བཅུ་གཉིས་ ཙམ་དབང་དུ་བསྡུས་པ་དང། དེ་ནས་གྲུ་གུ། ལི་ཡུལ་ ཤིན་ཅང་ བཅས་ལ་གཡུལ་བཀྱེད་སྐབས་ཐང་རྒྱལ་རབས་ཀྱི་དམག་དཔོན་ཞོའི་ རེན་ཀོས་དང་གོ་ཞི་ཕཱན་གཉིས་ཀྱིས་མགར་ཁྲི་འབྲིང་གི་དམག་ལ་ འཐབ་འཛིངས་བྱས་ནས་དམག་ཉེས་བྱུང་བར་གྲགས། བོད་ལུགས་ ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་ འཕྲུལ་གྱི་རྒྱལ་པོས་བློན་ཆེན་གྱི་གོ་གནས་བསྐོ་བཞག་མཛད་དེ་ཆབ་ སྲིད་ཀྱི་ལས་འགན་ཁོང་གིས་བསྐྱངས། བོད་ལུགས་ཤིང་མོ་ལུག་ལོ་སྟེ་ སྤྱི་ལོ་་ལོར་ཁོང་གི་འ་ཞའི་ཡུལ་དུ་དམག་དྲངས་ཏེ་ཐང་རྒྱལ་ རབས་ཀྱི་དམག་དཔོན་འོ་ཞང་ཤོ་དང་གཡུལ་སྤྲད་པས་འོ་ཞང་ཤོའི་ དམག་ལ་དམག་ཉེས་བྱུང། བོད་ལུགས་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ [331] ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་དམག་དྲངས་ནས་ཡུལ་ཁམས་དེའི་ སྐོར་དབང་དུ་བསྡུས། འོན་ཀྱང་འདུས་སྲོང་མང་པོ་རྗེས་ཁོང་ལ་བཀའ་ བཀྱོན་ནས་བློན་ཆེན་གྱི་གོ་གནས་ལས་ཕབ་ཅིང། ཁྱིམ་གཞིས་ཀྱིས་ རྒྱུ་ནོར་ཚང་མ་གཞུང་བཞེས་མཛད། བོད་ལུགས་ས་མོ་ཕག་ལོ་སྟེ་ སྤྱི་ལོ་་ལོར་རྒྱལ་པོའི་ཁྲིམས་ལ་འཇིགས་ནས་མདོ་སྨད་ཙོང་ཁའི་ ཡུལ་དུ་ལྕེབས་སོ། ། མགར་ཆོས་ཀྱི་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་ཁྲུངས། ཁོང་གིས་ཐོག་མར་བོད་ནས་སློབ་གཉེར་མཛད་ཅིང་ རྗེས་སུ་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་ཐོས་བསམ་མཛད་ པས་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོར་གྱུར། ཁོང་གི་བསྒྱུར་རྩོམ་ནི་ པོ་གསུམ་འདུལ་ཞེས་བྱ་བའི་རྩ་རྒྱུད་ བཤད་རྒྱུད་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལེའུ་གསུམ་པ། འཁོར་དུ་གཏོགས་པ་བཀའ་ཉན་ཕོ་མོ་ལ་འཕགས་པ་མི་གཡོ་བའི་ གཟུངས། འབྱུང་བའི་རྒྱུད། བྱེད་ཀྱི་སྒྲུབ་ཐབས། སྒྲུབ་ཐབས། [332] ག། སྲེག་གི་ཆོ་ག། ཐབས། མཆོད་པ། མནན་པའི་ཆོ་ག། པོ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས། བཅས་མང་དུ་བཞུགས་སོ། ། མགར་སྟག་ར་ཁོང་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་བློན་ པོ་མགར་སྟོང་བཙན་ཡུལ་ཟུང་གི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་མང་ སྲོང་མང་བཙན་གྱི་དམག་དཔོན་མཛད་ཅིང་ཡུལ་གྲུ་དུ་མར་དམག་ དྲངས་ཏེ་འཇང་ཡུལ་ལ་སོགས་པ་ཆབ་འབངས་སུ་བཀུགས། དེ་ནས་ རྒྱལ་པོ་འདུས་སྲོང་མང་པོ་རྗེའི་དམག་དཔོན་མཛད་ཅིང་བོད་ལུགས་ ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་གཅེན་པོ་མགར་ཁྲི་འབྲིང་བཙན་བྲོད་ དང་མཉམ་དུ་མདོ་སྨད་ཙོང་ཁའི་ཡུལ་དུ་དམག་དྲངས་ནས་ཡུལ་ཁ་དུ་ མ་དབང་དུ་བསྡུས། བོད་ལུགས་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ པོས་བཀའ་བསྐྱོན་པར་འཇིགས་ནས་ཐང་རྒྱལ་རབས་ལ་མགོ་འབུལ་ ཞུས་ཤིང། ཐང་གོང་མས་ཁོང་ལ་ཐེ་ཅིན་དང་ཕུའུ་གོ་དམག་དཔོན་ ཆེན་པོ། ཀོས་ཏེ་ཅུན་ཝང་སོགས་གོ་གནས་གནང་བ་ [333] [333] མགར་སྟོང་བཅན་ཡུལ་ཟུང་བཅན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་ཆེན་ཡིན། དེ་ ནས་རྒྱལ་པོས་བཀའ་ཕབ་པ་ལྟར་བོད་ཀྱིས་རིད་འཛིན་ས་ཁུལ་དང་ དམག་དཔུང་གི་སྒྲིག་གཞི། ཁྲིམས་ཡིག་ཆེན་མོ་བཅས་གཏན་འབེབས་ མཛད་པའི་འགན་ཁུར་བཞེས་ནས་ལེགས་པར་གྲུབ། དེ་ནས་བལ་ ཡུལ་དུ་ཕེབས་ཏེ་བལ་བཟའ་ཁྲི་བཙུན་རྒྱལ་པོའི་བཙུན་མོ་བསུས་ རབ་བྱུང་མ་ཚུགས་གོང་གི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་གོང་ མ་ཆེན་པོའི་ཕོ་བྲང་དུ་ཕེབས་ཏེ་རྣམ་དཔྱོད་ཀྱི་འཕྲུལ་འཁོར་ལ་བསྟེན་ ནས་རྒྱ་བཟའ་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་ ཏེ་རྒྱལ་ཁའི་ངང་ནས་བོད་ཡུལ་དུ་ཕེབས། རྒྱལ་པོ་སྲོང་བཙན་སྒམ་ པོ་སྐུ་གཤེགས་རྗེས་རྒྱལ་པོ་གུང་རི་གུང་བཙན་དང། རྒྱལ་པོ་མང་ པོ་སྐུ་གཤེགས་རྗེས་རྒྱལ་པོ་གུང་རི་གུང་བཙན་དང། རྒྱལ་པོ་མང་ སྲོང་མང་བཙན་གཉིས་ཀྱི་བློན་པོ་མཛད་ནས་གྲུ་གུ་ལ་སོགས་པའི་རྒྱལ་ ཕྲན་དབང་དུ་བསྡུས་ཏེ་སྤྱི་ལོ་་ལོར་སྐུ་གཤེགས་སོ། ། མགར་དམ་པ་ཆོས་སྡིངས།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ཕྱོགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་འབྲི་གུང་དུ་བྱོན་ཏེ་ཐལ་ཉལ་བ་ཡང་ལོ་ འགར་མཛད། དེ་ནས་ཆོས་རྗེ་སྐྱོབ་པ་ལས་ཟབ་རྒྱས་ཆོས་ཀྱི་གདམས་ པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་ཅིང་ཙ་རིར་ བྱོན་ཏེ་གསང་སྔགས་ཀྱི་སྤྱོད་པ་ལེགས་པར་པ་བསྐྱངས། དྭགས་པོ་ [334] མགར་ཕུག་ཏུ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་ པའི་ཡོན་ཏན་ལ་མངའ་བརྙེས། ལ་སྟོད་དང་སྐྱིད་རོང་དུ་བཞུགས་ སྐབས་གདུལ་བྱ་ཆེན་པོ་བྱུང་བ་ལ་བར་ཆད་དུ་གཟིགས་ནས་འབྲི་གུང་ དུ་ཕེབས། དེ་ནས་རླུང་ཤོད་དུ་ཆོས་སྡིངས་བཏབ་ཅིང་དགེ་འདུན་ ཤིན་ཏུ་མང་བར་འདུས་ཀྱང་འབྲི་གུང་བྱང་ཆུབ་གླིང་གི་འགྲན་ཟླར་ འགྲོ་བར་དགོས་ཏེ་དགོན་པ་དོར་ནས་སྤོ་བོར་བྱོན། དེར་ཕུར་དགོན་ རིན་ཆེན་གླིང་གི་རྩིག་རྨང་བཏིངས། དེ་ནས་ཞག་དྲུག་ཅུ་རྩ་གསུམ་ པར་སྐུ་གཤེགས་ཀྱང་བྱིན་རླབས་ཀྱི་དབང་གིས་རྩ་བའི་གདན་སར་ སོང། ཁོང་ནི་འབྲི་གུང་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་ཀྱི་ཐུགས་ སྲས་བརྒྱད་ཀྱི་ཡ་གྱལ་ཡིན་ནོ། ། མགར་བཙན་ཉེན་གུང་སྟོན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་བློན་ པོ་མགར་སྟོང་བཙན་ཡུལ་ཟུང་གི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་མང་ སྲོང་མང་བཙན་གྱི་དམག་དཔོན་ཡིན་ཞིང་འཇང་ཡུལ་དང་གྲུ་གུ་ སོགས་སུ་དམག་དྲངས་ནས་ཡུལ་ཁམས་དུ་མ་དབང་དུ་བསྡུས། དེ་ ནས་རྒྱལ་པོ་འདུས་སྲོང་མང་རྗེའི་དམག་དཔོན་མཛད་ཅིང་ཞང་ཞུང་ གི་དུས་ཟིང་བྱུང་བ་ལྷིང་འཇགས་མཛད། བོད་ལུགས་ཤིང་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་འདུས་སྲོང་མང་པོ་རྗེས་བཀའ་བཀྱོན་ཏེ་ ཉེན་ཀར་ལྕང་བུ་ སྟོད་ལུང་མཚུར་ཕུ་ ཞེས་པའི་ས་གནས་སུ་རྒྱལ་པོའི་ བཀའ་བསྒྲགས་ཏེ་མགར་བཙན་ཉེན་གུང་རྟོན་སྲོག་ཐོག་ཏུ་བཏང་ངོ།། [335] མགར་བཅན་སྙ་ལྗོམ་བུ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་མགར་ སྟོང་བཙན་ཡུལ་ཟུང་གི་སྲས་སུ་སྐུ་འཁྲུངས་ཤིང། ཡབ་བློན་ཆེན་ དགུང་དུ་གཤེགས་རྗེས་རྒྱལ་པོ་མང་སྲོང་མང་བཙན་གྱིས་བོད་ལུགས་ མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཡབ་ཀྱི་ཚབ་ཏུ་བློན་ཆེན་བསྐོ་བཞག་ མཛད། བོད་ལུགས་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་གདོང་ཀའི་ནེ་ཙོ་ ལུང་དུ་འདུན་ཚོགས་བསྡུས་ནས་འབྲོག་ལས་ལ་ཞིབ་བཤེར་ཆེན་པོ་ མཛད། བོད་ལུགས་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ཞང་ཞུང་ ཡོངས་ཀྱི་ལས་ཀར་ཞིབ་བཤེར་དང་ལམ་སྲོལ་གཏན་འབེབས་མཛད་ དེ་ནས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་བློན་ཆེན་ མཛད་ཅིང་ཞང་ཞུང་ཁུལ་དུ་ཟིང་འཁྲུག་བྱུང་བ་ཚར་བཅད་ནས་རྒྱལ་ སྲིད་བརྟན་པར་མཛད། བོད་ལུགས་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཤངས་ཀྱི་སུམ་ཆུ་བོ་ཞེས་པར་མགར་མང་ཉེན་སྟག་ཚབ་ཀྱིས་ནང་ དམེ་བྱས་ནས་བཀྲོངས་སོ། ། མགར་འཇི་རྨུན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་སྐུ་འཁྲུངས་ཤིང་ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་ཏེ། རྒྱལ་པོས་ཁོང་ལ་ཆོག་ ཤེས་པ་ཞེས་གཟེངས་བསྟོད་གནང་ངོ། ། མགར་ཤེས་རབ་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ [336] ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ སྒྲའི་གཟུངས།། མགར་ཤེས་རབ་བླ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ ནས་ཁོང་གིས་བསྙེམས་ཀྱི་ས་ཆར་གཙུག་ལག་ཁང་བཞེངས་པར་མཛད་ ཅིང། དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་ པ་དར་བར་མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་ བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། མགོ་རྟ་འཇིགས་མེད་མཁས་མཆོག་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་ཤུལ་གྱི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་ [337] གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གུང་ཐང་ངག་དབང་ བསྟན་པའི་རྒྱལ་མཚན་གྱིས་སྐུ་གོང་མ་མགོ་རྟ་བློ་བཟང་མཁས་མཆོག་ གི་སྤྲུལ་སྐུར་ཐུགས་ཐག་བཅད། ཀུན་མཁྱེན་འཇིགས་མེད་དབང་ པོའི་སྤྱན་སྔར་སྡོམ་པ་གསུམ་གྱི་སྐལ་བ་ནོད་ཅིང་ཆོས་ཀྱི་བདུད་རྩི་མང་ དུ་མནོས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་གཞུང་ བཀའ་པོད་ལྔ་ལ་ཐོས་བསམ་ཡུན་རིང་དུ་གནང་ཞིང་རྡོ་བཅལ་རབ་ འབྱམས་པའི་མཚན་བཏགས་བཞེས། དེ་ནས་ཨེ་ཝཾ་ཆོས་འཁོར་གླིང་ དུ་ཕེབས་ཏེ་དུས་འཁོར་གྱི་བསྐྱེད་རྫོགས་སོགས་དང། དབྱངས་ ཅན་སྒྲ་མདོ་སོགས་ཐ་སྙད་རིག་པ་མང་པོར་སྦྱངས་པ་མཛད། དགུང་ ལོ་སོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་ཕེབས་ནས་ལོ་ བརྒྱད་ཀྱི་རིང་དུ་འཆད་ཉན་སྔར་སྲོལ་ལྟར་མ་ཉམས་པར་མཛད་ཅིང་ ཐུགས་རྒྱུད་ཤིན་ཏུ་འཇམ་པ་སོགས་ཀྱིས་དད་འདུན་ཆེ་ཞིང། མང་ འགྱེད་འཇོག་པ་གང་ལ་ཡང་ཁྲི་རབས་སྔ་མ་ལས་འཕར་མ་ཤ་སྟག་ གནང། ཁྲི་ཟུར་ནས་དཀར་པོ་གཤོང་རི་ཁྲོད་དང་བྲག་དཀར་རྒྱུད་ པ་གྲྭ་ཚང་གི་འཛིན་སྐྱོང་རིམ་བཞིན་གནང་དགོས་པ་བྱུང་སྟེ་སོ་སོར་ བཞུགས་རིང་གཞན་གྱིས་དཔག་པར་དཀའ་བའི་ཐུགས་དམ་དགེ་སྦྱོར་ ལ་རྩལ་འདོན་དང། གང་ལ་གང་འཚམས་ཀྱིས་འགྲོ་དོན་མཛད་ དོ། ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང། ཁོང་ནི་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་དགུ་བ་ཡིན་ནོ། ། [338] མགོ་རྟ་གློ་བཟང་མཁས་མཆོག་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་ཤུལ་གྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུའི་དུས་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་ འཕང་བརྙེས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞབས་ ཕྱིར་མདོ་སྨད་དུ་ཕེབས། ཀུན་མཁྱེན་རིན་པོ་ཆེ་ལ་ཐུགས་དད་ འཕང་བརྙེས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞབས་ ཕྱིར་མདོ་སྨད་དུ་ཕེབས། ཀུན་མཁྱེན་རིན་པོ་ཆེ་ལ་ཐུགས་དད་ཤིན་ ཏུ་ཆེ་བས་ཆོས་སྲིད་གང་གི་ཆ་ནས་ཀྱང་ཁྲི་རྒན་ངག་དབང་བཀྲ་ཤིས་ དང་སྡེ་རྒན་བློ་བཟང་དོན་གྲུབ་སོགས་ལས་མི་དམན་པའི་ཞལ་ཕོ་ཡང་ མཛད། ཀུན་མཁྱེན་རིན་པོ་ཆེའི་བང་ཆེན་དུ་ཅུན་པར་ལ་ལན་གཉིས་ ཕེབས་པ་དང། དུས་ཕྱིས་སུ་རེ་ཞིག་གི་བར་དུ་བླ་བྲང་གི་ལས་དོན་ ཐམས་ཅད་ཀྱི་ཁུར་ཡང་འཛིན་པར་མཛད་པ་སོགས་འཇིག་རྟེན་གྱི་བྱ་ བ་ཡང་རྒྱ་མི་ཆུང་ཙམ་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་ ལོ་གཉིས་བཞུགས་ནས་འཆད་ཉན་མཛད། བླ་བྲང་གི་དཔོན་པོ་ཚོ་ དང་ཐུགས་མཐུན་མིན་པའི་རྐྱེན་གྱིས་གསང་སྔགས་སྨིན་རྒྱས་གླིང་གི་ ཁྲི་ལ་ཡུན་རིང་བཞུགས། དགུང་ལོ་དོང་ཅིག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་ པའི་ཁྲི་རབས་གསུམ་པ་ཡིན་ནོ། ། [339] མགོ་བ་ཡེ་ཤེས་གཡུང་དྲུང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་རབ་བྱུང་བསྒྲུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ ཚན་ལོས་ཏོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་མང་དུ་གསན། དེ་ནས་ཁོང་གིས་སྤྲེ་ལྷ་ཁང་བཟུང་སྟེ་དགེ་ འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འདུལ་བའི་བསྟན་པ་དར་བར་ མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་ འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། མགོ་ལོག་སྨན་པ་སྟག་བླ་ནོར་བུ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོག་མགོ་ལོག་སྟག་ལེབ་དཔོན་རྒྱུད་དུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ ཞེས་གསོལ། དེ་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ ཞབས་པད་ལ་བསྟེན་ཏེ་ཞུང་ལུགས་རབ་འབྱམས་ལ་སྦྱངས་ཤིང་ ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་ མཛད། སྨན་བཅོས་ལག་ལེན་བྱེད་པའི་ཁྲོད་ནས་ཀྱང་གཙང་སྐོར་དུ་ བུད་མེད་ཞིག་བྱིས་པ་བཟའ་མ་ཐུབ་པས་ཤི་བ་ལྟ་བུ་གྱུར་སྐབས་བདག་ [340] པོས་བླ་མ་སོགས་གདན་དྲངས་ཏེ་ཕུང་པོ་དུར་སར་བསྐྱལ་ཡང་ཁོང་ གིས་སྨན་དཔྱད་མཛད་དེ་མ་བུ་གཉིས་ཀ་དུར་ས་ནས་སྲོག་སྐྱོབ་ཐུབ་པ་ བྱུང་བས་ཡུལ་མི་ཀུན་གྱིས་སྟག་གོ་སྨན་པ་བླ་མ་ཞེས་སྙན་གྲགས་ཕྱོགས་ བཅུར་ཁྱབ། ཁོང་གིས་མི་ཤི་བ་གསོས་པའི་རྣམ་ཐར་དང། ནད་ གསོ་མི་ཐུབ་པ་གསོས་པའི་རྣམ་ཐར་ཡང་ཤིན་ཏུ་མང་ངོ། ཁོང་གི་ ཡོངས་སུ་གྲགས་པའི་མཚན་གཞན་ལ་སྟག་གོ་སྨན་པ་བླ་མ་ཞེས་ཞུའོ་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཁན་པོ་ཐུབ་ནོར་དང། ངང་པ་ དཔལ་མགོན་སོགས་ཡིན། ཁོང་གི་གསུང་རྩོམ་ནི་ པ། ། མགོན་ཀྱཱ་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། ཁོང་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་ བཞུགས་རིང་རྒྱུད་པའི་འདུ་ཁང་ཀ་བ་དྲུག་ཅུ་པ་སྒོ་སྐྱོར་དང་བཅས་པ་ དབུས་འཕུག་ལྟར་གསར་བསྐྲུན་མཛད། རབ་བྱུང་བཅུ་གསུམ་པའི་ ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ལོ་ ངོ་བཅུའི་རིང་དུ་བཞུགས་ཏེ་འགྲིག་ལ་ཀུན་སྤྱོད་དང་ཆོས་འཆད་ཉན་ བཅས་ལ་ཚགས་འཛིན་གང་ལེགས་གནང། རབ་བྱུང་བཅུ་གསུམ་ པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐྱབས་རྗེ་ཨ་ཀྱཱ་བློ་བཟང་བསྟན་ པའི་རྒྱལ་མཚན་དང། སྐྱབས་རྗེ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་ མ། ལ་སར་ཏཱ་བླ་མ་བློ་བཟང་ཆོས་དར་རྣམས་ཀྱིས་མཐུན་རྐྱེན་ལེགས་ [341] པར་སྦྱར་ཏེ་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་དེ་ཀ་བ་བརྒྱ་དང་ལྔ་བཅུ་ ང་བཞིའི་རྒྱ་ཁྱོན་ཅན་སྒོ་སྐྱོར་དང་བཅས་པ་ཞིག་གསོས་མཛད། ར་ ཁོ་དཔོན་པོ་སངས་རྒྱས་ལྷུན་གྲུབ་ཀྱིས་ཚོང་རའི་ནང་དུ་བདེ་གཤེགས་ མཆོད་རྟེན་བརྒྱད་བཞེངས། ཁྲི་ཆེན་ཉིད་ནས་བྱང་གི་བྱང་ཆུབ་ མཆོད་རྟེན་ཆེན་མོ་ཞིག་གསོས་ལེགས་པར་མཛད། ཁོང་ནི་སྐུ་འབུམ་ རྒྱུད་པ་མཁན་པོའི་ཁྲི་རབས་ཉེར་དྲུག་པ་དང། སྐུ་འབུམ་དགོན་ གྱི་གདན་རབས་ཁྲི་ཆེན་སུམ་ཅུ་སོ་གཅིག་པ་ཡིན།། མགོན་ཀྱཱ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྒོ་མེ་ཚོ་བཞིའི་ནང་ཚན་ཨར་སྒོང་སྡེ་པར་ཡབ་ལྷ་བརྒྱ་བཀྲ་ཤིས་དང་ ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ལྔ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གིས་སྐུ་གོང་ མ་བློ་བཟང་ཚུལ་ཁྲིམས་བསམ་གཏན་གྱི་ཡང་སྲིད་དུ་ངོས་འཛིན་ མཛད་ཅིང་མཆོད་རྟེན་སྐྱེས་དགོན་པའི་གདན་སར་བཀོད་དེ་དགའ་ སྟོན་རྒྱས་པར་ཕུལ། དགུང་ལོ་བདུན་པར་སྐྱབས་རྗེ་རྫོང་དཀར་རྡོ་ རྗེ་འཆང་འཇིགས་མེད་བསམ་གཏན་དཔལ་བཟང་པོ་ལས་རབ་བྱུང་ དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་བཤེས་གཉེན་བློ་བཟང་བརྩོན་ འགྲུས་ཀློག་གི་སློབ་དཔོན་ལ་བསྟེན་ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ ཆོས་སྤྱོད་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། ལྕང་ར་དགེ་ བཤེས་བྱང་ཆུབ་དར་རྒྱས་ལས་ཚད་མ་རྣམ་འགྲེལ་བཅས་ལ་གསན་ སྦྱོང་མཛད། དགུང་ལོ་བཅུ་དྲུག་པར་སྐུ་འབུམ་རང་སྒར་དུ་ཕེབས་ [342] ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་ པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་བཅུ་དགུ་པར་ རོང་བོ་རེབ་སྐོང་ཕྱོགས་སུ་ཕེབས་ཏེ་སྐྱབས་རྗེ་རྫོང་དཀར་རྡོ་རྗེ་འཆང་ ལས་བསྙེན་པར་རྫོགས་ཤིང་འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་ གསན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པ་རབ་བྱུང་བཅོ་ལྔ་པའི་ མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་ དམ་གང་ལེགས་གནང། ཁྲི་ཟུར་ནས་རང་དགོན་མཆོད་རྟེན་སྐེས་ ཀྱི་ཁྲི་ལ་བཞུགས་ཏེ་ཆོས་སྲིད་ཟུང་གི་སྒོ་ནས་འཛིན་སྐྱོང་ནན་ཏན་ མཛད་ཅིང་དགོན་པ་དང་སྔགས་པ་གཉིས་ཀྱང་ཐུགས་མཐུན་པར་ མཛད། དུས་རྒྱུན་དུ་སྤྲོས་བཅས་ཀྱི་ཚོགས་བསག་སྒྲིབ་སྦྱོང་དང་ ཐུགས་དམ་ཉམས་ལེན་ཟབ་མོ་ལས་ཡོལ་བ་མེད་དོ། དགུང་ལོ་ཉེར་ ལྔ་པར་དབུས་གཙང་དག་པའི་ཞིང་དུ་ཕེབས་ཏེ་བསྟན་འགྲོའི་དོན་ ཚན་གོང་ནས་གོང་དུ་འཕེལ་བར་མཛད་དོ། །ཁོང་ནི་སྐུ་འབུམ་དགོན་ གྱི་གདན་རབས་ཁྲི་ཆེན་བདུན་ཅུ་དོན་ལྔ་པ་ཡིན་ནོ།། མགོན་ཀྱཱ་བློ་བཟང་ཚུལ་ཁྲིམས་བསམ་གཏན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྒོ་མེ་ཚོ་བདུན་གྱི་ནང་ཚན་དཀར་རྫིང་ངམ་སྒར་དམག་སྡེ་བར་ ཡབ་དཀར་རྫིང་དཔོན་པོ་བསོད་ནམས་བསྟན་འཛིན་དང། ཡུམ་ སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྡེ་དགོན་གཉིས་ [343] ཀྱིས་སྐུ་གོང་མའི་སྤྲུལ་སྐུ་བཙལ་རྒྱུའི་ཞུ་བ་ལན་མང་ཕུལ་བར་བརྟེན་ སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གིས་སྐུ་གོང་མའི་སྤྲུལ་སྐུར་ངོས་ འཛིན་མཛད་ཅིང་དགུང་ལོ་ལྔ་བར་སྐུ་གོང་མའི་གདན་ས་མཆོད་རྟེན་ སྐྱེས་དགོན་པའི་གདན་སར་བཀོད། དེ་ནས་ཧོར་ལྡིང་སྒོམ་པ་པའི་ སྤྲུལ་སྐུ་བློ་བཟང་དགེ་ལེགས་རྒྱལ་མཚན་ཀློག་གི་སློབ་དཔོན་ལ་བསྟེན་ ཏེ་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག་བཅས་དཀའ་ཚེགས་མེད་པར་ མཁྱེན། དགུང་ལོ་བཅུ་བཞི་པར་སྐུ་འབུམ་དགོན་གྱི་རང་སྒར་དུ་ གདན་སར་བཀོད་ཅིང་གྲུབ་དབང་རྡོ་རྗེ་འཆང་དཀའ་ཆེན་བྱང་ཆུབ་ རིན་ཆེན་ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད། བསྡུས་གྲྭའི་དམ་བཅའ་དང་ཚོགས་ལངས་མཛད་པས་མཁས་ པའི་སྐྱེས་བུ་རྣམས་ཀྱིས་དད་གུས་ལྷག་པར་འཕེལ། སྐྱབས་རྗེ་ཆུ་ བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་ཚིགས་སྔ་མ་དང་ཕྱི་མའི་ སྡོམ་པ་རིམ་གྱིས་བཞེས་ཏེ་ཚུལ་ཁྲིམས་ཐམས་ཅད་གཡག་རྔ་བཞིན་དུ་ བསྲུངས། དེ་ནས་མཆོད་རྟེན་སྐྱེས་དགོན་པའི་ཁྲི་ཁར་བཞུགས་ཏེ་ ཆོས་སྲིད་ཟུང་གི་སྒོ་ནས་སྤྱི་སྒོས་ཀྱི་འཆད་ཉན་རྨ་མེད་པར་བསྐྱངས་ དགུང་ལོ་ཉེར་གཉིས་པར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ བཀའ་ཆོས་བརྩི་བཞག་ཡང་ཡང་གནང་ཞིང་འཛིན་གྲྭ་སོ་སོའི་སློབ་ གཉེར་གང་ཡིན་རྣམས་ལ་ཚགས་འཛིན་ནན་ཏན་དུ་མཛད། དགུང་ ལོ་ཉེར་དྲུག་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ལ་ཕེབས་ཏེ་ལོ་ངོ་གཅིག་གི་ [344] རིང་དུ་གདན་ས་བསྐྱངས་ནས་འགྲིག་ལམ་ཀུན་སྤྱོད་དང་སློབ་གཉེར་ བཅས་ལ་དོ་དམ་ལེགས་པར་མཛད། ཁྲི་ཟུར་ནས་རང་དགོན་མཆོད་ རྟེན་སྐྱེས་སུ་གཏན་བཞུགས་མཛད་ཅིང་སྡེ་དགོན་གཉིས་ཀྱི་ཆབ་ འབངས་ཐམས་ཅད་བདེ་ཐབས་ཀྱི་ཞབས་བརྟན་བསྒྲུབས་པ་ལ་བརྩོན་ པ་ལྷུར་བཞེས། དབུས་གཙང་དག་པའི་ཞིང་དུའང་ཕེབས་ཏེ་རྒྱལ་ བ་ཡབ་སྲས་དང། ཇོ་ཤཱཀ་རྣམ་གཉིས། གྲྭ་ས་སེ་འབྲས་དགེ་ གསུམ་བཅས་ལ་མཆོད་པ་རྒྱ་ཆེར་མཛད། དེ་ནས་རང་དགོན་དུ་ ཕེབས་ཤིང་གདུལ་བྱ་གསོན་གཤིན་ཉམ་ཐག་རེ་ལྟོས་འཆའ་བ་རྣམས་ ཀྱི་འདི་ཕྱིའི་ལེགས་ཚོགས་ལ་སྨན་པའི་ཐབས་ཚུལ་བཟང་པོའི་བཀའ་ དྲིན་གཡེལ་མེད་མཛད་བཞིན་བཞུགས་མུས། དགུང་ལོ་སུམ་ཅུ་སོ་ བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་ དགོན་གྱི་གདན་རབས་ཁྲི་ཆེན་ལྔ་བཅུ་ང་དགུ་པ་ཡིན་ནོ།། མགོན་ཚང་བློ་བཟང་ཡོན་ཏན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་ཨ་འདར་ཆ་གའི་གྲོང་དུ་ཨ་རྒྱ་ནང་སོའི་རྒྱུད་དུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་གི་སྐུ་ཕྲེང་གོང་མ་མགོན་ཚང་དཀའ་བཅུ་ ངག་དབང་ཚུལ་ཁྲིམས་ཞེས་བྱ་ཁྱུང་དགོན་པའི་དགེ་བཤེས་ཚེ་སྒྲུབ་པ་ སྙོམས་པ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དེ་ནས་བྱ་དགོན་ པའི་ཆོས་གྲྭར་ཞུགས་ཤིང་བསྡུས་གཞུང་ནས་བཟུང་གཞུང་ཆེན་བཀའ་ པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་ [345] བཞི་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་གཅིག་གི་རིང་དུ་གདན་ས་ བསྐྱངས། ཁྲི་ཟུར་ནས་བསྟན་འགྲོའི་དོན་ཆེན་སྒྲུབ་ཅིང་དུས་འདའ་ བ་མཛད། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ དྲུག་ཅུ་རེ་གསུམ་པ་ཡིན་ནོ། ། འགོས་ཁྲི་བཟང་ཡབ་ལྷ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མཛངས་བློན་ཡིན་ཏེ་ དཔྱ་ཁྲལ་འདུལ་ལག་གི་ལམ་ལུགས་ལེགས་བཅོས་དང། བཀའ་ཁྲིམས་ ཞལ་ལྕེ་སྟེ། གསོས་ཐང་གི་ཞལ་ལྕེ་དང། གཉེན་བྱེ་བྲལ་ གྱི་ཞལ་ལྕེ། བསྙོན་ཐོལ་དཀར་མིའི་ཞལ་ལྕེ་སོགས་གཏན་འབེབས་ མཛད་ཅིང། བློན་ཆེན་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་ པའི་ལོ་རྒྱས་སོགས་མཆིས་སོ། །ཁོང་ནི་མཛངས་མི་མི་བདུན་གྱི་དྲུག་ པ་ཡིན་ནོ་ འགོས་གཡག་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ ཤིང། རྒྱལ་པོ་འདུས་རོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་ བློན་པོ་ཡིན། དྲག་རྩལ་ལ་ཤིན་ཏུ་མཁས་པས་ཤྭ་བའི་རླིད་བུ་བྱེ་ མས་བཀང་སྟེ་ཀླད་ལ་བསྐོར་ཐུབ་པ་དང། དྲག་པོ་གཡུལ་འགྱེད་ ཀྱི་ལས་ལ་ཞུགས་ནས་རྒྱལ་ཁམས་དུ་མ་དབང་དུ་བསྡུས་ཤིང། དམག་ དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། [346] འགོས་ལོ་ཁུག་པ་ལྷས་བཙས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་ འཁྲུངས། མར་པ་ཆོས་ཀྱི་བློ་གྲོས་ ་ དང་དུས་ མཉམ་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ བྱོན་ཏེ་སློབ་དཔོན་ཞི་བ་བཟང་པོ་དང། སྒྲ་གཅན་འཛིན་བཟང་ སོགས་པཎ་གྲུབ་བདུན་ཅུ་དོན་གཉིས་ཀྱི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྟན་པ་ཕྱི་ དར་གྱི་ཆོས་ལོག་སུན་འབྱིན་པ་ལ་ལོ་ཆེན་རིན་ཆེན་བཟང་པོའི་རྗེས་སུ་ ཁོང་ཉིད་བཀའ་དྲིན་ཆེ་བས་ འདས་པའི་འོག་ཏུ་ཡང། ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས་ ལྷས་བཙས་ཞེས་བྱའི་ལོ་ཙཱ་བ། དེས་ཀྱང་སྔགས་ལོག་སུན་འབྱིན་ པ། ཞེས་བྱའི་བསྟན་བཅོས་མཛད་ནས་ནི། ཆོས་དང་ཆོས་མིན་ རྣམ་པར་དབྱེ། ཞེས་གསུངས་སོ། །ཆོས་དང་ཆོས་མིན་ འགྱུར། བཅུ་བ་དང། བདུན་པ། [347] བརྟག་པ་གཉིས་པའི་དཀའ་འགྲེལ། དཀའ་འགྲེལ་མུ་ཏིག་ཕྲེང་བ། འཁོར་ལོའི་མཆོད་པའི་རིམ་པ། བའི་དཀྱིལ་འཁོར་གྱི་ཆོ་ག། བདུན་པ། ཤོ་ལོ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་པ། དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆར་འགྲེལ་བ། རབ་ཀྱི་འཕྲིན་ཡིག། རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག། གསུམ་དང། གསུང་རྩོམ་ནི། ། འགོས་ལོ་ཆོས་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རབ་ཏུ་བྱུང་ཞིང་རྒྱ་གར་དང་རྒྱ་ནག་གཉིས་ཀའི་ སྐད་ཡིག་མཁྱེན་པས་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད་ ལྷག་པར་དུ་སྤྱི་ལོའི་དུས་རབ་དགུ་པའི་དུས་དཀྱིལ་ཙམ་དུ་ཏུན་ཧོང་ སངས་རྒྱས་སྟོང་སྐུའི་བྲག་ཕུག་སོགས་སུ་བྱོན་ནས་རྒྱ་ཡིག་ལས། མཛངས་བླུན། བའི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། [348] གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ། པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་ཆོ་ག། ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས། བའི་མདོའི་རྒྱ་ཆེར་འགྲེལ་བ། ། འགོས་ལོ་གཞོན་ནུ་དཔལ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ལྷོ་ཁ་འཕྱོངས་རྒྱས་ཁུལ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་ པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ དགུ་པར་སྤྱན་གཡས་མཁན་པོ་སངས་རྒྱས་དཔལ་བའི་དྲུང་དུ་རབ་ བྱུང་མཛད། སློབ་དཔོན་ཤེས་རབ་དར་རྒྱས་ཀྱི་དྲུང་ནས་སྤྱོད་འཇུག་ སོགས་གསན། དགུང་ལོ་བཅུ་གཉིས་ནས་ཉེར་གསུམ་གྱི་བར་དུ་ རྩེད་ཐང་གི་མཁན་པོ་བསམ་བཟང་པ་ལས་ཚད་མ་རྣམ་འགྲེལ་དང་ སྟོན་པ་ཤཱཀྱ་པ་ལས་ཕར་ཕྱིན་དང་བྱམས་ཆོས་སྡེ་ལྔ། འཕན་པོ་ཐང་ སག་གི་མཁས་པ་ཡེ་ཤེས་རྒྱལ་མཚན་ལས་དབུ་མ་རིགས་ཚོགས་དྲུག་གི་ སྐོར། སྐྱོར་མོ་ལུང་དུ་དགེ་བཤེས་བསྟན་འཛིན་དོན་གྲུབ་ལས་འདུལ་ བ་དང་མངོན་པ་གོང་འོག་རྒྱལ་བ་ཀརྨ་པ་དེ་བཞིན་གཤེགས་པ་ལས་ སེམས་ཁྲིད་དང་ནཱ་རོ་ཆོས་དྲུག་གུང་སྣང་ཆོས་རྗེ་མཛེས་པ་དཔལ་ [349] ལས་བདེ་མཆོག་གི་སྐོར་གསན། དགུང་ལོ་ཉེར་བཞི་པར་རྗེ་ཙོང་ཁ་ པ་ལས་བཀའ་གདམས་ལམ་རིམ་དང། དབུ་མ། ནཱ་རོ་ཆོས་དྲུག་ བཅས་གསན། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོར་ བསྟེན་ཏེ། རྟ་ནག་གི་ཆོས་རྗེ་སྒྲོལ་བ་དང། རྒོད་ཕྲུག་རས་པ་ གཉིས་ལས་རྙིང་མའི་ཆོས་སྐོར་མང་པོ་དང། རོང་སྟོན་ཤཱཀྱ་རྒྱལ་ མཚན་ལས་ས་སྐྱའི་ཆོས་སྐོར། ཀརྨ་པ་ཞྭ་དམར་ནག་གཉིས་ལས་ དྭགས་པོ་བརྒྱུད་ཀྱི་ཆོས་སྐོར་བཅས་གསན། སྐྱང་ཆེན་པ་ཤཱཀྱ་ཤྲཱི་ ལས་དུས་འཁོར་རྒྱུད་འགྲེལ་སྐར་རྩིས་དང། སྣར་ཐང་ལོ་ཙཱ་བ་སངྒ་ ཤྲཱི་ལས་སྒྲ་རིག་པ་གསན། མདོར་ན་ཡོངས་སུ་གྲགས་པའི་བླ་མ་དྲུག་ ཅུ་ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་བཅས་བདག་པོར་གྱུར་ དགུང་ལོ་ཞེ་གཉིས་པར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ ལས་ལོ་ལྔ་ཙམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་སྐད་བསྒྱུར་ ཡང་ཐོགས་མེད་དུ་མཁྱེན། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ མ་མྱོང་ཡང་བོད་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་ འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་ཁྱོན་པོད་བཅུ་བཞུགས་ པ་ལས་གྲགས་ཆེ་བ་ནི། ཀྱི་བསྟན་བཅོས་འཁྲུལ་སེལ། མོ། ཐེར་སྔོན་པོ། བསྒྱུར་རྩོམ་ནི་བསྟན་འགྱུར་ལས། པའི་གཏད་རབས། ཐབས་རབ་ཏུ་གསལ་བ། [350] འགྱང་རོ་འཇིགས་མེད་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་བྱམས་པ་དང། ཡུམ་དབལ་ཤུལ་ བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བཞི་པར་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ལས་དགེ་བསྙེན་ བསྒྲུབས་ཤིང་ཚེ་དབང་ཞུས། དགུང་ལོ་བདུན་པར་བླ་བྲང་བཀྲ་ ཤིས་འཁྱིལ་དུ་གདན་སར་བཀོད། དགུང་ལོ་བཅུ་གཉིས་པར་ཁ་ གྱའི་དགོན་པའི་ཆོས་གྲྭར་ཞུགས་ཏེ་འབའ་རི་རྒྱལ་མཚན་ལས་བསྡུས་ གཞུང་གསན། དགུང་ལོ་བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ ཚོགས་སུ་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་ པར་མཛད། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་ གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་མཚན་ལ་ འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་གསོལ། དེ་ནས་བླ་བྲང་ གི་རྒྱུད་པའི་ཁྲི་དང། ཁ་གྱའི་སྒར། རྒན་གྱའི་བྲག་དཀར་རྣམས་ ཀྱི་ཁྲི་བ་མཛད། རྒྱུད་པའི་ཁྲི་ཟུར་ནས་ཀུན་གཟིགས་མཆོག་གདན་ འདྲེན་གྱི་ཆེད་དུ་དབུས་གཙང་ལ་ཕེབས། རབ་བྱུང་བཅུ་བཞི་པའི་ ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ ཁྲི་ལ་ཕེབས་ཏེ་ལུགས་གཉིས་ཀྱི་འཛིན་སྐྱོང་སྔ་སྲོལ་མ་ཉམས་པའི་སྟེང་ དུ་འདུ་ཁང་ཆེན་མོར་གྱན་གཉིས་ཁེབས་པའི་བཟང་གོས་ཀྱི་བླ་བྲེ་ དང། གསེར་ཟངས་ལས་བསྒྲུབས་པའི་འཇིགས་བྱེད་ཞལ་ཕྱག་ཡོངས་ [351] ཁྲི་ཟུར་ནས་ཨུརྒེ་གྲྭ་ཚང་ དང་ཚ་གན་པེ་ཤིང་གི་བླ་མར་རིམ་པ་ཕེབས་ནས་མདོ་སྔགས་ཆོས་ཀྱི་ འཆད་ཉན་མཛད་ནས་དུས་འདའ་བའོ། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་རབས་ཉེར་དྲུག་པ་ཡིན་ནོ། ། འགྲོ་མགོན་ཆོས་རྒྱལ་འཕགས་པ།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ལྡན་ས་སྐྱར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་ མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ལྷ་ཁང་བླ་བྲང་དུ་སྐུ་ གཤེགས། དགུང་ལོ་གསུམ་པར་ཡི་གེའི་འབྲི་ཀློག་དག་ལ་ལེགས་ པར་སྦྱོང་མཛད་དེ་བློ་སྒོ་འབྱེད། དགུང་ལོ་བརྒྱད་པར་སྐྱེས་རབས་ སོགས་བློར་ཟིན་འདུག་ལ་གོ་བའང་སྐྱེས། དགུང་ལོ་དགུ་པར་ཆོས་ གསུང་ཐུབ་པའི་དགོངས་པ་རབ་ཏུ་གསལ་བས་འཕགས་པ་ཞེས་མཚན་ གསོལ། དགུང་ལོ་བཅུ་པར་ཁུ་བོ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་ མཚན་གྱིས་ནུ་བོ་ཕྱག་ན་རྡོ་རྗེ་དང་མཉམ་དུ་སོག་པོའི་རྒྱལ་པོ་གོ་དན་ གྱིས་གདན་དྲངས་པ་ལྟར་ཕྱག་ཕྱིར་བྱོན། ལམ་བར་དུ་ལྷ་སར་ཕེབས་ ནས་རབ་བྱུང་བསྒྲུབས་ཏེ་མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་ པོ་ཞེས་གསོལ། ཁུ་བོ་ཀུན་དགའ་རྒྱལ་མཚན་ལས་མདོ་སྔགས་རིག་ གནས་ཀྱི་གཞུང་ལུགས་མང་དུ་གསན་ཞིང་གནས་ལྔ་རིག་པའི་གཞུང་ ལུགས་ཐམས་ཅད་ཐུགས་སུ་ཆུད། དེ་ནས་སེ་ཆེན་རྒྱལ་པོ་ཧུའུ་པིས་ ལན་གསེར་ཁྲིར་འཁོད་རྗེས་ཕོ་བྲང་ནང་དུ་གདན་དྲངས། དགུང་ལོ་ [352] གནང། དེའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང། ཏཱི་ ཤྲཱིའི་གོ་གནས། གཡང་ཊིའི་ཐམ་ཀ་བན་དེ་ཤེད་ཀྱི་འཇའ་ས་བཅས་ གནང། དེ་ནས་གོང་མ་རྒྱལ་པོས་གསང་སྔགས་ཀྱི་དབང་ཐེངས་ གཉིས་པ་ཞུས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ ཡོངས་རྫོགས་གནང་ནས་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་ དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ་ཆོས་དུང་དཀར་པོ་ རྒྱང་གྲགས་དང། རྒྱ་ཡི་མི་ཡུར་ཆེན་མོ་བཅས་གནང། དགུང་ལོ་ ཉི་ཤུ་བར་ཁམས་ཀྱི་ས་ཆ་ཁྲི་འདུ་སྐལ་བཟང་དགོན་སོགས་སུ་ཕེབས་ ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ཏེ་འགྲོ་བ་མང་པོ་སྨིན་གྲོལ་གྱི་ ཞིང་ལ་བཀོད། སྣར་ཐང་མཁན་ཆེན་གྲགས་པ་སེང་གེ་གདན་དྲངས་ ཏེ་དགེ་སློང་གི་སྡོམ་པ་བཞེས། སླར་ཡང་གོང་མའི་ཕོ་བྲང་དུ་ཕྱིར་ ཕེབས་ཏེ་མུ་སྟེགས་ཟིན་ཤིང་གི་ཆོས་ལུགས་མཁས་པ་རྣམས་དང་རྩོད་ གླེང་གནང་ནས་ཕམ་པར་མཛད། དེ་ནས་བོད་དུ་ཕེབས་ཁར་གོང་ མས་འཇའ་ས་མུ་ཏིག་མ་བཅས་གནང། བོད་དུ་ལོ་ངོ་གསུམ་བཞུགས་ རིང་ཁ་ཆེ་པཎ་ཆེན་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ་དང། གློ་བོ་ལོ་ཙཱ་བ་ཤེས་ རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་ སོགས་སློབ་དཔོན་ཉི་ཤུ་ལྷག་ཙམ་ལ་བསྟེན་ནས་རིག་གནས་དང་ མདོ་སྔགས་བཅས་སློབ་གཉེར་གནང། དེ་ནས་གོང་མའི་ཕོ་བྲང་དུ་ ཕེབས་ཏེ་ཧོར་ཡིག་གསར་གཏོད་གནང། དགུང་ལོ་སོ་དྲུག་པར་ གོང་མ་སེ་ཆེན་རྒྱལ་པོས་མི་ཉག་རྒྱལ་རྒོད་རྒྱལ་པོའི་ཤེལ་དམ་ལ་བཅོས་ [353] གནམ་གྱི་འོག་ས་ཡི་སྟེང་ ན་རྒྱ་གར་གྱི་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི་ རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་ འཕགས་པ་ཏི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་གནང། དགུང་ལོ་ ཞེ་གཅིག་པར་བོད་དུ་ཕེབས་ནས་གཙང་ཆུ་མིག་རིང་མོར་དགེ་འདུན་ ཁྲི་བདུན་ལྷག་ལོངས་པ་ལ་ཆོས་འཁོར་བསྐོར་བར་ཆུ་མིག་ཆོས་འཁོར་ དུ་གྲགས། ས་སྐྱའི་གདན་ས་ལོ་ངོ་ལྔ་ཙམ་བསྐྱངས། ཁོང་ནི་ས་ སྐྱ་གོང་མ་རྣམ་ལྔའི་ནང་གི་ལྔ་པ་ཡིན། ཁོང་གི་གསུང་རྩོམ་ནི་བསྟན་ བཅོས་སུམ་ཅུ་ལྷག་ཙམ་དེ་པོད་གསུམ་དུ་བསྒྲིགས་ནས་བཞུགས་སོ། ། འགྲོ་མགོན་ཕྱག་ན་རྡོ་རྗེ།། ཁོང་ནི་རབ་བྱུང་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཡས་རུ་མདོག་གི་གད་ལོ་ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་ མཚན་དང། ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྒོ་རུམ་དཔེ་ཁང་དུ་ སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ ཡུལ་དུ་ཕེབས། ཆོས་རྗེ་ཁུ་དབོན་ལས་ཡི་གེའི་འབྲི་ཀློག་དང་དབང་ ལུང་མན་ངག་མང་དུ་གསན་ནས་ཐོས་པས་རྒྱུད་ཕྱུག་པར་མཛད་ བརྟུལ་ཞུགས་ཀྱི་སྤྱོད་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད། སེ་ ཆེན་རྒྱལ་པོས་ས་ལེན་དབང་གི་ལུང་དང། གསེར་ཐམ་ཐོང་ཕྱི་གཡས་ གཡོན་གྱི་ཁྲིམས་ར་དང། རྒྱལ་པོའི་སྲས་མོ་མེ་ཁ་བདུན་བྱ་བའང་ བཙུན་མོ་གནང། ཧོར་གྱི་ཆས་སུ་བཅུག་སྟེ་ས་ཆོལ་ཁ་གསུམ་གྱི་ [354] བོད་ལ་ཏི་ཤྲཱི་དང་དབང་གི་ལས་ཀ་ཐོག་ མར་སྐུ་མཆེད་འདི་གཉིས་ཀྱི་སྐུ་རིང་ལ་བྱུང་བས་བོད་ལ་བཀའ་དྲིན་ ཤིན་ཏུ་ཆེ་ཞིང་བྱང་ངོས་སུ་ལོ་བཅོ་བརྒྱད་ཙམ་བཞུགས། དེ་ནས་ དགུང་ལོ་ཉེར་ལྔ་པར་ས་སྐྱའི་གདན་ས་ཆེན་པོའི་ཆོས་འཁོར་ལ་ཕེབས་ དེ་ནས་ལོ་གསུམ་ལྷག་ཙམ་གྱི་བར་གྲུབ་པའི་སྤྱོད་པས་འགྲོ་བ་མང་པོ་ སྨིན་གྲོལ་གྱི་ཞིང་ལ་བཀོད་ནས། དགུང་ལོ་ཉེར་དགུ་པར་མྱ་ངན་ ལས་འདའ་བའི་ཚུལ་བསྟན་པ་ཡིན། ། འགྲོ་འདུལ་གླིང་པ།། ཁོང་ནི་གཏེར་སྟོན་རཏྣ་གླིང་པ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། རྒན་གྱ་དཀོན་མཆོག་དཔལ་ལྡན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རྒན་གྱར་ཡབ་དགེ་འདུན་སྐྱབས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་བསྡུས་གཞུང་ནས་བཟུང་གཞུང་ཆེན་ རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད་པས་རྡོ་རམས་པའི་མཚན་ བཏགས་བཞེས། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་ རྫོགས། གྲྭ་ཚང་དགེ་བསྐོས་ཀྱི་ཐུགས་འགན་བཞེས། ལོ་གསུམ་གྱི་ རིང་དུ་དུས་འཁོར་རྡོ་རྗེ་འཛིན་པ་མཛད། དགུང་ལོ་ཞེ་དྲུག་པ་རབ་ བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ [355] རིང་དུ་འཆད་ཉན་བསྐྱངས། དགུང་ལོ་ཞེ་བརྒྱད་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་ འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉི་ཤུ་ཐམ་པ་བ་ཡིན་ནོ། ། རྒྭ་ལོ་གཞོན་ནུ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ ཁམས་ལྡན་མར་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་ གཉིས་ཀའི་ཆོས་གཞུང་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་ བསམ་ཡས་མཆིམས་ཕུ་དང། ཕོ་བྲང་སྣེའུ་གདོང། སྣར་ཐང་ རྩེས་ཐང་སོགས་སུ་བཞུགས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་ བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ རི་ཁྲོད་ཞབས་ཀྱི་བསྟོད་པ། མདོར་བཤད། གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ ག། མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ། པོའི་འགྲེལ་བཤད་ཀྱི་སྨད་དུམ། [356] ། རྒོད་ཆང་པ་མགོན་པོ་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ལྷོ་བྲག་དོལ་པོ་ལུ་ཆུང་དུ་ཡབ་ཆུ་ཆལ་མོན་གྲགས་དང། ཡུམ་ཟུག་ མོ་དཔལ་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ཆུང་དུས་སྐུ་ མཛེས་པས་ཀུན་གྱི་ཡིད་དུ་འོང། གསུང་སྙན་པས་གླུ་ལ་མཁས། ཐུགས་ འགྲོགས་བདེ་བས་གཞོན་པའི་དུས་བྲོ་དཔོན་མཛད། དེ་ནས་སློབ་ དཔོན་ཝ་ཞྭ་ལས་ལམ་རིམ་དང། སློབ་དཔོན་ཞང་ལས་འགྲེལ་ཆུང་ སློབ་དཔོན་སྟོད་ལས་དབུ་མ། སློབ་དཔོན་ཡུ་པི་བ་ལས་སྤྱོད་འཇུག་ གསན་ཏེ་ཕལ་ཆེར་ཚར་རེས་མཁྱེན་པ་བྱུང། དེ་ནས་ར་ལུང་དུ་ ཕེབས་ཏེ་འགྲོ་མགོན་གཙང་པ་རྒྱ་རས་དང་མཇལ་ནས་རབ་ཏུ་བྱུང་ སྐྱབས་འགྲོ། སེམས་བསྐྱེད་ཆེན་མོ། རྣམ་འབྱོར་བཞི། ལྷན་ ཅིག་སྐྱེས་སྦྱོར། ཐབས་ལམ་གྱི་ཁྲིད། རོ་སྙོམས་ཀྱི་དམིགས་པ་ མང་པོ། རབས་བདུན། ཆིག་ཆོག་གསང་སྤྱོད། རྩ་ལྟུང་བཅུ་ བཞི་པ་ལ་སོགས་དམ་ཚིག་གི་ཆོས་སྐོར་དང། སྒྲུབ་ཐབས་བཅུ་ གསུམ་མ་ལ་སོགས་པ་ཐམས་ཅད་ཀྱི་དབང་ལུང་ཁྲིད་གསུམ་གསན་ དེ་ནས་འབྲི་གུང། རྭ་སྒྲེང། ཚལ་པ། སྟག་ལུང་གི་དགོན་གནས་ སོགས་སུ་ཕེབས་ནས་ཆོས་འབྲེལ་ཞུས། བླ་མ་རྒྱ་རས་པའི་བཀའ་ ལྟར་ལྷོ་བྲག་འཁར་ཆུ་དང། གངས་དཀར་ཏི་སེ། ཙཱ་རི། ཛ་ ལན་དྷ་ར་སོགས་སྒྲུབ་གནས་ཁྱད་པར་ཅན་རྣམས་སུ་དཀའ་སྤྱད་ལོ་ [357] སྟོད་རྒོད་ཚང་དང། སྟེང་འབྲོ། གཉའ་ནམ་ བདེ་ཆེན་སྟེང། བར་འགྲོག་རྡོ་རྗེ་གླིང་སོགས་སུ་དགོན་གནས་གསར་ འདེབས་མཛད། འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ ལྟར་གསལ་བར་མཛད། ཁོང་གི་སློབ་མའང་རང་ལས་མཁས་པའི་ བུ་ཆེན་ཨུ་རྒྱན་པ་དང། རང་དང་མཉམ་པའི་བུ་ཆེན་བརྒྱད་དེ་ དཔལ་ལྡན་ཡང་དགོན་པ། ནེ་རིངས་པ། བ་རི་བ། ཕུ་རི་བ་ མ་བདུན་པ། མོད་བོ་ཆེ་བ། གངས་པ། སྤྱི་དཀར་བའོ། དེ་མིན་ བྱང་ཆུབ་གླིང་པ་སོགས་མཁས་ཤིང་གྲུབ་པ་ཐོབ་པའི་སློབ་མ་མང་དུ་ བྱོན། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང། མགུར། ཆབ་ཤོག་ སྒྲུབ་ཐབས་ཉམས་ལེན་གྱི་སྐོར་བཅས་པོ་ཏི་བཞི་བཞུགས་སོ། ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ རོང་ཡུལ་དུ་ཡབ་ཡེ་ཤེས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་ པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་རྒྭ་ལོའི་ སྐྱེ་བར་ངོས་བཟུང་ནས་རྒྭ་ལོ་ཞེས་འབོད། དགུང་ལོ་ཆུང་ངུའི་དུས་སུ་ ངུར་སྨྲིག་ཏུ་ཁ་ཆེ་པཎ་ཆེན་དང་མཇལ་བས་སྐྱེས་བུ་ཁྱད་པར་ཅན་ འབྱུང་བར་མཁྱེན་ནས་ཕྱག་གིས་གཞལ་ཞིང་ཤིས་བརྗོད་མཛད་ གཞོན་ནུས་སློབ་གཉེར་མཛད་པའི་ཚེ་རྒྱལ་པོའི་བར་ཆད་བྱུང་བ་ཐར་ བར་དཔྱལ་གྱི་དྲུང་དུ་བྱོན་པས་བར་ཆད་དང་བྲལ། དེར་ལོ་གསུམ་ དུ་རྒྱ་གར་སྐད་ཡིག་སྐད་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགྱེས་ ཕག་གཉིས་གསན་ནས་བཤད་གསར་མཛད་པས་སློབ་གཉེར་བ་ཐམས་ [358] རྭ་འབུམ་སེང་ལས་དུས་འཁོར་གཙོ་བོར་གྱུར་ པའི་རྭ་ལུགས་ཀྱི་ཆོས་རྣམས་གསན། བསྒོམས་པས་ཚིག་གི་མཆོག་ གྲུབ་སྟེ་གསང་སྔགས་གསར་དུ་རྩོམ་པའི་ཤེས་མཐུ་གྲུབ། དུས་འཁོར་ བཤད་པས་སློབ་མ་མཁས་པའང་མང་དུ་བྱུང་ངོ། བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་པར་དགོངས་པ་ ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་མཆོག་ཏུ་གྱུར་པའི་སློབ་མ་ནི་ རྗེ་བཙུན་མན་ལུངས་པ་ཡིན་ནོ། ། རྒྱ་དཀར་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཤབ་དགེ་ལྡིང་གི་ལྕམ་མོ་གཡང་གྲོང་དུ་ཡབ་འཇམ་དབྱངས་ནམ་ མཁའ་རྒྱལ་མཚན་དང། ཡུམ་ཁྲོ་མདའ་བའི་སྲས་མོ་མ་གཅིག་དཔལ་ འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བདུན་པར་དགེ་ལྡིང་བླ་བྲང་དུ་རིགས་ལྡན་དྲག་པོའི་རྣམ་འཕྲུལ་ འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བརྒྱད་ པར་གཅེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་མཉམ་དུ་ས་ སྐྱར་ཁྲི་འདོན་མཛད། དགུང་ལོ་བཅུ་པ་ནས་དགུང་ལོ་བཅུ་གསུམ་གྱི་ བར་དུ་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་ཚད་མ་རྣམ་འགྲེལ་ དང། ཚད་མ་རིགས་གཏེར། རྒྱལ་སྲས་ལམ་བཟང། སྡོམ་གསུམ་ རབ་དབྱེ། དབུ་མ་རྩ་ཤེར། ཐེག་པ་ཆེན་པོའི་སེམས་བསྐྱེད་ [359] དུས་འཁོར་གྱི་དབང། གསང་ འདུས་ཀྱི་དབང། རིགས་ལྔའི་སྨར་ཁྲིད་བཅས་ཞུས། དགུང་ལོ་ བཅུ་བཞི་པར་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་ས་སྐྱའི་ གདན་སར་ཕེབས་ཏེ་རྩིས་བཞེས་མཛད། དགུང་ལོ་ཉེར་གཅིག་པར་ མུས་ཆེན་སེམས་དཔའ་ཆེན་པོས་མཁན་པོ་དང། ཞྭ་ལུ་བ་སངས་རྒྱས་ དཔལ་བཟང་གིས་ལས་སློབ། སློབ་དཔོན་སླེ་ཆུང་མཁན་པོ་དཀོན་ མཆོག་བློ་གྲོས་ཀྱིས་གསང་སྟོན་མཛད་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་ མནོས། ལོ་དེར་དཔོན་སློབ་ཉུང་ཤས་དང་བཅས་ཁམས་ཕྱོགས་སུ་ ཕེབས་ནས་ལོ་ངོ་ལྔ་ཙམ་བཞུགས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་ བཀོད་དེ་སླར་ཡང་གདན་ས་ཆེན་པོར་ཕེབས། དགུང་ལོ་ཉེར་བརྒྱད་ པར་བཞི་ཐོག་བླ་བྲང་གི་ཆོས་གཞིས་དང་བཅས་པ་གཅེན་པོ་ལ་ཕུལ་ཏེ་ བྱ་བྲལ་ཁོ་ནར་ཐུགས་གཏད། དེ་ནས་ནོར་བུ་ཁྱུང་རྩེ་དང་འཕན་པོ་ ན་ལེནྡྲར་ཕེབས་ཏེ་སླར་ས་སྐྱར་ཆིབས་བསྒྱུར་མཛད། བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་ལྔ་བཅུ་ང་གཉིས་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱ་དགོན་པའི་ཁྲི་པ་ ཉི་ཤུ་པ་ཡིན། ། རྒྱ་མཁར་དཀོན་མཆོག་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་མཛོད་དགེ་རུ་སྟོད་མར་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ [360] ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་རྒྱ་མཁར་དགོན་བཤད་སྒྲུབ་དར་ རྒྱས་གླིང་གི་གདན་སར་བཀོད། མཛོད་དགེ་རི་ཁྲོད་དབང་པོ་ལས་ རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་དགེ་སློང་དཀོན་མཆོག་སེང་གེ་ ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་བསླབས་ མཁར་མོ་ཆེ་བ་བློ་བཟང་ཡོན་ཏན་ལས་ཐ་སྙད་རིག་གནས་ཀུན་དང་ སྡོམ་གསུམ་གྱི་བསླབ་བྱ། ལམ་རིམ་བློ་སྦྱོང་བཅས་ལ་སྦྱངས་པར་ མཛད། དགུང་ལོ་ཉེར་བཞི་པར་གུང་ཐང་འཇམ་པའི་དབྱངས་ལས་ བསྙེན་པར་རྫོགས་ཤིང་འཇིགས་བྱེད་བཅུ་གསུམ་པའི་དབང་ཡོངས་ རྫོགས་གསན། དགུང་ལོ་ཉེར་དྲུག་པར་དབུས་སུ་ཕེབས་ཏེ་འབྲས་ སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཤིང་ཀླུ་འབུམ་པ་ངག་དབང་ཚུལ་ ཁྲིམས་ལས་བརྩི་བཞག་དང། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ལས་རྟེན་ འབྲེལ་བསྟོད་པའི་ལུང་བཅས་གསན། གཙང་དུ་བྱོན་ཏེ་པཎ་ཆེན་ བསྟན་པའི་ཉི་མ་ལས་ཆོས་འབྲེལ་ཞུས། དགུང་ལོ་སུམ་ཅུ་པར་བོད་ སྐྱོང་ཚ་རྡོར་ནོ་མིན་ཧན་ནས་དགེ་ལྡན་བསྟན་པའི་གསལ་བྱེད་ནོམ་ཅི་ མཁན་པོ་ཞེས་པའི་ཆོ་ལོ་དང་མཁན་ཆས་གནང། དེ་ནས་རང་ཡུལ་དུ་ བྱོན་ཏེ་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་སོགས་ལས་བཀའ་ ཆོས་ཅི་རིགས་གསན། དགུང་ལོ་སོ་བརྒྱད་པར་རྒྱ་མཁར་དགོན་གྱི་ གནས་སྤོས་ཏེ་འདུ་ཁང་དང། རྒྱུད་ཁང། བཙན་ཁང། གཟིམས་ ཁང་བཅས་རྟེན་དང་བརྟེན་པ་གསར་བཞེངས་མཛད། དགུང་ལོ་ དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱ་ [361] ། རྒྱ་མཁར་གྲུབ་དགེ་འདུན་འཇམ་དཔལ་གྲུབ་པའི་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ད་ལྟའི་ཀན་ལྷོའི་ཅོ་ནེ་རྫོང་གི་ཁྱ་དགེ་ཞང་གི་བསེ་ཚང་སྡེ་གྲོང་དུ་ སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། སྐུ་ཆུང་བའི་དུས་སུ་རྒྱ་མཁར་མཁན་པོ་སྐུ་ཕྲེང་གསུམ་པ་ དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་ཡི་གེའི་འབྲི་ཀློག་ སྦྱངས་པར་མ་ཟད། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་ མཚན་ལ་ངག་དབང་དགེ་འདུན་རྒྱ་མཚོ་ཞེས་གསོལ། ཁོང་ནི་ད་ལྟ་ཀན་ ལྷོའི་བཱ་ཙེ་རྫོང་གི་ཆུ་བོ་ཞང་ལ་གཏོགས་པའི་ཆས་པ་རྒྱ་མཁར་དགོན་ བཤད་སྒྲུབ་དར་རྒྱས་གླིང་ངམ་ཕུན་ཚོགས་ཐར་པ་གླིང་གི་སྐུ་ཞབས་སྐུ་ ཐོག་ལྔ་པ་ཡིན། སྔ་རྗེས་སུ་སློབ་དཔོན་དཀོན་མཆོག་བསྟན་པའི་རྒྱལ་ མཚན་དང། ཨ་མོ་སྤྲུལ་བའི་སྐུ་སོགས་མཁས་པའི་དབང་པོ་དུ་མ་ ལས་འཇིགས་བྱེད་དང། ཀུན་རིག་ཚེ་མདོ། ལམ་རིམ་ཆེན་མོའི་ བཤད་ལུང། དམིགས་རྩེ་མའི་ལས་ཚོགས་ཀྱི་ལུང་སོགས་གཞུང་སྐོར་ དང། སྙན་ངག་མངོན་བརྗོད། རྩིས་རིག་སོགས་ཐ་སྙད་རིག་གནས་ སྐོར་རེས་མོས་སུ་གནང་བ་མང་དུ་གསན་ཞིང་སྙན་བསྐུལ་གང་ ཞུས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་བདུན་པར་བླ་བྲང་ བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཕར་ཕྱིན་དང། ཚད་མ་སོགས་ལ་ ཞིབ་པར་སྦྱངས། བསྡུས་གྲྭ་ཡོངས་རྫོགས་དང་བསྡུས་གྲྭའི་འགྲེལ་བ་ དོན་གསལ། ལེགས་བཤད་སྙིང་པོ། དོན་བདུན་ཅུ་བཅས་ཀྱི་ཚོགས་ [362] སྐྱེས། གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་ལས་བསྙེན་རྫོགས་ ཀྱི་སྡོམ་པ་བཞེས། ཆོས་རྒྱུན་ཀྱང་མང་དུ་མནོས། རྗེ་ཤེས་ རབ་རྒྱ་མཚོའི་དྲུང་ནས་བཀའ་འགྱུར་གྱི་ལུང་སོགས་གསན་པ་དང་ ཀུན་མཁྱེན་ཡབ་སྲས་རྣམས་ལས་ཚད་མ་སྡེ་བདུན་མདོ་དང་རིགས་ ཚོགས་དྲུག་བྱམས་ཆོས་སྡེ་ལྔ་སོགས་བསྟན་འགྱུར་ཕལ་ཆེའི་ལུང་ གསན། ཁོང་གི་གསུང་རྩོམ་ནི་ དོན། བརྒྱ་མའི་ཚིག་འགྲེལ་ཁྲིད་ཡིག་ཉུང་བསྡུས། པ་མདོ་ཙམ་བཀོད་པ། མཚོའི་རྣམ་ཐར། པའི་རིག་གནས་སྐོར་གྱི་ཆོས་ཚན་དྲུག་ཅུར་ཉེ་བ་བཞུགས་སོ། ། རྒྱ་གར་ཤེས་རབ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་ས་སྐྱར་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་ ཡུམ་མ་ཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བརྒྱད་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཤབ་དགེ་སྡིངས་ སུ་སྐུ་གཤེགས། ཁོང་སྐྱེས་སྟོབས་ཀྱི་ཐུགས་རབ་ཤིན་ཏུ་ཆེ་བ་དང། དགེ་ བའི་བཤེས་གཉེན་དཀོན་མཆོག་བཟང་པོ་སོགས་ལ་བསྟེན་ནས་ས་སྐྱའི་ ཆོས་སྐོར་དང་རྩིས་སོགས་གསན་སྦྱོང་མཛད་ནས་ལེགས་པར་མཁྱེན་ཏེ་ [363] དགུང་ལོ་ཉེར་བདུན་ པར་མདོ་ཁམས་སུ་ཕེབས་སྐབས་ལམ་འཛོལ་ནས་ཧོར་སེར་ཡོད་ས་ཞིག་ ཏུ་ཕེབས། ཐོག་མར་ཕན་ཚུན་ཁ་བརྡ་མི་འཕྲོད་པས་ཕྱག་ཕྱི་རྣམས་ ལ་འོ་བརྒྱལ་ཅུང་བྱུང་ཡང་ཡུན་རིང་མ་འགོར་བར་ས་སྐྱའི་སྐྱེས་ཆེན་ དམ་པ་ཡིན་པར་རྟོགས་ནས་འགྲོ་དོན་རྒྱ་ཆེར་འཕེལ། དེ་ནས་ཕེབས་ པས་གྲུབ་རྫ་ཞེས་པའི་ཡུལ་ཤིན་ཏུ་མཐོ་ཞིང་ཆུ་མེད་ས་ཞིག་ཏུ་འབྱོར་ བས་དྲུང་འཁོར་དང་རྟ་ཁལ་རྣམས་སྐོམ་པས་ཉེན་པ་ན་ཁོང་གིས་བྲག་ ལ་ཕུར་བ་བཏབ་ནས་ཆུ་བཏོན་པ་དང། ཁ་བ་ཆེན་པོ་བབས་ནས་འགྲོ་ ལམ་མི་མངོན་པར་གྱུར་བའི་ཚེ་འབྲོང་རྐྱང་ཤ་བ་སོགས་རི་དྭགས་ རྣམས་ཀྱིས་ལམ་སྣེ་ཁྲིད་པ་སོགས་གྲུབ་རྟགས་དུ་མ་བསྟན་པ་སོགས་ རྣམ་ཐར་ངོ་མཚར་བ་ཤིན་ཏུ་མང་ངོ། ཁོང་གི་གསུང་རྩོམ་ནི་པོ་ཏི་ ཀ་པ་གསེར་བྲིས་ཅན་གཅིག་ད་ལྟ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ དུ་བཞུགས་སོ། །ཁོང་ནི་དཔལ་ལྡན་ས་སྐྱ་དགོན་པའི་ཁྲི་པ་བཅུ་ དགུ་པ་ཡིན། ། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར།། ཁོང་ནི་རབ་བྱུང་དང་པོའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ མྱང་སྟོད་མང་ར་ལ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཤངས་སུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་ ཡུམ་གཉིས་ཀ་འདས་ནས་གནས་གཞི་བྱ་རོག་ཚང་བའི་བཙུན་པ་ རྣམས་ཀྱི་གསེབ་ཏུ་ཕྱིན་ཡང། ཁོང་གཟུགས་བྱད་ངན་པར་ཡོད་ [364] དེ་དགའ་བ་གདོང་དུ་ཕེབས་ཏེ། བཙུན་པ་རྣམས་ལ་སྐྲུ་ཞིང་ཕུབ་མའི་ ནང་ཏུ་ཉལ། འདུལ་བ་མདོ་རྩ་སྦྱོར་ཀློག་མཛད་པས་བློ་ལ་ཟིན་ དེ་ནས་སོག་ཅན་དུ་བྱོན་ཏེ་འདུལ་བ་ལ་མཁས་པར་སྦྱངས། གཞན་ ཡང་དབུས་གཙང་གི་ཡུལ་དུ་འདུལ་བ་མཁས་ཟེར་ཚད་ཀྱི་མདུན་དུ་ ཕེབས་ཏེ་འདུལ་བ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དེ་ནས་ གཟུས་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་སྣེ་ཕོ་གྲགས་པ་རྒྱལ་མཚན་དང་ གླན་ཚུལ་ཁྲིམས་བྱང་ཆུབ། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་གསུམ་ ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། གཙོ་བོར་མྱང་ མཚམས་རིན་ཆེན་བླ་མ་དང། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། སྐམ་ གསལ་བའི་སྙིང་པོ་བཅས་ལ་བསྟེན་པ་མཛད། དེ་ལྟར་དགུང་ལོ་སོ་ བཞི་པའི་བར་དུ་འདུལ་བ་གཙོ་བྱས་པའི་ཆོས་སྐོར་རྣམས་ལ་སྦྱངས་པ་ མཐར་ཐུག་པ་མཛད། དེ་ནས་དགེ་བཤེས་ཀྱི་ཆུ་བཟུང་སྟེ་དགུང་ལོ་ བརྒྱད་ཅུའི་བར་དུ་བཞུགས་སའི་མཐིལ་དགའ་བ་གདོང་དུ་མཛད་ དགོན་པ་ཆུ་མིག་ལུང་བཟུང་ནས་ཆོས་གཞི་མང་དུ་བསྐོར་ཞིང་ འདུལ་བའི་བཤད་པ་རྒྱ་ཆེར་མཛད། བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་ཅིང། དགུང་ལོ་བརྒྱད་ཅུ་རྩ་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འདར་འདུལ་ འཛིན་དང། མཐའ་བཞི་བརྩོན་འགྲུས་འབར། ཇོ་སྟན་ནག་པོ་དར་ མ་ཚུལ་ཁྲིམས། རྨ་ཚོ་བྱང་ཆུབ་རྡོ་རྗེ་བཅས་ཡིན་ནོ། ། རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ།། [365] ལོར་ཧོར་ཡུལ་ཨ་རུ་ཧོ་ཆེན་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཨུ་ཆི་མུ་ཆེན་གཡོན་རུར་སྐུ་ གཤེགས། དགུང་ལོ་བཞི་པར་སྡེ་ཁྲི་བློ་བཟང་དོན་གྲུབ་ནས་དུས་ འཁོར་རྒྱ་ནག་པ་ངག་དབང་ཕུན་ཚོགས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་ མཛད། དགུང་ལོ་བདུན་པར་སྡེ་ཁྲི་རིན་པོ་ཆེ་ལས་རབ་ཏུ་བྱུང། ཡི་ གེའི་འབྲི་ཀློག་བཅས་ལ་སྦྱོང་པར་མཛད། དགུང་ལོ་བཅུ་གཅིག་པར་ བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་བཅུ་གཉིས་པར་འཇམ་ དབྱངས་བཞད་པའི་རྡོ་རྗེས་རྩིས་བཞག་ཐོག་མར་གནང་སྐབས་ཆོས་ གྲྭར་ཞུགས། བླ་མ་འཇམ་དབྱངས་ལ་བྱམས་ཆོས་དང་དབུ་མ་རིགས་ ཚོགས་སོགས་ཀྱི་ཚིག་རྒྱུགས་ཕུལ་ཏེ་ལེགས་སོ་ཐོབ། དགུང་ལོ་བཅུ་ དྲུག་པར་སྤྱི་དོན་རིགས་རྒྱན་དང་བློ་རྟགས་སོགས་ཚད་མའི་སྐོར་གྱི་ འབེལ་གཏམ་མཛད། དགུང་ལོ་ཉེར་གཅིག་ནས་ཉེར་གསུམ་གྱི་བར་ དུ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་གོ་ རིགས་ཟུང་འབྲེལ་གྱི་རིགས་སྨྲ་འགྲན་ཟླ་མེད་པ་བྱུང། དགུང་ལོ་ ཉེར་ལྔ་བར་ཀུན་མཁྱེན་བླ་མའི་བཀའ་བཞིན་བཀའ་པོད་ལྔའི་བརྒལ་ ལན་མཛད་དེ་རྡོ་རམས་པའི་དམ་བཅའ་ཐོན་ཞིང་མཁས་པའི་གྲགས་ པ་ཐོབ། དེ་ནས་རྒྱ་ནག་ཏུ་ལན་གྲངས་དུ་མ་ཕེབས་ཏེ་དབང་ལུང་ མན་ངག་གི་རྒྱུན་མང་དུ་སྤེལ། གཡོན་རུའི་ས་ཧུ་བེ་ཧུང་ཝང་གིས་ སྦྱིན་བདག་མཛད་དེ་བདེ་མཆོག་བློས་བསླངས་ལྟར་གྱི་གཙུག་ལག་ཁང་ བཞེངས། སྒོ་བཞི་ལ་རྒྱུད་དང། དུས་འཁོར། སྨན་པ། རིག་ [366] བདེ་མོ་ཐང་དགའ་ལྡན་ཆོས་འཁོར་ གླིང་དང་བླ་བྲང་དུས་འཁོར་གྲྭ་ཚང་གི་ཁྲིར་བཞུགས་ཏེ་མདོ་སྔགས་ཀྱི་ འཆད་ཉན་རྒྱ་ཆེར་སྤེལ། ཙོང་ཁ་བརྒྱད་ཆུའི་ལྷ་ཁང་གཡུ་ཐོག་ཅན་ བདེ་ཡངས་བཅས་པ་གསར་དུ་བསྐྲུན། སྐུ་ཚེ་གང་བོར་བསྟན་འགྲོའི་ བྱ་བ་འབའ་ཞིག་བསྒྲུབས་ནས་དུས་འདའ་བར་མཛད། ཁོང་གི་གསུང་ རྩོམ་ནི་ ཉེར་ལྔའི་རྣམ་གཞག། ཆོས་ཚན་སུམ་ཅུ་སོ་བཞི་ཡོད་པ་པོད་གཉིས་སུ་བསྡུས་ནས་བཞུགས་སོ།། རྒྱ་ནག་པ་བློ་གྲོས་རྒྱ་མཚོ།། ཁོང་ནི་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། རྒྱ་མ་དབོན་སྟོན་གཞོན་ནུ་འབྱུང་གནས།། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དགྱེར་སྒོམ་པའི་གཅུང་པོ་བུ་མོ་སྟག་གི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ ནི་བསྐལ་བ་བཟང་པོའི་སངས་རྒྱས་སུ་གྱུར་བ་བྱང་ཆུབ་སེམས་དཔའ་ སྐལ་ལྡན་ཤིང་རྟ་ཉིད་ཀྱི་སྐྱེ་བ་བཞེས་པར་གྲགས། ཁོང་གིས་སྤྱིར་ དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། སྒོས་སུ་སྣེའུ་ཟུར་ པ་ཡེ་ཤེས་འབར་གྱི་ཞབས་ལ་གཏུགས་ཤིང་བཀའ་གདམས་པའི་ [367] མཛད་པས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། གཙུག་ ལག་ཁང་ཆེན་པོ་བཞེངས་པ་ལ་སོགས་པའི་གཞན་དོན་གྱི་བྱ་བ་རླབས་ ཆེན་མང་དུ་མཛད། དགུང་ལོ་སུམ་ཅུ་རྩ་བཞི་པ་རབ་བྱུང་གསུམ་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་མ་རིན་ཆེན་སྒང་གི་གདན་ སར་ཕེབས་ཤིང་ལོ་ངོ་བཞི་བཅུ་རྩ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ཅིང་བཤད་སྒྲུབ་ གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ནས་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱ་མ་རིན་ཆེན་སྒང་གི་ གདན་རབས་གཉིས་པ་ཡིན་ནོ། ། རྒྱ་བརྩོན་འགྲུས་སེང་གེ་ ཁོང་གི་འཁྲུངས་ལོ་མི་གསལ་ཡང་འཁྲུངས་ཡུལ་ནི་མངའ་རིས་ པུ་རངས་ཡིན། རབ་བྱུང་དང་པོའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་བལ་ཡུལ་དུ་སྐུ་གཤེགས། ཁོང་གིས་བོད་ཀྱི་མཁས་ཆེན་རིན་ ཆེན་བཟང་པོ་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་ལེགས་སྦྱར་ གྱི་སྐད་ལ་ནང་བྱན་ཚུད་པ་ཞིག་ཡིན། རབ་བྱུང་དང་པོའི་ལྕགས་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོའི་ཡན་མན་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ ཁོང་ཉིད་རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་ མངགས་ཀྱང་རེ་ཞིག་གདན་དྲངས་རྒྱུ་མ་བྱུང། དེ་ནས་ཁོང་གིས་ཇོ་ [368] བཀའ་དང་བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། ཁོང་གི་ འགྱུར། གཉིས་ཀ་འཁོད་འདུག་པས་ཡང་སྙིང་གི་རྟེན་དགེ་སློང་ངམ་དགེ་ བསྙེན་གང་ཡིན་ད་དུང་དཔྱད་དགོས། ཁོང་གི་བསྒྱུར་རྩོམ་ནི་ བཅས་པའི་གཟུངས། ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་ བུ། གནང་བའི་ཆོ་ག། སྒྲུབ་པ། འབྱོར་མའི་སྒྲུབ་ཐབས། པ་རྣམ་དག་གཙུག་གི་ནོར་བུ། སྟེགས་པ་ལ་གདམས་པ། མཁན་ལ་གདམས་པ། འཚོང་མ་ལ་གདམས་པ། པ། ལ་འཇུག་པ། ། [369] རྒྱ་མཚོའི་སྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་ བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་འདས་པ་ཆེན་པོའི་མདོ། འགྱུར། བ། གྲུབ་པར་བྱེད་པ། སོ། ། རྒྱ་ཡག་བསྐལ་བཟང་ཚུལ་ཁྲིམས་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ཆ་གྷན་པུ་ལག་ཏུ་ཡབ་ཤར་བན་གསང་བདག་སྐྱབས་དང་ཡུམ་ཁྲོ་ ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ ལྔ་པར་དབོན་པོ་ཕྱག་མཛོད་ཆོས་རྗེ་བློ་བཟང་རྒྱལ་མཚན་དང། ཆོས་ རྗེ་བློ་བཟང་ཆོས་འབྱོར། ནང་སོ་བློ་བཟང་མཁས་གྲུབ་སོགས་ཀྱིས་སྐུ་ གོང་མ་བློ་བཟང་མཁྱེན་རབ་བསྟན་པའི་ཉི་མའི་ཡང་སྲིད་དུ་ངོས་ འཛིན་མཛད་ཅིང་ཆོས་རྗེ་བླ་མའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ [370] དབུ་མཛད་དམ་ཆོས་ཡར་འཕེལ་དགེ་རྒན་དུ་བསྟེན་ཏེ་ཡི་ གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་སྦྱངས་པ་ཡག་པོར་ མཛད། དགུང་ལོ་དགུ་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད་ ཅིང་ཟི་ན་མཁན་ཆེན་སྐལ་བཟང་དར་རྒྱས་རྒྱ་མཚོ་ལས་རབ་བྱུང་ དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་པར་སྟོང་ འཁོར་དཀའ་བཅུ་རྒྱ་མཚོ་མཐའ་ཡས་ཡོངས་འཛིན་དུ་བསྟེན་ནས་སྐུ་ འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་རྣམ་འགྲེལ་ ལ་སོགས་པའི་གཞུང་ཆེ་ཆུང་རྣམས་ལ་ཐོས་བསམ་གང་ལེགས་གནང་ དགུང་ལོ་བཅུ་གསུམ་པར་གྲུབ་དབང་རྡོ་རྗེ་འཆང་ལས་འཇིགས་བྱེད་ དཔའ་གཅིག་དང། ལྷ་བཅུ་གསུམ་མ། མི་འཁྲུགས་ལྷ་དགུ། རྟ་ མགྲིན་གསང་སྒྲུབ། ནཱ་རོ་མཁའ་སྤྱོད་མའི་དབང་བཅས་ལེགས་པར་ ཞུས། དགུང་ལོ་བཅུ་བཞི་པར་བསྡུས་གྲྭའི་དམ་བཅའ་ལེགས་པར་ བཞག་དགུང་ལོ་བཅུ་དྲུག་པར་སྒོ་མང་སྐབས་དང་པོའི་སྐྱོར་དཔོན་ མཛད། དགུང་ལོ་བཅུ་བདུན་པར་དཔལ་ལྡན་གསང་སྔགས་རྒྱུད་པ་ གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གསང་ཆེན་ལམ་གྱི་རིམ་པ་ལ་གསན་ སྦྱོང་ཕུལ་དུ་ཕྱིན་པ་མཛད། དགུང་ལོ་བཅུ་དགུ་པར་ཤིང་བཟའ་བློ་ བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་སོགས་ལས་ བསྙེན་པར་རྫོགས། ལོ་དེར་གླིང་བསྲེས་དཀའ་བཅུ་བའི་མཚན་ བཏགས་བཞེས། དགུང་ལོ་ཉེར་གསུམ་པར་རི་བོ་རྩེ་ལྔར་ཕེབས་ཏེ་ བསྙེན་བཀུར་གང་ལེགས་མཛད། དགུང་ལོ་ཉེར་དྲུག་པ་རབ་བྱུང་ བཅོ་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་ [371] དགུང་ལོ་ཉེར་བདུན་པར་དངུལ་སྲང་ དྲུག་བརྒྱ་ལས་བརྒལ་བའི་རྒྱུ་སོང་གིས་སངས་རྒྱས་སྟོང་སྐུའི་གྱན་ཐང་ བཞེངས་ཏེ་རྒྱུད་པའི་འདུ་ཁང་གི་ཁྱམས་རའི་སྟེང་ཤོད་དུ་སྤྱོར་ འཇགས་མཛད། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། ཁྲི་ཟུར་ནས་ཁལ་ཁ་སེ་ཆེན་ཧན་ཝང་ཧོའུ་ཤོ་དང་ ཏ་རི་གང་ཀ་སོགས་ཧོར་གྱི་ཡུལ་གྲུ་མང་པོར་ཕེབས་ཏེ་སོ་ཐར་གྱི་སྡོམ་ པ་དང་དབང་ལུང་རྗེས་གསུམ་སོགས་ཅི་འདོད་དུ་བསྩལ། པེ་ཅིན་གྱི་ ཙན་དན་ཇོ་བོ་སོགས་དང། རི་བོ་རྩེ་ལྔའི་རྟེན་གནས་ལ་ཕྱག་མཆོད་ སྨོན་འདུན་གང་རྒྱས་དང། དབུས་གཙང་དག་པའི་ཞིང་དང། ས་ སྐྱ་གོང་འོག་གི་གཙོས་གནས་ཆེན་མང་པོར་གུས་མཆོད་དང་རྟེན་ རྣམས་ཞིབ་མཇལ་མཛད། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ རབས་དྲུག་ཅུ་རེ་བཞི་པ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ ཆེན་དྲུག་ཅུ་རེ་དགུ་པ་ཡིན་ནོ། ། རྒྱ་ཡག་ཞབས་དྲུང་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་བཞི་པའི་ས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་དོ་ དམ་གང་ལེགས་གནང། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ [372] ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་བཙན་ཁང་ ཆེན་མོའི་ཕོ་བྲང་ཞིག་གསོས་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་པ་ རབ་བྱུང་བཅུ་བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སླར་སྐུ་ འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ཆོས་དང་ཟང་ཟིང་ གཉིས་ཀྱི་སྒོ་ནས་འཛིན་བསྐྱངས་བླ་ན་མེད་པ་མཛད། དེའི་སྐབས་སུ་ ཟི་ལིང་ནས་ཏ་ཏཱ་རིན་ཞེས་པའི་དཔོན་པོ་ངན་བཙན་ཅན་དེས་གཙོས་ དགོན་པ་ལ་དམག་དྲངས་ནས་གཏོར་བཤིག་བྱས། སྐུ་འབུམ་དགོན་དུ་ ཡང་ཡོང་ནས་ཐུའུ་བཀྭན་སྒར་བར་བཅའ་སྡོད་བྱས། དགོན་པ་ཡོངས་ ཀྱི་བླ་གྲྭ་ཚང་མ་འ་འུར་ཟ་ཟིང་གང་ཡང་མེད་པར་བདེ་འཇམ་ཞི་བའི་ ཚུལ་དུ་མཚན་མོ་རང་རང་གི་ཁང་ཐོག་ཏུ་སྐྱོར་སྦྱང་མཛད་དེ་མ་ཤེས་ པ་བཞིན་གནས་པས་སྙད་འདོགས་རྒྱུ་མ་རྙེད་པར་ཕྱི་ཉིན་ཟི་ལིང་དུ་ ལོག་དེ་ཡང་ཁྲི་ཆེན་ལས་ཐོག་པའི་བཀའ་དྲིན་ཡིན། ཁོང་ནི་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་བཞི་བཅུ་ཞེ་གཅིག་པ་དང། སྐུ་ འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཞི་བཅུ་ཞེ་བརྒྱད་པ། ལྔ་བཅུ་ ང་གསུམ་པ་བཅས་ཡིན། ། རྒྱ་ཡགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་ཆོས་རྗེ་གཙང་ པ་རྒྱ་རས་རྩ་བའི་བླ་མར་བསྟེན་ནས་གདམས་ངག་མང་དུ་གསན་པས་ ཐུགས་དམ་ཁྱད་པར་ཅན་འཁྲུངས། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སློབ་ [373] དུས་ཕྱིས་སུ་གྲའི་ཟར་ པོ་ཕུར་རྒྱ་ཡགས་དགོན་པ་གསར་འདེབས་མཛད་ནས་ཚོགས་པ་ བསྐྱངས། རྒྱ་ཡགས་བཀའ་བརྒྱུད་ཅེས་བྱུང་ངོ། གཞན་དོན་ཕུན་ སུམ་ཚོགས་པ་བསྒྲུབས་ནས་བསྟན་འགྲོའི་ཞབས་འདེབས་ལེགས་པར་ མཛད་དོ། ། རྒྱ་ར་ཆོས་སྐྱོང་རྒྱ་མཚོ།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་དབུ་སྟོད་རྒྱ་ར་མགུར་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྲག་དབར་ དུ་རབ་ཏུ་བྱུང་ཞིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད། རྒྱུད་སྨད་ཀྱི་བླ་ཐོག་ནས་བྱང་རྩེར་བྱོན་ཏེ་ འཆད་ཉན་པ་ཡུན་རིང་དུ་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པ་ རབ་བྱུང་དགུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་ གསེར་ཁྲི་ལ་ཕེབས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་ མཉམ་མེད་ཐུབ་པའི་དབང་པོའི་གོས་སྐུ་ཆེན་པོ་བཞེངས། དེའི་མཉམ་ མེད་ཐུབ་པའི་དབང་པོའི་གོས་སྐུ་ཆེན་པོ་བཞེངས། དེའི་སྐབས་སུ་ འོད་སྣ་སོགས་དབུ་སྟོད་ཀྱི་ཆོས་སྡེ་ཕལ་ཆེར་འབྲི་གུང་པས་བདག་ འཛིན་བྱས་ཤིང་ཤར་པ་དང་འབྲེལ་བ་ཆགས་པས་གཏོར་མ་འཕེན་ རེས་མཛད། དགུང་ལོ་རེ་བདུན་པའི་ཟླ་བ་གཉིས་པའི་ཚེས་ཉེར་ བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ ཕྱིར་དུ་དངུལ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་དངུལ་གདུང་རིན་ [374] ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་བཅུ་དྲུག་པ་ཡིན་ནོ། ། རྒྱ་ཤཱཀྱ་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་དབུས་ གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་མཁས་གྲུབ་གཉིས་ལྡན་གྱི་ སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་ལ་སྟོད་མར་ལ་ཐང་གི་གཙུག་ ལག་ཁང་བཞེངས་ཏེ་འདུལ་བའི་བསྟན་པ་སྤེལ་ནས་དགེ་འདུན་མང་ པོའི་ཚོགས་པ་བསྐྱངས། ཆོས་རྒྱུད་དེ་ལས་འབྲིང་མཚམས་ཀྱི་བུལ་ ཏོག་ལྷ་ཁང་སོགས་གྱེས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ།། ཁོང་ནི་སྟོད་ལུང་བ་དཔལ་འབྱོར་རྒྱ་མཚོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། རྒྱལ་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་སྐུ་གོང་མའི་ཡང་སྤྲུལ་དུ་ཐག་བཅད་ཅིང་གདན་སར་ བཀོད། དགུང་ལོ་བཅུ་དྲུག་པར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་ ནས་སློབ་གཉེར་གནད་སྨིན་གནང་བཞིན་རབ་བྱུང་བཅུ་གསུམ་པའི་ [375] སའི་ཁྲི་ལ་བཞུགས། དགུང་ལོ་བཅུ་དགུ་པར་སྤྱང་ལུང་དགེ་འདུན་ བསྟན་འཛིན་ལས་བསྙེན་པར་རྫོགས། ལོ་བདུན་གྱི་རིང་དུ་ཕྱག་རྫས་ གང་ཡོད་དགེ་འདུན་གྱི་སྡེ་ལ་ཕུལ་ཏེ་བསྙེན་བཀུར་མཛད། གླིང་རྒྱལ་ ཞོ་འཕོང་གཉིས་ནས་སྦྱིན་བདག་རྒྱ་ཆེན་བྱས་ཏེ་གདན་ཡང་ཡང་ དྲངས་ཤིང་གཡའ་མ་བཀྲ་ཤིས་འཁྱིལ་གྱི་སྒྲུབ་སྡེ་གསར་དུ་བཙུགས་ རབ་བྱུང་བཅུ་གསུམ་པའི་དཀྱིལ་ཞིག་ཏུ་ཁེལ། འདུ་ཁང་ཕྱི་ནང་ དང། བྱམས་ཁང། གཟིམས་ཁང་སོགས་རྟེན་བརྟེན་པ་ལེགས་ པར་གྲུབ། རྡོ་སྦིས་ཕྱོགས་ཀྱི་དགུ་རིས་གྲྭ་ཚང་སོགས་བཤད་སྒྲུབ་ཀྱི་སྡེ་ བཅུ་ལྷག་གི་དགོན་མགོ་ཕུལ་བ་བདག་གིར་མཛད་དེ་ཆོས་སྲིད་གཉིས་ ཀའི་ཆ་ནས་ལེགས་པར་བསྐྱངས། སླར་ཡང་རབ་བྱུང་བཅུ་གསུམ་ པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་གླིང་ གདན་སའི་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་གདན་ས་བསྐྱངས་ ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་ བཅུ་དྲུག་པ་དང། ཉི་ཤུ་བ་ཡིན་ནོ། ། རྒྱལ་མཁན་ཆེན་བློ་བཟང་ཉི་མ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་རེབ་ སྐོང་གླིང་རྒྱལ་ཡིན། རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་མ་ དོན་ཡོད་རྒྱ་མཚོར་བསྟེན་ཏེ་ཡི་གེའི་འབྲི་ཀློག་བྱང་བར་སྦྱངས། འདུལ་ འཛིན་བློ་བཟང་ནོར་བུ་ལས་རབ་ཏུ་བྱུང། རོང་བོ་ཐོས་བསམ་རྣམ་ [376] སོགས་ཀྱི་ཞབས་ལ་བསྟེན་ནས་མཚན་ཉིད་ཀྱི་གཞུང་སློབ་གཉེར་ལེགས་ པར་མཛད་ཅིང། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་དང་ བྱ་ཁྱུང། སྐུ་འབུམ། སྟོང་སྐོར། བཙན་པོ་དགོན། དགོན་ལུང་ དམར་གཙང། གྲོ་ཚང་རྣམས་སུ་གྲྭ་སྐོར་མཛད་པས་མཁས་གྲགས་ རྒྱས། དེ་ནས་དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཏེ་མཁས་དབང་བློ་བཟང་ཤེས་རབ་སོགས་ལ་བསྟེན་ ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། པཎ་ཆེན་བློ་བཟང་ ཡེ་ཤེས། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་མཁས་གྲུབ་དུ་མའི་ཞལ་ གྱི་བདུད་རྩི་མྱོང་སྟེ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་ རམས་པའི་དམ་བཅའ་ཕུལ་དུ་ཕྱིན། རྩོད་པ་ཨང་དང་བོ་ཐོབ་པའི་ ལེགས་སྐྱེས་སུ་རྒྱལ་མེ་ཏོག་ཐང་གི་མཁན་སར་མངའ་གསོལ། མི་དབང་ ཕོ་ལྷ་ཐའི་ཇིས་བླ་མར་བསྟེན་ནས་སྤྱི་བོར་བཀུར། མཚོ་སྔོན་དཀོན་ མཆོག་ཝང་གིས་གཞུང་སར་ཕན་ཐོགས་ཅན་གྱི་བླ་མ་ཞིག་དགོས་ཞེས་ ཞུས་པ་ལྟར་ཁོང་ཉིད་གདན་དྲངས་ཏེ་མཚོ་སྔོན་དུ་ལོ་འགར་བཞུགས་ རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རོང་ བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བཅུ་ གསུམ་གྱི་རིང་དུ་གདན་ས་བསྐྱངས། ཐོས་བསམ་གླིང་གི་འདུ་ཁང་ དང། བཀའ་བསྟན་འགྱུར། བཅུ་གཅིག་ཞལ་གྱི་ལི་སྐུ་གཙོ་བྱས་ པའི་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་སོ། ཁོང་ནི་རོང་བོ་ཐོས་ བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་བཅུ་བ་ཡིན་ནོ། ། [377] རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་འབོ་རའི་རྒྱ་སྒར་ཐང་ཨེང་ཞཱ་ཧྭོ་རྫོང་ གི་ཁོངས་འབོ་ར་ཞང་དུ་ཡབ་ཡུམ་སྐྱབས་དང། ཡུམ་ལྷ་མོ་འཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་པར་མང་ངེ་དགེ་ སློང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་ཡི་གེའི་འབྲི་ཀློག་དང་འདོན་ཆོས་ འགར་བསླབས། དགུང་ལོ་བཅུ་གཅིག་པར་སེ་ར་དགེ་བཤེས་བློ་ བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་མཚན་བློ་བཟང་དོན་གྲུབ་ ཅེས་གསོལ། དགུང་ལོ་བཅུ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ ཕེབས་ཏེ་ཆོས་གྲྭར་ཞུགས། བསྡུས་གྲྭ། བློ་རྟོགས། རྟགས་ རིགས་རང་ལུགས། གྲུབ་མཐའ་རིན་ཆེན་ཕྲེང་བ་སོགས་ཚོགས་ རྒྱུགས་ཕུལ། དགུང་ལོ་བཅུ་དྲུག་པར་དཔོན་སློབ་བསོད་ནམས་གྲགས་ པ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ཀུན་མཁྱེན་འཇིགས་མེད་ དབང་པོས་སྒོ་མང་བླ་མ་སངས་རྒྱས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་ མཛད་དེ་བླ་བྲང་ནང་དུ་སྤྲུལ་པའི་སྐུའི་གདན་ཁྲིར་བཀོད། དགུང་ལོ་ ཉེར་གཅིག་པར་ཀུན་མཁྱེན་གྱི་དྲུང་ནས་བསྙེན་པར་རྫོགས་ཤིང་མཚན་ གྲགས་པ་རྒྱལ་མཚན་ཞེས་གསོལ། དགུང་ལོ་ཉེར་གཉིས་པར་དབུས་ སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་ཧོར་སྐལ་ བཟང་དངོས་གྲུབ་དང་གུང་ཐང་བསྟན་པའི་སྒྲོན་མེ་དགེ་རྒན་དུ་ བསྟེན་ནས་སློབ་གཉེར་གྱི་རྒྱུན་བསྐྱངས་ཏེ་སྒོ་མང་གི་ཚོགས་དབུས་སུ་ [378] གཞུང་གི་བཀའ་ལྟར་ཆོས་འཁོར་རྒྱལ་གྱི་མཁན་པོ་མཛད། དེ་ནས་ མི་རིང་བར་ལྷ་ལྡན་སྨོན་ལམ་ཆེན་མོར་གདན་ས་གསུམ་གྱི་དགེ་བའི་ བཤེས་གཉེན་གྱི་མདུན་དུ་དམ་བཅའ་བཞག་ནས་ལྷ་རམས་པའི་མཚན་ རྟགས་ཨང་དང་པོ་བཞེས་སོ། དགུང་ལོ་ཉེར་དགུ་བར་མདོ་སྨད་དུ་ ཕེབས་ཏེ་བླ་བྲང་མཁན་པོ་མཛད་དེ་དགོན་པར་རྟེན་གསར་བཞེངས་ མཛད། དགུང་ལོ་བཞི་བཅུ་བར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ བར་མངའ་གསོལ་མཛད་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ ཉེར་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི་ སྤྱོད་པ་ལ་འཇུག་པའི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ། བསྡོམས་བསྟན་བཅོས་དགུ་བཅུ་གོ་ལྔ་ཙམ་ཡོད་པ་ཕྱོགས་གཅིག་ཏུ་ དྲིལ་ཏེ་པོ་ཏི་དྲུག་ལྷག་ལོངས་པའི་པར་ཤིང་བླ་བྲང་དུ་བཏབ་ཡོད་ ཁོང་གིས་སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་ མཛད་ཅིང། གསུང་གི་བདུད་རྩི་ཕྱོགས་མེད་དུ་སྤེལ་ཏེ། བུ་སློབ་ མང་པོ་བཀའ་དྲིན་གྱིས་བསྐྱངས་སོ་ རྒྱལ་མཁན་སྤྲུལ་སྐལ་བཟང་གྲགས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་རྒྱལ་མཁན་པོའི་སྐུ་ཕྲེང་བཞི་པར་ངོས་ འཛིན་མཛད་དེ་རྒྱལ་མཁན་པོའི་གདན་སར་ཕེབས། རྩ་བའི་བླ་མ་ངག་ དབང་ཐུབ་བསྟན་རྒྱ་མཚོ་སོགས་སློབ་དཔོན་མང་པོ་བསྟེན་ནས་མདོ་ [379] པའི་གྲགས་པ་ཐོབ། ལྷག་པར་དུ་ནང་དོན་རིག་པ་དང་སྙན་ངག་ སོགས་ལ་ཤིན་ཏུ་མཁས། བསྟན་འགྲོའི་བྱ་བ་འབའ་ཞིག་བསྒྲུབས་ནས་ དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་སྒྲུབ་ཐབས་དང་ དྲིས་ལན། རྣམ་ཐར། ལོ་རྒྱུས། དབང་ལུང་གི་ཟིན་ཐོ། གཏམ་ ཚོགས། གནས་བསྟོད་སོགས་ཆོས་ཚན་སུམ་ཅུ་སོ་གསུམ་ཡོད་པ་དེ་ ཕྱོགས་གཅིག་ཏུ་བསྡུས་ནས་པོ་ཏི་གཉིས་སུ་བྱས་ཏེ་བླ་བྲང་བཀྲ་ཤིས་ འཁྱིལ་དུ་ཤིང་པར་བརྐོས་ནས་བཞུགས་སོ། ། རྒྱལ་ཏོ་རི་ལོང་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྟོད་ཙམ་དུ་ཡབ་ རྒྱལ་པོ་ལྡེ་སྤྲིན་བཙན་དང། ཡུམ་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ཏ་ར་ལ་ཧ་རིས་ མཛད་ཅིང་གསས་ཁང་ཡང་བཞེས། བཙུན་མོ་འོ་མ་ལྡེ་བཟའ་ཁྲི་ བཙུན་བྱང་མ་ཁབ་ཏུ་བཞེས་ཏི་རིགས་སྲས་ཁྲི་བཙན་ནས་སྐུ་འཁྲུངས་ ཁོང་གི་བང་སོ་གངས་དཀར་རྩེ་ལ་བཏབ། ཁོང་ནི་འོག་གི་བཙན་ལྔ་ ལས་བཙན་དང་པོ་ཡིན་ནོ། ། རྒྱལ་བ་བསྐལ་བཟང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང། ཡུམ་བློ་ བཟང་ཆོས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ལྷ་བཟང་ཧན་ལ་ [380] ངོགས་ཀུན་དགའ་རྣོར་དུ་བཞུགས། དགུང་ལོ་བརྒྱད་པར་སྐུ་འབུམ་ བྱམས་པ་གླིང་དུ་ཕེབས་ཏེ་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་ པའི་རྒྱལ་མཚན་གྱི་མདུན་ནས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་མནོས་ དགུང་ལོ་བཅུ་གཉིས་པར་གོང་མ་བདེ་སྐྱིད་རྒྱལ་པོའི་སྲས་དཔོན་འཁོར་ དང་དཔུང་ཚོགས་སྟོང་ཕྲག་གསུམ་དང་བཅས་སྐུ་འབུམ་དུ་ཕེབས་ཏེ་ བོད་དུ་གདན་ཞུ་བྱ་རྒྱུའི་བཀའ་ལུང་བསྒྲགས། བསྟན་པ་རྒྱས་ཤིང་འགྲོ་ བ་འདྲེན་པ་ཏཱ་ལའི་བླ་མ་དྲུག་པ་ཞེས་པའི་གསེར་གྱི་ཐམ་ཀ་མན་ཇུ་ དང། སོག་པོ། བོད་གསུམ་གྱི་ཡི་གེ་ཡོད་པ་ཞིག་དང། གསེར་ སྲང་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་འཇའ་ས་བཅས་བསྩལ། ལོ་དེར་ དབུས་སུ་ཕེབས་ནས་པོ་ཏཱ་ལའི་ཕོ་བྲང་ཆེན་པོའི་ཁྲི་ལ་མངའ་གསོལ་ཏེ་ མཛད་སྒོ་གཟབ་ཅིང་རྒྱས་པར་མཛད། དེ་ནས་པཎ་ཆེན་བློ་བཟང་ཡེ་ ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགའ་ལྡན་ཁྲི་ཟུར་བློ་བཟང་ དར་རྒྱས་ཡོངས་འཛིན་དུ་བསྟེན་ཏེ་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་ སློབ་གཉེར་ལེགས་པར་མཛད། དགུང་ལོ་བཅུ་དྲུག་པར་གོང་མ་གཡུང་ ཊིང་གིས་ རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་ བླ་མ་ཞེས་ཡིག་རིགས་བཞིས་སྤྲས་ཀྱི་གསེར་ཐམ་བསྩལ་ཏེ་བོད་ཀྱི་ ཆོས་སྲིད་མཐའ་དག་གཟིགས་སྐྱོང་དགོས་པའི་བཀའ་ལུང་ཐོབ་ དགུང་ལོ་བཅུ་བདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་ རྫོགས་ཀྱི་སྡོམ་པ་ཞེས། དགུང་ལོ་བཅུ་དགུ་པར་བཀའ་བློན་ནང་ཁུལ་ [381] བདེ་འཇགས་ལ་དགོངས་ནས་ལི་ཐང་དུ་ཕེབས་དགོས་པའི་བཀའ་ལུང་ བྱུང། དེ་ནས་ལྷོ་ལམ་བརྒྱུད་ཀོང་པོ་རྒྱ་མདའ། ལྷ་རི་འགོ་ཤོ་པ་ མདོ། འབའ་ཐང་སོགས་ནས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་ ཕེབས། གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཅུ་བཞིའི་མཐུན་ རྐྱེན་སྦྱར་ཏེ་མགར་ཐར་དུ་གཙུག་ལག་ཁང་བླ་བྲང་དང་བཅས་རྒྱ་ཆེ་ གསར་སྐྲུན་མཛད། དེ་མུར་ལོ་ངོ་ལྔ་ཙམ་བཞུགས་རིང་རྒྱུད་སྨད་ མཁན་པོ་ངག་དབང་མཆོག་ལྡན་གྱི་དྲུང་ནས་དབང་ལུང་མན་ངག་ སོགས་ཀྱི་ཆོས་བཀའ་མང་པོ་གསན། དགུང་ལོ་ཉེར་བདུན་པར་བྱང་ ལམ་བརྒྱུད་ནས་དབུས་སུ་ཕེབས། དེ་ནས་ལོ་ངོ་བཅོ་ལྔའི་རིང་དུ་ པཎ་ཆེན་བློ་བཟང་ཡེ་ཤེས་དང། ཞྭ་ལུ་མཁན་པོ་ངག་དབང་ཡོན་ ཏན་འབྱུང་གནས་བཅས་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་ གནས་བཅས་པར་ལེགས་པར་སྦྱངས་པས་མཁས་པའི་བདག་པོར་ གྱུར། དགུང་ལོ་ཞེ་གསུམ་པར་ སྤྱི་ལོ་་ བོད་དུ་བཀའ་ཤག་ སྲིད་གཞུང་དངོས་སུ་བཙུགས་ནས་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་ གྱུར། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་མཛད། དགུང་ ལོ་ཞེ་བདུན་པར་སྐལ་བཟང་ཕོ་བྲང་གསར་བསྐྲུན་མཛད། སྐུ་ཚེ་ཧྲིལ་ པོར་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ནས་དུས་འདའ་བར་མཛད་དོ། ཆན་ ལུང་གོང་མས་སྤྱི་ལོ་་ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཏཱ་ལའི་ སྐུ་ཕྲེང་དྲུག་པ་ནས་ཏཱ་ལའི་སྐུ་ཕྲེང་བདུན་པར་ཆོག་མཆན་བཀོད་ ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང། ཐོབ་ཡིག་ཆོ་གའི་རྣམ་ [382] འཁྲིད་ཡིག་བརྒྱུད་འདེབས། སྒྲུབ་ཐབས། དབང་བཤད་ ཤིས་བརྗོད་བཅས་ཆོས་ཚན་ལྔ་བཅུ་ང་བཞིར་བཞུགས་སོ། ། རྒྱལ་བ་ཁྱུང་ཚང་ཐོད་དམར་བ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་གཉིས་པ་རབ་ བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་ གདན་སར་ཕེབས་ཤིང་ལོ་ངོ་བདུན་གྱི་རིང་དུ་གདན་ས་བསྐྱངས་ཏེ་ སློབ་མ་མང་དུ་གསོ་སྐྱོང་མཛད། དེ་ནས་འགྲོ་དོན་མཐར་ཞོག་སྟེ་ དགུང་ལོ་བདུན་ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་བརྒྱད་པ་ཡིན་ནོ་ རབ་བྱུང་གསུམ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ གསུམ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་རྒྱལ་ལྷ་ཁང་གི་ གདན་ས་སྟོངས་བ་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་སོ། ། རྒྱལ་བ་མཁས་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཁམས་མི་ཉག་མགར་ཐར་དུ་ཡབ་ཚེ་བརྟན་དོན་གྲུབ་དང། ཡུམ་གཡུང་ དྲུང་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པར་ ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྩེ་པོ་ཏ་ལར་སྐུ་གཤེགས། དགུང་ ལོ་གསུམ་པར་བོད་སྡོད་ཨམ་བན་བཅས་ནས་གསེར་བུམ་དཀྲུགས་ནས་ རྒྱལ་བ་སྐུ་ཕྲེང་བཅུ་པ་མཁས་གྲུབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ [383] བཞེས། དགུང་ལོ་བཞི་པར་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ དགུང་ལོ་བཅུ་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་ གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་ དུ་ཚོགས་ཆོས་འགྲིམས་ཏེ་ཆོས་འཆད་ཉན་གང་ལེགས་མཛད་པ་དང་ དགེ་འདུན་མང་ཚོགས་རྣམས་ལ་མང་འགྱེད་རྒྱ་ཆེན་བཏང། དེ་ནས་ མ་ཕམ་གཡུ་མཚོ་དང། རྒྱལ་རྩེའི་ཆོས་འཁོར། བསམ་ཡས་བཅས་ ལ་གཟིགས་ཞིབ་ཕེབས། དགུང་ལོ་བཅུ་བདུན་པར་གོང་མ་ཤིན་ ཧྥན་གྱིས་བཀའ་རྒྱ་སྤེལ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ལས་འགན་ ཐུགས་རྗེས་བསྐྱང་དགོས་པའི་དུས་ལ་བབས་སོ། ཁོང་ནི་རྒྱལ་བ་སྐུ་ ཕྲེང་བཅུ་གཅིག་པ་ཡིན། ། རྒྱལ་བ་དགེ་འདུན་རྒྱ་མཚོ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་རྟ་ནག་ཡུལ་གྱི་སོ་ནམ་པའི་ཁྱིམ་དུ་ཡབ་ཀུན་དགའ་རྒྱ་ མཚོ་དང། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་དགུ་བའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་འབྲས་སྤུངས་ སུ་སྐུ་མྱ་ངན་ལས་འདས། སྐུ་ན་ཕྲ་བའི་དུས་ནས་བཟུང་ཡབ་ཀྱི་རྗེས་ སུ་ཀརྨ་བའི་གསང་སྔགས་ལ་གསན་སྦྱངས་མཛད། དགུང་ལོ་བཅུ་ གཅིག་པར་རྒྱལ་བ་སྐུ་ཐོག་སྔོན་མ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་ དུ་ངོས་འཛིན་བྱས་ནས་གཙང་བཀྲ་ཤིས་ལྷུན་པོའི་གདན་སར་བཀོད་ དགུང་ལོ་བཅུ་གཉིས་པར་གྲ་སར་ཞུགས་ཏེ་དགེ་བཤེས་ལུང་རིགས་རྒྱ་ [384] དེ་ནས་ཅུང་མ་འགོར་བར་ འབྲས་སྤུངས་སུ་ཕེབས་ཏེ་གནས་རྙིང་རིན་པོ་ཆེ་ལས་བསྙེན་པར་རྫོགས་ ཤིང་དབུ་ཚད་ཕར་གསུམ་ལ་མཁས་པར་སྦྱངས། སྐབས་དེར་བོད་ཀྱི་ ཆབ་སྲིད་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། བོད་ཡུལ་དུ་ ཆོས་པས་རྒྱལ་པོའི་སྲིད་དབང་ལ་བརྟེན་ནས་གྲུབ་མཐའི་ཕྱོགས་རིས་ རྩོད་པ་དང། གྲོང་བས་གྲུབ་མཐའི་ཤུགས་རྐྱེན་བཟུང་ནས་ལོ་ངོ་ བརྒྱ་ཕྲག་རིང་དུ་བསྟུད་མར་ནང་འཁྲུགས་རྒྱུན་མི་ཆད་པར་བྱུང་ངོ་ དེ་ནས་རི་བོ་དགེ་ལྡན་པའི་བསྟན་པར་འཕེལ་འགྲིབ་བྱུང་བའི་སྐབས་ སུ་རྒྱལ་བ་དགེ་འདུན་རྒྱ་མཚོ་ལྷོ་ཁ་དང། དྭགས་པོ། སྣར་ཐང་ རྭ་སྒྲེང་སོགས་སུ་ཞབས་ཀྱིས་བཅགས་ཏེ་ཞྭ་སེར་བསྟན་པའི་མེ་རོ་ གསོས། ལྷ་ས་ནས་ཤར་ལྷོའི་ཕྱོགས་ཀྱི་ལྷ་མོའི་བླ་མཚོ་འགྲམ་དུ་ གདན་ས་ཆོས་འཁོར་རྒྱལ་བཏབ། དེ་ནས་བཟུང་ཁོང་ཉིད་དགུན་ དཔྱིད་ལ་འབྲས་སྤུངས་དང། དབྱར་སྟོན་ལ་ཆོས་འཁོར་རྒྱལ་དུ་ བཞུགས་གནང་མཛད། དེའི་སྐབས་སུ་ཁོང་ཉིད་གདན་ས་བཀྲ་ ཤིས་ལྷུན་པོ་དང། འབྲས་སྤུངས་དགོན་གྱི་ཁྲི་ལ་ཞབས་སོར་བཀོད་ ཅིང་སེ་ར་ཐེག་ཆེན་གླིང་གི་མཁན་པོའང་མཛད། ཁོང་འབྲས་སྤུངས་ དགོན་དུ་བཞུགས་གནང་མཛད་སྐབས་དགའ་ལྡན་ཕོ་བྲང་ཕྱག་ འདེབས་མཛད་ནས་སྡེ་སྲིད་བསྐོ་བཞག་བྱེད་པའི་ལམ་ལུགས་བཙུགས་ ཁོང་གི་གསུང་རྩོམ་ནི་ མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས། རྣམ་བཤད། [385] དཀར་ཆག་དང་རྣམ་ཐར་བཅས་པོ་ཏི་ གསུམ་ཙམ་བཞུགས་སོ། ། རྒྱལ་བ་དགེ་འདུན་གྲུབ་པ།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ ལུང་ལག་གུར་མེའི་རུ་པར་ཡབ་མགོན་པོ་རྡོ་རྗེ་དང། ཡུམ་ཇོ་མོ་ནམ་ མཁའ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་ན་ཕྲ་དུས་ཀྱི་མཚན་ལ་ པདྨ་རྡོ་རྗེ་བཏགས། དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་བ་རྗེ་ གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། བརྒྱ་སྟོན་ཙནྡྲ་ པ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བཅོ་ལྔ་བར་ གནས་བརྟན་ཆེན་པོའི་རྣམ་འཕྲུལ་མཁན་ཆེན་གྲུབ་པ་ཤེས་རབ་ལས་ རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་དགེ་འདུན་ གྲུབ་པ་དཔལ་བཟང་པོར་གསོལ། དགུང་ལོ་ཉི་ཤུ་བར་ཁོང་ཉིད་ལས་ དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ ཏེ་རྗེ་ཙོང་ཁ་བ་དང་མཇལ། ལོ་ངོ་བཅུའི་བར་གསང་ཕུ་ནེའུ་ཐོག་ དང། རི་བོ་དགའ་ལྡན་དང། འཕན་ཡུལ་གྲོས་ལ་སོགས་པར་ མཁས་བཙུན་བཟང་གསུམ་གྱི་བླ་མ་དྲུག་ཅུ་ལྷག་ཙམ་ལ་བསྟེན་པ་ དང། ཁྱད་པར་བཀའ་དྲིན་མཚུངས་མེད་ཀྱི་བླ་མ་གསུམ་སྟེ། དང་ པོར་བཀའ་དྲིན་ཆེ་བ་མཁན་ཆེན་གྲུབ་པ་ཤེས་རབ་དང། བར་དུ་ བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ། ཐ་མར་བཀའ་དྲིན་ཆེ་བ་མཁས་ [386] དགུང་ལོ་སོ་དྲུག་པར་གཙང་དུ་ ཕེབས་ཏེ། སྣར་ཐང་བྱང་ཆེན་དང། རི་ཕུད། བྲག་དམར་ སོགས་སུ་བཞུགས་ཏེ་ལོ་བཅུ་གཉིས་ཀྱི་བར་འཆད་ཉན་དམར་ཞིང་གྲྭ་ ཚོགས་འཕེལ་བར་མཛད། དགུང་ལོ་ང་བདུན་པར་འཕྱོངས་རྒྱས་པ་ དཔལ་འབྱོར་བཟང་པོས་རོགས་སྐྱོར་བྱས་པར་བརྟེན་ནས་ སྤྱི་ལོ་ ་ བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་འཁོར་གླིང་བཏབ་ཅིང་ རྗེས་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ བཞེངས། དགོན་པ་བཞེངས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་ པའི་བདག་པོར་མཛད་དེ་འཆད་མཉན་ནམ་ཡང་ཆག་པ་མེད་པར་ གནང། རྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་ནས་རྗེ་དགེ་འདུན་གྲུབ་ པ་རྒྱལ་བ་སྐུ་ཕྲེང་དང་པོར་ངོས་བཟུང་བྱས་པ་རེད། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་འདུལ་འཛིན་དཔལ་ལྡན་བཟང་པོ། རྡོ་རྗེ་སློབ་དཔོན་ བཟང་པོ་བཀྲ་ཤིས། འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་ རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་པ་བསྟན་པའི་ ཉི་མ། སྨོན་ལམ་དཔལ་ལེགས་བློ་གྲོས། མཁན་ཆེན་བཟོད་པ་དཔལ་ གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་བཅས་ཡིན། ཁོང་གི་གསུང་ རྩོམ་ནི་ ཊིཀྐ། ། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ བོད་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེར་ཡབ་འཕྱོངས་ [387] ཡུམ་ཡར་འབྲོག་སྣ་དཀར་རྩེ་ ས་སྐྱ་དཔོན་ཆེན་ཨ་ལེན་གྱི་རྒྱུད་པ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་དྲུག་པར་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ ཆོས་རྒྱན་དང། གསང་ཕུ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་ འཕེལ་གཉིས་ཀྱིས་རྭ་སྒྲེང་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྤྱན་སྔར་བརྟག་ ཞུ་མཛད་དེ་རྒྱལ་བ་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ཡིན་ པར་ངོས་འཛིན་མཛད། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་ཆོས་ རྒྱན་གྱིས་མཁན་པོ་དང། གླིང་སྨད་ཞབས་དྲུང་འཇམ་དབྱངས་ དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་ པ་བཞེས། མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ ཐུབ་བསྟན་ལང་ཚོའི་སྡེ་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་ དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོ་བཀའ་པོད་ལྔ་ལ་ཕུ་ཐག་ ཆོད་པའི་སློབ་གཉེར་རིམ་བཞིན་མཛད། དགུང་ལོ་ཉི་ཤུ་པར་པཎ་ ཆེན་བློ་བཟང་ཆོས་རྒྱན་གྱིས་མཁན་པོ་དང། ལས་ཀྱི་སློབ་དཔོན་གླིང་ སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་མཛད་ དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་དེར་ལྷ་སའི་གཙུག་ལག་ཁང་ དུ་གོ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་བཟོས་གནང་ དགུང་ལོ་ཉེར་ལྔ་པར་གོ་ཤྲཱི་ཧན་གྱིས་གཙང་པ་རྒྱལ་པོ་བཅོམ་སྟེ་ཁོང་ ཉིད་གཞིས་ཀ་རྩེར་གདན་དྲངས། གངས་ཅན་འཛིན་མའི་ཁྱོན་ལ་ [388] དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཐོག་མར་བཙུགས། དགུང་ལོ་སུམ་ ཅུ་པར་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་མཛད། དགུང་ལོ་སོ་ དྲུག་པར་གོང་མ་ཤུན་ཙིས་གདན་སའི་གསེར་ཡིག་པ་བཀའ་མངགས་ ལྟར་དབུས་ནས་བྱང་ལམ་བརྒྱུད་དེ་པེ་ཅིན་དུ་ཕེབས། གོང་མ་ཤུན་ ཙི་དང་ཞལ་འཛོམས་མཛད་དེ་གསོལ་སྟོན་གཟབ་རྒྱས་བཤམས་ནས་ ཆོས་སྲིད་ཀྱི་མཛད་སྒོ་ལེགས་པར་གྲུབ་སྟེ་བོད་དུ་ཕེབས། གོང་མ་ ཤུན་ཙིས་ནུབ་ཀྱི་ལྷ་གནས་ཆེས་དགེ་བར་གནས་པའི་སངས་རྒྱས་ཀྱི་ བཀའ་ལུང། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་ གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་གསེར་གྱི་ འཇའ་ས་དང། ནུབ་ཕྱོགས་ཀྱི་ཕུལ་བ་ཨུང་ཞི་བ་སངས་རྒྱས་རྒྱ་ཆེན་ ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་ རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་གསེར་གྱི་ཐམ་ཀ་བཅས་བསྩལ། ཁོང་ གི་ལུགས་གཉིས་ཆོས་སྲིད་ཀྱི་མཛད་བཟང་ཀུན་ཏུ་ཁྱབ་པའི་མཐུ་ལ་ རྟེན་ནས་དགའ་ལྡན་ཚེ་དབང་དཔལ་བཟང་གིས་མངའ་རིས་ལ་དྭགས་ ས་ཁུལ་དཔུང་འཇུག་གིས་དབང་དུ་བསྡུས་ཏེ་བོད་ཁམས་ཞི་བདེ་བྱུང་ བས་ཆོས་སྲིད་བརྟན། ཁོང་ནི་རྒྱལ་བ་སྐུ་ཕྲེང་ལྔ་བ་ཡིན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང། ཀུན་མཁྱེན་ འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ཡིན། ཁོང་གི་གསུང་རྩོམ་ནི་ ཐོབ་ཡིག་དང། རྟོགས་བརྗོད། རྣམ་ཐར། ཆོ་ག་སྒྲུབ་ཐབས་ དབང་བཤད། འཁྲིད་ཡིག་མཐའ་དཔྱོད། རྣམ་བཤད། བསྟོད་ [389] ལམ་ཡིག་དཀར་ཆག་དེབ་ཐེར། སྙན་འགྲེལ། བརྗེད་ བྱང། བརྒྱུད་འདེབས། བཅའ་ཡིག་ཟིན་བྲིས་བཅས་ཆོས་ཚན་ ཉིས་བརྒྱ་དྲུག་ཅུ་རེ་གཉིས་བཞུགས་སོ། ། རྒྱལ་བ་ཆོས་རྗེ་བཀྲ་ཤིས་དོན་གྲུབ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རྒྱལ་ དབང་ཐམས་ཅད་མཁྱེན་པའི་བཀའ་ལྟར་སེ་ཆེན་རྒྱལ་པོའི་རྒྱུད་ཀྱི་བླ་ མཆོད་མཛད་ཅིང་ཕྱིར་ཕེབས་ནས་སྐུ་འབུམ་དགོན་དུ་བཞུགས་པ་ མཛད། རབ་བྱུང་བཅུ་གཅིག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་ སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ནན་ཏན་དུ་མཛད་ རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ཡག་ དཀའ་བཅུ་དགེ་འདུན་རྒྱལ་མཚན་དང། ཟི་ན་བླ་མ་དཔལ་འབྱོར་ རྒྱལ་མཚན། ཟི་ན་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་བཅས་ ཀྱིས་སྦྱིན་བདག་མཛད་དེ། འདུ་ཁང་རྙིང་བ་དབུས་འཕུག་ལྟར་ཀ་བ་ སུམ་ཅུ་རྩ་དྲུག་ཡོད་པ་གསར་བཞེངས་མཛད། མཛོད་དང་འདུལ་ བའི་འཛིན་གྲྭ་གཉིས་གསར་འཛུགས་མཛད་དེ་བརྩི་བཞག་ཀྱང་ལེགས་ པར་གནང་ངོ། ལོ་བཞིའི་རིང་དུ་གདན་ས་བསྐྱངས་ཤིང་དགོན་པའི་ མངའ་ཐང་དར་བར་མཛད་དོ། ཁོང་ནི་སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་དྲུག་པ་ཡིན་ནོ། ། རྒྱལ་བ་འཇམ་དཔལ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ [390] ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་གཉིས་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་ དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་ པ་བཞེས་ཏེ་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་ རྒྱ་མཚོ་ཞེས་གསོལ། དགུང་ལོ་བཞི་བར་བཀྲ་ཤིས་ལྷུན་པོ་ནས་དབུས་ ལྷ་ལྡན་དུ་ཕེབས། དགུང་ལོ་ལྔ་བར་རྩེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་ གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་ དཔལ་ལྡན་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་དང། ཡོངས་འཛིན་ ཁྲི་ཆེན་རིན་པོ་ཆེས་དུས་གོ་བ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ ཁོང་ལས་དབང་ལུང་རྗེས་གནང་མང་དུ་གསན། དེ་ནས་ཡོངས་ འཛིན་ཕུར་ལྕོག་ངག་དབང་བྱམས་པ་དང། བྱང་རྩེ་ཆོས་རྗེ་བྱ་ཁྱུང་ པ་ངག་དབང་ཆོས་གྲགས་གཉིས་ཀྱི་མདུན་ནས་གཞུང་ལུགས་རབ་ འབྱམས་ལ་སློབ་གཉེར་གྱིས་དུས་འདའ་བར་མཛད། དགུང་ལོ་ཉི་ཤུ་ བར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཁན་པོ་དང། ཁྲི་ ཟུར་ངག་དབང་ཆོས་གྲགས་ཀྱིས་ལས་སློབ། ཡོངས་འཛིན་བློ་ བཟང་ཆོས་འཕེལ་གྱིས་གསང་སྟོན་སློབ་དཔོན་མཛད་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བཞི་བར་ཆན་ལུང་གོང་མས་ ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་ བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་ [391] དགུང་ ལོ་ཉེར་བདུན་པར་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་སྐུ་ཕྲེང་ བདུན་པར་དགེ་བསྙེན་གྱི་སྡོམ་པ་བསྩལ་ཏེ་མཚན་ལ་བློ་བཟང་དཔལ་ ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། དགུང་ལོ་ སོ་གཅིག་པར་ལྷ་སའི་གཙུག་ལག་ཁང་ལྟེ་བའི་བར་སྐོར་ཞལ་ཕྱིར་ བསྟན་དང། ཁྱམས་ར་ཆེན་མོ། སྒོ་མཆོར་མདོ་སྦུག་གསུང་ ར། དཀྱིལ་འཁོར་སྡིངས། བར་ཁང་རྩེ་མོ་བཅས་ཀྱི་ལྡེབས་བྲིས་ རྣམས་རྙིང་སོང་བ་སྔར་བཞིན་གསར་བྲིས་མཛད། དགུང་ལོ་སོ་ གསུམ་པར་སྒྲུབ་སྡེ་ཚེ་མཆོག་གླིང་གི་གཙུག་ལག་ཁང་གསར་བཞེངས་ མཛད། དགུང་ལོ་སོ་དགུ་བར་དགེ་སློང་མ་དཔལ་མོ་ལུགས་ཀྱི་ཐུགས་ རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་དང། སྨྱུང་གནས་བླ་རྒྱུད་ཀྱི་སྐུ་ གསེར་ཟངས་ལས་བསྒྲུབས་པའི་ཚེ་དཔག་མེད་ཀྱི་སྐུ་བཅས་གསར་ བཞེངས་མཛད་ནས་རྒྱལ་བའི་བསྟན་པར་ཞབས་འདེགས་ཞུས་སོ་ ཁོང་ནི་རྒྱལ་བ་སྐུ་ཕྲེང་བརྒྱད་པ་ཡིན། ཁོང་གི་གསུང་རྩོམ་ནི་བླ་ མའི་རྣལ་འབྱོར་དང། སྒྲུབ་ཐབས། ཆོ་ག་དཀར་ཆག་ གསོལ་འདེབས། དྲིས་ལན། བློ་སྦྱོང། བཅའ་ཡིག་བཅས་ ཆོས་ཚན་བཅུ་བཞིར་བཞུགས་སོ། ། རྒྱལ་བ་ཏེན་ནེ།། ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡར་མངའ་ནུབ་ཀྱི་ཆུ་འཁོར་དུ་ཡབ་ཇོ་སྲས་སྐྱབ་བེ་དང། ཡུམ་ འཚུར་མོ་བཟའ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་ [392] ཁོང་དགུང་ལོ་ གསུམ་པར་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ཏེ་ང་མལ་བརྩོན་འགྲུས་བླ་མ་ ཡིན་ཞེས་གསུངས། དེ་ནས་སོ་སྐུ་རིང་ལས་ཐུགས་རྗེ་ཆེན་པོའི་རྫོགས་ རིམ་དང་མ་ཎིའི་བཟླས་ལུང་ཞུས། དགུང་ལོ་ལྔ་པར་རས་ཆུང་པ་ དང་མཇལ་ཞིང་ཏི་ཕུ་ལུགས་ཀྱི་དོ་ཧ་ཞུས། དགུང་ལོ་བདུན་པར་ ཆོས་རྗེ་སྒམ་པོ་བ་དང་མཇལ་ཞིང་ཕྱག་རྒྱ་ཆེན་པོ་ཞུས། དགུང་ལོ་ དགུ་པར་སློབ་དཔོན་སྒོམ་པ་ལས་སྒྲོལ་མའི་འདོན་ལུང་དང་ཇོ་བོའི་ ལུགས་ཀྱི་མན་ངག་རྣམས་ཞུས། དགུང་ལོ་བཅོ་ལྔའི་ཚུན་དུ་ཡབ་ཆེན་ སྦྱངས་ལས་མ་གཤེན་ཕུར་གསུམ་དང། དཔེ་སྲོག་གཙང་གསུམ་བཅས་ ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་བཅོ་བརྒྱད་ཀྱི་བར་དུ་བྱ་ སའི་ཇོ་བོ་ལྷ་ཆེན་པོ་དང་ལྷ་བཙུན་སྔོན་མོ་གཉིས་ཀྱི་བློན་པོ་ལོ་ངོ་གསུམ་ དུ་མཛད། དགུང་ལོ་ཉེར་ལྔ་པར་འབྲིང་ཆ་རུ་བ་ལས་དགེ་བསྙེན་གྱི་ སྡོམ་པ་བླངས་ཤིང་བདེན་གཉིས་ཀྱི་ཆོས་རྣམས་ཞུས། དེ་ནས་པ་ཚབ་ སྒོམ་པའི་མདུན་དུ་ཕེབས་ཏེ་དབང་དང་གདམས་ངག་ཞུས། ད་དུང་ ལམ་ལྔའི་ཁྲིད་དང། སྙན་བརྒྱུད་དོ་ཧའི་སྐོར། རྟེན་འབྲེལ་གྱི་ཆོས་ སྐོར། རྫུ་འཕྲུལ་གྱི་ཆོས་སྐོར་བཅས་ཞུས་ཤིང་སྒོམ་སྒྲུབ་མཛད་པས་ རྟོགས་པ་ཁྱད་པར་ཅན་འཁྲུངས། བླ་མའི་གསུང་རྣམས་ཀྱང་ཟིན་ བྲིས་མཛད་ཅིང་ཞིབ་མོ་དར་ཆགས་སུ་བཏགས། དེ་ནས་རྒྱལ་ཁམས་ འགྲིམ་པའི་རྣལ་འབྱོར་པ་མཛད་ཅིང་སློབ་མ་ཡང་མང་དུ་བསྐྱངས་ གཙོ་བོར་སྦས་པའི་བརྟུལ་ཞུགས་ཁོ་ནར་འཛིན་ནས་དུས་འདའ་བར་ མཛད། ཁོང་ནི་ཆིག་བརྒྱུད་སྤས་པའི་བླ་མ་རྣམ་གསུམ་ལས་གསུམ་པ་ [393] ཁོང་གི་སློབ་མའི་ཚོགས་ཀྱི་གཙོ་བོ་ནི་ངམ་ཤོད་ཀྱི་གཙང་པོ་ དྲུག་བཙུན་མོ་དང་ཡུམ་བུ་དྲུག་དགེ་བཤེས་དྲུག་སྔགས་པ་དྲུག་ ཁྱིམ་པ་དད་ཅན་དྲུག་བླ་མའི་བཀའ་རྒྱ་མི་སྲུང་པའི་ཆོས་འཚོང་བའི་ ཚོང་དཔོན་དྲུག་སྟེ་སུམ་ཅུ་རྩ་དྲུག་བཅས་ཡིན་ནོ། ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ དྭགས་པོ་སྣང་རྫོང་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང། ཡུམ་ བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་ པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། པཎ་ཆེན་བསྟན་ པའི་དབང་ཕྱུག་གི་གསུང་བརྟག་དང། གནས་ཆུང་ཆོས་སྐྱོང་གི་བཀའ་ ལུང། ཆོས་འཁོར་རྒྱལ་ལྷ་མོ་བླ་མཚོའི་གཟིགས་སྣང་བཅས་ཀྱི་ཐོག་ ནས་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡང་སྲིད་ཡིན་པར་ངེས་བརྙེད་ ཐོབ། དགུང་ལོ་གཉིས་པར་ཚལ་གུང་ཐང་དུ་པཎ་ཆེན་རིན་པོ་ཆེས་ གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་ མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་ གསོལ། དགུང་ལོ་བཞི་པར་རྩེ་ཕོ་བྲང་ཆེན་མོ་པོ་ཏ་ལའི་གསེར་ཁྲིར་ མངའ་གསོལ། དགུང་ལོ་བདུན་པར་སྲིད་སྐྱོང་རྟ་ཚག་ངག་དབང་ དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་སློབ་སྦྲགས་མ་དང། ཕུར་ ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་དུས་གོ་བ་མཛད་དེ་རབ་ བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་ཡོངས་འཛིན་རྟ་ཚག་ དང་ཕུར་ལྕོག་གཉིས་ལས་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་ [394] དགུང་ལོ་ཉི་ཤུ་པར་ཡོངས་འཛིན་ཕུར་ལྕོག་ལས་བསྙེན་པར་ རྫོགས། ལོ་དེར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ དགུང་ལོ་ཉེར་བཞི་པར་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ ལོ་ཉེར་དགུ་པར་དབྱིན་ཇི་བཙན་འཛུལ་པ་ལ་བྱོལ་ནས་སོག་ཡུལ་དུ་ ཕེབས་ཏེ་ལོ་ངོ་གསུམ་ལ་བཞུགས། དགུང་ལོ་སོ་གསུམ་པར་པེ་ཅིན་ དུ་ཕེབས་ཏེ་གོང་མ་ཀྭང་ཞུ་དང། རྒྱལ་ཡུམ་ཚི་ཞི་གཉིས་ལ་མཇལ་ འཛོམས་མཛད། གོང་མས་ནུབ་ཕྱོགས་སྙིང་རྗེ་རྒྱལ་པོ་སྐྱེས་བུ་ སངས་རྒྱས་ཞེས་པའི་གསེར་གྱི་པང་ལེབ་བསྩལ། དགུང་ལོ་སོ་བཞི་ པར་བྱང་ལམ་བརྒྱུད་ནས་ལྷ་སར་ཕེབས། དགུང་ལོ་སོ་ལྔ་པར་རྒྱ་ གར་དུ་ཕེབས་ཏེ་གནས་མང་མཇལ། དགུང་ལོ་སོ་བདུན་པར་བོད་དུ་ ཕེབས་ཏེ་ཕོ་བྲང་ཆེན་མོར་ཞབས་སོར་འཁོད། དགུང་ལོ་ཞེ་ལྔ་པར་ བཀའ་འགྱུར་དང་གསུང་འབུམ་པར་བརྐོས་ནས་པར་ཤིང་གསར་དུ་ བསྐྲུན། པར་ཁང་གསར་དུ་བཞེངས་ཏེ་གངས་ཅན་ཕན་བདེའི་གཏེར་ མཛོད་གླིང་ཞེས་འདོགས་པར་མཛད། ལྷ་ས་བསྟན་གླིང་ཉེ་འདབས་ སུ་སྨན་རྩིས་ཁང་གསར་དུ་བཙུགས་མཛད་པས་གསོ་རིག་ལས་དོན་ གོང་ནས་གོང་དུ་འཕེལ་ལོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡིན་ ཁོང་གི་གསུང་རྩོམ་ནི་ཁྱོན་བསྡོམས་པར་ཤིང་དུ་འཁོད་པར་པོད་ལྔ་ ཡོད། པོད་དང་པོ་ཕུར་ལྕོག་རིན་པོ་ཆེའི་རྣམ་ཐར་སོགས་ཡིན། པོད་ གཉིས་པ་གསུང་བཤད་ལྗགས་སྒྲིག་ལེ་ཚན་ཡིན། པོད་གསུམ་པ་སྙན་ ངག་མེ་ལོང་གི་དཔེར་བརྗོད་ཆ་ཚང་ཡིན། པོད་བཞི་པ་དགོན་སྡེ་ཁག་ གི་བཅའ་ཡིག་དང་རྩ་ཚིག་སོགས་ཡིན། པོད་ལྔ་པར་གསན་ཡིག་སྐོར་ [395] དཀར་ཆག་སོགས་ཡིན་ རྒྱལ་བ་འཕྲིན་ལས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཉང་པོ་འོལ་དགའ་རྫིང་ཕྱི་ཡུལ་དུ་ཡབ་ཕུན་ཚོགས་ཚེ་ དབང་དང། ཡུམ་ཚེ་རིང་སྐྱིད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྩེ་པོ་ཏ་ ལར་སྐུ་གཤེགས། དགུང་ལོ་གསུམ་པར་བོད་སྡོད་ཨམ་བན་བཅས་ ནས་གསེར་བུམ་དཀྲུགས་ནས་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་ གྲུབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། སྲིད་སྐྱོང་རྭ་སྒྲེང་ ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་རབ་བྱུང་གི་སྡོམ་པ་ ཕུལ། དེ་ནས་ནོར་བུ་གླིང་ཁ་སྐལ་བཟང་ཕོ་བྲང་དུ་གདན་དྲངས་ དགུང་ལོ་ལྔ་བར་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། དགུང་ ལོ་དགུ་པར་དགའ་ལྡན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་གིས་ དགེ་ཚུལ་གྱི་སྡོམ་པ་ཕུལ། དེ་ནས་ཡོངས་འཛིན་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ དགུང་ལོ་བཅོ་བརྒྱད་པར་གོང་མ་ཐུང་ཀྲིས་བཀའ་རྒྱ་སྤེལ་ནས་བོད་ ཀྱི་ཆོས་སྲིད་གཉིས་ཀའི་ལས་འགན་ཐུགས་རྗེས་བསྐྱང་དགོས་པའི་དུས་ ལ་བབས་པར་བརྟེན་ལོ་ངོ་གསུམ་ཙམ་གྱི་རིང་དུ་འཕྲིན་ལས་སྤེལ་ ཁོང་ནི་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་ཡིན། ། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [396] ཡུམ་རྣམ་ རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྩེ་པོ་ཏ་ལར་སྐུ་གཤེགས། དགུང་ལོ་ བདུན་པར་རྒྱལ་བ་སྐུ་ཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོའི་ཡང་སྲིད་དུ་ ངོས་འཛིན་མཛད། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་རྩེ་པོ་ ཏ་ལའི་གསེར་ཁྲིར་མངའ་གསོལ། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་ པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་པར་ འབྲས་སྤུངས་ཆོས་གྲྭར་ཕེབས་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་ ཡོངས་འཛིན་དག་ལ་བསྟེན་ནས་མདོ་སྔགས་རིག་གནས་བཅས་ལ་སྦྱོང་ པར་མཛད། དགུང་ལོ་བཅུ་དགུ་པར་པཎ་ཆེན་བསྟན་པའི་ཉི་མ་ལས་ བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཁོང་གི་སྐུ་ཚེ་གང་བོར་བོད་ཀྱི་ཆོས་ སྲིད་གཉིས་ཀྱི་གཙོ་འགན་བཞེས་ནས་ཁོམ་མ་བྱུང། ཁོང་ནི་རྒྱལ་བ་ སྐུ་ཕྲེང་བཅུ་བ་ཡིན་ རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ལ་ སྟོད་ལྷོའི་དགོན་པ་ལྷ་གདོད་དུ་ཡབ་གཅུང་པོ་ཇོ་བསམ་དང། ཡུམ་ རྣལ་འབྱོར་མ་ཆོས་མཐོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ སྟོང་ཡིན། རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གི་བྱིས་པའི་སྐབས་སུ་མིང་ལ་གདུང་སོ་བ་འབར་ཞེས་ ཞུ། ཡི་གེའི་སྦྱོར་ཀློག་བསླབ་མ་དགོས་པར་མཁྱེན། དགུང་ལོ་ལྔ་པ་ ནས་གཞན་ལ་ཕན་པའི་མགུར་མང་པོ་གསུངས། དེ་ནས་སངས་རྒྱས་མི་ [397] སྒྱུ་ མའི་མི་ཆུང་འབར་བ་ང། སྔ་མའི་ལས་འཕྲོ་སང་བ་ཡིན། བླ་མའི་ བྱིན་རླབས་ཞུགས་པ་ཡིན། ལྟ་བ་གཟའ་གཏད་བྲལ་བ་ཡིན་སྒོམ་པ་ དམིགས་གཏད་བྲལ་བ་ཡིན། སྤྱོད་པ་སྤང་བླང་བྲལ་བ་ཡིན། འབྲས་ བུ་རེ་དོགས་བྲལ་བ་ཡིན་ཞེས་གསུངས། དགུང་ལོ་དྲུག་པར་ཕུལ་ དམར་བ་ལས་སྒྱུ་འཕྲུལ་གྱི་དབང་དང། རྫོགས་པ་ཆེན་པོའི་རྒྱུད་ཀྱི་ གདམས་ངག་བཀའ་གདམས། ཞི་བྱེད། གཅོད་ཡུལ། ལམ་ འབྲས་སྙིང་པོ་སྐོར་ཞལ་གདམས་རྒྱབ་ཆོས་དང་བཅས་པའི་ཆོས་དཔག་ ཏུ་མེད་པ་གསན། ཕུལ་དམར་བའི་དྲུང་དུ་ལོ་གསུམ་བཞུགས་ དགུང་ལོ་དགུ་པར་ལྷ་གདོང་གི་གདན་སར་ཕེབས། དེ་ནས་བླ་མ་ཀོ་ བྲག་པ་དང། རྗེ་རྒོད་ཚང་པ། ས་སྐྱ་པཎ་ཆེན། རྗེ་སྤྱན་སྔ་ སངས་རྒྱས་རས་ཆེན། བླ་མ་དྲོད་ཆུང་བཅས་ལ་བསྟེན་ནས་ཐམས་ ཅད་ཀྱི་ཆོས་མ་ལུས་པར་གསན་པ་མཛད། དགུང་ལོ་ཉི་ཤུ་རྩ་གཉིས་ པར་མཁན་པོ་ལྷ་བཙུན་སོག་ཁ་བ། ལས་སློབ་ཀོ་བྲག་པ། གསང་ སྟོན་དྲོད་ཆུང་གིས་མཛད་ནས་ལས་གྲལ་བ་བརྒྱད་ཅུའི་དྲུང་དུ་བསྙེན་ པར་རྫོགས། མཚན་ལ་རྒྱལ་མཚན་དཔལ་ཞེས་གསོལ། དུས་ཕྱིས་སུ་ ཤྲཱི་རི་གནམ་སྡིངས་ཀྱི་དགོན་པ་གསར་འདེབས་མཛད། སློབ་མ་ཡང་ སྟོང་ཕྲག་བརྒལ་བ་འདུས་ཏེ་ཚོགས་པ་བསྐྱངས། དགུང་ལོ་བཞི་བཅུ་ ཞེ་དྲུག་པར་སྐུ་གཤེགས། ཁོང་ནི་རྗེ་རྒོད་ཚང་པའི་མཆོག་ཏུ་གྱུར་བའི་ སློབ་མ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྤྱན་སྔ་རིན་ཆེན་ལྡན་ དང་ལོ་རས་ཆོས་སྐྱོང་དཔལ་གཉིས་ཡིན། ཁོང་གི་གསུང་རྩོམ་ནི་ [398] གཅིག་བཅས་བཞུགས་སོ། དང་བརྒྱད་དུ་འདུས་པའི་བྲིས་མ་པོད་གཅིག་བཞུགས་པ་དེ། ད་ལྟ་ མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། ། རྒྱལ་བ་ཡེ་ཤེས་གྲགས་པ་ས་དམར་བ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་བཞི་པ་རབ་བྱུང་གསུམ་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ ཕེབས་ཤིང་ལོ་ངོ་དགུ་ཡི་རིང་དུ་གདན་ས་བསྐྱངས་ཏེ་སློབ་མ་མང་དུ་ གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་བདུན་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་དན་རབས་དགུ་པ་ཡིན། རབ་ བྱུང་གསུམ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་ གདན་ས་སྟོངས་བ་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་སོ། ། རྒྱལ་བ་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སོག་པོའི་ཡུལ་དུ་ཡབ་ཆིན་གུར་རྒྱལ་པོ་ཚུལ་ཁྲིམས་ཆོས་རྗེ་དང། ཡུམ་ བཙུན་མོ་ཆུང་བ་ཕཱ་ཁིན་ནུ་ལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་འབྲས་སྤུངས་ དགོན་དུ་སྐུ་གཤེགས། དགུང་ལོ་བཞི་པར་ཕྱག་མཛོད་དཔལ་འབྱོར་ [399] བསོད་ནམས་རྒྱ་མཚོའི་ཡང་སྲིད་ཡིན་པར་གདན་ས་གསུམ་ལ་སྙན་ མཛད། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་གྱིས་སོག་པོའི་ ཡུལ་དུ་སྐུ་ཚབ་ཚོགས་པ་ཆེད་མངགས་མཛད་ནས་རྒྱལ་བ་ཡོན་ཏན་རྒྱ་ མཚོ་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་ འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། དགུང་ལོ་བཅོ་ལྔ་བར་རྭ་ སྒྲེང་དགོན་དུ་ཁྲི་ཁར་བཀོད། དེ་ནས་འབྲས་སྤུངས་དགོན་དུ་གདན་ དྲངས་ཏེ་གཞུང་ལུགས་སྣ་ཚོགས་ལ་གསན་སྦྱོང་ལེགས་པར་མཛད་ དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་དགེ་འདུན་རྒྱལ་མཚན་ལས་དགེ་ཚུལ་ གྱི་སྡོམ་པ་ཡང་དག་པར་བཞེས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་ པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་ཉེར་ དྲུག་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་འབྲས་སྤུངས་དགོན་ དུ་གདན་འདྲེན་ཞུས་ཏེ་ཁོང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ ནས་འབྲས་སྤུངས་དགོན་པའི་དགེ་འདུན་མང་ཚོགས་ཀྱི་རེ་འདུན་ལྟར་ རྒྱལ་བ་ཡོན་ཏན་རྒྱ་མཚོ་འབྲས་སྤུངས་དགོན་པའི་གདན་རབས་བཅུ་ གསུམ་པའི་ཁྲི་པ་དང། དུས་མཚུངས་སུ་སེ་ར་དགོན་པའི་མང་ཚོགས་ ཀྱི་རེ་འདུན་ལྟར་སེ་ར་དགོན་པའི་གདན་རབས་བཅོ་ལྔ་པའི་ཁྲི་པ་ མཛད་དོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་བཞི་བ་ཡིན་ རྒྱལ་བ་རིན་ཆེན་ཐོག་རྡུགས།། ཁོང་ནི་གྲགས་པ་བརྩོན་འགྲུས་དང་མི་གཅིག་ཡིན་པས་དེར་ [400] ། རྒྱལ་བ་རིག་འཛིན་ཚངས་དབྱངས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མོན་ལ་འོག་ཡུལ་གསུམ་དུ་ཡབ་བཀྲ་ཤིས་བསྟན་འཛིན་དང་ ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་མཚོ་སྔོན་པོའི་འགྲམ་གྱི་ ཀུན་དགའ་ནོར་དུ་སྐུ་གཤེགས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་མདོ་སྨད་དུ་སྐུ་གཤེགས་པ་ནི་གསོལ་དཔོན་ བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་སུམ་པ་ཡེ་ཤེས་ དཔལ་འབྱོར་གྱི་བཞེད་པ་ཡིན། དགུང་ལོ་བཅོ་ལྔ་པར་སྡེ་སྲིད་སངས་ རྒྱས་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་ཡང་ སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་ཕེབས། པཎ་ཆེན་སྐུ་ཕྲེང་ལྔ་བ་ བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་ རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ལོ་དེའི་ཟླ་བ་བཅུ་ པའི་ཚེས་ཉེར་ལྔ་ཉིན་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། སྤྱི་ལོ་ ་ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཡང་སྲས་ ཚ་བོ་ ད་ལའི་ ཧན་འདས་ནས་སྲས་པོ་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང། དེའི་ སྐབས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མི་འཆམ་པ་བྱུང་ཞིང་འཁྲུག་ རྩོད་བསླངས་བར་བརྟེན་རྒྱལ་པོ་ལྷ་བཟང་ལྷན་གྱིས་སྡེ་སྲིད་བཀྲོངས་ དེ་ནས་རྒྱལ་པོ་ལྷ་བཟང་ཧན་གྱིས་ཆིན་གོང་མ་ཁང་ཞི་ལ་སྡེ་སྲིད་སངས་ རྒྱས་རྒྱ་མཚོའི་ཉེས་པ་འབོར་ཆེན་བརྗོད་ནས་རྒྱལ་བ་ཚངས་དབྱངས་ [401] སྙན་སྒྲོན་ཕུལ། གོང་མ་ཁང་ཞིས་གསེར་ཡིག་པ་ཆེད་མངགས་མཛད་ ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྩེ་པོ་ཏ་ལའི་གསེར་ཁྲི་ལས་ཕབ་སྟེ་ པེ་ཅིན་དུ་གདན་འདྲེན་ཞུས་པའི་ལམ་ཁར་སྐུ་གཤེགས། ཁོང་ནི་རྒྱལ་ བ་སྐུ་ཕྲེང་དྲུག་པ་ཡིན། ཁོང་གི་གསུང་རྩོམ་ནི་མགུར་གླུ་བཅས་ བཞུགས་སོ་ རྒྱལ་བ་ལུང་རྟོགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཁམས་འདན་ཁོག་ཏུ་ཡབ་བསྟན་འཛིན་ཆོས་རྗེ་དང་ ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྩེ་པོ་ཏ་ལར་སྐུ་གཤེགས་ དགུང་ལོ་གསུམ་པར་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ ཡང་སྲིད་དུ་ངོས་འཛིན་མཛད། ལོ་དེའི་ཟླ་བ་དགུ་བའི་ཚེས་ཉེར་ གཉིས་ཉིན་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། པཎ་ཆེན་སྐུ་ཕྲེང་ བདུན་པ་བསྟན་པའི་ཉི་མ་ལས་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་ བདུན་པར་རྒྱ་གར་གྱི་ཙུང་ཏུའུ་མིན་ཏོས་མངགས་པའི་མཱ་ཉཱི་ན་ལ་ མཇལ་འཕྲད་གནང་ངོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་དགུ་བ་ཡིན། ། རྒྱལ་བ་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་བའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ལྷ་སའི་སྟོད་ལུང་མདའ་ཞེས་པའི་ཡུལ་གྱི་སྐྱར་པོ་རྩེ་ཁ་ཁང་གསར་གོང་ གི་ཁྱིམ་གཞི་ཕྱུག་པོ་ཞིག་ཏུ་ཡབ་རྣམ་རྒྱལ་གྲགས་པ་དང། ཡུམ་པད་ [402] རབ་བྱུང་བཅུ་བའི་ས་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོར་སོག་ཡུལ་འོ་ཐུ་མེ་འུར་སྐུ་གཤེགས། དགུང་ ལོ་བཞི་པར་མི་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དང་པཎ་ ཆེན་བསོད་རྣམས་གྲགས་པ་བཅས་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ ཡང་སྲིད་དུ་ངོས་འཛིན་མཛད་དེ་འབྲས་སྤུངས་སུ་གདན་སར་བཀོད་ དགུང་ལོ་བདུན་པར་ཁྲི་ཆེན་བསོད་ནམས་གྲགས་པ་ལས་དགེ་ཚུལ་གྱི་ སྡོམ་པ་མནོས། དགུང་ལོ་ཉེར་གཉིས་པར་ཁྲི་དགེ་ལེགས་དཔལ་ བཟང་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་བཞི་བར་སོག་པོའི་ ཆ་ཧར་རྒྱལ་བོའམ་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ ཁཱང་གིས་སོག་ཡུལ་དུ་གདན་དྲངས་ཏེ་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་མཚན་གསོལ་ རྒྱལ་བ་ཁོང་གིས་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་ལ་ཆོས་ཀྱི་རྒྱལ་པོ་ལྷ་ ཚངས་པ་ཞེས་པའི་མཚན་གསོལ། དགུང་ལོ་སོ་བདུན་པར་ས་ཐམ་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་འཇང་ཡུལ་དང་ལི་ཐང་དུ་ཕེབས་ ཏེ་དགོན་ཐུབ་བསྟན་བྱམས་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ ཞེས་པའི་བཤད་གྲྭ་ཆེན་པོ་ཞིག་གསར་འདེབས་མཛད་ཅིང་བཀའ་ཆོས་ གང་མང་གསུངས་ནས་གདུལ་བྱ་ཐམས་ཅད་སྨིན་པར་མཛད། དེའི་ ཕྱི་ལོ་རྨ་ཁམས་བརྒྱུད་དེ་ཆབ་མདོ་བྱམས་པ་གླིང་དུ་ཕེབས་ནས་ཆོས་ཀྱི་ མཛད་སྒོ་རྒྱ་ཆེན་སྤེལ། དགུང་ལོ་བཞི་བཅུ་པར་ཙོང་ཁའི་ཉེ་འདབས་ སུ་ཕེབས་ནས་རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་པའི་གནས་སུ་བཤད་གྲྭ་ སྐུ་འབུམ་བྱམས་པ་གླིང་ཕྱག་བཏབ། དགུང་ལོ་ཞེ་གསུམ་པར་གནས་ [403] པོའི་མཁར་སྔོན་པོར་ཕེབས་ཏེ་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་གི་གདུང་ རྟེན་གསེར་ཟངས་དངུལ་གསུམ་ལས་རྒྱན་པར་བཞེངས་ནས་འདས་ མཆོད་གང་ལེགས་མཛད་པར་མ་ཟད། དུ་རིང་རྒྱལ་བློན་རྣམས་ལ་ཀྱཻ་ རྡོར་བདེ་མཆོག་གི་དབང་ལུང་གནང་ནས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་ མཛད། དགུང་ལོ་ཞེ་དྲུག་པར་གོང་མས་གདན་འདྲེན་ཞུས་པ་ལྟར་པེ་ ཅིན་དུ་ཕེབས་འདོད་ཡོད་ཀྱང་སྟབས་མ་ལེགས་པར་སོག་ཡུལ་དུ་སྐུ་ གཤེགས། ཁོང་གི་སྐུ་ཚེ་གང་བོར་ཆོས་ཀྱི་མཛད་པ་འབའ་ཞིག་དོན་ དུ་གཉེར་ཏེ་ཞྭ་སེར་བསྟན་པ་སོག་ཡུལ་དུ་སྤེལ་ནས་གོང་མའི་དགོངས་ པ་ལྟར་ཆ་ཧར་རྒྱལ་པོ་མཚོ་སྔོན་ནས་ནང་སོག་ཏུ་ལོག་བཅུག་པ་རེད། ། རྒྱལ་བ་བྱམས་པ་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ རྒྱལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དྭགས་ པོ་གྲྭ་ཚང་དུ་ཞུགས་ཏེ་ཐུན་མོང་རིག་གནས་ཀྱི་སྐོར་དང་མདོ་ཕྱོགས་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད་དོ། དེ་ནས་རྒྱུད་སྟོད་དུ་ཞུགས་ནས་ གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་མཛད་ རྒྱུད་པ་དང་ཤར་རྩེའི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་ པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ ཕེབས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་ [404] ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་འདྲེན་པ་ཕྱག་ན་པདྨ་ ངུར་སྨྲིག་གི་རྣམ་པར་རོལ་བ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ངག་དབང་བློ་ བཟང་རྒྱ་མཚོའི་སྣང་བརྙན་དངུལ་ལས་གྲུབ་པ་དང། དགའ་ལྡན་ ཡངས་པ་ཅན་ཐོག་གསེར་ཟངས་ཀྱི་གཉྫིར་བཅས་བཞེངས། དེ་ནས་ གླིང་ཡགས་སུ་ཟུར་བཞུགས་མཛད་དེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ ཆོས་ཀྱིས་ཚིམ་པར་མཛད། གསང་སྔགས་མཁར་སོགས་ཀྱི་དགོན་ ཁག་རྣམས་ལ་ཞལ་འཛིན་གང་ལེགས་གནང། དགུང་ལོ་རེ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ ཁྲི་འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་གསུམ་པ་ཡིན་ནོ། ། རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་ དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་ མཛད། རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ ་ ་ དང། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ ་ སྐུ་ཕྲེང་གཉིས་ཀྱི་མཚན་ཞབས་ཀྱི་འགན་ ཁུར་བཞེས། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ ཕངས་སོ། ཁོང་གི་མཚན་གཞན་ལ་འབྲུག་རྒྱལ་དབང་ཆོས་རྗེ་ཞེས་ ཞུ། །ཁོང་གི་གསུང་རྩོམ་ནི་ ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ། དང། [405] རོལ་མོ་དབྱངས་ཅན་རྒྱུད་དུ་སྙན་པའི་ཏ་སྤུ་ར། མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ཉིན་བྱེད་ དབང་པོའི་སྣང་བ། གོང་མ་རྣམས་ཀྱི་སྐྱེས་རབས་རྣམ་ཐར་ངོ་མཚར་ནོར་བུའི་འཁྲི་ཤིང། བཅས་ཆོས་ཚན་བཅུ་དགུ་ལོངས་པའི་པོད་བཞི་བཞུགས་སོ། ། རྒྱལ་མོ་གཡུ་སྒྲ་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་རྒྱལ་ མོ་ཚ་བ་རོང་དུ་སྐུ་འཁྲུངས། ལོ་ཆེན་བཻ་རོ་ཙ་ནས་རྗེས་སུ་བཟུང་ཞིང་ མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། སློབ་དཔོན་པདྨ་འབྱུང་གནས་ ལས་མན་ངག་ལྟ་བའི་ཕྲེང་བ་སོགས་ཞུས་ཏེ་སྐུ་གསེར་གྱི་རྡོ་རྗེར་སྤྲུལ་ པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དང། ཐེག་མཆོག་རྫོགས་ པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར་པ་ཞིག་སྟེ། གྱི་མེ་ལོང། གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། རྒྱལ་ཚ་བྱང་ཆུབ་ཡེ་ཤེས།། ཁོང་ནི་རབ་བྱུང་དང་པོའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་གསུམ་པ་རབ་བྱུང་གཉིས་པའི་ ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ [406] སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་བདུན་ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ལྔ་པ་ཡིན་ནོ། ། རྒྱལ་ཚ་རིན་ཆེན་མགོན།། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ གཙང་ཡུལ་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རུས་ལས་ སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་སྦྱངས་བས་ ལེགས་པར་མཁྱེན། དེ་ནས་རྩིས་སོགས་ལ་སྦྱོང་པར་མཛད། གཞོན་ ནུའི་དུས་ནས་དམ་པའི་ཆོས་ལ་མོས་གུས་དང་དོན་གཉེར་ཤིན་ཏུ་ཆེ་ གནུར་ཉི་མ་དང། ཟུར་ཆུང་པའི་སྲས་ཆོས་རྗེ་སྒྲོ་ཕུག་པ། བལ་པོ་ པཎྜི་ཏ་ས་མནྟ་ཤྲཱི་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ ཕྱི་ནང་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་རྣམས་གསན་སྦྱངས་ ལེགས་པར་མཛད། དགུང་ལོ་བཅུ་དགུ་པར་དབུས་སུ་བྱོན་ཏེ། པུ་ རངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་དང། ལོ་ཙཱ་བ་ ཆོས་ཀྱི་བཟང་པོ། མེས་སྟོན་ཀུན་དགའ་སྙིང་པོ། རྔོག་མདོ་སྡེ་ སོགས་ཀྱི་ཞབས་ལ་གཏུགས་ཏེ་དམ་ཆོས་མང་དུ་གསན་ནས་རབ་བྱུང་ བསྒྲུབས། དེ་ནས་བླ་མ་དམར་ཆོས་ཀྱི་རྒྱལ་པོའི་ཞལ་བཀོད་ལྟར་ཕག་ མོ་གྲུར་ཕེབས། འགྲོ་མགོན་རིན་པོ་ཆེ་རྡོ་རྗེ་རྒྱལ་པོ་དང་མཇལ་ནས་ དད་པ་ཚད་མེད་ཐོབ། ཆོས་དང་གདམས་ངག་མང་དུ་ཞུས། ཕྱག་ [407] དྭགས་སྒོམ་ཚུལ་ ཁྲིམས་སྙིང་པོ་དང། རྒྱ་རས་སོགས་བླ་མ་མང་པོར་བསྟེན་པས་ཟབ་ མོའི་ཁྱད་ཅན་གྱི་གདམས་ངག་བརྒྱ་དང་སུམ་ཅུ་སོ་དྲུག་བཞུགས་ དགུང་ལོ་ལྔ་བཅུ་རྩ་བཞི་པར་མཁན་པོ་ཞང་ཞི་མཛེས་ལས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། ཁྲོ་ཕུའི་དགོན་ས་ཐོག་མར་བཏབ་ཅིང་དགེ་ འདུན་གྱི་ཚོགས་པ་བསྐྱངས་ནས་འཆད་ཉན་གྱིས་དུས་འདའ་བར་ མཛད། དེ་ནས་བཟུང་ཁྲོ་ཕུ་བཀའ་བརྒྱུད་ཀྱི་བསྟན་པ་ཡང་ནས་ཡང་ དུ་རྒྱས་སོ། ། རྒྱལ་ཚབ་དར་མ་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཉང་སྟོད་དུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོར་རྩེ་པོ་ཏ་ལར་སྐུ་གཤེགས། ཁོང་གནས་རྙིང་ པ་རིན་ཆེན་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང། དཀའ་བཞི་པ་ རིང་རྡོར་སོགས་སློབ་དཔོན་དུ་བསྟེན་ནས་དམ་ཆོས་མང་དུ་གསན། རྗེ་ བཙུན་རེད་མདའ་བ་གཙོས་པའི་མཁས་ཆེན་དུ་མར་བསྟེན་ནས། མདོ་ སྔགས་ཀྱི་གཞུང་ལུགས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དེ་ནས་ ས་སྐྱ་དང། གསང་ཕུ། རྩེ་ཐང་བཅས་སུ་པོ་ཏི་དཀའ་བ་བཅུའི་གྲྭ་ སྐོར་མཛད། རོང་སྟོན་ཤཱཀྱ་རྒྱལ་མཚན་དང། མཁས་ཆེན་གཡག་པ་ སོགས་ས་སྐྱའི་མཁས་ཆེན་རྣམས་དང་རྩོད་གླེང་ལེགས་པར་མཛད་དེ་ མཁས་པའི་གྲགས་པ་ཐོབ་ཅིང། དཀའ་བཅུ་པའི་མཚན་གནས་ བླངས། དེ་ནས་མི་རིང་བར་རྗེ་ཙོང་ཁ་པའི་སློབ་མའི་གཙོ་བོར་གྱུར་ [408] དེ་ནས་ བཟུང་ཁོང་ལ་རྒྱལ་ཚབ་ཅེས་པའི་མིང་ཐོབ། གདན་ས་ལོ་ངོ་བཅུ་ གཅིག་བཟུང་སྟེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ན་མཛད་ནས་དུས་ འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་དབུ་མའི་རྣམ་བཤད་ དང། ཚད་མའི་སྐོར་གྱི་བཤད་པ། དཔལ་གསང་བ་འདུས་པ་ སོགས་གསང་སྔགས་ཀྱི་སྐོར་བཅས་ཀ་པ་ནས་ཉ་པའི་བར་པོ་ཏི་བརྒྱད་ དུ་བཞུགས་སོ། ཁོང་ནི་དཔལ་དགའ་ལྡན་དགོན་པའི་ཁྲི་རབས་ གཉིས་པ་ཡིན། ། རྒྱལ་ཚབ་བློ་བཟང་ཆོས་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ མདོ་སྨད་རེབ་སྐོང་བློན་ཆོས་སུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ ཞིག་ཡིན། ཁོང་གཞོན་ནུའི་དུས་ནས་དམ་པའི་བག་ཆགས་སད་དེ་ གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་ རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་གྲྭ་ཐོག་མར་ཚུགས་པའི་གྲྭ་ རྒྱུན་གྱི་གཙོ་བོའི་གྲས་ཡིན། གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིས་ བསྡུས་པའི་མདོ་སྔགས་ཀྱི་བསྟན་པའི་རྩ་བར་གྱུར་པ་རྣམས་ལ་ཐོས་ བསམ་ལེགས་པར་མཛད། དེ་ནས་དབུས་སུ་ཕེབས་ཏེ་དགའ་ལྡན་ བྱང་རྩེ་གྲྭ་ཚང་དུ་ཞུགས་ནས་མདོ་སྔགས་ཀྱི་གཞུང་ལ་ཞིབ་སྦྱོང་མཐར་ འཁྱོལ་བ་གནང་ཞིང་མཁས་པའི་རྩེ་མོར་སོན། ཁྱད་པར་དུ་ཡབ་རྗེ་ སྐལ་ལྡན་རྒྱ་མཚོའི་བཀའ་ལྟར་དབུ་ཕར་ལ་ཕུ་ཐག་ཆོད་པ་ཞིག་གནང་ སྟེ་ཕྱིར་རང་དགོན་དུ་ཕེབས་ནས་བཀའ་པོད་ཀྱི་དམ་བཅའ་བཞག་ [409] བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་བཞུགས་ དེ་ནས་བཟུང་ལོ་ངོ་སུམ་ཅུའི་རིང་དུ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྒྱལ་ ཚབ་གནང་སྟེ་འཆད་ཉན་གྱི་ཁུར་བཞེས་ཤིང་དཔེ་འཛིན་སྐྱོར་སྦྱོང་གི་ རྟིང་སྐུལ་རྒྱུན་དུ་བསྐྱངས་ནས་བརྩི་བཞག་འགྲོ་ཆེ་བ་སོགས་ཀྱི་བཀའ་ དྲིན་གྱིས་སྐབས་འདིར་ལུང་དང་རིགས་པའི་འཆད་ཉན་ཤིན་ཏུ་དར་ བར་གྱུར། ཁོང་ནི་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་མཁན་རབས་གཉིས་པ་ཡིན་ནོ། ། རྒྱལ་རོང་ནམ་མཁའ་ལྷུན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་ དབང་བརྩོན་འགྲུས་ ་ ལ་ པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་ལམ་བཟང་ གསལ་བའི་རིན་ཆེན་སྒྲོན་མེ། རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་ རྩོམ་ནི་ བྱམས་གཞུང་གི་བཤད་པ། པ། ། རྒྱལ་རོང་ཚུལ་ཁྲིམས་ཉི་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་དུ་སྐུ་འཁྲུངས་ [410] ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དེ་ནས་ཚེ་མཆོག་ གླིང་གི་སྤྲུལ་སྐུ་ཡེ་ཤེས་བསྟན་འཛིན་གྱི་ཞབས་ལ་གཏུགས་ཤིང་མདོ་ སྔགས་ཆོས་ཀྱི་དབང་ལུང་ཁྲི་གསུམ་མང་དུ་ཞུས། ཁོང་གི་རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ ནི། དང་འབྲེལ་བ་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས། ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག། ལམ་བསྒྲིགས་ནོར་བུའི་ཕྲེང་བ། ། རྒྱལ་སྲས་བསྐལ་བཟང་ཐུབ་བསྟན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་པཎ་ཆེན་དཔལ་ ལྡན་ཡེ་ཤེས་དང། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་ཆེན་མང་པོ་ སློབ་དཔོན་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང། སྒྲ་སྙན་ངག་ མངོན་བརྗོད་སྡེབ་སྦྱོར། རྩིས་དཀར་ནག་བཅས་ཐུན་མོང་རིག་གནས་ ཀྱི་སྐོར་དང། ནང་དོན་རིག་པའི་སྐོར་ལ་གཞུང་བཀའ་པོད་ལྔ་གཙོས་ པའི་མདོ་ལུགས་དང། རྒྱུད་སྡེ་བཞི་གཙོས་པའི་སྔགས་ལུགས་བཅས་ ལ་གསན་སྦྱངས་དཔྱིས་ཕྱིན་པ་མཛད་ཅིང་ཁྱད་པར་དུ་གསང་སྔགས་ལ་ ཤིན་ཏུ་མཁས་པར་གྱུར། ཁོང་གི་མཚན་གཞན་ལ་འཇིགས་མེད་རྒྱ་མཚོ་ དང། ཡོངས་འཛིན་ནོ་མིན་ཧན་ཡང་ཟེར། ཁོང་གི་གསུང་རྩོམ་ནི་ དབང་བསྐུར་རྗེས་གནང་དང། དཀྱིལ་འཁོར་སྒྲུབ་ཐབས། ཁྲིད་ཡིག་ [411] རབ་གནས། འཁྲུངས་རབས་གསོལ་ འདེབས། བླ་མའི་རྣལ་འབྱོར། སྙན་ངག་གི་དཔེར་བརྗོད་སོགས་ ཆོས་ཚན་སུམ་ཅུ་སོ་གསུམ་ཡོད་པ་རྣམས་པོ་ཏི་གསུམ་དུ་བསྡུས་ནས་ བཞུགས་སོ། ། རྒྱལ་སྲས་ཐོགས་མེད་བཟང་པོ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་ཕུལ་བྱུང་བྲག་སྐྱར་ཡབ་དཀོན་མཆོག་དཔལ་དང། ཡུམ་ འབུམ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་ དཀོན་མཆོག་བཟང་པོ་ཞེས་ཞུ། དགུང་ལོ་དགུ་པར་ཕྱུགས་འཚོ་ས་ ནས་བྲོས་ཏེ་བསམ་གླིང་དུ་ཕེབས་ཤིང་སྟོན་པ་རིན་ཆེན་བཀྲ་ཤིས་ལས་ ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བཅུ་བཞི་པར་བླ་མ་དཔལ་ འབར་དང། མཁན་པོ་རིན་ཆེན་དཔལ་བཟང། སློབ་དཔོན་རིན་ ཆེན་རྡོ་རྗེ་གསུམ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་ བསྒྲུབས་ཏེ་མཚན་ལ་བཟང་པོ་དཔལ་ཞེས་གསོལ། དགུང་ལོ་བཅོ་ལྔ་ པར་ཨེའི་ཆོས་གྲྭར་ཕེབས་ཏེ་བླ་མ་ཀུན་དགའ་རྒྱལ་མཚན་ལས་མངོན་ པ་ཀུན་བཏུས་དང། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་དབུ་མ་ རིགས་ཚོགས་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་ས་ སྐྱར་བྱོན་ཏེ་བླ་མ་གཞོན་ནུ་རྒྱལ་མཚན་ལས་ཚད་མ་སྡེ་བདུན་དང་ བཅས་པའི་ཡན་ལག་རྣམས་ལ་སྦྱངས་ཏེ། དགུང་ལོ་ཉེར་གསུམ་པར་ གཙང་ཕྱོགས་ཀྱི་ཆོས་གྲྭ་ཀུན་ཏུ་གྲྭ་སྐོར་མཛད་ཅིང་མཁས་པའི་སྙན་ [412] དགུང་ལོ་སུམ་ཅུ་ཐམ་པར་མཁན་པོ་བྱང་སེམས་རིན་ ཆེན་དང། བླ་མ་ནམ་མཁའ་སངས་རྒྱས། བླ་མ་ཀུན་དགའ་རྒྱལ་ མཚན་གསུམ་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པར་རྟ་ རའི་གདན་སར་ཕེབས་ཏེ་ལོ་བདུན་གྱི་རིང་དུ་གདན་ས་བསྐྱངས་ཤིང་ འཆད་ཉན་སྤེལ། ཁོང་གིས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་ གཉེན་བཞི་བཅུ་ཐམ་པར་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཐམས་ ཅད་ཀྱི་དགོངས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ་བཤད་སྒྲུབ་ གཉིས་ཀའི་བསྟན་པའི་བདག་པོར་གྱུར་ཏོ། དགུང་ལོ་བདུན་ཅུ་དོན་ ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་ བརྒྱུད་ཀྱི་བླ་རབས་བདུན་ཅུ་དོན་གསུམ་པ་ཡིན་ནོ། ཁོང་ནི་ལམ་རིམ་བླ་ བརྒྱུད་ཀྱི་བླ་རབས་བདུན་ཅུ་དོན་གསུམ་པ་ཡིན་ནོ། ཁོང་གི་སློབ་མའི་ ཚོགས་ལས་མཆོག་ཏུ་གྱུར་པ་ནི་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་ གྲོས་ཡིན། ཁོང་གི་གསུང་རྩོམ་ནི། དང། པོ་རྒྱུད་བླ་མའི་ཏཱིཀྐ། ཁྲིད་ཡིག། སྦྱོང་གི་བླ་མའི་རྣལ་འབྱོར་ལམ་གྱི་ལུས་ཡོངས་སུ་རྫོགས་པ། ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས་སོ། ། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ དྭགས་པོར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ [413] ཆོས་འཕེལ་རྒྱ་མཚོའི་ཡང་སྲིད་དུ་ཐུགས་ཐག་བཅད་ཅིང་ཁོང་ལས་ རབ་བྱུང་ཞུས་ཏེ་མཚན་ལ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ཞེས་འདོགས་པར་ མཛད། དེ་ནས་དྭགས་པོ་གྲྭ་ཚང་དུ་ཞུགས་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁྱེན་རབ་ ཀྱི་ཀློང་བརྡོལ་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། རྒྱལ་བ་བསོད་ ནམས་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ ཐར་བའི་རྒྱལ་མཚན་སོགས་བླ་མ་དུ་མ་ལས་གདམས་ངག་གི་ཚོགས་ བླངས་ཏེ་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད། ཕྱི་ འདུལ་བའི་ཀུན་སྤྱོད་དང། ནང་དུ་གསང་སྔགས་ཀྱི་ཉམས་བཞེས་ལྷུར་ ལེན་པ་རི་བོ་དགེ་ལྡན་པའི་ཕྱག་སྲོལ་ཁོ་ན་མཛད། ཆོས་ལུགས་དང་ གྲུབ་མཐའི་ཕྱོགས་རིས་ལ་བརྟེན་ནས་ཡུལ་ཁྱད་པར་ཅན་ལ་སྨོད་པ་ནི་ རང་ངན་སོང་སྒྲུབ་པའི་རྒྱུ་ཡིན་གསུངས་ནས་ཀུན་ལ་དག་སྣང་ཕྱོགས་ མེད་དུ་མཛད། དྭགས་པོ་གྲྭ་ཚང་གི་མཁན་ཁྲི་ལ་མངའ་བསྒྱུར་ཏེ་བློ་ གསལ་དོན་གཉེར་ཅན་གྱི་ཚོགས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ དགའ་སྟོན་དགྱེས་པར་མཛད། དེ་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ བཀའ་ལྟར་མདོ་སྨད་དུ་ཕེབས་ཏེ་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་གླིང་གསར་འདེབས་མཛད་ ལོ་དེར་རྒྱལ་སྲས་རིན་པོ་ཆེའི་གཟིམས་ཁང་དང། གྲྭ་ཤག་བརྒྱ་ལྷག་ ཙམ། འདུ་ཁང་ཉིས་ཐོག་རུང་ཁང་དང་བཅས་པ་གྲུབ། དེ་ལྟར་ལོ་ དྲུག་གི་རིང་དུ་གདན་ས་བསྐྱངས་ནས་རབ་བྱུང་བཅུ་པའི་ས་མོ་བྱ་ལོ་ [414] མདོ་སྨད་དུ་བཞུགས་རིང་དགོན་ ལུང་གིས་གཙོས་པའི་དངོས་དང་བརྒྱུད་པའི་དགོན་ཆེན་བཅུ་གསུམ་ སྒྲུབ་སྡེ་བཅུ་གསུམ་སོགས་བཙུགས་ཞེས་རྣམ་ཐར་ལས་འབྱུང་ལ། དེ་ དག་སོ་སོར་ཡང་བསྟན་པའི་རྩ་བ་གཞི་གསུམ་གྱི་ཕྱག་ལེན། མཚན་ ཉིད་ཀྱི་པོ་ཏི་ལྔའི་འཆད་ཉན་སོགས་མཛད་པའི་རྒྱུན་དེང་སང་བར་དུ་ གོང་འཕེལ་དུ་ཡོད། མདོ་སྨད་ནས་བོད་དུ་ཕེབས་ཏེ་པཎ་ཆེན་ཐམས་ ཅད་མཁྱེན་པས་དམ་པ་ཁྱེད་ཀྱིས་མདོ་ཁམས་སུ་བཤད་སྒྲུབ་ཀྱི་སྡེ་ བཙུགས། བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ བཀའ་དྲིན་ཆེ་ཞེས་ཕྱག་ཐལ་མོ་སྦྱར། དེ་ལྟར་སྐུ་དངོས་ཀྱི་གདུལ་བྱ་ རྣམས་རྫོགས་པ་ན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་ཡ་མཚན་པའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ ཀྱི་དབྱིངས་སུ་གཤེགས། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ཕྱག་ འདེབས་པ་ཡིན་ནོ་ རྒྱལ་སྲས་སྤོམ་བྲག་པ།། ཁོང་ནི་སྤོམ་བྲག་པ་བསོད་ནམས་རྡོ་རྗེ་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། རྒྱུད་ཆེན་ཀུན་དགའ་དོན་གྲུབ།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་གཙང་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་བྱམས་པ་གླིང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྣར་ཐང་དུ་ཕེབས་ཏེ་རབ་ཏུ་བྱུང། རྗེ་དགེ་འདུན་གྲུབ་པ་ [415] རྗེ་ཤེས་རབ་སེང་གེ་ལས་རིམ་ལྔའི་དམར་ ཁྲིད། མཁན་ཆེན་དཔལ་བློ་བ་ལས་དབུ་མ། ཕར་ཕྱིན། འདུལ་བ་ མངོན་པ་མཛོད་སོགས་གཞུང་མང་པོ། རྒྱུད་ཆེན་སྦྱིན་པ་དཔལ་བ་ལས་ གསང་འདུས་སོགས་གསན་པར་མཛད། གཞན་ཡང་རྒྱུད་པ་གྲགས་པ་ བཟང་པོ་དང། ཆོས་རྗེ་བ་སོ་བ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་ དུ་གསན་ཏེ་མདོ་རྒྱུད་ཡོངས་སུ་རྫོགས་པའི་མན་ངག་རྒྱ་མཚོའི་མངའ་ བདག་ཏུ་གྱུར། དེ་ནས་བྱམས་པ་གླིང་དུ་གདན་ས་མཛད་དེ་ཡུན་རིང་ བཞུགས་རྗེས་སྨད་རྒྱུད་དུ་ཕེབས། ཁོང་སྨད་རྒྱུད་ཀྱི་ཁྲི་ལ་བཞུགས་ འདོད་ཡོད་ཀྱང་རྒྱུད་པའི་དབུ་མཛད་དོན་ཡོད་ཀྱིས་སློབ་དཔོན་བཀྲ་ ཤིས་རྒྱལ་མཚན་རྒྱུད་ཁྲིར་བསྐོ་བཞག་མཛད་པས་ཐུགས་ཅུང་ཟད་མ་ རངས་པའི་ཚུལ་གྱིས་རྒྱུད་པའི་ནང་རྟེན་མགོན་པོའི་ཞལ་ཐང་དང་ཀ་ པཱ་ལི་བསྣམས་ཏེ་དབུས་སྟོད་དུ་བྱོན། དེ་ནས་རྒྱུད་ཀྱི་འཆད་ཉན་ མཛད་སྐབས་ཐོག་མར་སློབ་དཔོན་དྲུག་དང། རྗེས་སུ་རིམ་གྱིས་ འདུལ་བ་འཛིན་པ་སོ་གཉིས་འདུས་པ་བྱུང་བས་གསང་བ་འདུས་པའི་ ལྷ་གྲངས་དང་མཉམ་པའི་རྟེན་འབྲེལ་འགྲིགས་པས། དགུང་ལོ་ང་ དྲུག་པ་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དབུས་ ཀྱི་རྒྱུད་སྟོད་གྲྭ་ཚང་ཕྱག་འདེབས་མཛད་ཅིང་འཕྲིན་ལས་ཤིན་ཏུ་རྒྱས་ ཏེ་གྲྭ་ཚོགས་མང་དུ་འདུས་སོ། དགུང་ལོ་དྲུག་ཅུ་རེ་བརྒྱད་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གྲགས་ཆེ་བའི་སློབ་མ་ ནི་རྒྱུད་པ་ལྷ་རིན་པ་དང། ཆོས་རྗེ་ཡེས་བརྩེ་བ། སློབ་དཔོན་དཔལ་ ལྡན་འོད་ཟེར་བཅས་ཡིན་ནོ། ། [416] རྒྱུད་ཆེན་སྦྱིན་པ་དཔལ་བཟང།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་གིས་རྗེ་ ཤེས་རབ་སེང་གེ་ ་ སོགས་ཡོངས་སུ་གྲགས་པའི་ སློབ་དཔོན་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པའི་གཙུག་རྒྱན་དུ་གྱུར་ རབ་བྱུང་བདུན་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་སྨད་ཀྱི་ བླ་མ་མཛད་ནས་འཆད་ཉན་ལེགས་པར་བསྐྱངས་སོ། རྣམ་ཐར་ཞིབ་ཏུ་ མ་མཇལ་བས་ཤིན་ཏུ་ཕངས། ཁོང་གི་གསུང་རྩོམ་ནི་ དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བར་བྱེད་ པའི་ཊིཀྐ། ཁོང་ནི་རྒྱུད་སྨད་པའི་བླ་ རབས་གཉིས་པ་ཡིན་ནོ། ། རྒྱུད་ཆེན་བརྩོན་འགྲུས་འཕགས་པ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་ལྷུན་པོ་རྩེ་ཡིན། ཁོང་གིས་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་རྒྱུད་འགྲེལ་ སོགས་གསན་སྦྱངས་མཛད་དེ་ལྷུན་པོ་རྩེར་ཕེབས། རྗེ་ཤེས་རབ་སེང་གེ་ ་ སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་སྲད་རྒྱུད་ཀྱི་བླ་ མར་བཞུགས་ཏེ་འཆད་ཉན་ལེགས་པར་བསྐྱངས་སོ། རྣམ་ཐར་ཞིབ་ཏུ་ མ་མཇལ་བས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི་ པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་བ་དང་བཅས་པའི་ དགོངས་འགྲེལ་ལེགས་བཤད་གཏེར་གྱི་བང་མཛོད། [417] བཅས་པོད་གཅིག་བཞུགས་སོ། །ཁོང་ནི་སྲད་རྒྱུད་པའི་བླ་རབས་ དགུ་བ་ཡིན་ནོ། ། རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རོང་བོའི་རྩ་བ་ཡིན་ཞིང་མཚན་གཞན་ལ་སྟག་སྡོང་དཀར་པོ་ཞུའོ་ ཁོང་དབུས་སུ་ཕེབས་ནས་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། རྒྱལ་དབང་ ལྔ་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་རང་ཡུལ་དུ་ཕེབས་ ཤིང་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བྱ་ ཁྱུང་གི་གདན་སའི་ཁྲི་ལ་བཞུགས་ནས་གདན་ས་ལོ་གཉིས་ཀྱི་རིང་དུ་ བསྐྱངས་ཏེ་འཆད་ཉན་ཤིན་ཏུ་འཕེལ་ཞིང་བླ་བྲང་ཁང་དཀར་བཞུགས་ ཁྲི་དང་བཅས་པ་གསར་བཞེངས་མཛད། ཁྲི་ཟུར་ནས་སྟག་སྡོང་དཀར་པོའི་རི་ཁྲོད་གསར་བསྐྲུན་དང་གཙུག་ལག་ཁང་རྟེན་བརྟེན་པ་ བཞེངས། དེ་ནས་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་ནས་དུས་འདའ་ བའོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁྱ་དགེ་དཔོན་སློབ་དང་སྟག་ ཚང་དཔོན་སློབ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཆོས་རྗེ་དོན་གྲུབ་ རིན་ཆེན་གྱི་རྣམ་ཐར་དང། ལྟ་བའི་སྐྱོང་ཚུལ། དམ་ཅན་གསོལ་ཁ་ གཞི་བདག་དམར་བའི་བསང་མཆོད་སོགས་པོད་ཆུང་གཅིག་ཙམ་ བཞུགས་སོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ [418] ། རྒྱུས་སྨོན་ལམ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་གཅིག་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། ལས། ལེའུ་སུམ་ཅུ་སོ་གསུམ་པ་བཞུགས་སོ། ། སྒིས་སྟེང་བློ་བཟང་དཔལ་ལྡན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་ཀོང་ཚོ་འདུའི་ཡུལ་དུ་ཡབ་སྐུ་དབོན་ཆོས་མཛད་ དང། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ དྲུག་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། བྱིས་པའི་ མིང་ལ་པདྨ་བཀྲ་ཤིས་སུ་གསོལ། དགུང་ལོར་སྐུ་གཤེགས། བྱིས་པའི་ མིང་ལ་པདྨ་བཀྲ་ཤིས་སུ་གསོལ། དགུང་ལོ་བཅུ་པར་སྒིས་སྟེང་དགའ་ ལྡན་ཆོས་འཕེལ་གྱི་སྒྲུབ་གྲར་ཞུགས་ཏེ། གླང་གྱའི་ལྷ་རམས་པ་བློ་ བཟང་ཆོས་གྲགས་ལས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་ བའི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ལ་བློ་ བཟང་དཔལ་ལྡན་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་རྗེ་ཞྭ་ [419] གྲུབ་དབང་ འཇིགས་མེད་བསམ་གཏན། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་ སྤངས་བློ་བཟང་བསྟན་པ་བཅས་ལས་ཐུན་མོང་གི་རིག་གནས་དང་ སྒོས་སུ་མདོ་སྔགས་ཀྱི་བཀའ་ཆོས་དབང་ལུང་མང་དུ་གསན། དགུང་ ལོ་ཉི་ཤུ་ཐམ་པར་རབ་བྱུང་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ ཆོས་གྲགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་དེར་དུས་འཁོར་ སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་ལས་དབྱངས་ཅན་སྒྲ་མདོ་དང་ སྡེབ་སྦྱོར་རིན་ཆེན་འབྱུང་གནས་བཅས་ལ་སྦྱངས་པ་མཛད་པས་ཀུན་ བཤད་ཀྱི་མཚན་ལ་མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོ་ཞེས་གསོལ་ དགུང་ལོ་ཉེར་བཞི་པར་ལྡེའི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས། དེ་ ནས་བཟུང་ལོ་སོ་གཉིས་ཀྱི་བར་བླ་མ་དགེ་འདུན་བསྟན་འཛིན་རྒྱ་ མཚོར་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་ཉིང་ཁུ་ཐུགས་སུ་ཆུད་པར་ མཛད། དགུང་ལོ་སོ་ལྔ་བར་སྟག་རྡོ་དང། སྒ་སར། ཀ་རིང་ རྫོངས་དཀར་སོགས་སུ་ཕེབས་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བཏང་ དགུང་ལོ་ཞེ་བདུན་པ་ཤར་བླ་བྲང་ཆེན་པོར་ཕེབས་ཏེ་ཤར་སྐྱབས་ མགོན་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་ཡོངས་ འཛིན་མཛད། དགུང་ལོ་ང་དྲུག་པར། འཁྲོ། ལོ་དེར་པཎ་ཆེན་སྐུ་ཕྲེང་དགུ་བ་རེབ་ཀོང་གསེར་ ལྗོངས་ཡུལ་དུ་ཕེབས་པ་ལ། ཕུལ། སྐུ་ཚེ་གང་བོར་དགེ་ཕྲུག་སྟོང་ཕྲག་ལས་བརྒལ་བ་བསྐྱངས་ཤིང་ གསུང་ལས་སྐྱེས་པའི་བུ་སློབ་ཀྱི་ཁྲོད་ནས་ཀྱང་མཁས་པའི་རྒྱལ་ཐབས་ [420] ཁོང་གི་གསུང་རྩོམ་ནི་ ཐུན་ཆེན་མོ། བཅས་པོ་ཏི་གསུམ་དུ་བཞུགས་སོ། ། སྒེག་པའི་རྡོ་རྗེ།། ཁོང་ནི་གོ་ཤྲཱི་ཆོས་རྗེ་བློ་བཟང་ལྷུན་གྲུབ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། སྒེག་པའི་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ལེགས་པར་ སྦྱངས་ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ ཐབས། ། སྒོ་མང་མཁན་སྤྲུལ་སྐལ་བཟང་དགེ་ལེགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་འཕན་ཡུལ་དུ་ཡབ་གསོལ་ཏོག་དང། ཡུམ་དཔལ་མོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་བྲག་རྒྱབ་ བློ་བཟང་ཆོས་འཕེལ་གྱིས་སྐུ་གོང་པྲ་ཉེ་ངག་དབང་དགེ་ལེགས་ཀྱི་སྤྲུལ་ [421] དགུང་ལོ་བཅུ་ གཅིག་པར་ཀུན་མཁྱེན་འཇམ་བཞད་བླ་མའི་བཀའ་ལྟར་མདོ་སྨད་དུ་ ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཨ་རིག་གསུང་ རབ་དང་གཙོས་དཀོན་མཆོག་གཉིས་ལ་བསྟེན་ནས་གཞུང་བཀའ་པོད་ ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་ཤར་སྐལ་ལྡན་རྒྱ་ མཚོའི་གདན་ས་རོང་བོ་བཀྲ་ཤིས་ཆོས་རྫོང་གི་ཁྲིར་ལོ་ངོ་བཞི་བཞུགས་ ཨུརྒེར་ཝང་གི་བླ་མ་ལོ་གསུམ་མཛད། རྒྱ་ནག་རི་བོ་རྩེ་ལྔ་དང། པེ་ ཅིན་གྱི་ཙན་དན་ཇོ་བོ་སོགས་ལ་མཆོད་མཇལ་ལེགས་པར་གནང་ ཧར་ཆིན་དང། འཐུ་མེད། སུ་ཉིད། མོང་གོལ་ཆིན། མཚོ་བདུན་ སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་བསྐོར། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ཤིང་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་ཅིང་དུས་ འདའ་བའོ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་ གསུམ་པ་ཡིན་ནོ། ། སྒོ་མང་བསྟན་པ་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ལྷ་སའི་བྱང་རྒྱུད་གནས་ནང་དུ་ཡབ་སྡེ་པ་སྐལ་བཟང་དོན་གྲུབ་ དང། ཡུམ་མི་ངོ་ལྷས་སྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་བ་ འཇམ་དཔལ་རྒྱ་མཚོའི་སྐུ་མཆེད་ཡིན། རབ་བྱུང་བཅོ་ལྔ་པའི་མེ་མོ་ [422] ཁོང་དགུང་ལོ་བདུན་པར་ འདུལ་འཛིན་བསྟན་པ་ཆོས་བཟང་གི་མདུན་ནས་རབ་བྱུང་གི་སྡོམ་པ་ བཞེས་ཤིང་མཚན་ལ་བསྟན་པ་ཆོས་འཕེལ་ཞེས་བཏགས། གུང་རུ་ ཚུལ་ཁྲིམས་བྱམས་པ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་ བྱང་བར་མཛད། དེ་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་ རྒྱུད་སྡེ་བཞི་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་རྡོ་རམས་ པའི་མཚན་བཏགས་བཞེས། དགུང་ལོ་ཉེར་གསུམ་པར་ཁྲི་ཆེན་བློ་ བཟང་མཁྱེན་རབ་དབང་ཕྱུག་དཔལ་བཟང་པོའི་དྲུང་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་བརྒྱད་པར་མེས་རྒྱལ་ནང་ཁུལ་ དུ་རྦ་ཡེར་བླ་མར་ཕེབས་ཏེ་སྨད་ཕྱོགས་ཀྱི་ཆོས་སྡེ་ཁག་ལ་མདོ་སྔགས་ ཀྱི་ཆོས་འཁྲོ་བསྐོར། དགུང་ལོ་ང་གཅིག་པར་གཞུང་ས་ཆེན་པོའི་ བཀའ་ལྟར་སེ་འབྲས་དགེ་གསུམ་དང་ནག་ཆུ་ཞབས་བརྟན་དགོན་ སོགས་ཀྱི་དགེ་འདུན་རྣམས་ལ་བཀའ་འགྱུར་གྱི་བཀླགས་ལུང་གནང་ ཞིང་སྣར་ཐང་པར་ཤིང་དང། རྒྱལ་རྩེའི་པར་ཤིང། སྡེ་དགེའི་ པར་ཤིང་བཅས་ལ་ཞིབ་བསྡུར་མཛད་ནས་ཞུས་དག་གནང། དགུང་ ལོ་ང་ལྔ་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དམིགས་བསལ་གྱིས་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་བསྐོ་གཞག་མཛད་ཅིང་ལོ་བཅུ་ གཅིག་གི་རིང་དུ་འཆད་ཉན་སྤེལ། དགུང་ལོ་རེ་བརྒྱད་པར་དགོངས་ པ་ཆོས་དབྱིངས་སུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི་ འབྱོར། བཞུགས་སོ། ། [423] སྒོ་མང་བློ་བཟང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་གློང་དཀར་སྟོད་དུ་ཡབ་ཆོས་ཤུལ་ཡར་འཕེལ་ དང། ཡུམ་དབལ་ཤུལ་དཀོན་མཆོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ དགོན་ལུང་དུ་སྐུ་གཤེགས། དགུང་ལོ་གསུམ་པར་པཎ་ཆེན་དཔལ་ ལྡན་བསྟན་པའི་ཉི་མས་སྒོ་མང་ཆོས་དར་གྱི་ཡན་སྲིད་དུ་ངོས་འཛིན་ མཛད། དགུང་ལོ་དྲུག་པར་ཏིག་གྱ་དཀོན་མཆོག་ཀློག་གི་ཡི་གེའི་འབྲི་ ཀློག་ལེགས་པར་སྦྱངས། དགུང་ལོ་བདུན་པར་བླ་བྲང་བཀྲ་ཤིས་ འཁྱིལ་དུ་ཕེབས་ཏེ་སྐུ་གོང་མའི་ཁྲི་ལ་མངའ་གསོལ་མཛད། འཇམ་ བཞད་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སྟབས་གཅིག་ཏུ་མནོས་ དངུལ་རའི་བསམ་གཏན་རྒྱ་མཚོ་དང། དབལ་མང་དཀོན་མཆོག་ རྒྱལ་མཚན་ལས་འདུལ་བའི་བསླབ་བྱ་དང་འདོན་པའི་དབྱངས་རྟ་ བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་བླ་བྲང་ཐོས་ བསམ་གླིང་གི་ཆོས་གྲྭར་ཞུགས། འབད་པ་ཆེན་པོས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་ དྲུག་པར་དབུས་གཙང་དུ་ཕེབས་ཏེ་རྒྱལ་པཎ་རྣམ་གཉིས་ལ་ཆོས་ འབྲེལ་ཞུས་ཤིང་གནས་ཆེན་རྣམས་སུ་མཇལ་སྐོར་བྱོན། དགུང་ལོ་ཉེར་ དགུ་པར་བླ་བྲང་དུ་འབྱོར། གདན་ས་འཛིན་པའི་དུས་སུ་སོག་ཡུལ་ དང། མདོ་སྨད་ཀྱི་དགོན་གནས་ཆེ་ཆུང་ཡོངས་ལ་ཞབས་ཀྱིས་བཅགས་ [424] ཁོང་གི་གསུང་རྩོམ་ནི་ རྣམ་ཐར་དང། ཁྲི་བཤད། ཆབ་ཤོག་བསླབ་བྱ། བཅའ་ཡིག་ དྲིས་ལན། གསོལ་འདེབས། སྒྲུབ་ཐབས་སོགས་ཆོས་ཚན་བཞི་བཅུ་ ཞེ་ལྔ་ཡོད་པ་དེ་པོ་ཏི་གཉིས་སུ་བསྡུས་ནས་བཞུགས་སོ། ། སྒོ་མེ་དགེ་བཤེས་གྲགས་པ་རྒྱ་མཚོ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རྨ་ཆུའི་འགྲམ་ཧོར་ཀྱཱ་སྡེ་བ་ཡིན་པས་ཧོར་ཀྱཱ་གྲགས་རྒན་ཚང་ཡང་ ཞུ། ཁོང་དགུང་ལོ་གཞོན་པའི་སྐབས་སུ་དབུས་སུ་ཕེབས་ནས་འབྲས་ སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ ནན་ཏན་དུ་མཛད། དེ་ནས་རང་ཡུལ་དུ་བྱོན་ཏེ་རོང་བོ་གྲུབ་ཆེན་ ཤར་སྐལ་ལྡན་རྒྱ་མཚོ་ལ་བསྟེན་ཏེ་ལམ་རིམ་བློ་སྦྱོང་སོགས་རྒྱུ་ཕར་ཕྱིན་ ཐེག་པའི་གདམས་པ་གསན་བཞེས་མཛད། སྐུ་འབུམ་རྒྱུད་པ་གྲྭ་ཚང་ གི་ཆོས་སྒོར་ཞུགས་ཤིང་སྔགས་ཀྱི་ས་ལམ་ཡན་ལག་དང་བཅས་པར་ ཐུགས་གཉེར་ཁྱད་ཐོན་གནང། སླར་ཡང་དབུས་གཙང་ཕྱོགས་སུ་བྱོན་ ཏེ་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་དམ་པ་དུ་མའི་ཞབས་ལ་ གཏུགས་ནས་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པའི་ཐུན་མོང་དང་ཐུན་ མོང་མ་ཡིན་པའི་མན་ངག་སྨིན་བྱེད་དང་བཅས་པ་བུམ་པ་གང་བྱོའི་ ཚུལ་དུ་གསན། དེ་ནས་སྐུ་འབུམ་དུ་ཕེབས་ཏེ་རྒྱུད་པའི་བླ་མ་དབུ་ མཛད་དང། རྒྱུད་པ་མཁན་པོའི་ཁྲིར་རིམ་གྱིས་བཞུགས་ཤིང་འགྲིག་ ལམ་ཀུན་སྤྱོད་གང་ཡོད་སྔར་བས་ཆེས་ལྷག་པར་སྐྱོང་ཁུར་གང་ཞིབ་ མཛད། ཁྲི་ཟུར་ནས་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་ [425] དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཕྱག་བཏབ་མཛད། དགོན་དེར་ སྤྲོས་པ་དང་བཅས་མ་བཅས་པའི་ཉམས་ལེན་ལ་ཐུགས་བརྩོན་ཆེར་ འབད་ངོས་ཞི་བར་གཤེགས་སོ། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ ཁྲི་རབས་བཅུ་གཉིས་པ་ཡིན་ནོ། ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། ལྷག་པར་དུ་བུ་སྟོན་ རིན་ཆེན་གྲུབ་ ་ ལ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པའི་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན་ནས་ཐུགས་སྲས་སུ་གྱུར། བུ་སྟོན་རིན་ཆེན་གྲུབ་སྐུ་གཤེགས་ རྗེས་ཞ་ལུ་དགོན་པའི་གདན་ས་ལོ་སུམ་ཅུ་སོ་གཉིས་ཀྱི་རིང་དུ་བསྐྱངས་ པ་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ ཕངས་སོ། ཁོང་ནི་ཞ་ལུ་དགོན་པའི་མཁན་རབས་བཅུ་གཉིས་པ་ ཡིན་ ཁོང་གི་གསུང་རྩོམ་ནི་ རྒྱན་གྱི་རྒྱན་མཁས་པའི་ཡིད་འཕྲོག། [426] ། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མངའ་རིས་ཟངས་དཀར་དུ་ཡབ་གུ་རུ་དཀོན་མཆོག་དང་ ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ ཀྱི་མིང་ལ་དམིགས་ཟ་ཞེས་ཞུ། དགུང་ལོ་དྲུག་པར་ཡབ་གཤེགས་ཤིང་ཡུམ་ ཡང་ནད་ཀྱིས་ཟིན་ནས་ལོ་བཅུ་བདུན་གྱི་བར་དུ་བསྙུན་གཡོག་ལེགས་ པར་མཛད་ཅིང་ཡུམ་ཡང་གཤེགས། དེ་ནས་བྱམས་པ་གླིང་དུ་ཕེབས་ ཏེ་སློབ་དཔོན་བློ་བཟང་ལེགས་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ ཤིང་ལོ་གཉིས་ཀྱི་རིང་དུ་དཔེ་ཆར་སྦྱངས། དེ་ནས་ཤངས་རྒོད་ཚང་ དུ་ཕེབས་ཏེ་དྲུང་པ་བརྩོན་འགྲུས་རྒྱལ་མཚན་ལས་རབ་བྱུང་དང་དགེ་ ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་མཚན་ལ་དགེ་ལེགས་རྒྱ་མཚོ་ཞེས་ གསོལ། བླ་མའི་བཀའ་བཞིན་དྭགས་པོ་གྲྭ་ཚང་དུ་ཕེབས་ཏེ་རྗེ་བཙུན་ བློ་གྲོས་བརྟན་པ་དང་ལྷ་སྡིངས་བློ་བཟང་དོན་གྲུབ་སོགས་ལ་བསྟེན་ ནས་བསྡུས་གཞུང་དང། ཚད་མ་རྣམ་འགྲེལ། ཕར་ཕྱིན། དབུ་མ་ འདུལ་བ། མངོན་པ་མཛོད་བཅས་ལ་ལོ་བཅུ་དྲུག་གི་བར་དུ་སྦྱངས་ ཏེ་མཁས་པའི་ཕུལ་དུ་ཕྱིན་ནས་རྒོད་ཚང་དུ་ཕེབས་ཤིང་དྲུང་པ་བརྩོན་ འགྲུས་རྒྱལ་མཚན་ལས་བསྙེན་པར་རྫོགས། རྟ་ཕུག་པ་བློ་བཟང་དམ་ ཆོས་རྒྱལ་མཚན་ལས་བྱང་ཆུབ་ལམ་རིམ་དང། དབེན་ས་སྙན་ བརྒྱུད། དགའ་ལྡན་ཕྱག་ཆེན། ནཱ་རོ་ཆོས་དྲུག་སོགས་ཀྱི་དབང་ [427] རྡོ་རྗེ་འཛིན་ པ་དཀོན་མཆོག་རྒྱལ་མཚན་ལས་གསང་བདེ་འཇིགས་དང། སྣར་ ཐང་བརྒྱ་རྩ། སྒྲུབ་ཐབས་དུ་མའི་དབང་ལུང་ཁྲིད་གསུམ་ཞུས། དེ་ ནས་རྗེ་རྟ་ཕུག་པའི་བཀའ་ལྟར་དབུས་སུ་བྱོན་ཏེ་སེ་རའི་རྒྱབ་ཀྱི་སྒྲུབ་ ཁང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ ཏན་ལ་མངའ་བརྙེས། དེ་ནས་རྒྱལ་ཁམས་འགྲིམས་ཏེ་བླ་མ་རིན་ཆེན་ དོན་གྲུབ་དང། རེ་སྒོ་ཨ་ཙ་ར། ཞལ་སྔ་ཆོས་འཕེལ་རྒྱ་མཚོ། ཧོར་ དཀའ་ཆེན་བློ་བཟང་དོན་གྲུབ། སློབ་དཔོན་བྱམས་པ་ཆོས་ལྡན་ སོགས་ལས་གཅོད་སྐོར་གཙོ་བོར་མཛད་པའི་དབང་ལུང་མན་ངག་ མཐའ་ཡས་པ་གསན། སླར་སེ་རའི་རྒྱབ་ཀྱི་སྒྲུབ་ཁང་དུ་ཕེབས་ཏེ་ སྒྲུབ་སྡེ་གསར་འཛུགས་མཛད་ནས་དགེ་སློང་མང་པོའི་ཚོགས་པ་ བསྐྱངས་ཤིང་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་མཛད། དགུང་ལོ་རེ་ དྲུག་པར་ཕུར་ལྕོག་ཏུ་དགེ་འདུན་ཉི་ཤུ་ལོངས་པའི་སྒྲུབ་སྡེ་བཙུགས་ ར་ཁ་བྲག་ཏུ་སྒྲུབ་སྡེ་གསར་བ་ཞིག་ཕྱག་འདེབས་མཛད། སྒྲུབ་སྡེ་གསུམ་ གར་བཅའ་ཡིག་ཀྱང་བཞག་སྟེ་ཆོས་ཁྲིམས་ལེགས་པར་བསྐྱངས་ཤིང་ དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཕུར་ལྕོག་ངག་དབང་བྱམས་པ་དང། མཁར་ རྡོ་བཟོད་པ་རྒྱ་མཚོ། རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་ ཁྲི་ཆེན་བློ་བཟང་དར་རྒྱས་བཅས་ཡིན་ལ། གསུང་རྩོམ་ནི་ མ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་ བཅུ་ང་གཉིས་པ་ཡིན་ནོ། ། [428] སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་དུ་ ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཕུལ་ དུ་ཕྱིན་པ་མཛད། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ ་ དང་རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་ ་ སོགས་ ལ་བསྟེན་ནས་མདོ་སྔགས་གཉིས་ཀྱི་ཆོས་གཞུང་མང་དུ་གསན། ཁོང་ གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་ གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་ གི་གསུང་རྩོམ་ནི་ སྒྲོན་མེ། དང་པོ་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་མན་ངག་བདུད་རྩིའི་ཆར་ འབེབས། ཀྱི་ལས་བྱང་སྟོང་སྲོག་གཅིག་བསྡུས་ཀྱི་བརྒྱུད་འདེབས། མཆོག་དམ་ཅན་རྡོར་ལེགས་པ་ལ་བརྟེན་པའི་དགྲ་སྒྲུབ་གནམ་ལྕགས་ འབར་བ་ བཞུགས་སོ། ། སྒྲོ་ཆོས་བརྩོན།། ཁོང་ནི་རབ་བྱུང་དང་པོའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་དུ་ཡབ་སྒྲོ་སྟོན་འཕན་རྒྱལ་དང། ཡུམ་རྗེ་མོ་བཀྲ་ཤིས་ གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་རབ་ཏུ་ [429] དགེ་བཤེས་རྗེ་རྒན་འབུམ་པ་ལས་ཤེར་ཕྱིན་གསན། དེ་ནས་ སྐམ་ཡེ་ཤེས་རྒྱལ་མཚན་གྱི་མདུན་དུ་ཕེབས་ཤིང་སྙིང་པོའི་དོན་དང་ མངོན་རྟོགས་གཉིས། མདོ་རྒྱས་འབྲིང་གདམས་ངག་རྣམས་གསན་ དེ་ནས་དིང་རི་ལ་བྱོན་ཏེ་ཕ་དམ་པ་སངས་རྒྱས་དང་མཇལ་ཞིང་ཤེར་ ཕྱིན་ལ་སོགས་པའི་ཆོས་རྣམས་རྒྱུགས་ཕུལ་བས་ཤིན་ཏུ་དགྱེས་པར་ གྱུར། ཕ་དམ་པས་ཀྱང་འཕགས་པ་བརྒྱད་སྟོང་ལ་སོགས་པའི་ཆོས་ རྣམ་རྫོགས་པར་གནང། དེ་ནས་ལན་པ་སེ་གསེབ་ཏུ་ལོ་ངོ་ཉི་ཤུ་རྩ་ དགུའི་བར་དུ་སྒྲུབ་པ་ཉམས་ལེན་མཛད། སྤྱན་རས་གཟིགས་ཀྱིས་ ཞལ་གཟིགས་ཤིང་དགོངས་པ་མཐར་སྐྱོལ། དགུང་ལོ་བདུན་ཅུ་རྩ་ གཉིས་ནས་བཤད་པ་མཛད། སློབ་མ་མང་དུ་བསྐྱངས། དགུང་ལོ་ བདུན་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཞི་བྱེད་ སྐམ་ལུགས་བརྒྱུད་པ་སྤེལ་ཞིང་བརྒྱུད་འཛིན་གྱི་སློབ་མ་མཆོག་ཏུ་གྱུར་ བ་ནི་འཆུས་པ་དར་མ་བརྩོན་འགྲུས་ཡིན་ནོ། ། སྒྲོ་ཕུག་པ་ཤཱཀྱ་སེང་གེ་ ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ཡབ་ཟུང་ཆུང་རྒྱ་བོ་དང། ཡུམ་མངའ་མོ་གཙུག་ཏོར་ལྕམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རུས་ཟུར་ཡིན། རབ་བྱུང་གཉིས་ པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་འཁྲུངས་ ལོ་དེར་ཡབ་གཤེགས། ཡུམ་དང་ཞང་པོ་གཉིས་ཀྱིས་བསྐྱངས་ དགུང་ལོ་བཅོ་ལྔ་པར་རྙིང་མའི་ཆོས་སྐོར་གསན། དགུང་ལོ་བཅུ་དགུ་ པར་ཡབ་ཀྱི་བུ་ཆེན་བཞི་ལས་ཐེག་པ་རིམ་པ་དགུ་ཡི་ཆོས་ཚན་སོ་སོར་ [430] དེ་ནས་ཁོང་གིས་སྒྲོ་ཕུག་དགོན་པ་ གསར་འདེབས་མཛད། སློབ་མ་སྟོང་ཚོ་འདུས་པ་ལ་མདོ་སྒྱུ་སེམས་ གསུམ་འཆད་མཉན་མཛད་ནས་དུས་འདའ་བའོ། །ཁོང་ནི་གསང་ སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ ཡ་གྱལ་ཡིན། ། སྒྲོ་རིན་ཆེན་སྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ཅན་ གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ ཀ་ཉེར་ལྔ་བ། སྙིང་པོ། ། [431] ང་ཕོད་རྡོ་རྗེ་རྒྱལ་པོ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་ཀོང་པོ་ཡིན་ རབ་བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ བཅུ་གཅིག་པའི་ཚེས་གཅིག་ཉིན་ཆེན་གོང་མའི་དམག་དཔོན་ཁྲ་ལང་ ཨ་ཡིས་ཁྲིམས་ལ་སྦྱར་ནས་སྲོག་ཐོག་ཏུ་བཏང། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་ལེགས་པར་སྦྱངས་ དེ་ནས་སྐུ་ན་སོན་ཏེ་རྒྱལ་པོ་ལྷ་བཟང་ཧན་གྱིས་ཀོང་པོའི་གཙོ་བདག་ ཏུ་བསྐོ་གཞག་བྱས། རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་ཆིན་གོང་མའི་དམག་དཔུང་དང་མཉམ་དུ་རྡུན་གར་ ཚེ་རིང་དོན་གྲུབ་ལ་ངོ་རྒོལ་བྱས་ནས་བྱས་རྗེས་ཆེ་ཤོས་ཡིན། དེ་ནས་ མདོ་ཁམས་སུ་ཕེབས་ཏེ་གོང་མའི་བཀའ་མངགས་དང་དུ་བླངས། རབ་ བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་ མས་བཀའ་བློན་ལས་རོགས་སུ་བསྐོ་བཞག་བྱས་ཏེ་པི་སིའི་ཆོ་ལོ་སྤྲད་ ནས་བོད་ཀྱི་ཆབ་སྲིད་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ལུམ་པ་བཀྲ་ ཤིས་རྒྱལ་པོ་དང། སྦྱར་ར་བློ་གྲོས་རྒྱལ་པོ་དང་མཉམ་དུ་ཆིན་གོང་ [432] དེ་ནས་དབུས་དམག་ཁྲིད་དེ་གཙང་དུ་བཞུགས་པའི་ཕོ་ལྷ་བསོད་ ནམས་སྟོབས་རྒྱལ་འཛིན་བཟུང་བྱེད་པའི་དམིགས་ཡུལ་ཡོད་ཀྱང་དོན་ དུ་མ་འཁེལ། དེ་ལས་ལྡོག་སྟེ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་ གཙང་དམག་ཁྲིད་ནས་ངོ་རྒོལ་མཐའ་གཅིག་ཏུ་མཛད་པས་རབ་བྱུང་ བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་པའི་ནང་ ནས་ཕོ་ལྷོ་བསོད་ནམས་སྟོབས་རྒྱལ་ལ་མགོ་འབུལ་དང་རྒྱལ་བ་བསྐལ་ བཟང་རྒྱ་མཚོ་ལ་སྲོག་སྐྱོབ་ཞུས་སོ། དེ་ནས་ཆིན་གོང་མའི་དམག་ དཔུང་བོད་དུ་སླེབས་འཕྲལ་ང་ཕོད་སོགས་བཙོན་འཇུག་དོ་དམ་བྱས་ ནས་ཁྲིམས་ཐག་བཅད་དོ། ། ངག་དབང་གྲགས་པ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་ རེབ་སྐོང་འཇའ་མོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་ སྐྱབས་མགོན་ངག་དབང་འཕྲིན་ལས་རྒྱ་མཚོ་ལས་ཚིགས་སྔ་ཕྱིའི་སྡོམ་ པ་མནོས་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཀྱི་ ཕུང་བོ་མཐར་ཕྱིན་པར་མཛད། རོང་བོ་ཐོས་བསམ་གླིང་ནས་གཞུང་ ལུགས་ལ་སྦྱངས་ཏེ་མཁྱེན་ཚད་དུས་ཁོར་མོ་ཡུག་ཏུ་ཉམས་བཞེས་དང་ ཕྱག་ཏུ་གང་བྱུང་དགེ་ཕྱོགས་སུ་གཏོང་བའི་ངོ་མཚར་གྱི་ཡོན་ཏན་དང་ ལྡན་པ་ཡིན་པས། སྐྱབས་མགོན་རིན་པོ་ཆེས་བཀའ་ལྟར་རྒྱུད་པ་གྲྭ་ ཚང་གསར་ཚུགས་ཀྱི་ཁྲི་བར་བསྐོས། ཁོང་ལ་ཡོད་པའི་ཕྱག་རྫས་ [433] པའི་ཁྲི་བསྐྱངས། འགྲིག་ལམ་དང་ཚོགས་འདོན་གྱི་རིམ་པ་སོགས་ ཕྱག་ལེན་སྨད་རྒྱུད་ལྟར་ཐོག་མར་གསང་བ་འདུས་པའི་འཆད་ཉན་ འདོན་ཆ་དང་བཅས་པ་བཙུགས། དཔྱིད་ཆོས་དང། དབྱར་ གནས། དགུན་ཆོས་གསུམ་ལ་འཇུག་སྒོ་གསུམ་དུ་བྱེད་པ་ཡིན་ འབྲེལ་བ་བཞི་སྦྲགས་དང། ཐུན་མོང་བ་གཞི་གསུམ་ཕྱག་ལེན། ཐུན་ མིན་གར་ཐིག་དབྱངས་གསུམ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ རྫོགས་རིམ་རིམ་ལྔ་གསལ་སྒྲོན་བཅས་ཀྱི་ཐོག་ནས་འཆད་ཉན་དང་ ཕྱག་ལེན་མཛད་པ་ཡིན། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ནས་ དུས་འདའ་བའོ། ཁོང་ནི་རོང་བོ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་གཉིས་ པ་ཡིན་ནོ། ། ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་མི་ཉག་ར་ལྡིང་སྡེ་བར་གསེར་ཁྲིའི་སྐུ་ མཆེད་དུ་ཡབ་ཆོས་སྐྱོང་བཀྲ་ཤིས་དང་ཡུམ་མཚོ་ཁོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཆོས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་ མཚོས་ལ་མོ་སྐུ་ཕྲེང་ལྔ་བ་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་ མཚོའི་ཡང་སྤྲུལ་དུ་ངོས་འཛིན་གནང། མང་རའི་ཆུ་བཟང་དུ་གདན་ ཁྲིར་བཀོད་ཅིང་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ ཏུ་བྱུང། རྙེ་བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་མ་ [434] དེ་ནས་ཟི་ལིང་ ཨམ་བན་གྱི་ངག་བཀོད་ལྟར་སྐུ་འབུམ་ཆོས་གྲྭར་སློབ་གཉེར་མཛད་ དགུང་ལོ་བཅུ་དགུ་བར་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་ བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས་སྐབས་མཚན་ ལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། རང་གཏོགས་ཀྱི་སེར་སྐྱ་ ཀུན་ལ་ལུགས་གཉིས་ཀྱི་སྤྱན་སྐྱོང་ཚད་ལས་འདས་མོད་ཀྱི། སྐུ་ཚེ་སྨད་ ཀྱི་མཛད་སྒོ་ནི་མོས་སྤྱོད་ཀྱི་ཡུལ་ལས་འགོང་བས་གྲུབ་ཐོབ་གྱི་སྤྱོད་པ་ སྣ་ཚོགས་འདི་དང་འདི་ཞེས་རེ་རེ་ལ་བརྗོད་པས་མི་ལང་ངོ། ། ངག་དབང་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་མདར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ས་མོ་སྦྲུལ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་དགའ་ལྡན་ཁྲི་རབས་ བཅུ་དགུ་པ་ཆོས་རྗེ་ངག་དབང་ཆོས་གྲགས་ཀྱི་སྐྱེ་བ་རྗེས་སུ་དྲན་པས་ གསལ་ཁང་སྐུ་སྐྱེར་གྲགས། མདོ་སྔགས་རིག་གནས་དང་བཅས་པར་ ཐོས་བསམ་ནན་ཏན་དུ་མཛད་པས་མཁས་པའི་སྙན་གྲགས་ཤིན་ཏུ་ཆེ་ རྒྱུད་སྨད་པའི་འཆད་ཉན་པ་མཛད་ནས་བྱང་རྩེའི་གདན་སར་ཕེབས་ རྒྱུད་པ་དང་སྦྲེལ་ཏེ་མདོ་སྔགས་ཆོས་ཀྱི་འཆད་ཉན་བསྐྱངས། དགུང་ ལོ་ལྔ་བཅུ་ང་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གསུམ་གྱི་ རིང་དུ་གསེར་ཁྲི་བསྐྱངས་ཤིང་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ དེ་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བྱང་རྩེ་ཕུལ་ཏེ་རྗེ་ [435] བཏབ་པས་སྤྱི་ལོ་་ལོར་དགའ་ལྡན་གསེར་ཐོག་ལེགས་པར་གྲུབ་ དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་བཞི་པ་ ཡིན་ནོ། ། ངག་དབང་ཆོས་གྲགས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྟོད་ལུང་ཆུ་བཟང་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྟོད་ལུང་ཆུ་བཟང་གཡུ་ཐོག་ཁང་ གསར་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆུ་བཟང་ དགོན་དུ་ཆོས་ཞུགས་མཛད་དེ་རབ་ཏུ་བྱུང་ཞིང་ཡི་གེའི་སྦྱོར་ཀློག་དང་ ཆོས་སྤྱོད་བཅས་ལ་མཁས་པར་སྦྱངས། དེ་ནས་ལྷ་སར་ཕེབས་ཏེ་ ལྕགས་པོ་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས་ཤིང་གསོ་བ་རིག་པ་དང་ རྩིས་རིག་བཅས་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་ གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ལྷ་ སྡིངས་མདའ་དཔོན་གྱི་བླ་སྨན་མཛད་དེ་ཆབ་མདོར་ཕེབས་ནས་ལོ་ དྲུག་ཙམ་བཞུགས། དགུང་ལོ་ཞེ་གཉིས་པར་རྭ་སྒྲེང་ཐུབ་བསྟན་ འཇམ་དཔལ་ཡེ་ཤེས་ཀྱི་བླ་སྨན་མཛད། དགུང་ལོ་ང་བདུན་པ་རབ་ བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་སྐུ་ཕྲེང་ བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་བླ་སྨན་དང་རྩེ་དྲུང་ལས་ཚན་ གནས་ལྔ་པའི་གོ་གནས་ཁུར། དགུང་ལོ་རེ་བཞི་པར་ལྷ་ས་སྨན་རྩིས་ [436] གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ མཚན་གནས་བཞེས། རིག་གནས་གསར་བརྗེའི་སྐབས་སུ་ངལ་རྩོལ་ ནང་དུ་ཞུགས་ནས་བསམ་བློ་བསྒྱུར་བཀོད་གང་ལེགས་མཛད། དགུང་ ལོ་གྱ་གཅིག་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་དཀར་སར་འདོན་ནས་སྔོན་གྱི་མཚན་གནས་དང་སྨན་པ་ མཁས་པའི་ཐོབ་ཐང་བཅས་སྐྱར་གསོ་བྱས། དགུང་ལོ་གྱ་གཉིས་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་མཚན་གཞན་ལ་ཆུ་ བཟང་ངག་དབང་ཆོས་གྲགས་ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི་ ། ངག་དབང་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་དབུས་མར་རྐྱང་དུ་ཡབ་ཨ་ར་ཨུ་རྒྱན་སྲིན་ཐར་དང་ ཡུམ་ཐང་བཟང་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ བཅུ་གཉིས་པའི་དུས་སུ་རབ་ཏུ་བྱུང་སྟེ་འབྲས་སྤུངས་དགོན་པར་གྲྭ་ བཙུན་མཛད། ཞྭ་ལུ་མཁན་པོ་དཀའ་བཅུ་བློ་བཟང་དཔལ་འབྱོར་ དགེ་རྒན་དུ་བསྟེན། སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་ བཅོ་ལྔ་པར་གཙང་པ་ཡེ་ཤེས་དཔལ་འབྱོར་གྱི་མདུན་ནས་དགེ་ཚུལ་གྱི་ སྡོམ་པ་མནོས། དགུང་ལོ་ཉེར་ལྔ་པར་རྒྱལ་དབང་འཇམ་དཔལ་རྒྱ་ མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཛོད་ཀྱི་འཛིན་ གྲྭའི་སྐྱོར་དཔོན་དུ་བཞུགས། དེ་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་ [437] ཀློང་རྡོལ་བླ་མ་སོགས་ལས་ཁྲིད་མང་པོ་ཞུས། དགུང་ ལོ་སོ་གསུམ་པར་དགེ་བཤེས་ལྷ་རམས་པའི་མཚན་སྙན་ཐོབ། དགུང་ ལོ་རེ་གཉིས་པར་དགའ་ལྡན་གསེར་ཁྲིར་ཕེབས། ལོ་ངོ་བདུན་ལྷག་ ཙམ་ཁྲིར་བཞུགས་ཏེ་དགུང་ལོ་བདུན་ཅུར་ཕེབས་སྐབས་ཁྲི་བའི་འགན་ ཁུར་དགོངས་པ་ཞུས། དེ་ནས་བཟུང་གཙང་བཀྲ་ཤིས་ལྷུན་པོ་དང་ སེ་འབྲས་དགེ་གསུམ་སོགས་ཀྱི་དགོན་གནས་རྣམས་སུ་ཆོས་འཆད་པ་དང། །སྡོམ་པ་འབོགས་པ། དབང་དང་ལུང་གནང་བ་སོགས་མཛད་ དེ་སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཀུན་བདེ་གླིང་རྟ་ཚ་སྤྲུལ་སྐུ་དང་ དཀའ་ཆེན་དགེ་ལེགས་རྒྱལ་མཚན་ལ་སོགས་པ་ཡིན། ཁོང་གི་གསུང་ རྩོམ་ནི་རང་རྣམ་སོགས་བསྟན་བཅོས་སོ་གཉིས་དཀར་ཆག་བཅས་པོ་ ཏི་གཅིག་ཏུ་བྱས་པ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། ཁོང་ ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བདུན་ཅུ་པ་ཡིན། ། ངག་དབང་འཇམ་དབྱངས་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་ དབང་བརྩོན་འགྲུས་ ་ སོགས་སློབ་དཔོན་དུ་ བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་མཁས་པ་ཆེན་པོར་གྱུར། རྣམ་ཐར་ཞིབ་ཏུ་མ་མཇལ་བས་ ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ ཐབས། [438] རྣམ་བཤད་རྡོ་རྗེ་ཐེག་པའི་གནད་དོན་ཀུན་གསལ་ནོར་བུའི་མེ་ལོང། པོད་བཞི་བཞུགས་སོ། ། ངག་དབང་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ དེང་ཀན་ལྷོའི་ཞཱ་ཧོ་ བསང་ཆུ་ རྫོང་ལ་གཏོགས་པའི་ཁ་གྱ་སྟོད་མ་ ཞང་གི་ཁ་གྱའི་འབོ་ར་ཞེས་པའི་སྡེ་གྲོང་དུ་ཡབ་མགོན་པོ་དོན་གྲུབ་ དང། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་ དུས་ཀྱི་མཚན་ལ་འཇམ་དབྱངས་བསྟན་འཛིན་ཞེས་འབོད། དགུང་ ལོ་དྲུག་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་ ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང། བསམ་ གཏན་རྒྱ་མཚོའི་མདུན་ནས་ཡི་གེའི་འཔྲི་ཀློག་དང་ཆོ་ག་ཕྱག་ལེན་ བཅས་ལ་ལེགས་པར་སྦྱངས། དགུང་ལོ་བདུན་པར་གདན་ས་བཀྲ་ ཤིས་འཁྱིལ་དུ་ཕེབས་ཏེ་རང་སྒར་གྱི་གདན་སར་འཁོད་ཅིང། ཀུན་ མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་ དགེ་ཚུལ་བསྒྲུབས་ཏེ་མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་ གསོལ། དེ་ནས་ཐོས་གླིང་གི་གྲྭ་ཚང་དུ་ཞུགས་ཏེ་བསྡུས་གྲྭ་དང་ ལེགས་བཤད་སྙིང་པོ། འགྲེལ་ཆུང་དོན་གསལ་རྣམས་ལ་སྦྱངས་ཏེ་ ཀུན་མཁྱེན་མཆོག་གི་མདུན་ནས་བསྙེན་པར་རྫོགས། དགུང་ལོ་ཞེ་བཞི་ [439] དགོན་གནས་སོ་སོ་ལ་ཕྱག་མཆོད་ མང་འགྱེད་རྒྱ་ཆེར་ཕུལ། རྒྱལ་པཎ་ཡབ་སྲས་མཇལ་ཞིང་བཀའ་ཆོས་ མང་དུ་ཞུས། དགུང་ལོ་ཞེ་ལྔ་བར་མདོ་སྨད་དུ་ཕེབས་ཏེ་བཀྲ་ཤིས་སྒོ་ མང་གི་མཁན་པོ་མཛད་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་ བར་མཛད། ཚུལ་འདི་ལ་སྐབས་དེའི་མཁས་པའི་དབང་པོ་ཞང་ སྟོན་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོས་དགག་སྒྲུབ་གནང་གསུམ་རླབས་ ཕྲེང་ཆེར་གཡོ་བའི། འདུལ་གཞུང་རྒྱ་མཚོའི་ཕ་རོལ་ལེགས་ཕྱིན་ཅིང་ སྒྲ་སྙན་སྡེབ་སྦྱོར་ཐ་སྙད་རིག་པའི་གཞུང། མ་ལུས་ཀུན་བྱང་ཆུབ་ལ་ གསོལ་བ་འདེབས། ཞེས་དང། རྣམ་དཔྱོད་ཐོགས་པ་མེད་པའི་ ནམ་མཁའི་ཀློང། སྦྱངས་སྟོབས་ཡོན་ཏན་སྤྲིན་སྔོན་རོལ་བ་ལས་ ལེགས་བཤད་དབྱར་རྔ་དལ་གྱིས་རྒོད་པ་ཡིས། མཁས་དགུའི་ཡིད་ རབ་འཕྲོག་ལ་གསོལ་བ་འདེབས། སོ། ཁོང་གི་གསུང་རྩོམ་ནི་གཞུང་འགྲེལ་དང། རྣམ་ཐར། གསོལ་ འདེབས། བསྟོད་ཚོགས། བསླབ་བྱ། མགུར་མ། སྙན་ངག་ཟིན་ བྲིས། བྱང་ཆུབ་ལམ་རིམ་སོགས་བསྟན་བཅོས་བརྒྱད་ཅུར་ཉེ་བའི་པོ་ ཏི་ལྔ་བཞུགས་སོ་ ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་གསེར་ལྗོངས་ཁྲི་ཀའི་ཡུལ་གྱི་གནས་བདག་སྲིན་པོའི་ལྷ་ ཞོལ་ཡང་བཟང་ཆོས་ཚ་ནས་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ལ་མོའི་སྐུ་ཕྲེང་གསུམ་ [440] རྒྱལ་དབང་ལྔ་བས་ལ་མོ་བློ་གྲོས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་ འཛིན་གནང་ཞིང་ཁོང་ལས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པའང་ མནོས། དེ་ནས་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་དང། ཀུན་མཁྱེན་ འཇམ་དབྱངས་བཞད་པ། ཁྲི་ཆེན་དཔལ་ལྡན་གྲགས་པ། ལ་མོ་ གྲགས་པ་རྒྱ་མཚོ་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་ལྔ་བཅུ་ ལྷག་ཙམ་ལ་བསྟེན་ནས་མདོ་སྔགས་རིག་གནས་རབ་འབྱམས་ལ་གསན་ བཞེས་རླབས་ཆེན་མཛད། གོང་མ་ཁང་ཞིའི་ཁྲི་ལོ་ཞེ་བཞི་བའི་ལོར་ པེ་ཅིན་དུ་ཕེབས་པས་བདག་རྐྱེན་སྤམ་མཐོ་བ་དང་སྦྲགས་ཚ་ཀན་ནོ་ མིན་ཧན་གྱི་ཆོ་ལོའི་གཟེངས་བསྟོད་དང་གསེར་ཡིག་འཇའ་ས་གནང་ དབུས་གཙང་དུ་སྔ་ཕྱི་ལན་ལྔ་ཙམ་བྱོན། ཁྱད་པར་དུ་རྒྱལ་དབང་ བསྐལ་བཟང་རྒྱ་མཚོ་ལ་མོའི་སྒར་གཞུང་ཨུ་རྒེ་ཁམས་གསུམ་རྣམ་རྒྱལ་ དུ་གདན་དྲངས་ཏེ། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཀྱི་དབང་ ལུང་མན་ངག་བདུད་རྩིའི་ཚོགས་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་ གཏམས་པར་མཛད་ཅིང་རྒྱལ་དབང་མཆོག་གི་གཙུག་ཕུད་ཀྱང་བཞེས་ སོ། བཀའ་དྲིན་ཟབ་ཕྱིར་གོང་མས་ཨ་ཆི་ཐུ་ནོ་མིན་ཧན་ཞེས་པའི་ མཚན་སྙན་དང་ལུང་ལས་ཀྱིས་གཟེངས་བསྟོད་མཛད་དོ། གཅན་ཚའི་ ལ་མོ་བདེ་ཆེན་ཆོས་འཁོར་གླིང་ངམ། རྒྱ་ནག་གོང་མས་དགེ་ཚོགས་ གླིང་ཞེས་བསྔགས་པའི་ཆོས་སྡེ་ཆེན་པོ་གསར་དུ་བཏབ། དེར་ལ་མོ་ བློ་བཟང་བཀྲ་ཤིས་དང་ཞྭ་དམར་ངག་དབང་འཕྲིན་ལས་སོགས་མཁས་ ཆེན་དུ་མས་ཡོངས་སུ་བསྐྱངས་པས་གཞུང་བཀའ་པོད་ལྔའི་འཆད་ མཉན་ལ་འགྲན་ཟླ་བྲལ་བ་ཞིག་བྱུང། གདན་ས་འདི་ནས་ཁྲི་ཆེན་བློ་ [441] ཞྭ་དམར་པ་ཎྜི་ཏ། ཐར་ཤུལ་རིན་ པོ་ཆེ་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་མང་དུ་ བྱོན། ཁོང་གིས་ཇོ་བོ་ལོ་ཀེ་ཤྭ་ར། རྗེ་ང་འདྲ་མ། རྩེའི་སྒྲོལ་མ་ གསུང་འབྱོན་མ་བྱམས་པ་ཆོས་འཁོར་མ་སོགས་རྟེན་རྩ་ཆེན་ཁལ་རྒྱབ་ སུམ་བརྒྱ་ལྷག་གདན་དྲངས་པས་ལ་མོའི་རྟེན་མཛོད་ཆེན་མོ་ཞེས་པའི་ སྙན་གྲགས་ཡོད་ཀྱང་རིག་གནས་གསར་བརྗེ་སྐབས་སུ་མེད་པར་ བཏང། གསེར་གདུང་ཁྲུ་གསུམ་བཞེངས་པ་དེ་སྒར་གཞུང་ཚོམས་ ཆེན་དུ་བཞུགས་ཀྱང་སྤྱི་ཚོགས་བསྒྱུར་བཀོད་བྱེད་སྐབས་མི་དམངས་ སྲིད་གཞུང་ལ་རྩིས་སྤྲད་དོ། ། ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་ད་ལྟའི་ཀན་ལྷོའི་ཅོ་ནེ་རྫོང་གི་ཉིན་པ་ཞང་གི་འབྲོག་སྡེ་ ཆེན་པོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་པར་གོང་མ་རབ་འབྱམས་ པ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་ཁོང་ཉིད་ཀྱི་ མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས་པ་མ་ཟད། ཆོས་སྤྱོད་ཕལ་ཆེར་ དང། བདེ་གསང་འཇིགས་གསུམ། ཀུན་རིག་ཚེ་མཆོག་ཆོས་ སྐྱོང་སྐོར་རྣམས་ཞིབ་ཏུ་སྦྱངས་ཤིང་བློར་འཛིན་མཛད་པས་མཁྱེན་རབ་ ཀྱི་ཀློང་བརྡོལ། དགུང་ལོ་བཅུ་གསུམ་པར་ཀིརྟི་བསྟན་པའི་རྒྱལ་ མཚན་ལས་དགེ་ཚུལ་བསྒྲུབས། དག་ཡིག་སྙན་ངག་མངོན་བརྗོད་ སོགས་ཐ་སྙད་རིག་པར་བསླབས་ནས་མཁས་པར་གྱུར་པས་ཡུལ་དེའི་ [442] དགུང་ལོ་ཉི་ཤུ་ཐམ་པ་ལ་ སླར་ཡང་ཀིརྟི་བསྟན་པའི་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ མནོས། དགུང་ལོ་ཉེར་དགུ་བར་དབུས་སུ་གནས་མཇལ་དུ་ཕེབས་ དགུང་ལོ་སོ་དྲུག་པར་ཁོང་ཉིད་ཀྱི་གདན་ས་ལུང་བཟང་རི་ཁྲོད་དགའ་ ལྡན་བྱང་ཆུབ་ཆོས་འཕེལ་གླིང་ ཐེ་བོ་སྟོད་དུ་ཡོད། དུ་འདུ་ཁང་ གསར་པ་བཞེངས། རྗེའི་གསུང་འབུམ་དང་གོང་མ་བློ་བཟང་བསམ་ གཏན་མཆོག་གི་གསུང་རྣམས་གྲྭ་མང་རྣམས་ལ་བཤད་ཁྲིད་མཛད་ཚུལ་ ཧ་ཅང་མཁས་པས་སྐྱ་སེར་མཆོག་དམན་མཐའ་དག་གི་ཡིད་རང་ དབང་མེད་པར་འཕྲོག་སྟེ་ཚོགས་དང་ཆོས་གྲྭ་འཛིན་སྐྱོར་མཐའ་དག་ ལ་སྐུལ་མ་ཆེན་པོ་ཐེབས་སོ། ཁོང་གི་སྐུ་ཚེ་འདི་ལ་སྒྲུབ་པ་ཉམས་ལེན་ གཙོ་བོར་མཛད་ནས་དུས་འདའ་བ་ལགས་སོ། ། ངག་དབང་དཔལ་བཟང།། ཁོང་ནི་བསམ་བློ་སྦྱིན་པ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། ངག་དབང་དབང་རྒྱལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་ཤར་བ་ཡིན། ཁོང་བྱིས་པའི་དུས་སུ་ཁྲི་ཆེན་བློ་གྲོས་རྒྱ་མཚོ་མཇལ་ ཞིང་རབ་ཏུ་བྱུང་ན་ཕྱིས་སུ་བཟང་བོ་ཞིག་ཡོང་ཞེས་ལུང་བསྟན། ཁོང་ ལ་གཙུག་ཕུད་ཙམ་ཕུལ་ནས་མཚན་ལ་ངག་དབང་བློ་བཟང་ཞེས་ བཏགས། དུས་ཡུན་རིང་པོ་མ་འགོར་བར་ལྕང་སྐྱ་ངག་དབང་བློ་ བཟང་ཆོས་ལྡན་ལས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་མནོས། དགུང་ལོ་ [443] འདུན་ཕུན་ཚོགས་སོགས་ལ་བསྟེན་ཞིང། གཞུང་བཀའ་པོད་ལྔ་ལ་ ཐུགས་གཉེར་ལེགས་པར་མཛད་དེ་གསང་ཕུར་དཀའ་བཅུའི་མིང་ བཏགས་འཛིན། པཎ་ཆེན་རིན་པོ་ཆེ་ལས་བསྙེན་རྫོགས་མཛད། དེ་ ནས་མདོ་སྨད་དུ་ཕེབས་ཏེ་ཆོས་བཟང་རི་ཁྲོད་དུ་ཡུན་རིང་བཞུགས་ ནས་ཐུགས་དམ་ཟབ་མོའི་ཉམས་ལེན་གཙོ་བོར་མཛད་སྐབས་དགོན་ ལུང་བྱམས་པ་གླིང་གི་རྒྱུད་པའི་ཁྲི་ལ་བཞུགས་ཏེ་འཆད་ཉན་མཛད་ རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་དགོན་ ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་རིང་དུ་ གདན་ས་བསྐྱངས། དགོན་པའི་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང་ཞིང། ཇ་ཚུལ་སོགས་ ཀྱི་ཐེབས་སུ་ཇ་སྦག་ལྔ་བཅུ། དངུལ་སྲང་ཉིས་བརྒྱ་བཅས་སྤྱི་འཇོག་ མཛད། ཁྲི་ཟུར་ནས་བཀྲ་ཤིས་ཆོས་གླིང་དང་མཱ་ཐི་ཟི་དགོན་པའི་བླ་ མ་ཡང་མཛད། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་ མཁན་རབས་ཉི་ཤུ་རྩ་དགུ་པ་ཡིན་ནོ། ། ངག་དབང་སྦྱིན་པ་ཚུལ་ཁྲིམས།། ཁོང་ནི་ལ་ཕྱི་ཀུན་བཟང་ཆོས་ཀྱི་རྒྱ་མཚོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། ངག་དབང་ཚུལ་ཁྲིམས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ཨ་མདོའི་གཅན་ཚའི་ནང་སྟོད་ཡིན། མཚན་གཞན་ལ་ཡེ་ཤེས་རྒྱ་མཚོ་ [444] ཁོང་གི་གྲྭ་ས་སེ་ར་བྱེས་པ་གྲྭ་ཚང་ཡིན། རབ་བྱུང་བཅུ་ གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་དྲུག་གི་རིང་དུ་གདན་ས་བསྐྱངས་ དེའི་རིང་དུ་འཆད་ཉན་ཤིན་ཏུ་འཕེལ། རྒྱལ་དབང་ལྔ་པའི་སྐུ་པར་ དང། གཟུངས་གཞུག་ཀུན་རིག་གི་ཆོ་ག་མངོན་རྟོགས་རྒྱན་རྣམས་ ཀྱི་པར་ཤིང་གསར་བསྐྲུན་མཛད་དེ། འདི་དག་ནི་ཆོས་སྡེ་འདི་པའི་ པར་ཤིང་གསར་བསྐྲུན་མཛད་པའི་ཐོག་མ་ཡིན་པར་མངོན། བླ་བྲང་ ཁང་དམར་བཞུགས་ཁྲི་དང་བཅས་པ་གསར་བཞེངས་མཛད། ཁྲི་ ཟུར་ནས་གཅན་ཚའི་བྲག་ལུང་དགོན་པ་བཀྲ་ཤིས་ཆོས་གླིང་གསར་ འདེབས་མཛད། ཁོང་ནི་གཅན་རོང་གྲྭ་རྒྱུན་ནང་ནས་བླ་མར་བསྐོས་ པའི་དང་པོ་ཡིན། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ ཅིང་དགུང་ལོ་དྲུག་ཅུ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་ནས་གདུང་ལ་བྱང་ཆུབ་མཆོད་རྟེན་ཁྲུ་ཚད་མ་གསེར་ཤོག་གི་ རྩི་ཅན་ཞིག་བཞེངས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ རབས་ཉི་ཤུ་རྩ་བཞི་པ་ཡིན་ནོ། ། ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་དང་ཡུམ་ བསོད་ནམས་ལེགས་འཛོམས་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་དགེ་སྡིངས་ ཆོས་ཀྱི་ཕོ་བྲང་དུ་སྐུ་གཤེགས། ཁོང་དགུང་ལོ་བཞི་ལྔ་ཙམ་ནས་ཡི་ [445] མང་དུ་གསན། དགུང་ལོ་བཅུ་གཅིག་པར་སྤྱན་སྔ་ངག་དབང་ཆོས་ གྲགས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ ཤིང་དགུང་ལོ་བཅུ་གཉིས་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་ བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཆད་ཉན་མཛད། དགུང་ལོ་བཅུ་ དགུ་པར་ཆོས་རྗེ་ནམ་མཁའ་དབང་ཕྱུག་སོགས་ལས་བསྙེན་པར་ རྫོགས། ངོར་ཆེན་དཀོན་མཆོག་དཔལ་ལྡན་ལས་གཤེད་དམར་ལྷ་ ལྔའི་དབང་སོགས་དང། ཡབ་ཆེན་སྔགས་འཆང་ལས་གསུང་ངག་ སྤྱན་སྔ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་ལས་ལམ་འབྲས་གླེགས་ བམ་སོགས་གསན། གཞན་ཡང་སེམས་དཔའ་ཆོས་ཀྱི་འོད་ཟེར། རྗེ་ ལུང་རིགས་རྒྱ་མཚོ། རྗེ་གཞོན་ནུ་བློ་གྲོས། གཏེར་སྟོན་རིན་པོ་ཆེ་ སོགས་ལ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་དང་གྲུབ་མཐའ་སོ་སོའི་ ཆོས་སྐོར་བཅས་པོ་ཏི་བརྒྱ་དང་བཅུ་གཅིག་ཙམ་ལ་སྦྱངས་པར་མཛད་ དེ་ནས་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་དང། བྱས་འགྱུར་རྡོ་རྗེའི་ བྲག་རྫོང། ཕུ་རི་གླང་བྲག་གི་རི་ཁྲོད་སོགས་སུ་ཕེབས་ཏེ་སྒྲུབ་པ་ ཉམས་ལེན་ལ་ཐུགས་དམ་གཞོལ་བས་རྟོགས་པའི་ཡོན་ཏན་ལ་མངའ་ བརྙེསས། དེ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྣམས་ཆོས་སྲིད་ གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རེ་གསུམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་གདན་ ས་ཆེན་པོའི་ཁྲི་རབས་ཉི་ཤུ་རྩ་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ ནི་ [446] ཀུན་གྲོལ། རྣམ་ཐར། ཆེན་རྣམས་ཀྱི་བསྟོད་པ། འདེབས་ཀྱི་སྐོར། ། ངན་ལམ་རྒྱལ་བ་མཆོག་དབྱངས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་དབུ་ རུ་འཕན་ཡུལ་དུ་སྐུ་འཁྲུངས་ཤིང་གདུང་རུས་ངན་ལམ་ཡིན། རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་མཁན་པོ་བོ་དཧི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་ འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ ཞིག་ཡིན། ཁོང་སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ་ བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཁོང་ གིས་ཡི་དམ་རྟ་མགྲིན་ལ་བཅོལ་ནས་དབེན་རྩར་སྒྲུབ་པ་མཛད་པས་ ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་ འཚེར་བ་བྱུང་སྟེ་ཚེ་ཡི་རིག་འཛིན་བརྙེས་སོ། མེ་ལོང། ཞེས་གསུངས་སོ། ཁོང་ནི་རྗེ་དང་འབངས་ཉེར་ལྔ་ནང་གི་ཡ་གྱལ་ ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། བཅས་བཞུགས་སོ། ། [447] ངམ་ཏ་ར་ཀླུ་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་བོན་ གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་གླེང་བྱུང་སྐབས་ཁོང་གིས་བོན་གྱི་ཁ་ འཛིན་དང་ཤགས་འདེབས་པ་མཛད་ནས་རྩོད་པ་ལས་བོན་ཆོས་ ཁུངས་ངན་ལ་གཏན་ཚིགས་ཆུང་བ་དང། བན་ཆོས་ཏེ་སངས་རྒྱས་ ཆོས་ལུགས་ནི་ཁུངས་བཙན་ཞིང་གཏན་ཚིགས་རྒྱ་ཆེ་བས་ཕྱིན་ཆད་ བོད་དུ་བོན་ཆོས་དོར་ནས་བན་ཆོས་ཏེ་སངས་རྒྱས་ཆོས་ལུགས་བྱའོ་ ཞེས་ཁ་འཆམས་ནས་རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས་སོ། ། ངམ་རྫོང་རས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མགོ་ཙམ་ལ་ མདོ་ཁྲ་ལྕིམ་ལུང་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་པ་ཞིག་ཡིན། གདུང་ རུས་ངམ་རྫོང་ཡིན། ཁོང་བྱམས་ཆོས་ལྡེ་ལྔ་ལ་ཤིན་ཏུ་མཁས་པར་ སྦྱངས་པས་ངམ་རྫོང་སྟོན་པའང་ཞུ། ཁོང་གིས་རྗེ་བཙུན་མི་ལའི་ ཞབས་ལ་གཏུགས་ནས་གདམས་ངག་རྣམས་རྫོགས་པར་ཐོབ། རྗེ་ བཙུན་མི་ལའི་བཀའ་ལ་བསྡུ་བའང་མཛད། ཁོང་གིས་གུང་ཐང་རས་ པ་ལ་བདེ་མཆོག་གི་སྙན་བརྒྱུད་རྫོགས་པར་གནང། ཁོང་ནི་རྗེ་བཙུན་ མི་ལའི་སློབ་མ་རས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་གུང་ཐང་རས་པ་དང། གཉལ་བ་གསུང་བཅད་པ་ ཉི་མ་སེང་གེ་བཅས་ཡིན། ། ངོར་རྗེ་རས་པ།། [448] པར་ཞུའོ། ། ངོ་ཤེས་ལྷ་རམས་པ་དོན་གྲུབ་ཆོས་གྲགས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། སྐུ་འབུམ་ མཆོད་གཞིས་ཀླུ་འབུམ་ངོ་ཤེས་སྡེ་བར་ཡབ་པདྨ་ཚེ་བརྟན་དང་ཡུམ་ཚེ་ རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཡོངས་འཛིན་རྡོ་རྗེ་ འཆང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་རབ་བྱུང་ བསྒྲུབས། ཡང་ཀྱཱ་རབ་འབྱམས་པ་བློ་བཟང་དོན་གྲུབ་སློབ་དཔོན་ དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་ བར་མཛད། དགུང་ལོ་བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་ གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་འགྲེལ་ལ་སློབ་གཉེར་མིང་ཙམ་མ་ ཡིན་པར་རིགས་ལུང་ཤན་སྦྱར་གྱིས་བརྡར་ཤ་ཆོད་ངེས་མཛད། སྐྱབས་ རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ དེ་ནས་དབུས་གཙང་ཕྱོགས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་ གི་ཆོས་སྒོར་ཞུགས་ཤིང་བཤེས་གཉེན་མཁས་པའི་དེད་དཔོན་ལ་བརྟེན་ ནས་པོ་ཏི་ཕྱི་མ་བཞིའི་དཀའ་གནད་མ་འདྲེས་པར་འབྱེད་པའི་ཐོས་ བསམ་མཐར་ཕྱིན་པ་མཛད་དེ་ལྷ་རམས་པའི་མིང་བཏགས་འཛིན་ རྒྱལ་སྲས་རིན་པོ་ཆེ་གོང་མ་བློ་བཟང་ངག་དབང་ཐོགས་མེད་བསྟན་ འཛིན་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་བསྒྲུབས། དཔལ་ལྡན་སྨད་ རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གསང་ཆེན་ལམ་གྱི་རིམ་པ་ལ་སྦྱངས་ པ་ཕུལ་དུ་བྱུང་བར་མཛད། དེ་ནས་རང་གི་གྲྭ་ས་སྐུ་འབུམ་དུ་ཕེབས་ [449] དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་གྲྭ་ཚང་ཚུལ་ བཞིན་བསྐྱངས། ལོ་དེར་སྨན་པ་བླ་བྲང་གསར་བཞེངས་མཛད་ ཁྲི་ཟུར་ནས་ཀྱང་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བར་མཛད་དོ་ ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ལྔ་བཅུ་ང་དགུ་པ་ ཡིན་ནོ། ། ངོར་ཆེན་ཀུན་དགའ་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ས་སྐྱར་ཡབ་གྲུབ་པ་ཡོན་ཏན་དང། ཡུམ་བསོད་ནམས་དཔལ་ ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱུད་པའི་མེ་ཕོ་བྱི་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་ རྒྱལ་མཚན་ལས་ཡི་གེའི་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་ པར་ཡེ་ཤེས་རྒྱལ་མཚན་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ བླངས། དེ་ནས་རིམ་གྱིས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལས་དགེ་སློང་ དང། བྱང་སེམས། གསང་སྔགས་ཀྱི་སྡོམ་པ་བླངས། མདོ་སྔགས་ ཀྱི་གཞུང་ལ་མཁས་པར་གྱུར་པ་དང། ཁྱད་པར་དུ་ས་སྐྱའི་ལུགས་ ཀྱི་ཆོ་ག་དང་ཕྱག་ལེན་ཐམས་ཅད་ཐུགས་སུ་ཆུད། དགུང་ལོ་ཉེར་ ལྔ་པར་ཤངས་ཆོས་འཁོར་སྒང་དུ་བྱོན་ནས་ལོ་ཙཱ་བ་སྐྱབས་མཆོག་ དང། ཞེ་དགོན་དུ་བྱོན་ནས་བུ་དྷཱ་ཤྲཱི་ལས་ཆོས་མང་དུ་གསན། དེ་ ནས་ས་བཟང་དགོན་དུ་བྱོན་ནས་ས་བཟང་བླ་མ་གཞོན་ནུ་བློ་གྲོས་ལས་ ཆོས་ཡུན་རིང་དུ་གསན། དགུང་ལོ་ཉེར་དགུ་པར་ས་བཟང་བླ་མའི་ [450] བསྐྱངས་མཛད། དགུང་ལོ་ཞེ་དགུ་པར་ན་བཟའ་ཕུག་རི་ཁྲོད་དང་ བསམ་གླིང་རི་ཁྲོད། ཨེ་རི་ཁྲོད་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ ལེན་མཛད། དེ་ནས་ཨེ་ཝཾ་རི་ཁྲོད་དུ་གཙུག་ལག་ཁང་དང། ཐུབ་ སྐུ་གསེར་ཞུན་མ། བཀའ་འགྱུར་གསེར་བྲིས་གསར་བཞེངས་མཛད་ ཅིང། བཤད་གྲྭ་བཙུགས་པ་སོགས་མཛད་ནས་ངོར་ཨེ་ཝམ་ཆོས་ལྡན་ གྱི་གདན་ས་ཆེན་པོ་གསར་དུ་བཏབ། སྐུ་ཚེ་གང་བོར་གཞན་དོན་ འབའ་ཞིག་མཛད་ནས་དུས་འདའ་བར་མཛད། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ས་སྐྱའི་གདུང་རྒྱུད་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་ དང། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་ངོར་མཁན་པོ་ དཀོན་མཆོག་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། དབང་ཕྱུག་གྲགས་ བཟང་སོགས་ཡིན། ཁོང་གི་གསུང་རྩོམ་ནི་ བསྟོད་པ། པ། ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ གཙང་ས་སྐྱར་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། དགུང་ལོ་གཞོན་དུས་ནས་བོད་ཡིག་གི་ སྦྱོར་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་རྗེ་ དཀོན་མཆོག་འཕེལ་གྱི་མདུན་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་ པ་མནོས། མདོ་རྒྱུད་གཞུང་ལུགས་ཀུན་ལ་འབད་པ་ཆེན་པོས་སྦྱངས་ [451] དེ་ནས་ངོར་པའི་གདན་ས་བཟུང་སྟེ་ འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་བསྐྱངས་ནས་དུས་འདའ་བར་ མཛད་དོ། ཁོང་གི་གསུང་རྩོམ་ནི་ རྒྱན་མེ་ཏོག་དཀར་པོའི་ཕྲེང་བ། སྐྱའི་གདུང་རབས་ཡ་རབས་ཀྱི་ཁ་རྒྱན། སྐོར། བསྟན་རྩིས་ཀྱི་སྐོར། ཐབས་ཀྱི་སྐོར་བཅས་ཆོས་ཚན་སུམ་ཅུ་སོ་དགུ་ཡོད་པ་དེ་པོ་ཏི་གཅིག་ ཏུ་བསྡུས་ནས་བཞུགས་སོ། ། དངུལ་ཆུ་ངག་དབང་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཕྱི་ལོ་སྟེ་སྤྱི་ལོ་ ་ལོར་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་སྐུ་ན་ཆུང་དུས་མིང་ལ་ལྷ་བཙན་རྡོ་རྗེ་ཞེས་ཞུ། དེ་ནས་ བཀྲ་ཤིས་དགེ་འཕེལ་གླིང་གི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་ གཙུག་ཕུད་ཕུལ་ཞིང་མཚན་ལ་དགེ་འདུན་རྡོ་རྗེ་ཞེས་གསོལ། དེ་རྗེས་ ཆོས་རྗེ་ངག་དབང་དར་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ མཚན་ལ་ངག་དབང་རྡོ་རྗེ་ཞེས་གསོལ། དེ་ལྟར་མཚན་ལན་གསུམ་ བྱུང་ཡང་རྡོ་རྗེའི་སྒྲ་མ་བསྒྱུར་བ་དེ་ཚེ་རིང་པོ་གནས་པའི་རྟེན་འབྲེལ་ ཡིན་གསུངས། བཞད་དགེ་འཕེལ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ ཆེན་ཁག་ལ་རིམ་པ་བཞིན་དུ་སྦྱངས་པ་མཛད། ཁོང་གི་ཐུགས་སྲས་ [452] མདོ་ སྔགས་ཀྱི་ཟབ་ཆོས་ཐམས་ཅད་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་ པར་མཛད། སྐུ་ཚེ་ཕལ་ཆེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ དགུང་ལོ་བརྒྱད་ཅུ་གྱ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ སོ། །ཁོང་གི་གསུང་རྩོམ་ནི་ འགའ་ཞིག་ཟུར་དུ་བཀོད་པ། བའི་བསླབ་བྱ་ནོར་བུ་ཕྲེང་བ། བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད། སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང། ལོངས་པའི་པོ་ཏི་གཅིག་བཞུགས་སོ། ། དངུལ་ཆུ་བླ་མ་ཆོས་བཟང།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ ཤིས་དཔལ་འབྱོར་དང་ཡུམ་མཁའ་འགྲོ་དཔལ་སྐྱིད་གཉིས་ཀྱིས་རས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་དངུལ་ཆུ་རི་ཁྲོད་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་ པའི་ཐོག་ནས་ཞང་པོ་ལྷ་བུའི་དྲུང་དུ་ཡི་གེའི་འབྲི་ཀློག་སྦྱོར་གསུམ་ ལེགས་པར་སྦྱངས། དགུང་ལོ་བཅུ་བཞི་བར་བཀྲ་ཤིས་དགེ་འཕེལ་ དགོན་དུ་ཕེབས་ཏེ་སློབ་དཔོན་བློ་བཟང་རྒྱལ་མཚན་གྱི་མདུན་ནས་ རབ་ཏུ་བྱུང། དགུང་ལོ་བཅོ་ལྔ་བར་མཁས་ཆེན་ངག་དབང་རྡོ་རྗེའི་ དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་ཅན་དུ་བླངས་ [453] ཤེས་དཔལ་གྲུབ་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས་ཏེ་ཚུལ་ཁྲིམས་ མིག་འབྲས་བཞིན་དུ་བསྲུངས་སོ། དགུང་ལོ་ཉེར་གཉིས་ནས་སོ་གཉིས་ བར་ལོ་བཅུའི་རིང་དུ་བཀྲ་ཤིས་ལྷུན་པོར་ཐེངས་མང་ཕེབས་ཏེ་འབྲོང་ རྩེ་བློ་བཟང་ཚུལ་ཁྲིམས་དང། གུ་གེ་ཡོངས་འཛིན་བློ་བཟང་བསྟན་ འཛིན། གྲུབ་དབང་སྐལ་བཟང་ཆོས་རྒྱལ་སོགས་སློབ་དཔོན་མཁས་ ཆེན་མང་པོ་ལ་བཀའ་ཆོས་མཐའ་ཡས་པ་ཞུས། ཁྱད་པར་དུ་རྗེ་དྲུང་ བློ་བཟང་དགེ་འདུན་གྱི་མདུན་ནས་སྒྲ་དང་སྙན་ངག་སུམ་རྟགས་ མངོན་བརྗོད། སྡེབ་སྦྱོར་སོགས་ལ་ལེགས་པར་གསན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང། མཁས་ ཆེན་ངག་དབང་སྙན་གྲགས། རི་སྦུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་ བདེ་ཆེན་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་སོགས་ཤིན་ཏུ་མང་ངོ། ཁོང་ གི་གསུང་རྩོམ་ནི་བསྟན་བཅོས་ཆིག་བརྒྱ་བརྒྱད་ཅུ་གྱ་ལྔ་ཡོད་པ་རྣམས་ པོ་ཏི་དྲུག་ཏུ་བསྡུས་ཏེ་ཤིང་པར་དུ་བརྐོས། ཁོང་གིས་བཅུ་ཕྲག་རིག་ པའི་གནས་ལ་མཁས་པར་སྦྱངས་པས་ནང་དོན་རིག་པའི་སྐོར་གྱི་ གསུང་རྩོམ་རྣམས་ཕུད། དེ་མིན་རིག་གནས་སྐོར་གྱི་ སི་ཏུའི་ཞལ་ལུང། ཐིགས། ཏུ་ཆེའོ། ཁོང་གི་ཁྱིམ་ཚང་ཧ་ཅང་མེད་པོ་ཞིག་ཡིན་ཡང་བློ་ཕུགས་ ཆོས་ལ་གཏད་ནས་ཆོས་ཀྱི་རྒྱལ་ས་འཛིན་པའི་ཆོས་རྗེར་གྱུར་ཏོ། བློ་ བཟང་ཚེ་རིང་དང་དྷརྨ་བྷ་དྲ་ནི་མིང་གི་རྣམ་གྲངས་ཡིན་ཏེ་ད་ལྟ་མི་ [454] ། དངུལ་ཆུ་བློ་བཟང་ཆོས་འཕེལ།། ཁོང་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། དངུལ་ཆུ་དྷརྨ་བྷ་དྲ།། ཁོང་ནི་དངུལ་ཆུ་བླ་མ་ཆོས་བཟང་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། དངོས་གཞི་བ་བྱམས་པ་ཐུབ་དབང།། ཁོང་ནི་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་ དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།། མངའ་བདག་བཀྲ་ཤིས་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་ མངའ་རིས་སུ་ཡབ་མངའ་བདག་ལྷ་ཆེན་བྷ་གན་གྱི་སྲས་སུ་སྐུ་འཁྲུངས་ ཁོང་གིས་མངའ་རིས་ཀྱི་རྒྱལ་སྲིད་བསྐྱངས་སྐབས་པུ་རིག་ཡན་ཆད་ དང། གྲོ་ཤོད་མན་ཆད་མངའ་འོག་ཏུ་བསྡུས་ནས་རྟ་ཁྱུ་བསམ་ གྱིས་མི་ཁྱབ་པ་བྱུང་ཞིང། སྐུ་མཁར་རྣམ་རྒྱལ་རྩེ་མོ་དང། ཆུ་རྟའི་ གྲོང་ཁྱེར་བཏབ། དེའི་སྐབས་སུ་ཧོར་གྱི་དམག་བྱུང་བ་ལ་འཐབ་པས་ ཧོར་དམག་མང་པོ་བསད། རྣམ་རྒྱལ་རྩེ་མོར་མགོན་ཁང་བཞེངས་ འབྲི་གུང་ཆོས་རྗེ་ལྡན་མ་གདན་དྲངས་ནས་སྒང་སྔོན་བཀྲ་ཤིས་ཆོས་ རྫོང་བཏབ་སྟེ་ཉེ་འཁོར་ནས་བཙུན་ཁྲལ་བསྐུལ་ཏེ་དགེ་འདུན་གྱི་སྡེ་ བཙུགས། གཞན་ཡང་འབྲི་གུང་དང། ས་སྐྱ། དགེ་ལྡན། ལྷ་ [455] བསམ་ཡས་སོགས་སུ་ཕེབས་ཏེ་རྟེན་གསུམ་ལ་གསེར་ཆབ་སྒྲོན་ འབུལ་དང། དགེ་འདུན་གྱི་སྡེར་མང་ཇ། བླ་མར་བརྒྱ་འབུལ་ བཀའ་བསྟན་འགྱུར་གྱིས་མཚོན་གསུང་རྟེན་གྱི་གླེགས་བམ་མང་པོ་ དང། མཆོད་རྟེན་མང་པོ་ཡང་བཞེངས་པར་མཛད། ཁོང་ནི་མངའ་ རིས་ཀྱི་རྒྱལ་རབས་ཉེར་གཅིག་པ་ཡིན་ནོ། ། མངའ་བདག་ཆོས་རྗེ་ཆོས་ཀྱི་བླ་མ།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཤབ་སྒོ་ལྔའི་སྣ་རིང་དུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དཔལ་ལྡན་གྲོ་མོ་ཆེ་ ལས་བསྙེན་པར་རྫོགས། མཁན་པོ་གྲོ་སྟོན་བདུད་རྩི་གྲགས་པ་ལས་ བཀའ་གདམས་པའི་གདམས་ངག་ཕལ་མོ་ཆེ་གསན་ཏེ་མཁྱེན་པ་ཤིན་ ཏུ་ཆེ་བས་ཞང་ཐམས་ཅད་མཁྱེན་པར་གྲགས། ཁོང་གིས་བཤེས་གཉེན་ སྟོན་པའི་རྣམ་ཐར་དང། པོ་ཏོ་བ་དང་ཤ་ར་པའི་རྣམ་ཐར་བཅས་ མཛད་ཡོད། སྣར་ཐང་གི་གདན་ས་ལོ་ངོ་བཅུའི་རིང་དུ་བསྐྱངས་བ་ རེད། ཁོང་གི་གདུང་རྟེན་ནི་གདན་ས་བཞི་པའི་གདུང་རྟེན་གྱི་བར་ དུ་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་གྱི་གདན་རབས་ལྔ་བ་ ཡིན། ། མངའ་བདག་དཔལ་འཁོར་བཅན།། ཁོང་ནི་བོད་ལུགས་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཡར་ལུང་ འཕང་ཐང་དུ་ཡབ་མངའ་བདག་འོད་བསྲུངས་དང། ཡུམ་ཅོག་རོ་ བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཆུ་མོ་ལུག་ [456] ཁོང་དགུང་ལོ་ བཅུ་གསུམ་པ་བོད་ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཡབ་འོད་ བསྲུངས་སྐུ་གཤེགས་རྗེས་གཙང་གི་གྲོམ་པ་ལྷ་རྩེར་གཤེགས་རྫོངས་ ཆོས་འཁོར་རྒྱ་ཆེར་བསྐོར་བ་དང། དུས་མཚུངས་རྒྱལ་རྒྱུད་ཀྱི་ཁྲི་ ལ་འཁོད་དེ་ཆབ་སྲིད་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་བསྐྱངས་ཤིང་ འབྲོ་ཙུག་སྒྲ་ལྷ་སྣང་དང། ཅང་ཝ་ཕོ་གཉིས་ཀྱིས་བློན་པོ་བྱས་ དགུང་ལོ་བཅུ་དྲུག་པ་བོད་ལུགས་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་མེས་ཀྱི་བང་སོ་ལ་ཐིགས་ཚགས་བྱས་ནས་ཝ་བཙུགས་པ་དང་ སྒྲོལ་ཕུའི་སྨན་ལུང་ལ་སོགས་པའི་གཙུག་དག་ཁང་བརྒྱད་བཞེངས། དེ་ ནས་གཙང་དུ་གྲོམ་པ་ལྷ་རྩེའི་བྲག་ལ་ཕོ་བྲང་བཞེངས་ཏེ་བཙུན་མོ་ཆེན་ མ་སྣ་ནམ་བཟའ་ལེགས་བཙུན་དང་ཆུན་མ་མཆིམས་བཟའ་བཙུན་ནེ་ གཉིས་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ དང། སྐྱིད་ལྡེ་ཉི་མ་མགོན་གཉིས་སྐུ་འཁྲུངས། དགུང་ལོ་ཉེར་ དྲུག་པ་བོད་ལུགས་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་མང་ཐོས་ཀླུ་སྒྲུབ་རྒྱ་ མཚོས་དཔལ་འཁོར་བཙན་གྱིས་རྒྱལ་སྲིད་བཟུང་ནས་ལོ་ངོ་བཅུ་བཞི་ ལོན་པའི་སྟག་གི་ཚེ། རབ་བྱུང་བསྙེན་རྫོགས་སོགས་ལས་ཀྱི་ཆོ་ག་ དང། ཀློག་པ་པོ་ཐོས་བསམ་གྱི་འགོ་ཚུགས་པའི་ཕྱི་དར་གྱི་དབུ་ བརྙེས་སོ། སོ། དགུང་ལོ་སུམ་ཅུ་སོ་གཅིག་པར་གཙང་གི་གྲོམ་པ་ལྷ་རྩེའི་ཕོ་ བྲང་དུ་ནང་འཁོར་སྟག་རྩེ་སྙགས་ཀྱིས་བཀྲོངས་སོ། གོང་གི་འཁྲུངས་ འདས་ཀྱི་ལོ་ཚིགས་ནི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ལྟ་བ་ལྟར་བཀོད་པ་ [457] ། མངའ་བདག་བློ་གྲོས་མཆོག་ལྡན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་ མངའ་རིས་སུ་ཡབ་མངའ་བདག་གྲགས་པ་འབུམ་ལྡེའི་སྲས་སུ་སྐུ་ འཁྲུངས། ཁོང་གིས་མངའ་རིས་བསྐོར་གསུམ་ཆབ་འབངས་སུ་ བཀུགས་ཏེ། གུ་གེ་ནས་དམུ་ཁྲབ་ཟིལ་པ་མ་མོའི་མུན་སྒྲུབ་དང་ ཁྲབ་ཆུང་དཀར་རུ། ལྷ་ཁྲབ་དཀར་པོ་གཙོས་ཁྲབ་བཅོ་བརྒྱད་ རལ་གྲི་ནམ་མཁའ་ཁྲག་ལྡག་འབྲོང་རྩེ་རིང། གློག་དམར་མེ་གསོད་ ལ་སོགས་པའི་རལ་གྲི་བཅོ་བརྒྱད། སྐེ་གྲི་བདུད་གྲི་ནག་པོ། དམ་ གྲི་གཞུང་བརྒྱད་རྣམས་ཀྱིས་གཙོ་བྱས་པའི་སྐེ་གྲི་བཅོ་ལྔ། ལྷ་གཡུ་ འོད་ལྡན། ལྷ་གཡུ་དཀར་པོ་གཉིས་ཀྱིས་གཙོས་པའི་གཡུ་བཅོ་ལྔ་ སྒ་མ་ཇི་ཁྲི་སྟེང། བཀྲ་ཤིས་འོད་ལྡན་སོགས་སྒ་ཉི་ཤུ། ཆིབས་གྲོ་ བོ་ལྔ་བཅུ་དང། ངང་པ་ལྔ་བཅུ། འོལ་བ་ཉི་ཤུ། ཁྲ་བོ་སུམ་ཅུ་ འབྲི་ཟལ་མོ་ཉི་ཤུ། གཡག་ཁམ་པ་ཉི་ཤུ། ལུག་ལ་སོགས་པའི་ དཔྱ་ཁྲལ་མང་པོ་བསྡུས་ཏེ་མངའ་ཐང་ཤིན་ཏུ་དར་བར་བྱུང་ མངའ་རིས་རྒྱལ་པོ་རིམ་བྱོན་གྱི་ནང་ནས་སྙན་གྲགས་ཆེ་ཤོས་ཤིག་ཡིན་ནོ། ། མངའ་བདག་སེང་གེ་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་དུ་ མྔའྲིས་སུ་ཡབ་མངའ་བདག་འཇམ་དབྱངས་རྣམ་རྒྱལ་དང། ཡུམ་རྒྱལ་མོ་ རྒྱལ་མོ་ཁ་ཏུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་མངའ་རིས་ ཀྱི་རྒྱལ་སྲིད་བསྐྱངས་ཏེ་གུ་གེ་ཕྱི་འབྲོག་དང། གུ་གེ་བཅས་ལ་སྔ་ [458] ཞིང། རུ་ཤོད་བདག་མོ་བསྐལ་ཟང་སྒྲོལ་མ་ཁབ་ཏུ་བཞེས་ཏེ་རིགས་ སྲས་བདེ་ལྡན་རྣམ་རྒྱལ་དང། ཨིནྡྲ་བཧོ་ཏི། བདེ་མཆོག་རྣམ་ རྒྱལ་གསུམ་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ ་ ལ་ཡུམ་གྱི་དགོངས་རྫོགས་ཀྱི་ཕྱིར་དུ་གསེར་ འབུམ་དང། དངུལ་འབུམ་ཆ་ཚང་དང་བཅས་པ་ཕུལ། སྟག་ཚང་ རས་ཆེན་གྱིས་ཧེ་མི་བྱང་ཆུབ་བསམ་གླིང་དགོན་དང། ལྕེ་བདེ་ཐེག་ མཆོག་དགོན། ཝམ་ལེ་བདེ་ཆེན་དགོན་བཅས་དགོན་ཆེན་གསུམ་ གྱིས་གཙོས་པའི་གཙུག་ལག་ཁང་མང་པོ་བཞེངས་པའི་སྦྱིན་བདག་གི་ མཐིལ་མཛད། གཞན་ཡང་ཝམ་ལེ་དང། རྒོད་ཡུལ། ཁ་ནག་ གཙང་དམར། སྐྱུ་དམར་ནང། མེ་རུ། དར་རྩེ་སོགས་ཀྱི་ས་ ཁུལ་དང། ལ་དྭགས་སྟོད་གཤམ་དང། མངའ་ཞབས་གང་ཡོད་ ནས་སྟག་ཚང་རས་ཆེན་ལ་མཆོད་གཞིས་ས་ཕུད་རེ་རེ་ཕུལ་བར་མཛད་ ཁོང་ནི་མངའ་རིས་ཀྱི་རྒྱལ་རབས་ཉེར་གསུམ་པ་ཡིན་ནོ། ། མངའ་རིས་རྡོ་རྗེ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་དུ་མ་བོད་ [459] ཁོང་གི་བསྒྱུར་རྩོམ་ནི་ ལས་ ། མངའ་རིས་དཔལ་ལྡན་བསྟན་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་སྤི་ཏི་གྲང་མཁར་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གཅིག་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ སྔོན་གྱི་བག་ཆགས་བཟང་པོ་སད་དེ་བསྟན་པའི་འབྱུང་ཁུངས་དབུས་ ཕྱོགས་སུ་ཕེབས། ཆོས་འཁོར་རྒྱལ་གྱི་གྲྭ་ཚང་ལྔའི་ནང་ཚན་མཁས་ མང་ངང་པ་འདུ་བའི་མཚོ་ཆེན་པོ་མངའ་རིས་གྲྭ་ཚང་དང། རྒྱུད་ སྨད་བཅས་སུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་ནན་ཏན་དུ་མཛད། རྒྱུད་པ་དང་བྱང་རྩེའི་འཆད་ཉན་པ་ མཛད། རབ་བྱུང་བཅུ་གཅིག་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ ཁྲི་བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་གོང་ནས་གོང་དུ་འཕེལ་ པར་མཛད། ཁྲི་ཟུར་ནས་མངོན་དགར་བཞུགས་ཏེ་རྭ་སྒྲེང་དང་ གསང་སྔགས་མཁར། གསལ་ཁང་བཅས་ལ་ཞལ་འཛིན་གང་ལེགས་ གནང། དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གདུང་བྱང་ཆུབ་མཆོད་ རྟེན་བཞེངས་ཏེ་བདེ་གཤེགས་ལྷ་ཁང་གི་བྱང་ཕྱོགས་སུ་བཞུགས་སོ་ [460] ནོ། ། མངའ་རིས་བྱང་ཆུབ་དགེ་མཛེས།། ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་མངའ་རིས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་རབ་ཏུ་ བྱུང་ཞིང་བསྙེན་པར་རྫོགས། ཚ་རོང་བ་ཇོ་སྟན་ནག་པོ་ལས་འདུལ་ བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། དེ་ནས་ཡར་ཀླུང་དུ་བྱོན་ ཏེ་གཉགས་ལོ་ཙཱ་བ་ལས་ཤེར་ཕྱིན་བག་ཙམ་ཉན། བཙན་ཁ་བོ་ཆེ་ ལས་བྱམས་ཆོས་སྡེ་ལྔ་ལེགས་པར་བསླབས། ཕུ་ཆུང་བ་དང་ གླང་རི་ཐང་པ། ཀ་མ་པ་ཤེས་རབ་འོད། ཁམས་པ་ལུང་པ་བཅས་ ལས་དབང་དང་གདམས་ངག་ཞུས། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ ཞལ་གཟིགས། དེ་ནས་སྣེའུ་ཟུར་པ་ཡེ་ཤེས་འབར་གྱི་ཞབས་ལ་གཏུགས་ ཤིང་བཀའ་གདམས་པའི་ལམ་རིམ་སོགས་ཆོས་སྐོར་མང་དུ་ཞུས། བྱ་ ཡུལ་བ་གཞོན་ནུ་འོད་ལས་ཆོས་ཚན་འགའ་གསན་ནས་བྱེས་ཚད་ དགོན་པར་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད་ནས་ཐུགས་དམ་ བཞུགས། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ ལོ་བརྒྱད་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་སྐོར་ཆེན་པ་ཡིན་ནོ། ། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང།། ཁོང་ནི་རབ་བྱུང་བརྒྱད་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ [461] འདས་ལོ་མི་གསལ། ཁོང་གི་ གསུང་ལས་ཀུན་མཁྱེན་རྒྱལ་བའི་མཁའ་ལས་ལེགས་བབས་ཤིང་ སྡུད་བྱེད་གངས་རིའི་མགུལ་ནས་ལེགས་བལྟམས་པའི། རྒྱ་བོད་མཁས་ པའི་ལེགས་བཤད་ཀུན་འདུས་ཚལ། གསོ་རིག་མ་དྲོས་རྒྱ་མཚོ་བརྒལ་ བར་འདོད། བདག་ལྟས་གཏིང་མཐའ་རྟོགས་པར་མི་ནུས་ཀྱང་ ངོ་མཚར་དོན་གྱི་རིན་ཆེན་ཅིས་མི་གཉེར། རྙེད་ཀྱང་བྱི་དོར་ལེགས་ པར་མ་བྱས་ན། ཡིད་ཆེས་རྒྱལ་མཚན་རྩེ་ལ་སུ་ཞིག་འཛིན། འཛིན་ པ་མེད་ན་རེ་འདོད་མི་སྐོང་ཞིང། བདག་བློའི་དབུལ་བ་སེལ་བར་མི་ ནུས་པས། འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང། རང་གི་ ཡིད་ཀྱི་དབུལ་བ་བསལ་བའི་ཕྱིར། གསོ་རིག་རིན་ཆེན་མཛོད་ཀྱི་སྒོ་ དབྱེའོ། ཞེས་གསུངས་པ་ལ་བལྟས་ན་གསོ་དཔྱད་སྨན་གྱི་རིག་པར་ མཁྱེན་རྒྱ་ཆེ་བ་ཞིག་བཞུགས་འདུག་ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་ རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི་ རིག་པའི་ཆོས་འབྱུང་བདུད་རྩིའི་ཆུ་རྒྱུན། བཤད་དྲང་ངེས་རྣམ་འབྱེད་གང་གའའི་ཆུ་རྒྱུན། ། མངའ་རིས་ལྷ་བཙུན་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་ནུབ་རར་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་སྐུ་ འཁྲུངས་པས་ལྷ་བཙུན་དུ་གྲགས། འདས་ལོ་མི་གསལ། ཁོང་གིས་ དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་སངས་རྒྱས་དབང་ཕྱུག་སོགས་ཡོངས་ འཛིན་དུ་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། སློབ་ [462] ལོ་སྟེ་སྤྱི་ལོ་་ལོར་གདན་སའི་ཁྲི་ཐོག་ཏུ་ཕེབས། ལོ་ཉེར་གཉིས་ ཀྱི་རིང་དུ་བཀྲ་ཤིས་ལྷུན་པོའི་གདན་ས་བསྐྱངས། ཞྭ་ལུའི་མཁན་པོ་ ལོ་བདུན་དུ་མཛད། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་དྲུག་པ་ཡིན། ། མངོན་དགའ་བ་བྱམས་པ་རྒྱ་མཚོ།། ཁོང་ནི་ཞོགས་བྱམས་པ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ་ རྔ་རྒོད་ནམ་མཁའ་སེང་གེ་ ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ད་ལྟའི་ཀན་ལྷོའི་ཞཱ་ཧོ་རྫོང་གི་རྔོག་རྒྱལ་མོ་དགོན་ཕྱོགས་ གསེར་པོ་མདོ་ཞེས་པའི་སྡེ་གྲོང་དུ་ཡབ་མགོན་པོ་ཚེ་རིང་དང། ཡུམ་ བན་དེ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ལྔ་བར་ རྔ་རྒོད་དཔོན་པོའི་བཀས་སྐུལ་འོག་ཆོས་འཁོར་ཞབས་དྲུང་རིན་ པོ་ཆེ་ནས་རྔ་རྒོད་བླ་མ་དཀའ་བཅུ་རྡོ་རྗེ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་ བཟུང་ཞིང་གདན་སར་བཀོད། འདུལ་འཛིན་ཆེན་པོ་ཏཱ་དབོན་སྤྲུལ་ སྐུའི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ ནས་སྨན་རྩིས་དང། སྒྲ། སྡེབ་སྦྱོར། སྙན་ངག་ཐིག་ཚད་བཅས་ལ་ ལེགས་པར་སྦྱངས་པས་སྦྱོང་འབྲས་བཟང། དགུང་ལོ་བཅུ་དགུ་པར་ ཏཱ་དབོན་པ་ལས་བསྙེན་པར་རྫོགས་ཤིང་ལོ་དེར་དབུས་སུ་གནས་སྐོར་ ཕེབས། ལམ་བར་ནག་ཆུ་ནས་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ [463] གཙང་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དང་མཇལ་ དེ་ནས་མདོ་སྨད་དུ་ཕེབས་ཏེ། དགུང་ལོ་སོ་གཅིག་པར་གྱི་ལིང་རི་ ཁྲོད་དུ་བྱོན་ནས་སྒྲུབ་པ་ཉམས་ལེན་མཛད་ཅིང་བསེ་མཁར་སྒང་ལ་ སྒྲུབ་ཁང་བཙུགས་ནས་མཚམས་ལ་བཞུགས། ཕྱིས་སུ་ཀུན་མཁྱེན་ འཇིགས་མེད་དབང་པོའི་བཀའ་གསུང་ཕེབས་པ་ལྟར་ཨ་མཆོག་དགོན་ སྡེ་གསར་དུ་བཏབ། དེར་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས། སྐུ་ གསུང་ཐུགས་ཀྱི་རྟེན་མང་པོ་གསར་བཞེངས་དང་འཆད་རྩོད་རྩོམ་གྱི་ ཆོས་སྤྲིན་རྒྱ་ཆེར་སྤྲོས། དེ་ནས་རིམ་བཞིན་སྟག་ཚང་དགོན་དང་ ཁྱ་དགེ་དགོན། དགོན་ལུང་དགོན། རྐང་ཚ་དགོན་སོགས་མདོ་སྨད་ ཀྱི་དགོན་གནས་ཕལ་ཆེར་ལ་ཕེབས་ཤིང་བླ་སྤྲུལ་དང། དཔོན་ཁག་ རྣམས་ཀྱི་ལྷ་སྡེ་ལ་ཆོས་ཀྱི་སྦྲང་ཆར་དགུང་ནས་ཕབ། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཙ་ཡུས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང། ཨ་ཁྱུང་ ངག་དབང་མཁྱེན་རབ། ཞབས་དྲུང་སྤྲུལ་སྐུ། ཨ་སྐྱིད་སྟོབས་ལྡན་ ཚ་ཁོ་རི་ཁྲོད་པ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ བསླབ་བྱ་ཉུང་བསྡུས་བློ་གསལ་དགའ་སྟོན། སྐོར་ལ་ཆོས་ཚན་བདུན་ཅུ་ལྷག་དང། སུམ་རྟགས། སྙན་ངག་རྩིས་ རིག་གསོ་རིག་བཟོ་རིག་པ་སོགས་ཐུན་མོང་རིག་གནས་སྐོར་ལ་ལེ་ ཚན་བཅུ་ལྷག་ཡོད་དེ་བསྡོམས་པས་ལེ་ཚན་བརྒྱད་ཅུ་ལྷག་ཙམ་ བཞུགས་སོ། ། རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ [464] ཡུམ་ཀླུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ལྔ་པར་འཇམ་ བཞད་འཇིགས་མེད་དབང་པོས་རྔ་རྒོད་ནམ་མཁའ་སེང་གེའི་ཡང་སྲིད་ དུ་ངོས་འཛིན་མཛད། དགུང་ལོ་བདུན་པར་ཁྲི་ཆེན་བློ་བཟང་ཉི་མ་ ལས་རབ་ཏུ་བྱུང། དགུང་ལོ་བརྒྱད་པར་མཁས་བཙུན་སེང་གེ་ལས་ ཡི་གེའི་སྦྱོར་ཀློག་སྦྱངས། དགུང་ལོ་དགུ་པར་ཡེ་ཤེས་རྒྱ་མཚོ་ལས་ དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་ཁྲི་ཆེན་དཀོན་ མཆོག་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ ཉེར་དགུ་པར་དབུས་གཙང་དུ་གནས་སྐོར་ཕེབས། དགུང་ལོ་སུམ་ཅུ་ པར་གདན་ས་བཀྲ་ཤིས་བཤད་སྒྲུབ་གླིང་དུ་ཕྱིར་ཕེབས་ནས་གཙུག་ ལག་ཁང་དང། རྟེན་དང་རྟེན་པ། གསུང་རབ་གསེར་བྲིས་བཅས་ གསར་བཞེངས་མཛད་ནས་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེན་སྤེལ་ དགུང་ལོ་ཞེ་བརྒྱད་པར་རྔ་ཁོག་ཕྱོགས་ཀྱི་དགོན་གནས་རྣམས་སུ་ ཕེབས་ཏེ་ཆོས་སྦྱིན་བསྩལ། དགུང་ལོ་ཞེ་དགུ་པར་སོག་ཡུལ་གྱི་དགོན་ ཁག་རྣམས་སུ་ཕེབས་ཏེ་དབང་ལུང་མན་ངག་གིས་གདུལ་བྱ་རྣམས་ལ་ ཚིམ་པར་མཛད། ཁོང་གི་གསུང་རྩོམ་ནི་ཚེ་འགུགས་དང། སྦྱིན་ སྲེག་བསྙེན་ཡིག་བསང་མཆོད། གཡང་འབོད། གཏོར་འབུལ་ སོགས་འདོན་ཆའི་སྐོར་དང། ཆབ་ཤོག་སྙན་ངག་གི་དཔེར་བརྗོད་ བསླབ་བྱ་སྐོར་བཅས་ཆོས་ཚན་དྲུག་ཅུ་རེ་བཞི་ཡོད་པ་དེ་པོ་ཏི་གཉིས་ སུ་བསྡུས་ནས་བཞུགས་སོ། ། [465] རྔེགས་བློན་སྟག་ཟིགས་རྒན་ཁོལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་རྩིས་བློན་ཆེན་པོ་ཞིག་ཡིན་ཏེ། ཁྲང་ཆིན་ཁྲི་ལོ་གསུམ་པ་ བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ རིང། བོད་ཆེན་པོའི་བློན་པོ་ཕལ་གྱི་ཐབས་དང་མྱིང་རུས།ཞེས་ ཞང་དབུ་སྙུང་རྡོ་རིང། རྔོག་ཀུན་དགའ་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ གཞུང་རི་བོར་ཡབ་ཚུལ་ཁྲིམས་ཤེས་རབ་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གིས་མེས་པོ་རྔོག་མདོ་སྡེ་ལས་རྔོག་བརྒྱུད་ཀྱི་རྒྱུད་རྣམས་ལེགས་པར་ གསན། དེ་ནས་ལྷོ་ནག་ལ་མོའི་འཚེའུ་དར་རེ་དང། དཔལ་ཆེན་ གོ་བོ། གུབ་ཐོབ་ཤོལ་པོ་བ། མལ་ནག་མོ་རྣམས་ལ་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་སྦྱངས་ནས་མཁས་ པའི་གྲགས་པ་ཐོབ། སྤྲེའུ་ཞིང་གནས་གཞི་གསར་འདེབས་མཛད་ ནས་འཆད་རྩོད་རྩོམ་གསུམ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ནས་ དུས་འདའ་བར་མཛད་དོ། ། རྔོག་རྒྱལ་ཏོ་རེ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ [466] མངའ་བདག་འོད་བསྲུངས་ ་ ཀྱི་ བློན་པོ་ཡིན་ཏེ། བན་ཆོས་ལ་གཙིགས་སུ་འཛིན་ནས་གཙུག་ལག་ ཁང་སོགས་བསྐྱར་བཞེངས་དང། གཡོ་རུ་ས་ཁུལ་གཙོ་བོར་བཟུང་ སྟེ་མངའ་བདག་འོད་བསྲུངས་ཀྱི་ཆབ་སྲིད་ལ་གཞོགས་འདེགས་ལེགས་ པར་མཛད་དོ། ། རྔོག་གླིང་ཁམས།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། དྲག་ རྩལ་ལ་ཤིན་ཏུ་མཁས་པས་གཡག་བྲུས་པོ་ཆེ་ལག་པས་ཐེག་པ་དང་ དྲག་པོ་གཡུལ་འགྱེད་ཀྱི་ལས་ལ་ཞུགས་ནས་དཔུང་ཆེན་ཁ་ལོ་བསྒྱུར་ བའི་དམག་དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ཡིན་ནོ། ། རྔོག་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྤྲེའུ་ཞིང་དུ་ཡབ་རྔོག་ཆོས་རྡོར་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་རྡོ་རྗེ་ ཕྲེང་བའི་དབང་ལུང་ཁྲིད་གསུམ་གསན་པས་སྤྱི་ལོའི་དུས་རབས་བཅོ་ ལྔའི་བར་དུ་སྤྲེའུ་ཞིང་པ་ལ་རྡོ་རྗེ་ཕྲེང་བའི་བཀའ་མ་ཆད་པར་ཡོད་ ཅེས་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས། དེ་ནས་ཁོང་ཁམས་ སུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར་བས་རི་བོ་ཆེའི་རིན་པོ་ཆེ་བ་ལ་ སོགས་པའི་སློབ་མ་མང་དུ་བྱུང། དར་རྩེ་མདོའི་ཚུན་དུ་ཐེགས་ [467] པ་ཕྱིན། དེ་ནས་གདན་སར་ཕེབས་ཏེ་ཚོགས་པ་བསྐྱངས་ནས་ བཞུགས་སོ། ། རྔོག་སྟོན་ཆོས་སྐུ་རྡོ་རྗེ།། ཁོང་ནི་རབ་བྱུང་དང་པོའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གཞུང་རི་བོར་ཡབ་རྔོག་བན་ཆེན་ཁ་པ་དང། ཡུམ་འོད་ལྡན་མ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གིས་གཞུང་སེ་ལུང་གི་དགེ་བཤེས་ དགྱེར་ཆུང་པ་ལས་རྙིང་མའི་ཆོས་སྐོར་རྣམས་ལེགས་པར་གསན། དེ་ ནས་མར་པ་ཆོས་ཀྱི་བློ་གྲོས་སྐུ་མདུན་དུ་ཕེབས་ཏེ་རྟ་བཟང་པོ་གཅིག་ ཕུལ་ནས་ཆོས་གནང་བ་ཞུས་ཀྱང། བླ་མས་རྟ་འདི་ཆོས་ཞུ་བའི་ཞུ་ རྟེན་ཡིན་ན་ཆུང། ཞལ་མཇལ་བའི་རྟེན་ཡིན་ན་ཆེ་ཞེས་གསུངས་ ནས་དབང་དང་གདམས་པ་འགའ་རེ་གནང། དེ་ནས་བླ་མ་གཞུང་ རི་བོར་གདན་དྲངས་ཏེ་འབྲི་གནག་བརྒྱ་དང། སྦྲ་གུར། ཆོས་པོ་ཏི་ སུམ་ཅུ། ལུག་ཚེར་མོ་བརྒྱ་བཅས་ཕུལ་བ་ལ། བླ་མས་དགྱེས་ རྡོར་དང། བཤད་པའི་རྒྱུད་གུར། དཔལ་གདན་པ་བཞི་པ་ མ་ཧཱ་མཱ་ཡ་བཅས་ཀྱི་དབང་ལུང་ཁྲིད་གསུམ་རྒྱས་པར་གནང། ཁམས་ པ་ཤེས་རབ་རྡོ་རྗེ་ལས་མཚན་བརྗོད་གསན། དགྱེས་རྡོར་ལྷ་དགུ་ དང། བདག་མེད་མ་ལྷ་མོ་བཅོ་ལྔ། གདན་བཞི་ལྷ་མང། ཡེ་ ཤེས་དབང་ཕྱུག་མ། མ་ཧཱ་མཱ་ཡ་ལྷ་ལྔ། གུར་རིགས་བསྡུས་ཏེ་རྗེ་ མར་པ་ལས་བྱུང་བ་དྲུག་སྨྲྀ་ཏི་ལུགས་ཀྱི་འཇམ་དཔལ་གསང་ལྡན་ [468] རི་བོ་ཁྱུང་ལྡིང་ལྷ་ཁང་ གསར་བཞེངས་བཅས་མཛད་ནས་བསྟན་འགྲོའི་དོན་མཛད་དོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་རམ་ཙན་ཅན་དང། པ་ཝ་བ་ཅན། རྔོག་ མུན་པ་ཅན། སུམ་པ་ཕོད་ཀ་ཅན་ཏེ་ཅན་བཞི་སོགས་མང་དུ་བྱོན་ནོ་ ཁོང་ནི་རྗེ་བཙུན་མར་པའི་ཀ་ཆེན་བཞི་ལས་ལྷོའི་ཀ་བ་ཡིན། ། རྔོག་མདོ་སྡེ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཞུང་རི་བོར་ཡབ་རྔོག་སྟོན་ཆོས་སྐུ་རྡོ་རྗེ་དང། ཡུམ་པ་བཟའ་ ཆོས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་ཆུང་མིང་ལ་རྔོག་ཞེ་ སྡང་རྡོ་རྗེ་ཞུ། དགུང་ལོ་བཅུ་གཉིས་པར་ཡབ་གཤེགས། དེ་ནས་ རྔོག་མུན་པ་ཅན་དང་པ་ཝ་བ་ཅན་ལ་བསྟེན་ནས་ཡབ་ཆོས་དཀར་པོ་ རྣམས་གསན། དེ་ནས་བྱ་ལོ་ཟླ་བ་འོད་ཟེར་དང། ཤུད་པུ་ལོ་ཙཱ་ བ་ཟངས་དཀར་འཕགས་པ་ཤེས་རབ། གཉན་ལོ་དར་མ་གྲགས་ བ་རི་ལོ་ཙཱ་བ་རིན་ཆེན་གྲགས། པ་ཚབ་ཉི་མ་གྲགས། རྭ་ལོ་ཆོས་ གྲགས། ཆག་ལ་ཆོས་རྗེ་དཔལ་སོགས་ལ་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་དཔྱིས་ཕྱིན་པ་གསན་སྦྱངས་མཛད། དེ་ ནས་མཆིམས་ཆེན་པོ་དང། ཞང་རིན་པོ་ཆེ་ལ་སོགས་པའི་དགེ་ བའི་བཤེས་གཉེན་གདུགས་ཐོགས་བཞི་བརྒྱ་ཙམ་ལ་ཉ་མོ་སྐྱུར་དུ་ཆོས་ འཁོར་ཆེན་པོ་མཛད། རྗེ་བཙུན་མར་པའི་སྲས་མོ་ཞིག་གིས་རྗེ་བཙུན་ མར་པའི་གདུང་རུས་ཕུལ་བ་ལ་གདུང་ཁང་ཆེན་མོ་བཞེངས། དེའི་ [469] མཛད། སྐུ་ཚེ་གང་བོ་ལ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་བསྐྱངས་ནས་ དུས་འདའ་བར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྩགས་ དར་མ་རྒྱལ་པོ་དང། མགར་སྟོན་བཀྲ་ཤིས་དབང་ཕྱུག་འཚེའུ་དར་ རེ། མལ་ཡེར་པ་བ། ཏྲེ་བོ་མགོན་པོ། ངོར་རྗེ་ཀུན་དགའ་འོད་ གཤེན་པ་རྡོ་རྗེ་སེང་གེ་མཉམ་མེད་ཤཱཀྱ་ཡེ་ཤེས། ཅོག་རོ་ཆོས་རྒྱལ་ བཅས་ཡིན། །ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ གཤིན་རྗེའི་མཆོད་པའི་ཆོ་ག། པ། ། རྔོག་དཔལ་གསུམ་སྒྲ་ཆེ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། མངའ་བདག་འོད་བསྲུང་ ་ ཀྱི་བློན་ པོ་ཡིན་ཏེ། བན་ཆོས་ལ་གཙིགས་སུ་བཟུང་ནས་གཙུག་ལག་ཁང་ སོགས་བསྐྱར་བཞེངས་དང། གཡོ་རུ་ས་ཁུལ་གཙོ་བོར་བཟུང་སྟེ་ མངའ་བདག་འོད་བསྲུངས་ཀྱི་ཆབ་སྲིད་ལ་གཞོགས་འདེགས་ལེགས་ པར་མཛད་དོ། ། རྔོག་བུདྡྷ་པཱ་ལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ [470] རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་ བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ དང། ། རྔོག་བྱང་ཆུབ་དཔལ་བ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྤྲེའུ་ཞིང་དུ་ཡབ་རྔོག་དོན་གྲུབ་དཔལ་བཟང་གི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བདུན་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ལ་ཡབ་ཀྱིས་ཉེ་གནས་དང་སློབ་གཉེར་སྦྲགས་ནས་མཛད་པས་རྔོག་ པའི་ཆོས་རྣམས་ལ་ཤིན་ཏུ་མཁས་ཤིང་བྱང་བར་གྱུར། ཡབ་གཤེགས་ རྗེས་གདན་སར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་ཚོགས་པ་ ཡག་པོ་བསྐྱངས་མཛད། ཁོང་གིས་གྲུབ་བུ་ལུང་དུ་ཆོས་གསུང་བའི་ སྐབས་སུ་རྗེ་ཙོང་ཁ་པ་ཆེན་པོ་མཇལ་དུ་བྱོན་ནས་མཁྱེན་པའི་ཡོན་ཏན་ རྣམས་ལ་རྩད་གཅོད་གནང། རྗེ་རིན་པོ་ཆེས་ཀྱང་བཀུར་སྟི་ཆེན་པོ་ མཛད། ཕྱིས་ཀྱང་བསྔགས་པ་མང་དུ་མཛད་པས་སྡེ་སྣོད་འཛིན་པ་ ཆེན་པོ་རྣམས་ཀྱི་ཡིད་མགུ་སྟེ། འབྲས་སྤུངས་ཆོས་རྗེ་བཀྲ་ཤིས་དཔལ་ ལྡན་དང། མཁན་ཆེན་པདྨ་བཟང་པོ་ལ་སོགས་པའི་མཁྱེན་རབ་ཅན་ གྱི་སློབ་མ་མང་དུ་འདུས། དེ་རྗེས་མིའི་བདག་པོ་གྲགས་པ་འབྱུང་ གནས་ཀྱིས་སྤྱན་དྲངས་ནས་རྔོག་ལུགས་ཀྱི་དབང་དང་རྒྱུད་བཤད་ གདམས་པ་དང་བཅས་པ་ལེགས་པར་གསན་ཞིང། ཤིན་ཏུ་གུས་པའི་སྒོ་ ནས་བཀུར་སྟི་ཆེན་པོ་མཛད། ལྡུམ་ཆུང་བ་དོན་གྲུབ་དཔལ་བ་དང་ [471] བྱམས་གླིང་ཆོས་ཀྱི་རྗེ་བསོད་ནམས་རྣམ་པར་རྒྱལ་བ། སྨྲ་བའི་ཁྱུ་ མཆོག་ཆེན་པོ་དཔལ་ཆོས་ཀྱི་གྲགས་པ། དྲུང་བསོད་ནམས་རྒྱལ་ མཚན་རྣམས་ཀྱང་ཁོང་གི་མཁྱེན་རབ་ལ་ཤིན་ཏུ་གུས་ཤིང་ཆོས་ཀྱང་ མང་དུ་གསན་པ་མཛད། དེ་ནས་བར་སྐབས་སུ་གདན་ས་བ་རྣམས་ ལ་གདན་བཞིའི་བཤད་རྒྱུན་ཆད་པ་ལ། རྗེ་ཙོང་ཁ་ཕ་ཆེན་པོའི་བཀའ་ ལུང་ལ་ཁྱེད་ཀྱིས་ཅིས་ཀྱང་གདན་བཞིའི་བཤད་པ་དེ་ཡོད་པ་མཛད་ གསུངས་པས། སྤྲེའུ་ཞིང་གླིང་གསེབ་ནས་སློབ་དཔོན་ཚུལ་མགོན་ པ་ཞེས་བྱ་བའི་བགྲེས་པོ་ཞིག་ལ་ལུང་ལེགས་པར་བཞུགས་པ་མནོས་ ནས་བཤད་པ་ཡང་མང་དུ་མཛད། དེ་ལྟར་འགྲོ་བའི་དོན་རྒྱ་ཆེན་ པོ་མཛད་དོ། ཁོང་གི་གསུང་རྩོམ་ནི། མའི་མཆན་འགྲེལ། ། རྔོག་བྱང་ཆུབ་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་ སུ་སྐུ་འཁྲུངས། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ དུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་མང་དུ་གསན་པ་མཛད། དེ་རྗེས་ཡེར་པ་བཟུང་ནས་ འདུལ་བའི་སྡེ་བཙུགས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ དེ་ནས་གཡུ་སྒྲོ་ཁང་དམར་དང། བཟད་ཀྱི་ལྡིང་པ། ཆུ་ཤུལ་ན་ བོ། སྤུས་སྡེ་ལྷོ་གོང། ཡོལ་ཐང། ལབ་སོ། གྲལ་མ་ཐང་ ཁ་རག་སོ་གཅིག་བཅས་བཟུང་ནས་འདུལ་བའི་བསྟན་པ་སྤེལ། གཞུ་ [472] ཀུན་དགའ་ར་བ་དང་ཚ་མིག་སོགས་བརྩིགས་ཏེ་ཆོས་རྒྱུད་མང་དུ་ མཆེད་པ་ལ་རྔོག་སྐོར་དུ་གྲགས་སོ། ཁོང་ནི་ཀླུ་མེས་ཤེས་རབ་ཚུལ་ ཁྲིམས་ཀྱི་སློབ་མ་བ་ཀ་བཞིའི་ཡ་གྱལ་ཞིག་ཡིན་ནོ། ། རྔོག་ཚུལ་ཁྲིམས་ཤེས་རབ།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཞུང་རི་བོར་ཡབ་རྡོག་མདོ་སྡེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་ མར་རྒྱུད་ཀྱི་བཤད་པ་སྐྱོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ ཟད། རྔོག་ལུགས་དང་རྔོག་གི་གདུང་རྒྱུད་སྤེལ་བ་ལ་བཀའ་དྲིན་ ཤིན་ཏུ་ཆེའོ། ། རྔོག་ཞེ་སྡང་རྡོ་རྗེ།། ཁོང་ནི་རྔོག་མདོ་སྡེ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ ཞུའོ། ། རྔོག་གཟི་བརྗིད་གྲགས་པ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྤྲེའུ་ ཞིང་དུ་ཡབ་རྔོག་ཀུན་དགའ་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་ པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ ཡབ་ཀུན་དགའ་རྡོ་རྗེ་ལས་མེས་པོའི་ཆོས་སྐོར་རྣམས་ཡོངས་སུ་རྫོགས་ པར་གསན་ནས་རྟོགས་པ་མཐོན་པོ་རྒྱུད་ལ་འཁྲུངས། དེ་ནས་བྱ་ འདུལ་གྱི་སློབ་མ་བ་ཆར་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་ རས། ལོ་དྲུག་སྒྲོལ་སྒོམ་མདོ་ཆེན་པ་སོགས་ལ་བསྟེན་ནས་ཕྱི་ནང་ [473] ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ལ་ལེགས་ པར་སྦྱངས་ནས་མཁས་པའི་གཙུག་གི་རྒྱན་དུ་གྱུར། སྤྲེའུ་ཞིང་དུ་ གཟིམ་ཁང་བྱང་མ་དང་གཙུག་ལག་ཁང་བཞེངས། རྗེ་བཙུན་མར་ པའི་དངུལ་གྱི་གདུང་ཁང་ཡང་སྤྲེའུ་ཞིང་དུ་གདན་དྲངས་ཏེ་གདུང་ ཁང་ཆེན་མོ་གསར་དུ་བཞེངས། དེ་ནས་གདན་སར་བཞུགས་ཏེ་བུ་ཆེན་ སློབ་མའི་ཚོགས་རྣམས་དུས་ལྟར་བསྐྱངས་ནས་འཆད་རྩོད་རྩོམ་གསུམ་ ཁོ་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ ནས་དུས་འདའ་བར་ལགས་སོ། ། རྔོག་ཡེ་ཤེས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་ སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་ རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་ གིས་སྤང་དཀར་ལྷ་ལུང་གི་གཙུག་ལག་ཁང་བཞེངས་པར་མཛད་ཅིང་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་དར་ བར་མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་ འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། རྔོག་རིང་ལ་ནག་པོ།། [474] ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། དྲག་ རྩལ་ལ་ཤིན་ཏུ་མཁས་པས་གླང་པོ་ཆེའི་ཕྲུ་གུ་པང་དུ་འདེགས་ཐུབ་པ་ དང། དྲག་པོ་གཡུལ་གྱི་ཁ་ལོ་བསྒྱུར་ནས་དམག་དཔོན་རྩལ་བོ་ཆེ་ མི་བདུན་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། རྔོག་རིན་ཆེན་བཟང་པོ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྤྲེའུ་ཞིང་དུ་ཡབ་རྒྱལ་པོ་དགའ་བའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ ལྔ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། ཁུ་བོ་གཟི་ བརྗིད་གྲགས་པ་ལས་ཕ་ཆོས་དཀར་པོ་ཡོངས་སུ་རྫོགས་པར་གསན་ དགུང་ལོ་བཅུ་པར་ཆོས་བཤད་མཛད་ཐུབ་པའི་ཤེས་རབ་ཀྱི་རྩལ་ རྫོགས། དགུང་ལོ་བཅོ་བརྒྱད་པར་མཁན་པོ་ཟུལ་ཕུ་བ་ཆོས་གྲགས་ དཔལ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་སོ་གསུམ་པར་ ཟུལ་ཕུ་བ་ཆོས་གྲགས་དཔལ་མཁན་པོ་དང། འོད་ཟེར་དཔལ་ལས་ སློབ། ཡེ་ཤེས་དཔལ་གསང་སྟོན་མཛད་ནས་དགེ་འདུན་མང་པོའི་ དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སློབ་དཔོན་རྡོ་རྗེ་རིན་ཆེན་ དང། སློབ་དཔོན་ཡེ་ཤེས་དཔལ། སློབ་དཔོན་བཟང་མོ་བ་འཕྱོང་ པོ་བ། སློབ་དཔོན་རིན་ཆེན་གཞོན་ནུ་རྣམས་ལ་བསྟེན་ནས་ཕྱི་ནང་ ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་རྣམས་ལ་དཔྱིས་ཕྱིན་པར་ སྦྱངས་མཛད། དགུང་ལོ་ཉེར་བདུན་པར་ཁུ་བོ་གཟི་བརྗིད་གྲགས་པ་ [475] སྐུ་གཤེགས་ནས་སྤྲེའུ་ཞིང་གི་གདན་ས་མཛད། དགུང་ལོ་སོ་གཉིས་པར་ ཁམས་སུ་བྱོན་ནས་ལོ་གཉིས་ཀྱི་རིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ གདན་སར་ཕེབས། འཚལ་པའི་ཡང་དགོན་སྒོམ་སྡེ་དང་དཔོན་བརྒྱུད་ ཀྱི་བླ་མར་གྱུར། གསེར་གྱི་བཀའ་འགྱུར་བཞེངས། ལྷ་ཁང་དང་ གདན་ས་རྒྱ་ཆེར་བསྐྱེད། འགྲོ་དོན་རྒྱ་ཆེར་མཛད་དོ། ། རྔོག་ལེགས་པའི་ཤེས་རབ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། དགེ་བཤེས་ རྡོ་རྗེ་གཞོན་ནུའི་སྲས་སུ་སྐུ་འཁྲུངས། ཁོང་མངའ་རིས་གུ་གེ་རྒྱལ་ པོས་བྱིས་པ་ཤེས་རབ་ཆེ་བ་ཉི་ཤུ་རྩ་བདུན་འདམས་ནས་ཁ་ཆེའི་ཡུལ་ དུ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱེད་པར་བཏང་བའི་གྲས་ནས་ མཁས་ཤོས་ཤིག་ཡིན། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་ སྡེ་སྣོད་སློབ་པའི་ཕྱིར་དུ་ཁམས་སུ་བྱོན་ཏེ་ཇོ་བོ་སེ་བཙུན་ལས་ཆོས་ མང་དུ་མཁྱེན་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་འགྲོགས་ཏེ་ དབུས་སུ་ཕེབས། བཤད་གྲྭ་བཙུགས་ནས་སློབ་མ་ཡང་མང་དུ་བསྐྱངས་ དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བསྟེན་ཏེ་ཕྱི་ནང་ཐུན་མོང་དང་ ཐུན་མོང་མ་ཡིན་པའི་གདམས་ངག་མང་དུ་གསན། ལོ་ཆེན་རིན་ཆེན་ བཟང་པོ་ལ་རོགས་རམ་མཛད་ནས་སྒྲ་བསྒྱུར་མཛད་པ་མ་ཟད་ལོ་ཆེན་ གྱི་སློབ་མ་ཡང་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་ལྟར་ ཁོང་གིས་རབ་བྱུང་དང་པོའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་གསང་ ཕུ་ནེའུ་ཐོག་དགོན་པ་གསར་འདེབས་མཛད་ཅིང། ཕྱོགས་སོ་སོ་ནས་ གྲྭ་པ་ལྔ་བརྒྱ་ཙམ་འདུས་ཤིང། དེ་དག་ལ་ཇོ་བོའི་གཙོ་བོར་མཛད་ [476] ཅིང་འཆད་ཉན་ཤིན་ཏུ་དར་བར་མཛད། རྔོག་ལོ་གློ་ལྡན་ཤེས་རབ།། ཁོང་ནི་རབ་བྱུང་དང་པོའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་རྔོག་ཆོས་སྐྱབས་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གཉིས་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བཅུ་བདུན་པར་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་ དུ་བྱོན་ཏེ་ལོ་གཅིག་གི་རིང་དུ་སློབ་གཉེར་མཛད། དགུང་ལོ་བཅོ་ བརྒྱད་པར་ཁུ་བོས་མཐུན་རྐྱེན་སྒྲུབ་ནས་བཙན་ཁ་བོ་ཆེ་དང། ཁྱུང་ པོ་ཆོས་བརྩོན། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་དང་ འགྲོགས་ཏེ་རྒྱ་གར་དུ་སློབ་གཉེར་ལ་ཕེབས། ལོ་ངོ་བཅུ་བདུན་གྱི་རིང་ དུ་པཎྜི་ཏ་སན་ཛ་དང། འབུམ་ཕྲག་གསུམ་པ། པ་ར་ཧེ་ཏ། མ་ ཧཱ་ཛྙ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒྱལ་པོ་ལ་སོགས་པའི་དགེ་བའི་ བཤེས་གཉེན་རྣམས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་སོ་ལྔ་པ་རབ་བྱུང་དང་ པོའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བོད་དུ་ཕྱིར་བྱོན་ཏེ་ཚད་མ་རིག་ པ་དང། ཕར་ཕྱིན་སོགས་གཞུང་མང་པོ་རྒྱ་གར་སྐད་ནས་བོད་སྐད་ དུ་བསྒྱུར་བར་མཛད་པ་ལ། གྲོ་ལུང་པས་དམ་ཆོས་བསྒྱུར་ལ་མངའ་ བརྙེས་པས། རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང། འབུམ་ ཕྲག་གཅིག་དང་ཁྲི་ཕྲག་གསུམ། སྟོང་ཕྲག་བདུན་ནི་ལྷག་བཅས་ བསྒྱུར་ཞེས་གསུངས། དེ་ནས་ལྷ་ས་དང། བསམ་ཡས། མྱུ་གུ་ སྣ། གཉལ་སྒང་ཐོག་གཙང་རྒྱང་མཁར་སོགས་སུ་འཆད་ཉན་མཛད་ [477] པའི་ཚེ་མི་ཁྲི་ཚོ་གཉིས་དང་སུམ་སྟོང་ཙམ་འདུས། ཟུར་ཁྲིད་ཀྱི་འཆད་ ཉན་བྱེད་ཐུབ་པའི་སློབ་མ་ཡང་ཉིས་སྟོང་བརྒྱད་བརྒྱ་ཙམ་ཡོད་ གསང་ཕུ་ནེའུ་ཐོག་གི་གདན་ས་བསྐྱངས་ཤིང་ཚད་མ་དང། བྱམས་ ཆོས། དབུ་མ། ཇོ་བོའི་ལམ་རིམ་བཅས་ཁྲིད་ནས་འཆད་ཉན་གྱི་ མཛད་སྒོ་ཤིན་ཏུ་དར་བར་མཛད། ལམ་གྱི་རིམ་པའི་བསྟན་བཅོས་ ཀྱང་བརྩམས། དགུང་ལོ་ལྔ་བཅུ་རྩ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་གསང་ཕུ་ནེའུ་ཐོག་དགོན་པའི་ གདན་རབས་གཉིས་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་གྲགས་ ཆེ་བ་ནི་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང། གྲོ་ལུང་པ་བློ་གྲོས་འབྱུང་ གནས། ཁྱུང་རིན་ཆེན་གྲགས། འབྲི་ཤེས་རབ་འབར། གངས་ པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མེ་དིག་མེ་ལྷང་ཚེར། དམར་ སྒས་ལང། རྔོག་སྐྱ་བོ། ཏྲེ་བོ་མཆོག་གི་བླ་མ་བཅས་ཡིན། ཁོང་ གི་བསྒྱུར་རྩོམ་ནི་བཀའ་འགྱུར་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། བསྟན་འགྱུར་ ལས། པར་རྟོགས་པའི་དཀའ་འགྲེལ། གྱི་མཆོད་པའི་ཆོ་ག། ག། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས། ཉིད་ཀྱི་སྙིང་པོ། [478] ཐམས་ཅད་གྲུབ་པའི་སྒྲུབ་ཐབས། ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ། འབྱོར་མའི་སྦྱིན་སྲེག་གི་ཆོ་ག། འགྲེལ། པོའི་སྙེ་མ། པོའི་བསྟོད་པ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། པའི་རྒྱན་གྱི་འགྲེལ་བའི་བསྡུས་དོན། སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ། སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གདོང་དགའ་རྫོང་དུ་ཡབ་སྔགས་འཆང་ངག་དབང་ཀུན་དགའ་རིན་ ཆེན་དང། ཡུམ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་གཞི་ ཐོག་བླ་བྲང་དུ་སྐུ་གཤེགས། ཁོང་གིས་ཐོག་མར་ཡབ་སྔགས་འཆང་ ལས་གསུང་ངག་དང། བདེ་དགྱེས་གསང་གསུམ། གུར་མགོན་ལྷ་ བརྒྱད། དམག་ཟོར་རྒྱལ་མོ། དུར་ཁྲོད་བདག་པོ། རྗེ་བཙུན་གོང་ མ་རྣམ་ལྔའི་གསུང་འབུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་ པ་གསན། མུས་ཆེན་དཀོན་མཆོག་རྒྱ་མཚོ་ལས་ལམ་འབྲས་སོགས་ དང། ཆོས་རྗེ་ནམ་མཁའ་དཔལ་བཟང་ལས་སྤྱོད་རྒྱུད་དཀྱིལ་འཁོར་ [479] བཅུ་གཉིས་ཀྱི་དབང་སོགས། གཅེན་ངག་དབང་བསོད་ནམས་དབང་ པོ་ལས་སྒྲུབ་ཐབས་བརྒྱ་རྩ་སོགས་མང་དུ་གསན་པར་མཛད། དགུང་ ལོ་དགུ་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ཆོས་སྲིད་ གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དེ་ནས་ཡོངས་སུ་གྲགས་པའི་ དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་ པོ་པོ་ཏི་བདུན་ཅུ་དོན་བདུན་ཙམ་ལ་སྦྱངས་པར་མཛད་ཅིང་ཚོགས་ ཆོས་གསུངས། དགུང་ལོ་ཉེར་བདུན་པ་ནས་བཟུང་གདན་ས་ཆེན་ པོའི་འགན་ཁུར་བཞེས་ཏེ་རྫོང་ཆུང་བླ་བྲང་དང། སྒྲོལ་མ་ལྷ་ཁང་ མགོན་ཁང་ནུབ། རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མ་བཞུགས་པའི་ ཟུར་ཁང་གཙུག་ལག་ཁང། ཕུ་མའི་ལྷ་ཁང། གཞི་ཐོག་བླ་བྲང་གི་ རིག་འཛིན་ལྷ་ཁང། དབུ་རྩེའི་འཇམ་དབྱངས་གཟི་འོད་འབར་ བའི་དབུ་ཐོག་གི་གསེར་ཐོག་ཆེན་མོ་སོགས་གསར་བཞེངས་མཛད་ སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས་པ་མཛད། དགུང་ལོ་ལྔ་ བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དུས་ མཆོད་བླ་བྲང་གི་གདུང་རབས་དགུ་པ་དང། ས་སྐྱའི་གདན་ས་ཆེན་ པོའི་ཁྲི་རབས་ཉེར་བཞི་པ་ཡིན། ཁོང་གི་གསུང་རྩོམ་ནི། འབོད། སྒྲུབ་ཐབས། འཕུར་ཤེས་ཀྱི་ལོ་རྒྱུས། པོ་རྒྱང་གྲགས་ཀྱི་དཀར་ཆག། ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་ [480] རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་མི་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ རྩེ་གདོང་དུ་ཡབ་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་དང། ཡུམ་ ལྷ་གཅིག་བུ་འདྲེན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ལྷུན་གྲུབ་ཕོ་བྲང་དུ་སྐུ་ གཤེགས། ཁོང་དགུང་ལོ་དགུ་པར་ས་ལོ་འཇམ་དབྱངས་ཀུན་དགའ་ བསོད་ནམས་གྲགས་པ་རྒྱལ་མཚན་ལས་དགེ་བཉེན་དང། རབ་ བྱུང། དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བསྒྲུབས་ཤིང་ཐེག་ཆེན་ སེམས་བསྐྱེད་དང་དབང་ལུང་མན་ངག་མང་དུ་གསན། ངོར་ཆེན་ དཀོན་མཆོག་ལྷུན་གྲུབ་ལས་གསུང་ངག་ལམ་འབྲས་དང། འཕགས་ ཆེན་དཔལ་ལྡན་བཀྲ་ཤིས་ལས་རྣལ་འབྱོར་བཅུ་གཅིག་གི་བཤད་ བཀའ། ཆོས་རྗེ་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ལས་ འཁོར་ལོ་སྡོམ་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས་ལས་བཀའ་ གདམས་ཐིག་ལེ་བཅུ་དྲུག་བཅས་གསན་སྦྱོང་མཛད། གཞན་ཡང་ པཎ་ཆེན་ལེགས་བློ་བ་དང། ངོར་ཆེན་སངས་རྒྱས་སེང་གེ་གཏེར་ སྟོན་སྣང་རྩེ་བ། གཏེར་སྟོན་ཤེས་རབ་འོད་ཟེར་སོགས་ལ་བསྟེན་ ནས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགུང་ལོ་བཅུ་ དྲུག་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ཆོས་སྲིད་ གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དེ་ནས་ཆུ་མིག་རྫོང་ཁར་ བདེ་མཆོག་ཕོ་བྲང་གསར་བཞེངས་དང། དུས་མཆོད་བླ་བྲང་གི་ གསེར་ཁང་དུ་གྲགས་པ་རྟེན་དང་བརྟེན་པ་གསར་བཞེངས། ནང་ [481] སོ་པུ་ཏྲ་ཁང། ལྷུན་གྲུབ་ཕོ་བྲང་སར་བཞེངས། ས་ཆེན་ཕུག་ པ་ཉམས་གསོ། ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཁང། གསང་ སྔགས་བདེ་ཆེན་གླིང་གསར་འདེབས། ཁའུ་སྐྱེ་ལས་ཀྱི་སྒྲུབ་གནས་ འདྲ་འདྲིའི་ཆོས་རྫོང་ཁམས་གསུམ་ཟིལ་གནོན། བསམ་ཡས་གཙུག་ ལག་ཁང་སོགས་ཉམས་གསོ། བསམ་ཡས་སུ་རབ་བྱུང་གི་སྡེ་བཙུགས་ པ་སོགས་མདོ་སྔགས་ཀྱི་སྒྲུབ་སྡེ་དུ་མས་དབུས་གཙང་གི་ས་མ་ལུས་པར་ ཁྱབ་པ་ལྟ་བུ་མཛད། དེ་ནས་བླ་མ་དགེ་བཤེས་དང། ས་སྐྱོང་ སྦྱིན་བདག་བཅས་ནས་མགྲིན་གཅིག་ཏུ་གདུང་རྒྱུད་རིན་པོ་ཆེ་སྤེལ་ དགོས་པའི་གསོལ་བ་བཏབ་པ་བཞིན་བཙུན་གསུམ་ཁབ་ཏུ་བཞེས་ཏེ་ རིགས་སྲས་དམ་པ་སྐུ་མཆེད་གཉིས་འཁྲུངས་ཏེ་བསྟན་པའི་བྱ་བ་གོང་ ནས་གོང་དུ་འཕེལ་བར་མཛད། དགུང་ལོ་དྲུག་ཅུ་རེ་བརྒྱད་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དུས་མཆོད་བླ་བྲང་ གི་གདུང་རབས་བརྒྱད་པ་དང། ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ ཉེར་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ངག་དབང་ བསོད་ནམས་གྲགས་པ་རྒྱལ་མཚན་དང། སྔགས་འཆང་གྲགས་པ་ བློ་གྲོས་རྒྱལ་མཚན། བདག་ཆེན་ཀུན་དགའ་ལེགས་པའི་འབྱུང་ གནས། ངོར་ཆེན་སངས་རྒྱས་སེང་གེ་གླིང་དཀོན་མཆོག་རྒྱ་མཚོ་ མཁན་ཆེན་དཔལ་ལྡན་བཟང་པོ། ངོར་ཆེན་དཀོན་མཆོག་རྒྱ་མཚོ་ མཁན་ཆེན་དཔལ་ལྡན་བཟང་པོ། ངོར་ཆེན་དཀོན་མཆོག་དཔལ་ ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང། ཤར་ཆེན་ཀུན་དགའ་ བཀྲ་ཤིས། རྗེ་བསོད་ནམས་ཆོས་འཕེལ། རྗེ་ཀུན་དགའ་རྒྱལ་ མཚན། མཁན་ཆེན་སངས་རྒྱས་རྒྱལ་མཚན་བཅས་ཡིན། ཁོང་ [482] གི་གསུང་རྩོམ་ནི་རྣམ་ཐར་དང། བསྟོད་ཚོགས། གསོལ་འདེབས་ དཀྱིལ་འཁོར། སྒྲུབ་ཐབས། དྲིས་ལན། ཁྲིད་ཡིག་སྤྲིངས་ ཡིག་བཅས་པོ་ཏི་གསུམ་བཞུགས་སོ།། སྔགས་ཆེན་བདར་བ་བློ་བཟང་བསྟན་འཛིན་འཇིགས་མེད་དབང་ཕྱུག་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་གཞིས་རྩེར་ཡབ་རྩེ་ཕྱག་ནོར་བུ་དོན་གྲུབ་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་དྲུག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་གམ་པ་སྟེང་ དཀར་དུ་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་བཀྲ་ཤིས་ལྷུན་ པོའི་ཆོས་གྲྭར་ཞུགས་ཏེ་བསྡུས་གཞུང་ནས་བཟུང་གཞུང་ཆེན་བཀའ་ པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས། དགུང་ལོ་ ཉེར་བརྒྱད་པར་དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་མཛད་པ་དང་ དགུང་ལོ་སོ་དྲུག་ཡན་མན་དུ་སྔགས་ཆེན་ཁྲི་བ་མཛད། དགུང་ལོ་བཞི་ ཐམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་པཎ་ ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་མཉམ་དུ་ གསང་སྟབས་ཀྱིས་རྒྱ་གར་བརྒྱུད་མེས་རྒྱལ་ནང་ཁུལ་དུ་ཕེབས། དེ་ ནས་པཎ་ཆེན་རིན་པོ་ཆེས་ནང་སོག་དང། པེ་ཅིན། ལོ་ཉིང་སོགས་ སུ་མངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་རི་པོན་དཔོན་དམག་ལ་ ཡང་བཀའ་ཆོས་མང་དུ་གསུངས། དགུང་ལོ་ཞེ་བརྒྱད་པར་པཎ་ཆེན་ རིན་པོ་ཆེས་བཛྲ་དྷ་ར་ཧོ་ཐོག་ཐུའི་ཆོ་ལོ་གནང། རབ་བྱུང་བཅུ་དྲུག་ པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བོད་དུ་ཕེབས་ནས་རྒྱལ་དབང་ [483] སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཁོང་ལ་ཏཱ་བླ་མའི་ཆོ་ལོ་ བསྩལ། དགུང་ལོ་ང་ལྔ་པར་བཀྲ་ཤིས་ལྷུན་པོར་བཞུགས་ནས་གཙུག་ ལག་ཁང་སོགས་ཞིག་གསོས་མཛད་ཅིང་མཆོད་ཆ་དང་བཅས་སྦྱོར་ འཇགས་མཛད། དགུང་ལོ་ང་དྲུག་པར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་ བཟང་ཆོས་ཀྱི་ཉི་མའི་སྐུ་གདུང་བཞུགས་ཡུལ་སྲིད་གསུམ་མཛེས་རྒྱན་ ལེགས་པར་བཞེངས་སོ། དེ་ནས་རྟ་ནག་ཞལ་གཟིགས་རི་ཁྲོད་དང་ དབེན་དགོན། ལྷུན་པོ་རྩེར་སོགས་སུ་སྒྲུབ་པ་ཉམས་ལེན་མཛད་ནས་ དུས་འདའ་བའོ། ཁང་གི་གསུང་རྩོམ་ནི་ དང། མིག། བསྟོད་པའི་ཀུན་བཟང་འཁོར་ལོ། བཟླས་ཀྱི་ཕན་ཡོན་རེའུ་མིག། གཙོ་བོའི་སྙིང་པོ། སྐྱེམས་ཚོགས་མཆོད། ཁོད་པ་དང། པར་དུ་མ་འཁོད་པ་ལ། གསོལ་འདེབས། ། [000] ཅོ་ནེ་དཀོན་མཆོག་དམ་ཆོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཅོ་ནེ་དཔོན་ཚང་དུ་ཡབ་ཆོས་རྒྱལ་འཇིགས་མེད་སྟོབས་ རྒྱས་དང། ཡུམ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་བཞི་པར་ཡབ་རྗེ་དཧྭ་ཛ་ལས་རབ་ ཏུ་བྱུང་ཞིང་མཚན་ལ་དཀོན་མཆོག་སྟོབས་ལྡན་དབང་ཕྱུག་ཅེས་ གསོལ། དགུང་ལོ་བཅུ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ ཞུགས་ནས་བསྡུས་གཞུང་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད་ དགུང་ལོ་བཅུ་དྲུག་པར་ཁྱ་དགེ་དཔོན་སློབ་ལས་དབང་ལུང་ཁྲིད་ གསུམ་མཐའ་ཡས་པར་གསན་ནས་དབང་ལུང་མན་ངག་གི་བདག་ པོར་གྱུར། དགུང་ལོ་ཉེར་ལྔ་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་ འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་མཚན་ལ་དཀོན་ མཆོག་དམ་ཆོས་རྒྱ་མཚོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྒྱལ་ ཚབ་ནོ་མིན་ཧན་གྱིས་ཐམ་ཀ་གྲུ་སྒོར་བཀའ་ཤོག་སོགས་མཁན་ཆས་ཆ་ ཚང་གནང་བར་མཛད། དགུང་ལོ་སོ་ལྔ་པར་གླུ་ཆུང་དགོན་དུ་རྒྱུད་ སྟོད་གྲྭ་ཚང་དང། ཁྱ་དགེར་མཚན་ཉིད། རོང་བ་ཧས་ཞི་སྤན་དུ་ ཞལ་གྲངས་ལྔ་བརྒྱར་ཉེ་བ་འཚོགས་པའི་དགེ་འདུན་གྱ་སྡེ་བཙུགས་ [485] འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ། ཅོ་ནེ་གྲགས་པ་བཤད་སྒྲུབ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་མདོའི་སྨད་ཅོ་ནེའི་གཡོ་ས་ནས་ཡབ་གཟུངས་འབུམ་ སྐྱབས་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བདུན་པ་ནས་བཟུང་ཡབ་ཀྱི་རྗེས་འབྲངས་ཏེ་ཡི་གེའི་འབྲི་ ཀློག་དང་འདོན་ཆ་ཁོལ་ཕྱུང་ལ་སྦྱངས། དགུང་ལོ་དགུ་པར་ཅོ་ནེ་ དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཁྲི་ཆེན་དགེ་འདུན་གྲགས་པ་ ལས་རབ་ཏུ་བྱུང། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབ་སྟེ་སེ་ རའི་གྲྭ་ཚང་གི་ཆོས་གྲྭར་ཞུགས། དེ་ནས་བཀྲ་ཤིས་དཔལ་བཟང་དགེ་ རྒན་དུ་བསྟེན་ནས་རྒྱན་འཇུག་གཉིས་དང་བསྡུས་དཔེ་མང་པོར་སྦྱངས་ ཤིང་བློར་འཛིན་བྱས། དགུང་ལོ་སུམ་ཅུ་པར་ལྷ་རམས་པའི་མཚན་ རྟགས་བྱུང་ཞིང་ཕྱི་ལོའི་སྨོན་ལམ་ལ་དམ་བཅའ་འཇོག་རྩིས་ཡོད་ཀྱང་ ལོ་དེར་དབུས་སུ་འཁྲུགས་པ་བྱུང་ནས་སོག་པོའི་རྒྱལ་པོ་ལྷ་བཟང་གིས་ བོད་ཀྱི་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོ་བཀྲོངས། སྐབས་དེར་ དགའ་ལྡན་ཕོ་བྲང་གིས་སྡེ་སྲིད་ལ་དགོངས་རྫོགས་རྒྱ་ཆེན་ཕོ་མཛད་ དགོས་པའི་བཀའ་གནང་བས་དབུས་ཕྱོགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་ དགེ་འདུན་ཁྲི་ཕྲག་ཉིས་གསུམ་ལྷག་ལོ་དེའི་ཟླ་བ་བརྒྱད་པར་ལྷ་སར་ འཚོགས་ཏེ་བསྙེན་བཀུར་བྱས། སྨོན་ལམ་ལྟར་གྲྭ་སྐོར་ཞིང་མི་གདགས་ དགོས་ཚུལ་གཞུང་གི་བཀའ་ཕེབས་བཞིན་ཚོགས། ཁོང་གིས་དགེ་ [486] རྒན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་ལྟར་སེ་ར་ནས་དམ་བཅའ་བཞག་ པས་མིང་རྟགས་ལེགས་པར་ཐོབ། དགུང་ལོ་སོ་གཅིག་པར་གཙང་དུ་ ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། རྒྱུད་སྟོད་ཀྱི་ཆོས་གྲྭར་ ཞུགས། ཡུན་རིང་མ་འགོར་བར་དབུས་སུ་ཕེབས་ཏེ་དགའ་ལྡན་དང་ འབྲས་སྤུངས་བཅས་ནས་དམ་བཅའ་བཞག་པས་དགེ་འདུན་པ་ཚང་མ་ མཚར་བ་བྱུང། དགུང་ལོ་སོ་གཉིས་པར་རང་ཡུལ་དུ་ཕེབས་ཏེ་ཅོ་ནེ་ དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གི་བླ་མར་གྱུར། དེ་ནས་རིམ་བཞིན་ དགོན་ཆེན་གྱི་རྒྱུད་པ་གྲྭ་ཚང་གི་མཁན་པོ་དང། ཅོ་ནེ་ཏིང་འཛིན་ དར་རྒྱས་གླིང་གི་མཁན་པོ་ངག་དབང་འཕྲིན་ལས་རྒྱ་མཚོ། ཅོ་ནེ་དཔོན་ པོ་གདུང་རབས་བཅུ་གཅིག་པ་འཇམ་དབྱངས་ནོར་བུ་སོགས་ཀྱི་རྩ་ བའི་བླ་མར་གྱུར། དགུང་ལོ་རེ་གཉིས་པར་དགོངས་པ་ཞུས་ཏེ་ཅོ་ནེའི་ ཆོས་སྲིད་ཟུང་གི་འགན་ཁུར་གྲུབ་སྟེ་རང་ཤག་ཏུ་ལོ་བཅུ་ཙམ་ལ་འཆད་ མཉན་མཛད་དོ། ཁོང་གི་གསུང་རྩོམ་ནི་པོ་ཏི་བཅུ་གཅིག་ཏུ་བསྡུས་ ཡོད་པས་ད་ལྟ་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་དུ་ བཞུགས། ད་དུང་བོན་ཆོས་སྐོར་གྱི་དཔེ་ཆ་འགའ་བརྩམས་ཡོད་ཀྱང་ ཤིང་པར་དུ་བརྐོས་ཡོད་མེད་ཆ་མ་འཚལ། ། ཅོ་ནེ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཅོ་ནེར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་ ཡོས་ལོ་སྟེ་སྤྱི་ལོ་་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐུ་གོང་མ་ཅོ་ནེ་ངག་དབང་ཚུལ་ཁྲིམས་ཀྱི་སྤྲུལ་སྐུར་ངོས་ [487] འཛིན་ཞུས་ཏེ་ཚ་རྡོར་དང་ཚེ་སྨོན་གླིང་དུ་ཞབས་སོར་འཁོད། དེ་ནས་ སེར་སྨད་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་མཛད་ཅིང་རྒྱུད་པ་གྲྭ་ཚང་གི་བླ་མ་ དབུ་མཛད་དུ་བཞུགས། དགུང་ལོ་ཉེར་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བཀའ་ཤག་གི་སྲིད་སྐྱོང་ འགན་འཁྲུར་བཞེས་ཤིང་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་ མཚོ་ཁྲི་འདོན་མཛད། ཆུ་མོ་ལུག་ལོ་ ་ ནས་ལྕགས་ཕོ་སྟག་ ལོའི་ ་ བར་དུ་དབུས་གཙང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་སྐོར་ ལ་རྟོགས་ཞིབ་ཏུ་ཕེབས་ནས་ཞིབ་གཞུང་གསར་དུ་བཀོད་པས་དེར་ ལྕགས་སྟག་ཞིབ་གཞུང། བསྐྲུན་ཡོད། རབ་བྱུང་བཅུ་བཞི་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་བཅུ་པའི་ལྕགས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་ལ་སིང་དམག་འཁྲུག་བྱུང་བ་ལ་རྒོལ་ལན་ སྦྲད་པ་དང། ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་སྐུ་ ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ཁྲི་འདོན་མཛད། དེ་ལྟར་ལོ་ ངོ་ཉེར་བཞིའི་རིམ་དུ་བཀའ་ཤག་སྲིད་གཞུང་ལ་ཞབས་ཏོག་བསྒྲུབས་ ཀྱང་བོད་སྡོད་ཨམ་བན་ཆིས་ཧྲན་སོགས་ཀྱིས་གཞུང་རྒྱུ་སྒེར་འཛིན། ཞེས་པའི་ཉེས་མིང་བཟོས་ཏེ་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བདུན་པའི་ནང་ནས་སྲིད་སྐྱོང་དང་ཁྲི་ པའི་གོ་ས་ལས་ཕབ་སྟེ་དོ་དམ་བྱས་པ་དང་སྒེར་གཞིས་གཞུང་བཞེས་ བཅས་བྱས་མཐར་དགུང་ལོ་ལྔ་བཅུ་ང་དགུ་པ་རབ་བྱུང་བཅུ་བཞི་པའི་ [488] ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རང་ཡུལ་དུ་ཕེབས་ནས་ཅོ་ནེ་ དགོན་དུ་རྒྱུན་བཞུགས་མཛད་དེ་བསྟན་འགྲོའི་དོན་ཆེན་སྒྲུབ་མུར་ཞིང་ ཁམས་གཞན་དུ་ཐེགས། ཁོང་གི་ཡོངས་སུ་གྲགས་པའི་མགན་གཞན་ ལ་ཚེ་སྨོན་གླིང་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དང་ ཚེ་རྡོར་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ཞེས་ཞུའོ། ཁོང་ ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དོན་གསུམ་པ་དང། ཚེ་ སྨོན་གླིང་གི་སྐུ་ཕྲེང་གཉིས་པ་ཡིན་ནོ། ། ཅོ་ནེ་ངག་དབང་འཕྲིན་ལས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཅོ་ནེ་དཔོན་བློ་བཟང་དོན་གྲུབ་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་འདུལ་འཛིན་གནག་དབང་བསོད་ནམས་ལས་ རབ་ཏུ་བྱུང། རྒྱའི་སློབ་དཔོན་ལཱིས་ཞན་ཟིན་ལས་རྒྱ་ཡིག་བསླབས་ པས་འབྲི་ཀློག་རྩོམ་གསུམ་ཚེགས་མེད་མཁྱེན། ཉན་མཛངས་པ་ལས་ བོད་ཡིག་ལ་སྦྱངས། དགུང་ལོ་ཉེར་དགུ་པར་ཕུ་བོ་སྲིད་སྐྱོང་དང་ མཉམ་དུ་པེ་ཅིན་དུ་ཕེབས་ནས་གོང་མ་ཁང་ཞི་མཇལ་ཞིང་ཏཱ་ཀོ་ཤྲིའི་ མཆིས་ཞུ་ཙི་པེན་དང་གསེར་ཐམ་བཅས་གནང། སྐུ་གསུང་ཐུགས་ རྟེན་མང་དུ་གདན་འདྲེན་ཞུས། གུར་ཡག་ངག་དབང་རྒྱལ་མཚན་ དང། གྲགས་པ་བཤད་སྒྲུབ་བཅས་ལས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། སྤྱི་ལོ་་ལོར་ཅོ་ནེ་ དགོན་ཆེན་དུ་མཚན་ཉིད་གྲྭ་ཚང་གསར་དུ་འཛུགས། སྔོན་རྗེས་སུ་ [489] དངུལ་སྲང་བརྒྱད་སྟོང་གིས་སྐུ་གསུང་ཐུགས་རྟེན་གསར་བཞེངས་ མཛད། དགོན་སྡེ་མང་པོར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་ རྟེན་བཞེངས། གཞི་བྱེས་ཀུན་ཏུ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་ མང་དུ་སྤེལ། དགུང་ལོ་ང་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་ ཅོ་ནེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་ཨ་མདོ་ཅོ་ ནེ་ དེང་སང་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ ཡིན། རབ་བྱུང་བཅོ་ལྔ་ པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ གཞོན་ནུའི་དུས་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་ གྲྭར་ཞུགས་ཤིང་གཞུང་ཆེན་བཀའ་བོད་ལྔ་ལ་ཐོས་བསམ་རྨད་དུ་བྱུང་ བ་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་གྲྭར་ ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་ སྔགས་རམས་པའི་མཚན་བཏགས་བཞེས། དགོན་པའི་ལས་སྣེ་ཐམས་ ཅད་ལེགས་པར་གྲུབ་སྟེ་རབ་བྱུང་བཅོ་ལྔ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་ དུ་ཆོས་ཀྱི་འཁོར་ལོ་བསྐོར། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་བཀའ་ཤག་སྲིད་གཞུང་གི་ སྲིད་སྐྱོང་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པས་དགའ་ལྡན་ཁྲི་པ་དང་ སྲིད་སྐྱོང། རྒྱལ་ཚབ་གསུམ་གྱི་གོ་གནས་གཅིག་ཅར་དུ་ཐུགས་འགན་ བཞེས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོའི་ཧོ་ [490] ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཐུགས་ འགན་དེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལ་གུས་པས་ཕུལ། རྒྱལ་དབང་ མཆོག་གིས་ཀྱང་ཁོང་ཉིད་ལ་ཧུ་ཐོག་ཐུའི་ཆོ་ལོ་དང། སྒོས་གཞིས་ མང་པོ། སེ་རའི་བླ་སྤྱིར་འདམ་བརྒྱ་ཤོག་བརྒྱད་ཀྱི་སྤྱི་ཁྱབ་པ་ དགའ་ལྡན་བླ་སྤྱིར་མཚོ་སྣ་རྫོང་དཔོན་བསྐོ་བཞག་བཅས་མཛད་དོ་ ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་ཚེ་སྨོན་གླིང་པ་ངག་ དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་ཞུའོ། ཁོང་ནི་དགའ་ ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བརྒྱད་ཅུ་གྱ་བདུན་པ་ཡིན། ཚེ་ སྨོན་གླིང་གི་སྐུ་ཕྲེང་གསུམ་པ་ཡིན་ནོ། ། ཅོ་ནེ་ངག་དབང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཅོ་ནེར་ཡབ་ཆོས་སྐྱབས་དང། ཡུམ་ཚུལ་ཆེན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་པོ་ཏ་ལའི་གཟིམས་ཆུང་དུ་སྐུ་གཤེགས་ ཁོང་དགུང་ལོ་བདུན་པར་ཚ་རྡོར་དགོན་གྱི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་ཚུལ་ཁྲིམས་ཞེས་གསོལ། ཡི་ གེའི་སྦྱོར་ཀློག་དང་འདོན་ཆོས་རྣམས་ལ་བྱང་བར་མཛད། དེ་ནས་ ཅོ་ནི་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས་ཏེ་བསྡུས་ཚན་ཆེ་ཆུང་དང་ ཕར་ཕྱིན་གྱི་སྟོད་ཆ་ཕལ་ཆེར་རྫོགས་པར་མཛད། ཅོ་ནེ་གྲགས་པ་ བཤད་སྒྲུབ་ལས་དགེ་ཚུལ་དང་བསྙེན་པར་རྫོགས་ཤིང་མདོ་སྔགས་ཀྱི་ ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པར་དབུས་སུ་ཕེབས་ [491] ཏེ་སེ་ར་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་སྤྱི་ཆོས་ཀྱི་སློབ་དཔོན་ དར་རྒྱས་ལྷུན་གྲུབ་དང་སྒེར་ཆོས་ཀྱི་སློབ་དཔོན་བློ་བཟང་རྒྱལ་མཚན་ བཅས་ལ་བསྟེན་ཞིང་བསྡུས་གཞུང་དང། དབུ་ཕར། འདུལ་མཛད་ རྣམ་འགྲེལ་སོགས་ལ་ནང་བྱན་ཚུད་པར་མཛད། རྒྱལ་བ་བསྐལ་ བཟང་རྒྱ་མཚོ་དང་རྗེ་བཙུན་ངག་དབང་བྱམས་པ་སོགས་ལས་དབང་ ལུང་མན་ངག་མཐའ་ཡས་པ་གསན། གླིང་བསྲེའི་དཀའ་བཅུ་དང་ལྷ་ རམས་པའི་མཚན་བཏགས་བཞེས་ཕྲལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ ཞུགས་ནས་ཤར་ཆེན་ངག་དབང་ཆོས་གྲགས་ལ་བསྟེན་ཏེ་འགྲེལ་བ་ བཞི་སྦྲགས་དང། རྒྱུད་ཊིཀ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རིམ་ ལྔ་གསལ་སྒྲོན། སྦས་དོན་ཀུན་གསལ། བསྐྱེད་རིམ་རྣམ་བཤད་ གསང་འདུས་བསྐྱེད་རྫོགས། རྫོགས་རིམ་རྣལ་འབྱོར་ཆེན་མོ་སོགས་ ཀྱི་བཤད་ལུང་དང། མྱོང་ཁྲིད། གར་ཐིག་དབྱངས་གསུམ་ལེགས་ པར་གསན་ཞིང་དགེ་ལྡན་དང། འབྲས་སྤུངས། རྭ་ཆེན། སྐྱོར་མོ་ ལུང་དབུས་སྟོད། ཡེར་པ་སོགས་ལ་དམ་བཅའ་ངོ་མཚར་བ་བཞག་ དགུང་ལོ་ཉེར་བརྒྱད་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་ལ་ཕེབས་ དགུང་ལོ་ཉེར་བརྒྱད་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་ལ་ཕེབས་ དགུང་ལོ་ཞེ་གཅིག་པར་རྒྱུད་པའི་མཁན་ཁྲིར་ཕེབས་ནས་འཆད་ཉན་ བསྐྱངས། དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ ལོ་སྟེ་སྤྱི་ལོ་་ལོར་གོང་མ་ཆིན་ལུང་གི་ཏཱི་ཤྲཱི་ལ་ཕེབས་ནས་ཐོག་ མར་དགའ་ལྡན་བྱིན་ཆགས་གླིང་གི་ཁྲི་ལ་བཞུགས་ནས་ལོ་བཅོ་ལྔའི་ རིང་དུ་འཆད་ཉན་བསྐྱངས། དབྱར་ཐོག་རྣམས་ལ་སོག་པོའི་དགོན་ སྡེ་ཁག་ཏུ་ཕེབས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ [492] གོང་མ་ཆིན་ལུང་གིས་ནོ་མིན་ཧན་གྱི་ཆོ་ལོ་དང་འཇའ་ས་ཐམ་ཀ་ བཅས་པ་བསྩལ་ཏེ་རྒྱལ་བསྟན་ཡོངས་ཀྱི་བདག་པོར་མངའ་གསོལ་ དགུང་ལོ་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་གོང་མ་ཆིན་ལུང་གི་བཀའ་ལྟར་བོད་དུ་ཕེབས་ཏེ་སྲིད་ སྐྱོང་གི་ཁྲི་ལ་བཞུགས་ནས་ལོ་བཅུའི་རིང་དུ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ བོད་ཁམས་བསྐྱངས། དུས་མཚུངས་སུ་རབ་བྱུང་བཅུ་གསུམ་པའི་ས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གོང་མའི་ཕོ་བྲང་དུ་ཕེབས་ཏེ་ལོ་ལྔའི་རིང་དུ་བཞུགས་ནས་བོད་ཀྱི་ཆབ་ སྲིད་གཞོགས་འདེགས་ལེགས་པར་མཛད་ཅིང། གོང་མས་ཀྱང་ས་མ་ ཏི་པཀྵིའི་ཆོ་ལོ་དང་འཇའ་ས་ཐམ་ཀ་བཅས་པ་བསྩལ། ལྕང་སྐྱ་རོལ་ བའི་རྡོ་རྗེའི་བཀའ་འགྱུར་བསྒྱུར་འཕྲོ་རྣམས་སོག་སྐད་དུ་བསྒྱུར་བར་ མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཕོ་བྲང་ཆེན་མོ་ནས་བོད་དུ་ཕེབས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་ ཐད་དུ་སྨན་པ་གང་ལེགས་གནང་ཞིང། དགུང་ལོ་དོན་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། དངུལ་གདུང་བཀྲ་ཤིས་སྒོ་ མང་བཞེངས། ཁོང་གི་མཚན་གཞན་ལ་དཔལ་ལྡན་ནོ་མིན་ཧན་དང་ ཚ་རྡོར་ངག་དབང་ཚུལ་ཁྲིམས། ཚེ་སྨོན་གླིང་པ་ངག་དབང་ཚུལ་ ཁྲིམས་བཅས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ དྲུག་ཅུ་རེ་གཅིག་པ་དང། བོད་ཀྱི་སྲིད་སྐྱོང་བཅུ་དྲུག་པ་ཡིན་ནོ། ། [493] ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཅོ་ནེའི་ཞོ་བཟང་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་མཁན་པོ་དོན་ཡོད་རྒྱལ་ མཚན་དང་ནོ་ཡོན་ཆོས་རྗེ་རྒྱལ་མཚན་དཔལ་བཟང་རྣམ་གཉིས་ལས་ རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་དར་རྒྱས་ཞེས་གསོལ། དེ་ནས་ དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་ཞུགས་ཤིང་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ སུམ་ཅུ་པར་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་ཕེབས་ཏེ་ལོ་ བཅུ་བཞིའི་རིང་དུ་འཆད་ཉན་བསྐྱངས། དེ་ནས་འོལ་ཁ་རྫིང་ཕྱི་ དང། བསམ་གླིང་སླེབ་རི། ཚལ་གུང་ཐང། གསང་སྔགས་མཁར་ སོགས་ཀྱི་གདན་ས་བསྐྱངས་ཤིང་འཆད་ཉན་མཛད། རྒྱལ་དབང་ལྔ་ བ་ཆེན་པོ་སོགས་ལས་སླར་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགའ་ ལྡན་ཤར་གྱི་གདན་ས་ཡུན་རིང་དུ་བསྐྱངས། དེ་ནས་གོང་མ་ཆེན་པོའི་ཕོ་བྲང་པེ་ཆིན་དུ་ཕེབས་ཏེ་རྒྱལ་བློན་རྣམས་ལ་ཟབ་རྒྱས་ཆོས་ཀྱི་ འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་ལྔ་བཅུ་ང་བཞི་པ་རབ་བྱུང་བཅུ་ གཅིག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་རྟེན་དང་ བརྟེན་པ་མང་དུ་བཞེངས། དེ་ནས་འོལ་ཁ་རྫིང་ཕྱིར་ཟུར་བཞུགས་ མཛད་དེ་འཆད་ཉན་བསྐྱངས། དགུང་ལོ་དྲུག་ཅུ་རེ་བཞི་པ་རབ་བྱུང་ བཅུ་གཉིས་པའི་ཤིང་མོ་ཕག་མོ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་ [494] གསེར་ཁྲི་ལ་སླར་བཞུགས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ ཤིང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་ཁྲུ་བཞི་པ་དང་བཅས་པའི་ གསེར་སྐུ་མང་བ་དང། གནས་བརྟན་བཅུ་དྲུག་རྗེ་ཙོང་ཁ་པའི་སྐུ་ པར། གཙུག་ལག་ཁང། བཀའ་འགྱུར་བཅས་སྐུ་གསུང་ཐུགས་ རྟེན་མང་དུ་བཞེངས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་ལམ་རིམ་ སོགས་ཀྱི་ཆོས་བཀའ་མང་དུ་འབུལ་བ་མཛད། དགུང་ལོ་དྲུག་ཅུ་རེ་ བརྒྱད་པར་ཟུར་བཞུགས་མཛད། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་ལྔ་པ་ཡིན་ནོ། ། ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོའི་སྤྲིན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཆོས་དཔལ་ཞིང་དུ་གོང་ཚོའི་རིགས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བརྒྱད་པར་རྗེ་ངག་དབང་གི་མདུན་ནས་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད་ཅིང་དགེ་བསྙེན་དང་རབ་ བྱུང་གི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་ངག་གི་དབང་ཕྱུག་ དང་འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་ལ་ བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཤིང་རྒྱུད་སྡེ་བཞི་ ལ་ཐོས་བསམ་མཛད། དགུང་ལོ་སུམ་ཅུ་སོ་དགུ་པ་རབ་བྱུང་བཅོ་ལྔ་ པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་ མས་གཙང་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་བཀྲ་ཤིས་ལྷུན་པོར་ [495] ཕེབས་ཏེ་ལོ་ཤས་ཀྱི་རིང་དུ་ཆོས་ཀྱི་འཆད་ཉན་སྤེལ། དགུང་ལོ་ལྔ་ བཅུ་ང་དྲུག་པར་དབུས་སུ་ཕེབས་ཏེ་ཕ་བོང་ཁ་བྱམས་པ་བསྟན་འཛིན་ མཆོག་ནས་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས་ཤིང་མདོ་སྔགས་ཀྱི་ ཆོས་བཀའ་མང་དུ་གནང། དགུང་ལོ་དྲུག་བཅུ་ཐམ་པར་རྒྱལ་བ་ ཐུབ་བསྟན་རྒྱ་མཚོས་ནོར་བུ་གླིང་མཁར་གདན་འདྲེན་ཞུས་ཏེ་བཀའ་ འགྱུར་དཀར་ཆག་རྩོམ་འབྲི་མཛད་པའི་ཐུགས་འགན་བཞེས་ནས་ལོ་ གཉིས་ཀྱི་རིང་དུ་བཞུགས་ཤིང་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་གསུང་རྩོམ་ནི་ དབྱངས། བྱང། བཅས་ཆོས་ཚན་དགུ་ལོངས་པའི་པོད་གཅིག་བཞུགས་སོ། ། ཅོ་ནེ་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་ཅོ་ནེ་དཔོན་དམག་ཟོར་མགོན་པོའི་སྲས་སུ་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་ཚོས་རྗེ་འཇམ་དབྱངས་ཕུན་ཚོགས་ ལས་རབ་ཏུ་བྱུང་ཞིང་གནས་བརྟན་འཕྲིན་ལས་དར་རྒྱས་ལས་ཡི་གེའི་ སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་སྦྱངས། སེ་ར་པཎྜི་ ཏ་ལས་དགེ་ཚུལ་བསྒྲུབས་ཏེ་ཟབ་ཆོས་དུ་མ་གསན། ཅོ་ནེ་དགོན་དུ་ ཞུགས་ནས་བསྡུས་གྲྭ་དང་བཀའ་པོད་ལྔ་ལ་རིགས་ལམ་ནས་སྦྱངས་ པས་མཁས་པའི་ཁྱུ་མཆོག་ཏུ་གྱུར། རྗེ་གྲགས་པ་བཤད་སྒྲུབ་ལས་སྙན་ ངག་དང་ས་རིས་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་ཐམ་པར་ཁྱད་ [496] དགེ་དཔོན་ལས་བསྙེན་པར་རྫོགས་ཤིང་དབང་ལུང་མན་ངག་མང་དུ་ གསན། སྔགས་རམས་པ་སྟོབས་ལྡན་རྒྱ་མཚོ་ལས་བདེ་གསང་འཇིགས་ གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་དང། མགོན་པོའི་བེའུ་བུམ་གྱི་ལུང་ བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་མཐོང་བརྒྱུད་དང་བཅས་པ། དྲུག་ ཅུ་བ་དང་ལྕགས་མཁར་ཆེ་ཆུང་གི་ལག་ཁྲིད་དམིགས་རིམ་ཞལ་ཤེས་ ལྷ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ཁྲིད། ཧ་ལ་ནག་པོའི་བེའུ་ བུམ་དཔེ་རིགས་ལག་ཁྲིད་ཡོངས་རྫོགས། བེག་པོད་ཡོངས་རྫོགས་ཀྱི་ ལུང། ཀུ་རུ་ཀུ་ལེའི་འཁོར་ལོའི་ཁྲིད་སོགས་མང་དུ་གསན་པས་སྙན་ བརྒྱུད་མན་ངག་གི་བདག་པོར་གྱུར། པཎ་ཆེན་རིན་པོ་ཆེས་མཁན་ པོ་ནོ་མིན་ཧན་གྱི་ཆོ་ལོ་དང། བཀའ་ཤོག་ཐམ་ཀ་བཅས་པ་གནང་ སྟོན་པའི་འཁྲུངས་རབས་དང། པཎ་ཆེན་འཁྲུངས་རབས། ལམ་ རིམ་བླ་བརྒྱུད་སོགས་ཀྱི་ཞལ་ཐང་མང་པོ་དང། འཇིགས་བྱེད་བློས་ བསླངས། འཇམ་དབྱངས་ཀྱི་ལྡེར་སྐུ། བདེ་གཤེགས་བརྒྱད་ཀྱི་མཆོད་ རྟེན་སོགས་བཞེངས་པར་མཛད། བཀའ་འགྱུར་དང། རྗེ་ཡབ་ སྲས་གསུམ་གྱི་གསུང་འབུམ་སོགས་དཔར་ཤིང་དང་བཅས་པ་བཞེངས་ པས་ཕྱི་རབས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། དེ་ལྟར་གཙུག་ལག་ ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་དང་དབང་ལུང་ མན་ངག་གི་ཆོས་རྒྱུན་མང་དུ་སྤེལ་བ་སོགས་འཁོར་ལོ་གསུམ་གྱི་མཛད་ པས་ཐུབ་བསྟན་སྤེལ་བའི་མོད་དུ་དགོངས་པ་ཆོས་དབྱིངས་སུ་ གཤེགས། ། ཅོ་ནེ་བློ་བཟང་དར་རྒྱས།། [497] ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཅོ་ནེའི་ཨ་གཟིགས་ཐང་དུ་ཡབ་ཧོར་ཚང་མགོན་པོ་ བསམ་གྲུབ་དང། ཡུམ་ལྷ་བཟའ་ལྷ་མོ་ཕྱུག་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འདུལ་འཛིན་བློ་ གྲོས་རྒྱ་མཚོ་དང་མཁན་ཆེན་ཐབས་མཁས་རྒྱ་མཚོ་གཉིས་ལས་རབ་ཏུ་ བྱུང་ཞིང་མཚན་ལ་བློ་བཟང་དར་རྒྱས་ཞེས་གསོལ། མཁན་སློབ་དེ་ གཉིས་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་ བསླབས། ཅོ་ནེ་བཤད་སྒྲུབ་གླིང་གི་ཚོགས་གྲྭ་ལ་ཞུགས་ནས་གར་ཐིག་ དབྱངས་གསུམ་སོགས་ལ་བྱང་ཆུབ་པར་མཛད། དགུང་ལོ་ཉི་ཤུ་ཐམ་ པར་དབུས་སུ་ཕེབས་ཏེ་སེར་སྨད་དུ་ཞུགས་ཏེ་བསྡུས་གཞུང་དང་ གཞུང་བཀའ་བོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པས་སྨྲ་བའི་ སེང་གེ་ལྟ་བུར་གྱུར། རྗེ་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་ལས་ དགེ་ཚུལ་བསྒྲུབས་ཤིང་ཆོས་འབྲེལ་གསན། དགུང་ལོ་སོ་གཉིས་པར་ སེ་ར་ཚོགས་ཆེན་དགེ་བསྐོས་མཛད་ནས་འགྲིག་ལམ་ལ་དོ་དམ་གང་ལེགས་གནང་ དགུང་ལོ་སོ་བཞི་པར་སྨོན་ལམ་རབ་འབྱམས་པའི་གྲྭ་ སྐོར་མཛད། དགུང་ལོ་སོ་ལྔ་པར་གནས་བརྟན་འདུལ་འཛིན་ཆེན་པོ་ འཇམ་དབྱངས་གྲགས་པའི་དྲུང་དུ་བསྙེན་པར་རྫོགས་ཤིང་ཐུབ་བསྟན་ ཡོངས་རྫོགས་ཀྱི་བདག་པོར་གྱུར། དེ་ནས་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་མཁས་ པར་སྦྱངས། དགུང་ལོ་སོ་བདུན་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ [498] བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་སོ་དགུ་པར་རྒྱུད་པ་མཁན་ པོའི་ཁྲི་ལ་བཞུགས་ནས་ལོ་ངོ་དགུའི་རིང་དུ་འཆད་ཉན་དང་གཏོང་སྒོ་ གང་ཅིའི་ཐད་ནས་ལེགས་པར་བསྐྱངས། དགུང་ལོ་ཞེ་ལྔ་པར་ཤར་རྩེར་ ཕེབས། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་ རིང་དུ་གསེར་ཁྲི་བསྐྱངས་ཤིང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་ རྟེན་མང་དུ་བཞེངས་པ་དང། གསང་སྔགས་མཁར། རིན་ཆེན་གླིང་ དྭགས་པོ་གྲྭ་ཚང་བཅས་ལ་ཞལ་འཛིན་གང་ལེགས་གནང། དགུང་ ལོ་ང་དགུ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ཏེ་བསྡུས་ གྲྭ་ནས་བཟུང་ཕར་ཕྱིན་སྐབས་བརྒྱད་པའི་བར་ལོ་ངོ་བཞིའི་རིང་དུ་ འབུལ་བར་མཛད། དགུང་ལོ་རེ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ ནི་དྭགས་པོ་རྣམ་གྲོལ་གླིང་གི་གཙུག་ལག་ཁང་དུ་བཞུགས་སོ། ཁོང་ གི་མཚན་གཞན་ལ་ཤར་རྩེ་བློ་བཟང་དར་རྒྱས་ཞེས་ཞུའོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་དགུ་པ་ཡིན་ ནོ། ། ཅོ་ནེ་མི་ཆེན།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་གདགས་ཁྲི་བཙུན་པོའི་སྐུ་གཤེན་ནམ་སྐུ་བོན་ ཡིན་ནོ། ། [499] ཅོ་ནེ་ཞབས་དྲུང་བསྐལ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་དུ་ཡབ་བསོད་ནམས་དར་རྒྱས་དང། ཡུམ་སྒྲོལ་མ་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་མ་དང་ཆོས་སྐྱོང་ཁག་ གི་ལུང་བསྟན་ལ་བསྟེན་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་མཛད་ ཅིང། དེ་ནས་ཡུན་རིང་མ་འགྲོ་བར་གདན་ས་ཆེན་མོའི་མི་ཉག་ སྒར་བར་གདན་དྲངས་ཏེ་ཁྲི་ལ་མངའ་གསོལ། དཔལ་ལྡན་བཤད་ སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་ དཔྱིས་ཕྱིན་པར་མཛད་པས་དགོངས་དོན་སོ་སོར་གྲུབ་མཐའ་བཞིའི་ དམ་བཅའི་གནས་ཚུལ་ལེགས་པར་རྟོགས། དེ་ནས་དཔལ་ལྡན་གསང་ སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་ལམ་འབྲས་བུའི་ རྒྱུད་ཀྱི་དཀའ་གནད་མཐའ་དག་ཐུགས་སུ་ཆུད་པར་མཛད། དེ་ནས་ རྒྱུད་པའི་དབུ་མཛད་ལོ་མང་པོ་དང། སྨན་པ་དཔོན་སློབ། རྒྱུད་ པ་མཁན་པོའི་ཁྲིར་རིམ་གྱིས་བཞུགས་ཏེ་འགྲིག་ལམ་ཀུན་སྤྱོད་དང་ ཆོས་འཆད་ཉན་ཆོ་ག་ཕྱག་ལེན་ཐམས་ཅད་ལ་རིང་སྐུལ་ནན་ཏན་ དུ་མཛད་པས་བསྟན་པའི་བྱ་བ་ཡར་རྒྱས་སུ་འཕེལ། དེ་ནས་སྒོ་མེ་ མཆོད་རྟེན་སྐེས་དགོན་པའི་ཁྲི་ལ་ཕེབས་ཤིང་ཆོས་འཆད་ཉིན་གྱིས་ ཚིམས་པ་དང། སློབ་མ་མང་པོར་སོ་ཐར་གྱི་སྡོམ་པ་དང་འདོད་ཆོས་ གང་མོས་འབད་མེད་དུ་སྩལ་ཞིང་གཏན་གྱི་བདེ་བའི་ས་བོན་བླ་ན་མེད་ པ་བསྐྲུན། རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོ་ [500] སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ངོ་བཞིའི་རིང་དུ་ གདན་ས་བསྐྱངས་ཏེ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གོང་ ནས་གོང་དུ་འཕེལ་བར་ཐུགས་ཁུར་བདག་གིར་བཞེས། ཁྲི་ཟུར་ནས་ ཀྱང་ཐུགས་དམ་ཞལ་འདོན་གྱི་རིམ་པས་ཉིན་མཚན་ཀུན་ཏུ་དུས་ འདའ་བར་མཛད་ཅིང། དུས་གཟེངས་ཀྱི་རྐྱེན་གྱིས་རང་ཡུལ་མཚོ་ སྔོན་ནུབ་ངོས་ཀྱི་ཏུ་ལན་དགོན་པར་བྱོན་ཏེ་སྒྲུབ་པ་ཉམས་ལེན་མཛད་ མུར་དགུང་ལོ་བདུན་ཅུ་དོན་དགུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ལྔ་བཅུ་ ང་བཞི་པ་ཡིན་ནོ། ། ཅོ་ནེ་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཆིང་ཧེ་ཝང་གི་མངའ་འབངས་སུ་ཡབ་བཟོད་པ་བརྟན་ པ་དང། ཡུམ་དུང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་བྱིས་པའི་མིང་ལ་ལྷ་སྲུང་ཞེས་བྱ། དགུང་ལོ་བདུན་ པར་ཚྭ་བ་ཨ་ལགས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་བསྟན་ འཛིན་གྲགས་པ་ཞེས་གསོལ། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ ལ་བྱང་བར་མཛད། དགུང་ལོ་བཅུ་བཞི་པར་སྐུ་འབུམ་རང་སྒར་གྱི་ གདན་སའི་ཁྲི་ལ་བཀོད་ཅིང་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ དགུང་ལོ་ཉེར་གཉིས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ [501] འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་མཛད། དགུང་ལོ་ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ བཞུགས་ཏེ་གསུང་ཆོས་སྨོན་ལམ་བརྩི་བཞག་སོགས་ཆོས་འཆད་ཉན་ དང་འགྲིག་ལམ་ཀུན་སྤྱོད་གང་ཅི་ཐད་དུ་དོ་དམ་གང་ལེགས་མཛད་ ཁྲི་ཟུར་ནས་སྨད་ཕྱོགས་སུ་ཕེབས་ཤིང་ཅི་མཛད་ལེགས་ཚོས་གོང་ འཕེལ་དུ་ཕྱིན་ཞིང། གདུལ་བྱ་ཡོངས་ལ་ཆོས་ཀྱི་སྦྱིན་པ་ཕངས་མེད་ དུ་གནང་ངོ། ཁོང་ནི་སྐུ་འབུམ་དགོན་གྱི་སྨན་པ་དཔོན་སློབ་ཀྱི་ཁྲི་ རབས་ལྔ་བཅུ་ང་བརྒྱད་པ་དང། སྐུ་འབུམ་དགོན་གྱི་གདན་རབས་ ཁྲི་ཆེན་བདུན་ཅུ་དོན་བཞི་པ་ཡིན་ནོ། ། ཅོ་ནེ་རིན་ཆེན་ལྷུན་པོ།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཅོ་ནེའི་དཔོན་ཚང་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་དུས་ཅོ་ནེ་དགོན་ནས་སློབ་གཉེར་མཛད་པས་ མཁྱེན་རབ་ཀྱི་ཀློང་རྡོལ། དེ་ནས་དབུས་གཙང་དུ་ཕེབས་ཏེ་སྡེ་དགེ་ འདུན་གྲུབ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་བྱིན་པ་མཛད་ ནས་རང་ཡུལ་དུ་ཕེབས། དགུང་ལོ་ཉེར་གཅིག་པ་རབ་བྱུང་བརྒྱད་ པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཅོ་ནེ་དགོན་གྱིས་སྐྱའི་གྲུབ་ མཐའ་འཛིན་པའི་རྣམ་པ་དེ་རི་བོ་དགེ་ལྡན་པའི་གྲུབ་མཐར་བསྒྱུར་ ནས་དགའ་ལྡན་བཤད་སྒྲུབ་གླིང་ཞེས་དགོན་མིང་བཏགས་ཏེ་ཐོག་མའི་ [502] མཁན་པོའི་ཐུགས་འགན་བཞེས་ཤིང་མདོ་སྔགས་ཀྱི་འཆད་ཉན་ལེགས་ པར་སྤེལ་ནས་དུས་འདའ་བར་མཛད་དོ། ། ཅོ་ནེ་བཤེས་གཉེན་གྲགས་པ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཅོ་ནེའི་ཟུང་ཇུར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་སུ་ ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་ པ་མཛད་ནས་མཁས་པ་ཆེན་པོར་གྱུར། ཡིག་གཟུགས་ཀྱི་མཛེས་རྩལ་ ལ་ཤིན་ཏུ་མཁས། ཆོས་རྗེ་དགེ་འདུན་རྒྱལ་མཚན་གྱིས་ཁོང་གི་མཚན་ ལ་བསོད་ནམས་དོན་གྲུབ་ཅེས་གསོལ། གསང་ཕུ་སྤེ་སེར་དང། རྒྱུད་ སྟོད། ཤར་བཅས་ཀྱི་བླ་མ་མཛད་སྐབས་སྡེ་བ་སྐྱིད་ཤོད་པ་དང་རྩོད་ གཞི་བྱུང་ཡང་ཆོས་རྗེ་དགེ་འདུན་རྒྱལ་མཚན་གྱིས་ཐབས་མཁས་ཀྱི་སྒོ་ ནས་རྩོད་པ་ཞི་བར་མཛད་པ་མ་ཟད། སྡེ་བ་སྐྱིད་ཤོད་པ་སྦྱིན་བདག་ ཏུ་གྱུར་བ་མཛད། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་པའི་མེ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ ཉན་མཛད། ལོ་མ་ལྷ་ཁང་གསར་བཞེངས་གནང། དགུང་ལོ་བདུན་ ཅུ་ཐམ་པར་ཟུར་བཞུགས་མཛད་ཅིང་དགུང་ལོ་དོན་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་ དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས་ཤིང་དུས་མཆོད་ཀྱང་ ལེགས་པར་ཚུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ [503] རབས་ཉི་ཤུ་རྩ་དགུ་པ་ཡིན་ནོ། ། ཅོག་གྲུ་ཏིང་འཛིན་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་ མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ ཞུགས་ཏེ་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་མནོས་ཤིང་འདུལ་བའི་ཆོས་གཞུང་བཅས་ལ་ཐོས་བསམ་ མཛད་ནས་འདུལ་འཛིན་པ་ཆེན་པོར་གྱུར། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི། ཐབས། སྦྱོར་བ། པའི་དོན་རྣམ་པར་བཤད་པ་ལེའུ་དང་པོའི་འགྲེལ་བཤད། མ་རིན་པོ་ཆེའི་ཕྲེང་བ། པའི་བྱེ་བྲག་ཏུ་བཤད་པ། པའི་མན་ངག། ། ཅོག་གྲུ་མྱ་ངན་མེད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ [504] སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་དུ་ མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། དཀར་མོ་ལ་བརྟེན་ནས་སྟོང་པ་ཉིད་བསྒོམ་པ། མོ་ལ་བརྟེན་ནས་ལོག་པར་ལྟ་བ་སུན་དབྱུང་བ། ལ་བརྟེན་ནས་ཆོམ་རྐུན་བཅིང་བ། ནས་རིག་པ་བསྐྱེད་པ། བླུ་བ། ། ཅོག་གྲུ་ཤེས་རབ་བླ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་ དང་རྒྱ་ཡིག་བཅས་ལ་སྦྱངས་པ་མཛད་ཅིང་བསྟན་བཅོས་འགའ་ཞིག་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། ལས། གཤེད་འབྱུང་བ། བཅས་བཞུགས་སོ། ། [505] ཅོག་ཚ་དོན་གྲུབ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་དུ་ མདོ་སྨད་ཅོག་ཚར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་རིག་ གནས་ཆུང་བ་རྣམས་ལ་གསན་སྦྱོང་མཛད། དེ་ནས་དབུས་སུ་ཕེབས་ ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་ གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཛད་དེ་རང་དགོན་དུ་ཕེབས་ རབ་བྱུང་བཅོ་ལྔ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་ དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ཆོས་ སྲིད་གཉིས་ཀྱིས་གདན་ས་ལེགས་པར་བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ ཉམས་ལེན་ཁོ་ནར་བརྩོན་ནས་དུས་འདའ་བའོ། ཁོང་ནི་བྱ་ཁྱུང་དགོན་ པའི་གདན་སའི་མཁན་རབས་བདུན་ཅུ་དོན་པ་ཡིན་ནོ།། ཅོག་རོ་ཀླུའི་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང་རྟེན་རབ་བྱུང་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ སུ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ཏེ། རྔོག་བློ་ལྡན་ཤེས་རབ་ ཀྱིས་བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་རྣམ་གཉིས་ ཉི་ཟླ་ཟུང་ཞིག་འདྲ། རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ་ ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས། ཞེས་བསྔགས་བརྗོད་མཛད་ འདུག་ཁོང་གི་བསྒྱུར་རྩོམ་ནི་ ཐར་གྱི་མདོ། [506] པ་ཕའི་རྣམ་འབྱེད། སློང་མའི་སོ་ཐར་གྱི་མདོ། མ། བ། རྒྱའི་མདོ། བའི་མདོ། གཟུངས། ཐབས། ལེའུ་བྱས་པ་ཤེས་རབ། མེད། བ་ཤེས་རབ་སྒྲོན་མ། རྒྱ་ཆེར་འགྲེལ་བ། བཏུས་པ། བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། རྩ། ཤོ་ལོ་ཀ་སུམ་སྟོང་བདུན་བརྒྱ། ཤོ་ལོ་ཀ་ཉིས་ཁྲི་ཆིག་སྟོང་བཅས་མང་དུ་བཞུགས་སོ། ། ཅོག་རོ་ཁྱི་བཅན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ [507] ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་ མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། མཁས་པའི་དགའ་སྟོན། ཅོག་རོ་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་དགུ་པར་རྒྱ་དམར་བ་ བྱང་ཆུབ་གྲགས་ཀྱི་གདན་ས་ལ་ཕེབས་ཏེ་གྲྭ་སར་ཞུགས་ཤིང་ཚད་མ་ རྣམ་ངེས་དང། དབུ་མ་རང་རྒྱུད་དུ་གྲགས་པའི་སྐོར་རྣམས་ལ་གསན་ པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པར་ དོ་བར་རྣམ་ངེས་ཀྱི་བཤད་པ་མཛད། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ གི་སྲ་ནམ་མཁའ་འོད་ལས་བདེ་མཆོག་ལ་སོགས་པའི་གདམས་ངག་ཕྲན་ ཆུང་འགའ་ཡང་ཞུས། ཨར་བྱང་ཆུབ་ཡེ་ཤེས་དང་ཁམས་པ་ཨ་སེང་ གཉིས་ལས་དབུ་མ་ལ་སོགས་པའི་ཆོས་གཞུང་རྣམས་ལ་གསན་པ་མཛད་ རྔོག་མདོ་སྡེ་ལས་དགྱེས་རྡོར་དང་མཱ་ཡཱ་བཅས་གསན། མར་པ་དོ་བ་ ཆོས་ཀྱི་དབང་ཕྱུག་ལས་བདེ་མཆོག་གི་ཕྲན་དང་བཅས་པའི་གདམས་ ངག་ཟབ་མོ་ཐམས་ཅད་ལོ་ངོ་བཞི་ལ་བསྟེན་ནས་མཁས་པར་མཁྱེན་ ཁོང་གིས་བླ་མ་དོ་བ་ལ་ཡང་འབུལ་བ་སྔ་ཕྱི་ལན་གསུམ་དུ་ཕུལ་བླ་མ་ ཡང་མཉེས་པར་མཛད། དེ་ནས་དཔྱལ་ལོ་ཀུན་དགའ་རྡོ་རྗེ་ལ་བསྟེན་ [508] ཏེ་ཕག་མོའི་དབང་དང་གདམས་ངག་བཅས་པར་ཞུས་ཤིང་གནམ་ མཚོའི་སྒྲུབ་གནས་སུ་ལོ་ངོ་དྲུག་གི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ པས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། དེ་ནས་མེ་དགེ་ ལྷ་འཚོ་དགོན་པ་གསར་འདེབས་མཛད་ཅིང་བཤད་གྲྭ་དང་སྒོམ་གྲྭ་ གཉིས་སུ་ཕྱེས་ཏེ་འཆད་ཉན་ཡུན་རིང་དུ་མཛད། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཁྱི་ར་བ་དང། དགེ་བཤེས་གུ་ཤྲཱི་འབྲོམ་པ་དང་ རོང་བོ་དགེ་རིངས་པ་དང། ཞང་ཚུལ་ཁྲིམས་ཤེས་རབ་བཅས་ཡིན་ ཁོང་གི་གསུང་རྩོམ་ནི། ཀ། དེ་ནས་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རྩ་དགུ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གི་ བདེ་མཆོག་ལུགས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན་ནོ། ། ཅོག་རོ་བརྟན་ཀོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་ མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། མཁས་པའི་དགའ་སྟོན། [509] ཅོག་རོ་བློན་གུང་ཀེང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། བ་དང། པའི་དགའ་སྟོན། ཅོག་རོ་བློན་ལྷོ་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། བ་དང། མཁས་པའི་དགའ་སྟོན། ཅོག་རོ་འབྲོང་ཤོང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ [510] རྒྱལ་པོའི་བློན་པོ་ཡིན། དྲག་རྩལ་ལ་ཤིན་ཏུ་མཁས་པས་འབྲོང་ཐུར་ དུ་རྒྱུག་པ་གྱེན་ལ་འཐེན་ཐུབ་པ་དང། དྲག་པོ་གཡུལ་གྱི་ཁ་ལོ་བསྒྱུར་ ནས་རྒྱལ་ཁམས་དུ་མ་དབང་དུ་བསྡུས་ཏེ། དམག་དཔོན་རྩལ་པོ་ཆེ་ མི་བདུན་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། ཅོག་རོ་བཟའ་རྒྱལ་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། མངའ་བདག་འོད་བསྲུངས་ ་ ཀྱི་ ཀྱི་བཙུན་མོ་དང། མངའ་བདག་དཔལ་འཁོར་བཙན་གྱི་མ་ཡུམ་ཡིན་ ནོ། ། ཙོག་རོ་བཟའ་ནུ་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང། སྐྱེ་འབྲས་མཚར་ བའི་བུད་མེད་མཛེས་མ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཐོག་མར་ལྷོ་ངོས་ ཨརྱ་པ་ལོའི་གླིང་བརྩིགས་ཏེ་ཐོག་ཕུབ་པ་དང། དེའི་ནང་བརྟེན་ བཞེངས་དུས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ ལ་ལྷ་རྒྱ་གར་དང་རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་ པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་ གྱིས་གསུངས། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་ བྱ་བར་ཅི་གནང་ཞེས་ཞུས་པས་འོ་ན་བོད་འབངས་ཀུན་སྡུས་ཤིང་ལྷ་ [511] བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་ བོད་འབངས་ཚོགས་པ་ལས་དེའི་ནང་ནས་བུད་མེད་མཛེས་མ་ཅོག་རོ་ བཟའ་ནུ་ཆུང་ལ་དཔེ་བགྱིས་ཏེ་འོད་ཟེར་ཅན་མ་བཞེངས། ། ཙོག་རོ་བཟའ་དཔལ་གྱི་ངང་ཚུལ་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་བཙུན་མོ་ཡིན་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། འབྱུང་མཁས་པའི་དགའ་སྟོན། བྲན་ཀ་ དཔལ་གྱི་ཡོན་ཏན་དང་བཙུན་མོ་དཔལ་གྱི་ངང་ཚུལ་མ་ལྐོག་ཏུ་ཉལ་ བཤམས་སོ་ཞེས་བཙན་པོའི་ ཁྲི་གཙུག་ལྡེ་བཙན་རལ་པ་ཅན། སྙན་ དུ་གསོལ་བས། ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན་བཙུན་མོ་ངང་ ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་ལྕེབས་ནས་ཤིའོ། ཞེས་གསུངས་ སོ། ། ཅོག་རོ་བཟའ་བཙན་རྒྱལ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ ཡོན་གྱི་བཙུན་མོ་ཆུན་མ་ཡིན་ནོ། ། ཅོག་རོ་བཟའ་ལྷ་བུ་སྨན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱ་དཔའི་དུས་དཀྱིལ་ཙམ་དུ་ [512] སྐུ་འཁྲུངས་ཤིང། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང་སྐྱེ་འབྲས་མཚར་ བའི་བུད་མེད་མཛེས་མ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཐོག་མར་ལྷོ་ངོས་ ཨརྱ་པ་ལོའི་གླིང་བརྩིགས་ཏེ་ཐོག་ཕུབ་པ་དང། དེའི་ནང་བརྟེན་ བཞེངས་དུས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ ལྷ་རྒྱ་གར་དང་རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་ པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བོན་པ་ཡིན་པས་རྒྱ་གར་ལུགས་སུ་ གྱིས་གསུངས། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་ བྱ་བར་ཅི་གནང་ཞེས་ཞུས་པས་འོ་ན་བོད་འབངས་ཀུན་སྡུས་ཤིག་ལྷ་ བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་ བོད་འབངས་ཚོགས་པ་ལས་དེའི་ནང་ནས་བུད་མེད་མཛེས་མ་ཅོག་རོ་ བཟའ་ལྷ་བུ་སྨན་ལ་དཔེ་བགྱིས་ཏེ་སྒྲོལ་མ་བཞེངས། འབྱུང་མཁས་པའི་དགའ་སྟོན། ། ཅོག་རོ་རིག་པའི་སྐལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་པོ་དྲུག་ གི་ཡ་གྱལ་ཡིན་ནོ། ། ཅོག་རོ་ཤེས་རབ་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་སམ་ དཡུལ་དུ་སྐུ་འཁྲུང། སྐོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་ [513] པའི་རྣལ་འབྱོར་པ་ཞེས་བྱ་པ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་རྨ་ ལུང་རྡོ་རྗེའི་བྲག་དམ་ཚིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་ དགོངས་པ་རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་ དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་ གསལ་ལས་དམ་ཆོས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་ འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་ བཞིན་དུ་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས་ཤིང་ འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་ པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་གསལ་ གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། ཅོག་རོ་ལྷ་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ནང་བློན་ཡིན། བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དབས་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་དང་ངན་འབྲེལ་བྱས་ནས་ རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བཀྲོངས་སོ། ། ཅོའུ་སྨིན་དཀར།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་དིང་ཁྲི་བཙན་པོའི་སྐུ་གཤེན་ནམ་སྐུ་བོ་ཉིན་ནོ། ། ཅོའུ་ཚེམས་དཀར།། [514] ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཅོའུ་འོད་དཀར།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་སོ་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཅོའུ་ལན་ཚ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་མུ་ཁྲི་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཅོའུ་ཤངས་དཀར།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་མེར་ཁྲི་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ།། གཅན་ཚ་ངག་དབང་མཆོག་ལྡན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཅན་ཚ་དཀར་མོ་ཕུག་ཏུ་ཡབ་ཕ་བཞིས་ཕྱག་རྡོར་བཀྲ་ ཤིས་དང། ཡུམ་སྦོ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་དུ་ སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་བྱ་ཁྱུང་དགོན་དུ་ཕེབས་ཏེ་ ཁུ་བོ་ངག་དབང་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་ འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ཏེ་སེ་ར་བསམ་བློ་ལ་ཞུགས་ནས་གཞུང་བཀའ་པོད་ལྔ་ ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་གསང་ [515] ཕུར་གྲྭ་སྐོར་མཛད་ནས་ཕར་ཕྱིན་གྱི་མཚན་བཏགས་བཞེས། དགུང་ ལོ་ཉེར་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། པཎ་ཆེན་ བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས་འཕྲལ་སྨད་རྒྱུད་གྲྭ་ཚང་དུ་ ཞུགས། དགུང་ལོ་ཉེར་དགུ་པར་རྒྱུད་པའི་དགེ་བསྐོས་མཛད། དེ་ ནས་མདོ་སྨད་རང་ཡུལ་དུ་ཕེབས་ཏེ་བྱ་ཁྱུང་དགོན་དང། སྐུ་འབུམ་ དགོན། དགོན་ལུང་དགོན། བཙན་པོ་དགོན་རྣམས་སུ་ཕེབས་ནས་དམ་ བཅའ་བཞག་ཡབ་ཡུམ་གཉིས་ལ་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་ བཞེངས། སླར་དབུས་སུ་ཕེབས་ཏེ་དགུང་ལོ་སོ་བཞི་པར་མངའ་རིས་ མཐོ་ལྡིང་གི་མཁན་པོར་ཕེབས་ཏེ་ལོ་ཆེན་རིན་ཆེན་བཟང་པོའི་དུས་སུ་ བཞེངས་པའི་མཆོད་རྟེན་སྟོང་ཕྲག་དུ་མ་ཉམས་གསོས་མཛད་ཅིང་ལོ་ བདུན་དུ་བཞུགས། དགུང་ལོ་ཞེ་གསུམ་པར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ཏེ་ ལོ་བཅུར་འཆད་ཉན་བསྐྱངས་ཤིང་མ་རྒྱུད་བསྟན་པའི་སྲོག་རྩ་བསོས་ དགུང་ལོ་ང་གཉིས་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ དུ་བཀུར་ཞིང་ཁམས་མགར་ཐར་དུ་ཕེབས་ནས་རྒྱལ་མཆོག་ལ་མདོ་ སྔགས་ཀྱི་ཟབ་ཆོས་མང་དུ་ཕུལ་ཏེ་བསྟན་པའི་བདག་པོར་མངའ་ གསོལ། ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་ཟབ་ཆོས་ཐམས་ཅད་བུམ་པ་གང་ བྱོའི་ཚུལ་དུ་ཕུལ། གོང་མ་ཆེན་པོས་ཨ་ཆི་ཐུ་ནོ་མིན་ཧན་གྱི་ཆོ་ལོ་ བསྩལ། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་ཤིན་ཏུ་དར་བར་ མཛད། དགུང་ལོ་དོན་གཉིས་པར་ཇོ་བོ་ལོ་ཀེ་ཤྭ་ར་གསུང་འབྱོན་མ་ [516] ལ་རིན་པོ་ཆེའི་འཕྲ་རྒྱན་གསེར་དངུལ་གྱི་བཞུགས་ཁྲི་རྒྱབ་ཡོལ་བཅས་ རྒྱལ་མཆོག་བདུན་པ་ནས་གནང་བ་ཡང་བྱ་ཁྱུང་དགོན་དུ་སྦྱོར་ འཇགས་མཛད་པ་ད་ལྟ་གསེར་གདུང་ཁང་དུ་བཞུགས་སོ། དེ་ལྟར་ མཛད་པ་མཐར་ཕྱིན་ནས་དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་བཤེགས། སྐུ་གདུང་ཇོ་བོ་འཇམ་དཔལ་རྡོ་རྗེའི་གཡོན་ ཕྱོགས་སུ་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་ལྔ་བཅུ་ང་བཞི་པ་ཡིན་ནོ། ། གཅན་ཚ་སྦྱིན་པ་ཀུན་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ མདོ་སྨད་གཅན་ཚའི་རི་བཟང་རྩར་སྔགས་རྒྱུད་བཟང་བ་ཞིག་ཏུ་སྐུ་ འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་བྱ་ཁྱུང་དགོན་པའི་ ཆོས་སྒོར་ཞུགས་ཏེ་བསྡུས་གཞུང་ནས་བཟུང་གཞུང་ཆེན་རྣམས་ལ་ སྦྱངས་པ་དང། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་ཁྲི་ཆེན་ངག་དབང་སྙན་གྲགས་ ་ ་ སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་ མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས་ནས་རང་དགོན་བྱ་ཁྱུང་ དུ་ཕྱིན་བྱོན། དེ་ནས་བྱ་ཁྱུང་དགོན་པའི་རྒྱུད་པའི་སློབ་དཔོན་མཛད་ ཅིང་བརྒྱད་སྟོང་པའི་བཤད་ལུང་སོགས་དཀའ་ཆེན་ཡོངས་འཛིན་གྱི་ གསུང་རྒྱུན་ལྟར་གྲྭ་ཚང་ཡོངས་ལ་གྲངས་མང་གནང། རབ་བྱུང་བཅུ་ གསུམ་པའི་བགྲང་བྱ་ལྔ་བཅུ་ང་དྲུག་པ་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ [517] ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་ གཅིག་གི་རིང་དུ་གདན་ས་བསྐྱངས་ཤིང་སྐུ་ཆས་གང་ཡོད་ཆོས་ཕྱོགས་ སུ་ཕངས་མེད་དུ་གཏོང་སྒོ་མཛད། ཁྲི་ཟུར་ནས་ཀྱང་དད་ལྡན་གྱི་ སློབ་མ་རྣམས་ལ་ལམ་རིམ་ཆེན་མོའི་བཤད་ལུང་དང། འཇམ་དཔལ་ ཞལ་ལུང། ལམ་གཙོའི་ཁྲིད་སོགས་ཆོས་རྒྱུན་རྒྱ་ཆེར་གནང། དགུང་ ལོ་གྱ་གྲངས་ལ་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་བརྒྱད་པ་ ཡིན་ནོ། ། གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་ནི་རྒྱལ་བ་རིན་ཆེན་ཐོག་རྡུགས་ཀྱི་ གཅུང་བོ་ཡིན། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང་ཞིང་མཚན་ ལ་རྡོ་རྗེ་རིན་ཆེན་ཞེས་གསོལ། དགུང་ལོ་ཉེར་གཉིས་པར་དབུས་སུ་ བྱོན་ནས་རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་དང་མཇལ་ཞིང་གདམས་ ངག་མང་དུ་གསན། དགུང་ལོ་ཉེར་ལྔ་པར་མཁན་པོ་ཞང་སེ་གསེབ་ བར་པ་དང། སློབ་དཔོན་ཡར་ཁང་པ་དང། གསང་སྟོན་སྟོད་ལུང་པ་ རྣམས་ལས་བསྙེན་རྫོགས་མཛད། དེའི་རྗེས་སུ་རྗེ་སྤྱན་སྔ་བ་ལས་ བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། ལོ་ངོ་བཅུ་གཉིས་ཀྱི་ བར་དུ་དབུ་སྔགས་ལ་མི་འཇོག་པའི་དམ་བཅའ་མཛད་ནས་ཐུགས་དམ་ [518] མཛད་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། དེ་རྗེས་གཅེན་ གྲགས་པ་བརྩོན་འགྲུས་ལ་ཟབ་ཁྲིད་དུ་མ་གསན། དགུང་ལོ་ལྔ་ཅུ་པ་ རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་གདན་ སའི་གོ་སར་ཕེབས། ལོ་ངོ་བཅུ་བཞིའི་བར་དུ་གདན་སའི་འགན་ ཁུར་བཞེས། རབ་གནས་དང་རྟེན་འབྲེལ་ལ་མངའ་བརྙེས། མངོན་ པར་མཁྱེན་པར་ཐོགས་པ་མེད་ཅིང་གྲུབ་རྟགས་ཀྱང་འགའ་རེ་བསྟན་ གདན་སར་ཕེབས་པ་ཉིད་ནས་གཅེན་གྲགས་པ་བརྩོན་འགྲུས་ཀྱི་ དགོངས་པ་རྫོགས་ཐབས་ཀྱི་སྒོ་མངས་འགྲན་ཟླ་དང་བྲལ་བ་འདི་ བཞེངས་ཏེ། གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མ་ཡིན། དགུང་ལོ་ དྲུག་ཅུ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ ནི་ཕག་གྲུའི་གདན་རབས་ལྔ་པ་ཡིན། ། གཅུང་རྡོ་རྗེ་གྲགས་པ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་ སྐྲ་འཁྲུངས། གདུང་རུས་ཀྱུ་ར་ཡིན། རབ་བྱུང་ལྔ་པའི་ས་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཡབ་ཡུམ་ འཁོར་དང་བཅས་པ་འབྲི་གུང་དུ་ཕེབས་ཤིང་ཆོས་རྗེ་སྐྱོབ་པ་ལས་རབ་ བྱུང་བསྒྲུབས་ཏེ་མཚན་ལ་རྡོ་རྗེ་གྲགས་པ་ཞེས་གསོལ། ཏེ་ལོ་པའི་རྣམ་ འཕྲུལ་ཡིན་པར་ལུང་བསྟན། དེ་ནས་དབོན་བསོད་ནམས་གྲགས་པ་ ལ་བསྟེན་ཏེ་བཀའ་བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་ པ་གང་བྱོའི་ཚུལ་དུ་ཞུས་ཤིང་དགུང་ལོ་ཉེར་གཅིག་པར་སྐུ་མཚམས་ [519] བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་ གྲུབ་པ་ཐོབ། ཀརྨ་པཀྵི་ཆོས་ཀྱི་བླ་མ་ལ་ལུང་བསྟན་གནང་བས་སེ་ ཆེན་རྒྱལ་པོའི་ཁྲིམས་ལས་ཐར། ཀརྨ་པས་ཀྱང་སངས་རྒྱས་ཀུན་ འདུས་འབྲི་གུང་པ། འགྲོ་བའི་དེ་དཔོན་རྡོ་རྗེ་གྲགས། ཁོང་སེང་ གེ་དཀར་མོའི་སྟེང་དུ་བཅིབས། མི་ཁོ་བོའི་མདུན་གྱི་ནམ་མཁར་ བྱོན། དགུང་ལོ་ཞེ་དྲུག་པར་འབྲི་གུང་བྱང་ཆུབ་ གླིང་གིག་དན་སའི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་ བསྐྱངས་ཏེ་རྟེན་དང་བརྟེན་པ་མང་དུ་བཞེངས་ཤིང་ཧོར་གྱིས་འཇིག་ པ་ལས་བོད་ཁམས་སྐྱོབ་པར་མཛད། དེ་ནས་ཙ་རི་དང་དྭགས་པོ་ བྱ་ཡུལ། ཀོང་པོ། གུ་ལིང་སོགས་སུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ བརྒྱལ་སངས་དགོན་པ་གསར་འདེབས་མཛད་ཅིང་བཤད་སྒྲུབ་ཀྱི་ བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད། དགུང་ལོ་རེ་དགུ་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་ གླིང་གི་གདན་སའི་མཁན་རབས་བཞི་པ་ཡིན་ནོ། ། གཅོའུ་གཉའ་བཞེད།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་འཁྲུངས་ ཤིང་རྒྱལ་པོ་སྤུ་དེ་གང་རྒྱལ་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། གཅོའུ་ཕྱག་དཀར།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་སྤུ་དེ་གང་རྒྱལ་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་བནོ་ [520] གཅོའུ་ཞལ་དཀར།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་སྲིབ་ཁྲི་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། བཅུ་གཉིས་པ་རྡོ་རྗེ་རིན་ཆེན།། ཁོང་ནི་འབྲི་གུང་རྡོ་རྗེ་རིན་ཆེན་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། བཅུ་གཉིས་གསར་མ་གྲགས་པ་ཤེས་རབ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཏའི་སི་ཏུའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་ཁྱི་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་འཁྲུངས་པའི་སྐབས་སུ་ ཤིང་སྐམ་ལ་མེ་ཏོག་ཤར་བ་ལ་སོགས་པའི་ལྟས་ཁྱད་པར་ཅན་བྱུང་ དགུང་ལོ་བརྒྱད་པར་གདན་ས་ཐེལ་དུ་ཕེབས་ཏེ་གྲྭ་རྒྱུན་མཛད། དགུང་ ལོ་དགུ་པར་མཁན་ཆེན་གཡུང་དྲུང་བསོད་ནམས་དང། སློབ་དཔོན་ དབང་ཕྱུག་བསོད་ནམས་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་གྲགས་ པ་ཤེས་རབ་ཅེས་གསོལ། ཚེས་བཞི་རྙིང་བ་གྲགས་པ་རྒྱལ་མཚན་ལས་ ཆོས་ཁྲིད་རྣམས་རྫོགས་པར་གསན། དགུང་ལོ་ཉི་ཤུ་ཐམ་པར་མཁན་ ཆེན་སེང་གེ་རྒྱལ་བ་ལས་བསྙེན་པར་རྫོགས། འདུལ་བའི་ཆོས་སྐོར་ མང་དུ་གསན། ཆོས་རྗེ་བླ་མ་དམ་པ་དང། བུ་སྟོན་རིན་ཆེན་གྲུབ་ རྒྱལ་སྲས་ཐོག་མེད་པ་སོགས་མཁས་གྲུབ་མང་པོར་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་ལེགས་པར་གསན་སྦྱངས་མཛད་ ཡར་ཀླུང་སྟོད་ཀྱི་སྣ་མོ་རྫོང་དུ་ཆོས་སྐྱོང་གི་བསྙེན་པར་དུང་ཕྱུར་ཙམ་ [521] མཛད། མངོན་པར་མཁྱེན་པ་མངའ་བར་ཡང་གྲགས། སེར་སྐྱ་ རྣམས་ལ་སེམས་བསྐྱེད་གསུངས་པས་མེ་ཏོག་ཆར་ལན་མང་དུ་བབས་ པ་ཀུན་གྱིས་མཐོང་སྣང་དུ་གྱུར། དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་ བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་གདན་ས་ སྤྱན་སྔའི་གོ་སར་ཕེབས། ལོ་ངོ་བཅུ་གཅིག་རིང་དུ་གདན་སའི་ འགན་ཁུར་བཞེས་ནས་འཆད་ཉན་གྱི་མཛད་སྒོ་དར་བར་མཛད་ དགུང་ལོ་དྲུག་ཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་ སོ། ཁོང་ནི་ཕག་གྲུའི་གདན་རབས་དགུ་པ་ཡིན། ། བཅུ་གསུམ་སེང་གེ་རྒྱལ་པོ།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་ གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་ བཅས་པར་གསན་སྦྱོང་ལེགས་པར་མཛད་ཅིང་རབ་ཏུ་བྱུང་ནས་ཚུལ་ ཁྲིམས་ཐམས་ཅད་གཡག་རྔ་བཞིན་དུ་བསྲུངས་བར་མཛད། དེ་ནས་ ཆོས་རྗེ་སྤོས་སྐྱ་སེང་གེ་རིན་ཆེན་གྱི་ཞབས་ལ་གཏུགས་ཏེ་འདུལ་བ་མདོ་ རྩ་དང། དབུ་མ་འཇུག་པ། ཚད་མ་རྣམ་འགྲེལ། བློ་སྦྱོང་དོན་ བདུན་མ། སྤྱོད་འཇུག་བསླབ་བཏུས། དུས་འཁོར་གྱི་དབང་ཆེན་ རྫོགས་ཆེན་གྱི་ཆོས་སྐོར། ཨ་ཏི་ཡོ་ག་མ་ཧཱ་མཱ་ཡ། གསང་འདུས་ སྦྱོར་དྲུག་བདེ་མཆོག་སྙན་བརྒྱུད། བཀའ་གདམས་ལམ་རིམ། རིམ་ ལྔའི་ཁྲིད། མཚན་བརྗོད་གྱི་ཕྱག་ལེན་དང་བཅས་པ། བཀའ་ [522] བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། ནཱ་རོ་ཆོས་དྲུག་ཟབ་མོ་བླ་མའི་ རྗེས་གནང་བཅས་ཞུས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པར་མངའ་ བརྙེས། དགུང་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་ལྔ་བའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ར་ལུང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་ པོའི་ཚོགས་པ་བསྐྱངས་ཤིང། གཙུག་ལག་ཁང་དང་སྐུ་གསུང་ཐུགས་ རྟེན་བཞེངས་པར་མཛད། ལོ་ངོ་བཅུ་གསུམ་རིང་དུ་གདན་སར་ བཞུགས་ནས་དགོན་པའི་བྱ་བ་ཐམས་ཅད་སྒོ་ཀུན་ནས་དར་བར་ མཛད། དགུང་ལོ་སུམ་ཅུ་རྩ་བདུན་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་དྲུག་པ་ཡིན། ། བཅོམ་ལྡན་རིགས་པའི་རལ་གྲི་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ ལྷོ་ཁ་ཕུ་ཐང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་བསྒྲུབས་ཏེ་བསམ་ཡས་ མཆོད་རྟེན་དཀར་པོའི་བཙུན་པ་མཛད། དེ་ནས་སྐྱིད་ཤོད་དགའ་བ་ གདོང་དུ་བྱོན་ཞིང་སློབ་དཔོན་ཉི་མ་བརྩོན་འགྲུས་ལ་བསྟེན་ཏེ་ཕར་ ཕྱིན་སོགས་ལ་ཐོས་བསམ་མཛད། སྐབས་ཤེད་དུ་མཛེ་ནད་ཀྱིས་བཟུང་ བས་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ ་ ཀྱི་སྐུ་མདུན་དུ་ བཅར་ནས་སྣར་ཐང་དུ་ཕེབས་དུས་དབུ་ལ་ཉི་མ་ཤར་བ་དང་ཚོགས་ དུང་འབོད་པ་རྣམས་དུས་གཅིག་ཏུ་འཁེལ་ཏེ་རྟེན་འབྲེལ་ལེགས་པ་ འགྲིགས། དེ་ནས་སྐྱོ་སྟོན་གྱི་བཀའ་སློབ་ལྟར་ཚད་མ་རྣམ་ངེས་ཀྱི་ གཞུང་ཚར་སྟོང་འདོན་པས་མཛེ་ནད་ཀྱང་སངས། དེ་ནས་སྣར་ཐང་ [523] དགོན་པའི་ཆོས་གྲྭར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་ཅིང་དགེ་བའི་བཤེས་གཉེན་ཆེན་ པོར་གྱུར། དུས་སྐབས་དེར་སྡེ་སྣོད་འཛིན་པའི་གསུམ་གཉིས་ཙམ་ སྣར་ཐང་དུ་འདུས་ཞེས་ཀྱང་གྲགས་སོ། ཁོང་གི་གསུང་རྩོམ་ནི། རབས་རྒྱན་གྱི་མེ་ཏོག། དཀར་ཆག་བསྟན་པ་རྒྱས་པ། དེ་ལས་བསྡུས་པ། དཀར་ཆག་ཉི་མའི་འོད་ཟེར། ། ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཙང་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་སངས་ རྒྱས་གླིང་དུ་བསོད་ནམས་ལེགས་པ་དང་འཆད་དཀའ་བཅུ་པ་གཅིག་ ལས་རབ་ཏུ་བྱུང་ཞིང་བཀའ་ཆོས་གསན། དེ་ནས་མདོག་ཆོས་འཁོར་ སྒང་དུ་ཕེབས་ཏེ་ཤཱཀྱ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལ་ བསྟེན་ནས་ཚད་མ་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་སུ་བྱོན་ཏེ་འཇམ་དབྱངས་ འཕགས་མཆོག་ཀླུ་སྒྲུབ་ལས་གྲངས་ཆེན་བཅོ་བརྒྱད་ཀྱི་ལེགས་བཤད་ དང། གསུང་ངག་སོགས་ཟབ་རྒྱས་ཆོས་ཀྱི་མན་ངག་འབུམ་ཕྲག་ གསུམ་པ་ལས་ཤངས་པ་བཀའ་བརྒྱད་ཀྱི་ཆོས་སྐོར་དང། རས་ཆུང་སྙན་ [524] བརྒྱུད་སོགས་ཀྱི་ཟབ་ཁྲིད་ལེགས་པར་གསན། དགུང་ལོ་ཉེར་ལྔ་པར་ དཔལ་འཁོར་བདེ་ཆེན་དང། ཉེར་དྲུག་པར་རྩེས་ཐང་དུ་གཞུང་ ཆེན་བཅུ་བདུན་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་དགུ་པར་མདོག་ ཡ་ག་ཆོས་སྡིངས་སུ་བྱོན་ནས་བྱམས་པ་དཀོན་མཆོག་དཔལ་བ་དང་ དབོན་བརྩོན་འགྲུས་རྒྱ་མཚོ། མཚུངས་མེད་དཔལ་འབྱོར་གསུམ་ལས་ བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན། དགུང་ལོ་སོ་དགུ་པར་ མཉན་ཡོད་བྱ་རྒོད་གཤོངས་ཀྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ཉི་ཤུ་ རྩ་དྲུག་གི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀྱི་སྒོ་ནས་ དགོན་པ་དར་བར་མཛད། དགུང་ལོ་དྲུག་ཅུ་རེ་བཞི་པར་པཎ་གྲུབ་ བཟང་པོ་བཀྲ་ཤིས་ལ་གདན་ས་གཏད་ནས་ཟུར་བཞུགས་མཛད་ དགུང་ལོ་རེ་ལྔ་པར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་ངམ་རིང་གི་མཁན་པོར་ མངའ་གསོལ་ཞིང་འཆད་ཉན་མཛད་མུར་དགུང་ལོ་རེ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ པཎ་གྲུབ་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་ མཚན། འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་ བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་རྒྱ་མཚོ། མཁས་མཆོག་ གྲུབ་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས། མང་ཐོས་ ཀླུ་སྒྲུབ་རྒྱ་མཚོ་བཅས་ཡིན་ནོ། ། ལྕགས་རི་བསྐལ་བཟང་ལེགས་བཤད།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ [525] ལོར་ལྷོ་ཁ་གྲ་ནང་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་ལྕགས་པོ་རིར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཚོང་འདུས་དགོན་དུ་ཆོས་ཞུགས་མཛད་ཅིང་ རབ་ཏུ་བྱུང། དེ་ནས་ལྷ་སར་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་ གླིང་དུ་ཞུགས་ཤིང་གསོ་རིག་གི་གཞུང་ལུགས་རབ་འབྱམས་ལ་ཐོས་ བསམ་མཛད་པས་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉེར་དྲུག་པར་ བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན་གྱི་གམ་དུ་བཞུགས་ནས་ལོ་ དགུའི་རིང་དུ་གསོ་རིག་གི་མན་ངག་དང་ལག་ལེན་ཟུང་དུ་འབྲེལ་ཏེ་ ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ དུ་ཕྱིར་ཕེབས། དགུང་ལོ་སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་དབྱིན་ཇིའི་བཙན་འཛུལ་དམག་ཕྱིར་ བསྐྲད་བྱེད་སྐབས་བོད་དམག་གི་སྨན་སྦྱིན་མཛད་དེ་རྒྱལ་རྩེར་ཕེབས་ ཤིང་ལས་འགན་ལེགས་པར་གྲུབ། དགུང་ལོ་སོ་བརྒྱད་པར་རྒྱལ་བ་ཐུབ་ བསྟན་རྒྱ་མཚོའི་སྐུ་འཁོར་རྣམས་ཀྱི་སྨན་སྦྱིན་མཛད་ནས་སོགས་ཡུལ་དུ་ ཕེབས། དགུང་ལོ་ཞེ་གཅིག་པར་ལུའུ་ཅུན་བོད་ལ་འབྱོར་དུས་གདན་ ས་གསུམ་གྱི་སེར་དམག་གི་སྨན་སྦྱིན་དང། གཞུང་གི་ཚེགས་འདུ་ རྒྱས་འཛོམས་ཀྱི་སྨན་སྦྱིན་པའི་ཕྱག་ལས་གནང་བ་སོགས་ཀྱིས་སྙམ་ གྲགས་ཆེན་པོར་གྱུར། དགུང་ལོ་ཞེ་གསུམ་པ་ནས་བཟུང་ལྕགས་རི་ རིག་བྱེད་འགྲོ་ཕན་གླིང་གི་སློབ་དཔོན་མཛད་དེ་གསོ་རིག་འཆད་ཉན་ གྱི་ཕྱག་ལས་གནང་ནས་དུས་འདའ་བར་མཛད། དགུང་ལོ་བདུན་ཅུ་ དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་ [526] མའི་ཚོགས་ལས་མཆོག་ཏུ་གྱུར་བ་ནི་མཁས་དབང་ཐུབ་བསྟན་ཚེ་རིང་ ཡིན་ནོ། ། ལྕང་སྐྱ་གྲགས་པ་འོད་ཟེར།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་ལྕང་སྐྱ་ཡིན་ རབ་བྱུང་བཅུ་གཅིག་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་ནི་གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་དགོན་ལུང་ བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་སུམ་པ་དམ་ཆོས་རྒྱ་མཚོ་དགེ་རྒན་ དུ་བསྟེན་ཞིང་མཚན་ཉིད་ཀྱི་ཐོས་བསམ་མཛད། དེ་ནས་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཤིང་དབུ་མ་དང་ ཕར་ཕྱིན། འདུལ་བ། མཛོད་བཅས་ཀྱི་གཞུང་ཆེན་མོ་རྣམས་ལ་སྦྱངས་ པ་ཕུལ་དུ་ཕྱིན་པ་མཛད་དེ་ངམ་རིང་དུ་རབ་འབྱམས་སྨྲ་བའི་མཚན་ བཏགས་བཞེས། དེ་ནས་མདོ་སྨད་རང་ཡུལ་དུ་ཕེབས་ཏེ་རབ་བྱུང་ བཅུ་གཅིག་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་ བྱམས་པ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ གདན་ས་བསྐྱངས། ཁྲི་ཟུར་ནས་ཐང་རིང་ཐར་བ་གླིང་དུ་མཚན་ཉིད་ ཀྱི་འཆད་ཉན་གསར་དུ་འཛུགས་པའི་སློབ་དཔོན་དུ་སྤྱན་དྲངས་པ་ བཞིན་བྱོན་ཞིང་འཆད་ཉན་བཙུགས་ཏེ་ལེགས་པར་བསྐྱངས། དེ་ནས་ སླར་དགོན་ལུང་བྱམས་པ་གླིང་དུ་ཕེབས་ཏེ་མཚན་ཉིད་ཀྱི་བླ་མ་མཛད་ ཅིང། དོན་གཉེར་ཅན་རྣམས་ལ་དབང་རྗེས་གནང་ལུང་སོགས་ འདོད་ཆོས་ཀྱང་མང་དུ་བསྩལ། བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལྕང་སྐྱའི་ [527] སྐུ་ཕྲེང་དང་པོ་ཡིན་ལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་ མཁན་རབས་དྲུག་པ་ཡིན་ནོ། ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཙོང་ཁའི་གཡི་དགེའི་རྟ་ཕྱུག་གྲོང་དུ་ཡབ་རྒྱ་རིགས་ཁེ་བ་ ཅང་ཨེ་ཧར་དང། ཡུམ་ལོ་བཟའ་ཐར་མོ་འཚོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ཆུང་དུས་ནས་རོང་བོ་དགོན་གྱི་ཁྲི་བ་ཚུལ་ ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱིས་བླ་མ་གོང་ མ་གྲགས་པ་འོད་ཟེར་གྱི་སྐུ་སྐྱེ་རུ་ངོས་འཛིན་མཛད། དེ་རྗེས་ཁྲི་པ་ ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་པོ་གཉིས་ལས་རབ་ཏུ་བྱུང་ སྟེ་མཚན་ལ་བསྟན་འཛིན་ལེགས་བཤད་རྒྱ་མཚོ་གསོལ། ཡི་གེའི་ འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་དགུ་པར་དགོན་ལུང་དུ་ ཕེབས། མདོ་སྔགས་རིག་གནས་བཅས་ལ་སྦྱངས་པ་མཛད། དགུང་ ལོ་ཉི་ཤུ་བར་དབུས་སུ་ཕེབས་ནས་རྒྱལ་དབང་ལྔ་བ་ལས་དགེ་ཚུལ་གྱི་ སྡོམ་པ་ཞུས། མཚན་ལ་བློ་བཟང་ཆོས་ལྡན་ཞེས་གནང། དེ་ནས་ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་དཔོན་སློབ་ངག་ དབང་བློ་གྲོས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་ ཉེར་གསུམ་པར་རྒྱལ་དབང་ལྔ་པ་ལས་དགེ་སློང་གི་སྡོམ་པ་ཞུས་ དགུང་ལོ་ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་ སྐོར་མཛད། དགུང་ལོ་གསུམ་པར་གཙང་དུ་ཕེབས་ཏེ་ཤར་རྩེའི་ [528] མཁན་པོ་བློ་བཟང་པདྨ་ལས་རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཀྱི་ ཁྲིད་དང། སྔགས་པ་དཔོན་སློབ་དགེ་འདུན་དོན་གྲུབ་ལས་དབང་ ལུང་རྗེས་གནང་མང་པོ་ཞུས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་ དང་དྲུང་པ་རྒྱལ་ཚབ་པ་སོགས་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་ གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད་པས་མཁས་པའི་གྲགས་པ་ཐོབ་ དགུང་ལོ་ཞེ་གཉིས་པར་མདོ་སྨད་དུ་བྱོན། དགུང་ལོ་ཞེ་དྲུག་པར་ཁྲི་ ཆེན་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་ཕྱི་མཛད་ནས་པེ་ ཅིན་དུ་ཕེབས། དགུང་ལོ་ཞེ་བདུན་པར་དགོན་ལུང་གི་ཁྲིར་ཕེབས་ དགུང་ལོ་ང་གཉིས་པར་གོང་མ་ཁང་ཞིས་པེ་ཅིན་དུ་གདན་དྲངས་ཏེ་ དབུ་བླར་བཀུར། ལོ་བཞི་ཙམ་པེ་ཅིན་དུ་བཞུགས་ནས་གསང་བདེ་ འཇིགས་གསུམ་གྱི་དབང་ལུང་རྗེས་གནང་རྒྱ་ཆེར་བསྩལ། དགུང་ ལོ་ང་དྲུག་པར་རྒྱལ་དབང་མཆོག་ལ་གསེར་ཡིག་འབུལ་བར་དབུས་སུ་ ཕེབས། རྒྱལ་དབང་གསེར་ཁྲིར་མངའ་གསོལ་ནས་ཕྱི་ལོ་པེ་ཅིན་དུ་ ཕེབས། དགུང་ལོ་རེ་ལྔ་པར་གོང་མས་ཀཱོན་ཏིང་ཕུའུ་ཧྲན་ཀཱོང་ཚི་ཏཱ་ གོ་ཤྲཱི་ལུང་དང་གསེར་ཐམ་གནང། དགུང་ལོ་རེ་དགུ་པར་སོག་ ཡུལ་གྱི་དགོན་སྡེ་ཡོངས་ལ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཕབ་ དགུང་ལོ་བདུན་ཅུ་པར་པེ་ཅིན་དུ་པཱ་དུ་ར་ཇཱིན་དགོན་པ་བཞེངས་ཏེ་ རྣམ་དཀར་དགེ་བའི་ལས་ཀྱི་དུས་འདའ་བར་མཛད། ཁོང་གི་གསུང་ རྩོམ་ནི། བསྡུས་པ། འབྱོར། [529] གསོལ་འདེབས་ནོར་བུའི་འཕྲེང་བ། མེད་གཉིས་བཞུགས་སོ་ ལྕང་སྐྱ་རོལ་པའི་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བྱང་ཕྱོགས་ཀྱི་ལང་གྲུ་སྡེ་བཞིའི་ནུབ་པདྨོའི་སྡེ་བའི་ཆར་ གཏོགས་འབྲོག་གནས་བྲག་དཀར་གྱི་ལུང་བ་ལ་ཡབ་ཆི་ཀྱཱ་ཚངས་པ་གུ་ རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རི་བོ་རྩེ་ལྔར་སྐུ་ གཤེགས། ཁོང་དགུང་ལོ་བཞི་པར་ཀུན་མཁྱེན་དཀོན་མཆོག་འཇིགས་ མེད་དབང་པོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ཡང་སྲིད་དུ་ཐུགས་ ཐག་བཅད། དེ་ནས་ལྕང་སྐྱ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ ཆོས་འཛིན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་ གསོལ་འདེབས་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བདུན་པར་ རྗེ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་ པ་བཞེས། དགུང་ལོ་བརྒྱད་པར་གོང་མ་ཡུང་ཊིང་གིས་གདན་འདྲེན་ ཞུས་པ་ལྟར་པེ་ཅིན་དུ་ཕེབས་ནས་ཟུང་གྲུ་ཟི་དགོན་པའི་ཁྲི་ལ་ཞབས་ཀྱི་ པདྨོ་བཀོད། གོང་མས་ལྕང་སྐྱ་ལ་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྦྱི་བོ་ ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཞེས་པའི་མཚན་སྙན་དང་ གསེར་སྲང་བརྒྱད་ཅུ་ལས་བྱས་པའི་ཐམ་ག་གསེར་ཡིག་བཅས་གནང་ སྟེ་ཆབ་སྲིད་ཆེན་པོའི་བླ་མར་བཀུར། དགུང་ལོ་བཅུ་དགུ་པར་གོང་ མའི་བཀའ་ལྟར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ [530] ཁྲི་ལ་བཀོད་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་དགེ་ ཚུལ་དང་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་ཡེ་ཤེས་བསྟན་པའི་ སྒྲོན་མེ་ཞེས་གསོལ། དགུང་ལོ་ཉེར་ལྔ་བར་གོང་མ་ཆན་ལུང་གི་བཀའ་ ལྟར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་བས་ཕྱིས་སུ་པེ་ཅིན་དུ་པར་ཤིང་ བརྐོས་ཡོད། དེ་ནས་མི་རིང་བར་དགའ་ལྡན་བྱིན་ཆགས་གླིང་དང་ དབེན་དགོན་དམ་ཆོས་དགའ་ཚལ། གདུགས་དཀར་ལྷ་ཁང་སུམ་ཐོག་ ཅན། རྒྱ་གར་ལྷ་ཁང། ཞེ་ཧོར་སྐྱེད་ཚལ་གྱི་ཉེ་འདབས་སུ་བསམ་ ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་བཞེངས་པའི་དགོན་པ་སོགས་ པེ་ཅིན་དུ་བོད་ལུགས་ཀྱི་དགོན་པ་མང་པོ་གསར་དུ་བཞེངས་ཏེ་གོང་མ་ ལའང་བོད་ཡིག་བསླབས་ཤིང་ཟབ་ཆོས་རྣམས་ཀྱང་རིམ་གྱིས་ཕུལ་ དགུང་ལོ་ཞེ་གཅིག་པར་གོང་མའི་བཀའ་བཞིན་རྒྱལ་བ་རིན་པོ་ཆེའི་ ཡང་སྲིད་བཙལ་བར་དབུས་སུ་ཕེབས། དགུང་ལོ་ང་ལྔ་བར་གོང་མའི་ བཀའ་བཞིན་བཀའ་འགྱུར་མན་ཇུའི་སྐད་ཡིག་ཏུ་བསྒྱུར་བས་གོང་མ་ ཐུགས་ཤིན་ཏུ་དགྱེས་ནས་ཁོང་ལ་བརྩི་བཀུར་མཛད་དོ། ཁོང་གི་ གསུང་རྩོམ་ནི་བསྟན་བཅོས་ཆེ་ཆུང་ཆིག་བརྒྱ་བརྒྱད་ཅུ་གྱ་དགུ་ཡོད་པ་ རྣམས་པོ་ཏི་བདུན་དུ་བསྡུས་ཏེ་པེ་ཅིན་དུ་ཤིང་པར་བརྐོས་ཡོད། ཁོང་ གི་སློབ་མ་ནི་ཐུའི་བཀན་བློ་བཟང་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་ གཉིས་ལྡན་གྱི་སྐྱེས་ཆེན་མང་དུ་མཆིས་སོ།། ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་འབྲི་གུང་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དབུས་ [531] ལྷ་ལྡན་དུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་དེ་ལྷ་སའི་སྨོན་ ལམ་ཆེན་པོའི་གྲྭ་སྐོར་མཛད་ཅིང་ལྷ་རྣམས་པའི་མཚན་བཏགས་ བཞེས། དེ་ནས་རྒྱུད་སྟོད་དུ་ཞུགས་ཤིང་གསང་ཆེན་ཆོས་ཀྱི་ཆོ་ག་ དང་ཕྱག་ལེན་བཅས་པར་སྤྱངས་པ་རྨད་དུ་བྱུང་བ་མཛད། རྒྱུད་པའི་ བླ་མ་དབུ་མཛད་དང་མཁན་ཁྲི་རིམ་གྱིས་བསྐྱངས་ཏེ་གསང་སྔགས་ ཆོས་ཀྱི་འཆད་ཉན་ལེགས་པར་སྤེལ། རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་བྱང་རྩེའི་ཁྲི་བ་མཛད་སྐབས་སྡེ་སྲིད་སངས་ རྒྱས་རྒྱ་མཚོའི་བཻཌཱུརྱ་དཀར་པོའི་དཔར་ཤིང་ལ་ཞུས་དག་མཛད། དེ་ ནས་དགའ་ལྡན་གསེར་ཁྲི་ལ་བཞུགས་ཏེ་ལོ་དྲུག་གི་རིང་དུ་ཆོས་སྲིད་ གཉིས་ཀྱི་གསེར་ཁྲི་བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ལ་ བརྩོན་མུར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་ གསེར་ཁྲི་འཛིན་པའི་ཁྲི་རབས་བརྒྱད་ཅུ་གྱ་བརྒྱད་པ་ཡིན་ནོ། ཁོང་ གི་གསུང་རྩོམ་ནི་ རྩིས་རབ་གནས་བཤད་པ། རྟགས་ཉུང་ངུའི་ཚིག་གི་གོ་བདེར་བཀྲལ་བ་བློ་རྨོངས་གསལ་སྒྲོན། བཅས་ཆོས་ཚན་བདུན་ལོངས་པའི་པོད་གཅིག་བཞུགས་སོ།། ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་མགོན་ཤུལ་ཚོ་བར་ཡབ་སྐར་མ་དང། ཡུམ་ [532] འཚོ་མོ་སྐྱིད་གཉིས་ཀྱིས་རས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ ལ་གུར་མགོན་སྐྱབས་ཞེས་འབོད། དགུང་ལོ་དྲུག་པར་རོང་བོ་དགོན་ ཆེན་སྐུ་གོང་མའི་བཞུགས་གནས་ཀྱི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ ཡོན་ཏན་ལས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་རིགས་ལ་ལེགས་པར་ སྦྱངས། དགུང་ལོ་བརྒྱད་པར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་ མཚོ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། ཤིང་བཟའ་ བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ ལུང་མང་དུ་གསན། དགུང་ལོ་བཅུ་གཅིག་པར་རོང་བོ་དགོན་ཆེན་ བདེ་ཆེན་ཆོས་འཁོར་གླིང་གི་རྩོད་གྲྭར་ཞུགས། དགེ་བཤེས་དགེ་འདུན་ བསྟན་འཛིན། མཁན་ཆེན་དགེ་འདུན་འོད་ཟེར། དགེ་བཤེས་སྐྱི་ རམས་པ་སོགས་ཡོངས་འཛིན་དུ་བསྟེན་ནས་དཔེ་ཁྲིད་ཅི་རིགས་ཞུས་ དགུང་ལོ་བཅུ་དགུ་པར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་ དགེ་སློང་གི་སྡོམ་པ་བཞེས་ཏེ་མཚན་ལ་འཇམ་དབྱངས་ཐུབ་བསྟན་རྒྱ་ མཚོ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་གསུམ་པར་དགེ་ འདུན་བསྟན་འཛིན་རྒྱ་མཚོ་དང། བློ་བཟང་སྐལ་ལྡན་བསྟན་པའི་ རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ། གྲུབ་ཆེན་འཇིགས་མེད་བསམ་ གཏན། རྭ་རྒྱའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་ གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་ཟབ་གསང་ཆོས་ཀྱི་བདུད་ རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་བཀང། དགུང་ལོ་ཉེར་དགུ་བར་ གདན་ས་ཆེན་པོའི་མཁན་ཁྲིར་བཞུགས་ཏེ་གདུལ་བྱ་མཐའ་ཡས་པའི་ [533] དོན་མཛད། དགུང་ལོ་སོ་ལྔ་པར་རྒྱུད་པ་གྲྭ་ཚང་གསང་སྔགས་བང་ མཛོད་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད། དགུང་ལོ་ཞེ་གསུམ་ པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་མཛད་ དགུང་ལོ་ང་དྲུག་པར་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ ཕེབས་ནས་སྐྱབས་མགོན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ལ་ རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཕུལ། དགུང་ལོ་ ང་བརྒྱད་པར་གདན་སའི་འདུ་ཁང་གསར་བཞེངས་དང་རབ་གནས་ མཛད། བྲག་དཀར་རྡོ་རྗེ་རྫོང་དང་དབེན་གནས་ཆོས་ཀྱི་ཕོ་བྲང་གི་གཞི་ ལེགས་པར་བཏིངས་ནས་དགུང་ལོ་རེ་གསུམ་པ་འབྲུག་ལོར་བྱམས་པའི་ མདུན་སར་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཨ་རོལ་བློ་བཟང་ ལུང་རིགས་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་ འཕྲིན་ལས་རྒྱ་མཚོ། རྫོང་དཀར་མ་ཎི་པ་བློ་བཟང་བཀྲ་ཤིས་ཆོས་ འཕེལ་རྒྱ་མཚོ། གཡེར་གཤོང་སྔགས་ཆེན་ངག་དབང་བསྟན་འཛིན་ བློ་གྲོས་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ སྐོང་བསྐལ་བཟང་ལེགས་ལམ། བཅས་པོད་བཅུ་བཞི་བརྒལ་བར་བཞུགས་སོ།། ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སོ་ཉིད་གཡོན་རུའི་ཤོག་ཏུ་ཡབ་ཐའི་ཇི་དོན་གྲུབ་དང་ ཡུམ་བདེ་བ་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་ [534] ཕར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་མཁན་ཆེན་ནོ་མིན་ཧན་གཉིས་ཀྱིས་ ལྕང་ལུང་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་ མཛད། མཁན་ཆེན་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་དཔལ་བཟང་ ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བདུན་ པར་ལྕང་ལུང་དགོན་དུ་གདན་འདྲེན་ཞུས་ཏེ་གོང་མའི་གདན་ཁྲིར་ བཞུགས། དགེ་བཤེས་ངག་དབང་དཔལ་འབྱོར་ཀློག་གི་སློབ་དཔོན་ དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བཅུ་བཞི་པར་རྒྱ་ ནག་རི་བོ་རྩེ་ལྔར་ཕེབས་ཏེ་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་མཇལ་ནས་ འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་སོགས་ཆོས་མང་དུ་ཞུས་ དཀའ་བཅུ་ངག་དབང་སྦྱིན་པ་ཡོངས་འཛིན་དུ་མདོ་སྔགས་ཀྱི་གཞུང་ ལ་སྦྱངས་པར་མཛད། དགུང་ལོ་བཅུ་དགུ་པར་དགོན་པའི་ཆོས་སྲིད་ གཉིས་ཀྱི་བདག་པོར་མཛད། དགུང་ལོ་ཉེར་གཅིག་པར་དབུས་ལྷ་ ལྡན་དུ་གྲྭ་སྐོར་ཕེབས་ཏེ་སེ་ར་དགོན་པའི་བྱེས་པ་གྲྭ་ཚང་དུ་ཞུགས་ དགུང་ལོ་ཉེར་གཉིས་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་ གི་སྡོམ་པ་མནོས། དེ་ནས་རྒྱལ་བ་རིན་པོ་ཆེས་དགའ་ལྡན་བསྟན་ པའི་གསལ་བྱེད་པཎྜི་ཏ་ཞེས་པའི་ཆོ་ལོ་དང། བཀའ་ལུང། དབུ་ གདུགས་སེར་པོ། ཐམ་ཀ་ཆེ་ཆུང། པན་ཞྭ་སྣེ་རིང་སོགས་སྐུའི་ཉེར་ སྤྱད་ཆ་ཚང་བཅས་གནང། རང་ཡུལ་དུ་ཕེབས་རྗེས་བྱམས་སྐུ་དང་ ལྷ་ཁང་གསར་བཞེངས་མཛད། ཆིན་ལུང་གོང་མའི་ཕོ་བྲང་དུ་ལན་ གཉིས་ཕེབས་ཏེ་དམ་པའི་ཆོས་ཀྱི་བྱ་བ་རྒྱ་ཆེན་བསྒྲུབས། རང་དགོན་ དུ་མཚན་ཉིད་གྲྭ་ཚང་བཙུགས་ཏེ་རབ་འབྱམས་པ་བློ་བཟང་བཤད་ [535] སྒྲུབ་མཚན་ཉིད་གྲྭ་ཚང་གི་བླ་མར་བསྐོས། སྐུ་ཚེ་གང་བོར་བཤད་ སྒྲུབ་ཀྱི་བསྟན་པ་བསྐྱངས་ནས་དུས་འདའ་བར་མཛད། ཁོང་གི་ གསུང་རྩོམ་ནི་སྒྲུབ་ཐབས་དང། གསོལ་འདེབས། ཆོ་ག་སྣ་ ཚོགས། བཅའ་ཡིག་བསླབ་བྱ་སོགས་ཆོས་ཚན་བརྒྱ་དང་ང་བདུན་ ཡོད་པ་དེ་ཀ་ནས་ཇའི་བར་དུ་བསྡུས་ཏེ་པོ་ཏི་བདུན་དུ་བཞུགས་སོ།། ལྕེ་བཀྲ་ཤིས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ བ་སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པས་མཛད་པ་བཞུགས་སོ།། ལྕེ་ཁྱི་འབྲུག་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ།། ལྕེ་དགའ་བའི་དཔལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ [536] སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི། མེད་པའི་སྒྲུབ་ཐབས། ག།། ལྕེ་སྟོན་རྒྱ་ནག་ ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐྱི་མཁར་ལྷ་ཁང་དུ་ཡབ་རྒྱལ་གསུམ་གྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་གསུམ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཉི་ཤུ་རྩ་གཅིག་པར་མྱང་སྟོད་མཚན་ཉིད་ཀྱི་གྲྭ་སར་ཕེབས་ ཏེ། ཁྱུང་པོ་གྲགས་སེ་ལས་ཕར་ཕྱིན་དང། འབན་ཐམས་ཅད་ མཁྱེན་པ་ལས་མངོན་པ། སྟག་པ་ཁ་ཆེ་ལས་དབུ་མ་དང་ཚད་མ་ མགར་བསོད་ནམས་ཡེ་ཤེས་ལས་ཀྱང་ཆོས་མང་དུ་གསན་ཤིང། དེ་ ལྟར་མཚན་ཉིད་ལོ་དགུར་གསན་པར་མཛད། དེ་ནས་སྒྲོ་ཕུག་པ་ཤཱཀྱ་ སེང་གེའི་ཞབས་ལ་གཏུགས་ཤིང་ལོ་ངོ་བཅུ་གཅིག་གི་རིང་དུ་བསྟེན་ཏེ་ བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་ཞུས་པ་དང་ ཁྱད་པར་དུ་གདམས་ངག་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་དང་ བཅས་པ་ཞུས། མྱང་སྟོད་ཀྱི་རྒྱ་རྩད་སྐོར་པ་ལས་བདུད་རྩི་དང་ [537] མྱང་སྨད་ཀྱི་སྒྲོ་དར་མ་སེང་གེ་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་ སོར་བཞག་གི་ལུགས། དམ་པ་སྤོར་མང་ལས་རྫོགས་པ་ཆེན་པོ་སྤོར་ ལུགས། ཇོ་མོ་མྱང་མོ་ལས་སློབ་དཔོན་ཨ་རོའི་ཐུགས་ཀྱི་ཡང་བཅུད་ རྫོགས་ཆེན་ཁམས་ལུགས་ཀྱི་ཁྲིད་རྣམས་ཞུས་པས་སྔགས་མཚན་ཉིད་ རྒྱུད་ཀྱི་སྒྲུབ་ཐབས་དང། གཞུང་གདམས་ངག་དང་བཅས་པ་ཀུན་གྱི་ བདག་པོར་གྱུར་པ་ལགས་སོ། གདན་ས་ཤིན་ཏུ་དར་མཛད་ཅིང་ དགུང་ལོ་ལྔ་བཅུ་རྩ་དྲུག་པར་དགོང་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་དབུས་པ་སྟོན་ཤཱཀ་དང། དབུས་པ་ ཞིག་པོ། བླ་ཆེན་ཡོན་ཏན་གཟུངས་བཅས་ཡིན་ནོ།། ལྕེ་བཙུན་དཀར་པོ།། ཁོང་གི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་ གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ ནས་ཨང་ཡིག་གཙུག་ལག་ཁང་བཞེངས་ཏེ་དགེ་འདུན་མང་པོའི་ཚོགས་ པ་བསྐྱངས། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་ འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། ལྕེ་བཅུན་ཤེས་རབ་འབྱུང་གནས།། [538] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་ གཙང་ཕྱོགས་སུ་ཡབ་ལྕེ་གཡུ་འབུམ་གྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ ནར་སོན་རྗེས་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་ གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་ དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་ འདུལ་བའི་ཆོས་གཞུང་སོགས་མང་དུ་ཞུས། དེ་ནས་ཁོང་གིས་རབ་ བྱུང་དང་པོའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཞུ་ལུ་གསེར་ཁང་ཁྲ་ མོ་བཞེངས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་ བའི་བསྟན་པ་དར་བར་མཛད། དེ་རྗེས་རྒྱ་གར་དུ་ཕེབས་ཏེ་རྡོ་རྗེ་ གདན་གྱི་མཁན་པོ་ཨ་བྷྱ་ཀ་ར་ལས་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་ བཞེས་ནས་ཞ་ལུར་བྱོན་ཞིང་གསེར་ཁང་ཁྲ་མོའི་ནང་རྟེན་དང་བཅས་ པ་ལེགས་པར་བཞེངས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ།། [000] ཆ་བ་ཆོས་ཀྱི་སེང་གེ་ ཁོང་ནི་ཕྱྭ་བ་ཆོས་ཀྱི་སེང་གེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སོག་པོ་དར་ཚོ་ཆེན་པོ་ཁོ་ཨོ་ཆ་གན་དུ་ཡབ་ཚེ་མགོན་རྒྱལ་ དང། ཡུམ་བློ་བཟང་ཉི་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་བདུན་པར་ཨ་ཁུ་དགེ་ཚུལ་གྱི་མདུན་ནས་སོག་ཡིག་དང་བོད་ཡིག་ གཟབ་གཤར་སོགས་སྦྱངས། ལོ་དེར་ཆས་པ་བློ་བཟང་འཕྲིན་ལས་ཀྱི་ མདུན་ནས་རབ་ཏུ་བྱུང་ཞིང་དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་ལ་ བློ་བཟང་ཚུལ་ཁྲིམས་ཞེས་གསོ། གཞན་ཕན་བྱང་ཆུབ་གླིང་གི་ དགོན་པར་ཞུགས། དགུང་ལོ་བཅོ་ལྔ་པར་བསྙུང་གཞི་ཤིན་ཏུ་ལྕི་བ་ བཞེས་ཀྱང་མཐར་འབྲུམ་ནག་ལས་ཐར། དེ་ནས་མི་རིང་བར་ཨ་ཆི་ ནོ་མོན་ཧན་བློ་བཟང་བསྟན་འཛིན་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ བཞེས། དགུང་ལོ་བཅུ་བདུན་པར་མཚོ་བདུན་དགོན་དུ་ཐེགས་དང་ [540] པོར་ཕེབས་ཏེ་ཤེས་རབ་རབ་འབྱམས་པའི་མདུན་ནས་བོད་སོག་སྒྲ་ སྒྱུར་གྱི་ཡོན་ཏན་རགས་ཙམ་གསན། དགུང་ལོ་ཉི་ཤུ་པར་མཚོ་བདུན་ དགོན་དུ་ཐེངས་གཉིས་པ་ཕེབས་ཏེ་ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་ པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གསུམ་ པར་པེ་ཅིན་ཡུང་ཧུའུ་གུང་དུ་སློབ་གཉེར་ལ་ཕེབས། ཨ་ཀྱཱ་བློ་བཟང་ བསྟན་པའི་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་མང་ པོར་ཐོས་བསམ་མཛད། ཡུང་དགོན་དུ་ལོ་བདུན་ཙམ་བཞུགས་ཀྱང་ ཁྲོམ་གྱི་ཚོང་འདུས་སུ་ལན་གཉིས་མ་གཏོགས་བྱོན་མ་མྱོང། སྐབས་ དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང། དགའ་ལྡན་ཁྲི་ཆེན་ངག་དབང་ ཚུལ་ཁྲིམས། པག་ཤི་བླ་མ་ངག་དབང་དཔལ་ལྡན། རབ་འབྱམས་ པ་ངག་དབང་ཚུལ་ཁྲིམས་སོགས་བླ་མ་མང་པོར་བསྟེན་ནས་རིག་པའི་ གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་དགུ་པར་ རང་ཡུལ་དུ་ལོག་ཕེབས་མཛད། དགུང་ལོ་སུམ་ཅུ་བར་མཚོ་བདུན་ དུ་ཕེབས་ཏེ་ཨོད་ཉིད་གུ་ཤྲཱི་རིན་པོ་ཆེའི་མདུན་ནས་སྔགས་ཕྱོགས་ཀྱི་ ཆོས་སྐོར་གསན། དགུང་ལོ་སོ་དགུ་པར་ས་སྐྱ་ལེགས་བཤད་རྩ་འགྲེལ་ སོག་ཡིག་ཏུ་བསྒྱུར། དགུང་ལོ་ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེ་ མཇལ་དུ་པེ་ཅིན་དུ་ཕེབས། དགུང་ལོ་ཞེ་གཉིས་པར་པཎ་ཆེན་གྱི་ གསང་རྣམ་གསང་བའི་ལུང་ཞེས་པ་སོག་ཡིག་ཏུ་བསྒྱུར། དགུང་ལོ་ཞེ་ ལྔ་པར་དཀར་པོ་རིའི་དགོན་པ་དགའ་ལྡན་ཆོས་འཛིན་གླིང་གསར་དུ་ བཏབ་པའི་གྲབས་བཀོད་མཛད། དགུང་ལོ་ཞེ་བརྒྱད་པར་འདུ་ཁང་ ཆེན་མོ་བཞེངས་གྲུབ། དེ་ནས་མུ་མཐུད་དེ་ལྷ་ཁང་དང་རྟེན་གསར་ [541] བཞེངས་མཛད། དགུང་ལོ་ང་དྲུག་ནས་རེ་གཅིག་བར་ལོ་ངོ་དྲུག་གི་ རིང་དུ་ དང་ཕར་ཕྱིན་འགྲེལ་བ། བསྟན་བཅོས་ རྩིས་ ཀྱི་བསྟན་བཅོས་སོགས་བརྩམས་མཛད། དགུང་ལོ་རེ་གསུམ་པར་ཨ་ཀྱཱ་ མཆོག་སྤྲུལ་གྱིས་བཀའ་ཕེབས་པ་ལྟར། སོག་ཡིག་ཐོག་ནས་བརྩམས་ པའི་ཙོང་ཁ་པའི་རྣམ་ཐར་ཆེན་མོ་བོད་ཡིག་ཏུ་བསྒྱུར། ཁོང་ལ་ཏཱ་བླ་ མའི་ཆོ་ལོ་དང་གོང་མའི་དབུ་བླ་སོགས་ཀྱི་གོ་གནས་ཕུལ་ཡང་གཏན་ ནས་ཞལ་བཞེས་མ་མཛད་པར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་ འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི་རྣམ་ཐར། གཞུང་ འགྲེལ། ལམ་རིམ་གྱི་འགྲེལ་བ། བཅའ་ཡིག་གསོ་རིག་གི་སྐོར་ བརྡ་སྤྲོད། རྩིས་སོགས་པོ་ཏི་བཅུ་གཅིག་ཏུ་བཞུགས་སོ།། ཆག་ལོ་དགྲ་བཅོམ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཆག་གྲོང་དུ་མེས་བཀྲ་ཤིས་དགའ་བའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྟེའུ་རར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལ་ཤིན་ཏུ་མཁས་པར་ གྱུར། གུ་རུ་བ་ཆག་སྟོན་ཆེན་པོ་རིན་ཆེན་ཚུལ་ཁྲིམས་ལས་རབ་ཏུ་ བྱུང། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་ལས་གསང་འདུས་འཕགས་ སྐོར་དང། དུས་འཁོར། སྒྲ་རིག་པ། སྒྲ་བསྒྱུར་བཅས་ལ་གསན་ པར་མཛད། ཆོས་སྐྱོང་ཕྱག་བཞི་པ་ཞུས་པས་ཕྱི་བཞིན་དུ་འབྲང་བ་ བྱུང། མཁན་པོ་དར་མ་བརྩོན་འགྲུས་སོགས་ལས་བསྙེན་རྫོགས་ཀྱི་ [542] སྡོམ་པ་མནོས། དེ་ནས་རིམ་པ་བཞིན་དུ་བཤེས་གཉེན་ཤཱཀ་གྲུབ་ དང། གཙང་དཀར་བ། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་ ཞང་ལོ་ཙཱ་བ་ལ་སོགས་པའི་བོད་ཀྱི་བླ་མ་བཅོ་ལྔ་ཙམ་ལ་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད། དེ་ནས་རྒྱ་གར་དུ་བྱོན་ཏེ་མཻ་ཏྲི་ཙནྡྲ་ལ་སོགས་པའི་སློབ་དཔོན་ མང་དུ་བསྟེན་ཞིང་ཆོས་སྐོར་མང་དུ་གསན། དེ་ནས་བོད་དུ་ཕེབས་ ཏེ་ཡོན་བདག་རྣམས་ཀྱིས་ཆུ་མིག་དང་རྒྱལ་ལྷ་ཁང་དང་ཐང་པོ་ཆེ་ལ་ སོགས་པ་འབུལ་དུ་བྱུང་བས་ཐོགས་རེ་བཞུགས། གཙོ་བོ་རྟེའུ་རར་ བཞུགས་ནས་སྔར་གྱི་གདན་ས་སྟོང་པ་སྐྱར་གསོ་མཛད་ཅིང་ཤུདྡྷ་ཤྲཱི་ སྤྱན་དྲངས་ཏེ་རྒྱལ་བའི་ལམ་འདུག་ལ་སོགས་པ་བསྒྱུར། ཤཱཀྱ་ཤྲཱི་ དང། ཐམས་ཅད་མཁྱེན་པའི་དཔལ། རཏྣ་ཤྲཱི་ལ་སོགས་པར་བསྟེན་ ནས་འགྱུར་མང་དུ་མཛད། སྐུའི་སྤྱོད་ལམ་དབུ་རེག་ཞབས་རྗེན་དང་ རྡོར་དཀར་སོགས་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་ཤིང་ རྒྱང་རིང་དུ་ཁྱབ་པ་ཡང་ཡོད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས་སོ། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ མའི་སྒྲུབ་ཐབས། ལམ་ལ་འཇུག་པ། ཆོ་ག། པ།། ཆོག་ལོ་ཆོས་རྗེ་དཔལ།། [543] ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་སློབ་དཔོན་ཆོས་ཀྱི་འབྱུང་གནས་དང། ཡུམ་ཆོས་འབུམ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་རྟེའུ་རར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་རྒྱ་བོད་ ཀྱི་ཡི་གེའི་སྦྱོར་ཀློག་ལ་བསླབས་པས་ཤིན་ཏུ་མཁས་པར་གྱུར། དགུང་ ལོ་བཅུ་གཅིག་ནས་ཉི་ཤུའི་བར་དུ་ཆག་ལོ་དགྲ་བཅོམ་གྱི་ཞབས་དྲུང་ དུ་བྲལ་མེད་བསྟེན་ཞིང་སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་ དུ་ཞུས་པ་དང། སེམས་བསྐྱེད་ཀྱང་ལན་ལྔ་ཞུས། དགུང་ལོ་བཅོ་ལྔ་ པར་མི་གཡོ་པའི་བསྙེན་པ་འབུམ་ཚོ་ཉི་ཤུ་རྩ་དྲུག་བསྐྱལ་བས་ཞལ་ གཟིགས། དེ་ནས་སེ་ལོ་དང། ཁྲོ་ལོ། མྱང་སྟོད་ལོ་ཙཱ་བ། གྲོ་སྟོན་ བདུད་རྩི་གྲགས་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ ཏེ་ཆོས་མང་དུ་གསན། གུང་ཐང་ལྷ་བཙུན་པ་མགོན་པོ་དཔལ་ལས་ མངོན་པ་ཀུན་བཏུས་དང། འཕགས་སྐོར་རྔོག་ལུགས་རྣམས་གསན་ དེ་ནས་བལ་ཡུལ་དུ་ཕེབས་ཏེ་པཎྜི་ཏ་ཆེན་པོ་རེ་བེནྡྲ་བ་ལ་བསྟེན་ཞིང་ འཕགས་སྐོར་དང། རྡོ་རྗེ་ཕྲེང་བ། མདོ་རྒྱུད་རྟོགས་པ་བསྡུས་པ་ སོགས་ལ་གསན་ནས་ལོ་ཧྲིལ་པོ་བརྒྱད་ལ་བཞུགས། དེ་ནས་རྒྱ་གར་ དུ་ཕེབས་ཤིང་ཏེ་ཏི་ར་ཧུ་ཏི་དང། ཡངས་པ་ཅན། རྡོ་རྗེ་གདན་ བཅས་ལ་ཞབས་ཀྱིས་བཅགས་ཏེ་སློབ་དཔོན་རཱ་ཧུ་ལ་སོགས་བསྟེན་ ནས་ཆོས་མང་དུ་གསན། གར་ལོག་དམག་གིས་ཀྱང་གནོད་པ་ཅུང་ ཟད་ཙམ་ཡང་མ་བྱུང། དེ་ནས་བོད་དུ་ཕེབས་ཏེ་འཕྲིན་ལས་རྒྱ་ཆེར་ སྦེལ། ཁོང་གིས་པཎ་ཆེན་བཅུ་གཉིས་དང། བོད་ཀྱི་ལོ་ཙཱ་བ་བཞི་ [544] མཁས་བཙུན་ཉི་ཤུ་རྩ་གཅིག་བཅས་ལ་བསྟེན་ནས་ཆོས་མདོ་སྔགས་ མང་དུ་གསན། ས་སྐྱ་པཎ་ཆེན་གྱིས་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འོག་ན་ལོ་ཙཱ་བ་ཁྱེད་མཁས་ཞེས་བསྔགས་བརྗོད་མཛད། ནག་ཚོ་ལོ་ ཙཱ་བའི་གདན་སའི་ཐོག་ཏུའང་ནན་གྱིས་ཞུ་བ་ཕུལ་བས་ལོ་བཞིར་ བཞུགས། དགུང་ལོ་དྲུག་ཅུ་རྩ་གཉིས་པར་ཐང་པོ་ཆེར་ཕེབས་ཏེ་ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་ཡར་ཀླུང་ཕྱོགས་སུ་ཕེབས་ ཤིང་དགོན་པ་མང་པོར་ཆོས་གསུངས། དེའི་སྐབས་སུ་གོང་མ་ཆེན་ པོས་སྤྱན་འདྲེན་བྱུང་ཡང་གོང་མའི་ཕོ་བྲང་ནང་དུ་མ་ཕེབས། ས་སྐྱར་ གདན་དྲངས་ཏེ་ཤར་བ་ཡེ་ཤེས་རྒྱལ་མཚན་དང། དཔོན་ཆེན་ཀུན་ དགའ་བཟང་པོས་བླ་མར་བཀུར། ཚོགས་དཔོན་མཛད་ཅིང་ཆོས་ ཀྱང་མང་དུ་གསུངས། དེ་ནས་རྟེའུ་རར་ཕེབས་ཏེ་ཆོས་འཁོར་ཆེན་མོ་ མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་བསྒྱུར་ རྩོམ་ནི་བཀའ་འགྱུར་ལས་ སྙིང་པོའི་གཟུངས། བསྟན་འགྱུར་ལས་ ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ། ཐབས། པར་འབྱེད་པ། [545] སྒྲུབ་ཐབས། སྲེག་གི་ཆོ་ག་འོད་ཀྱི་སྙེ་མ།། ཆགས་པ་ཆོས་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་དུ་ གཙང་ཕུན་ཚོགས་གླིང་གི་བཀྲ་ཤིས་འཛོམས་པར་ཡབ་གྲོང་པ་རབ་ བརྟན་གྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ཆུང་དུས་ཀྱི་མིང་ལ་ནོར་བུ་ རབ་བརྟན་ཞེས་ཞུ། དགུང་ལོ་བཅུ་གསུམ་པར་ཕུན་ཚོགས་གླིང་དུ་ཆོས་ ཞུགས་མཛད་ཅིང་དབུ་མ་འཇུག་པ་དང། མཛོད་རྩ། དབུ་མ་ཐེག་ ཆེན་གྲུ་རྫིངས་ཕར་ཕྱིན་བློ་བཟང་དགོངས་རྒྱན་བཅས་ལ་ཐོས་བསམ་ མཛད་པས་བདེ་བླག་ཏུ་མཁྱེན་ཏེ་སློབ་དཔོན་གྱིས་ཁོང་གི་མིང་ལ་ ཚོགས་གཉིས་རྒྱ་མཚོ་ཞེས་གསོལ། སློབ་དཔོན་པདྨས་ལུང་བསྟན་ གྱི་ཚུལ་དུ་ཁྱོད་ཀྱི་མིང་ལ་ཆགས་པ་ཆོས་འཕེལ་ཐོགས་གསུངས། ཁོང་ གི་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་སྙན་པ་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ གསན་ནས་ལྷ་སར་ཆེད་འགུགས་གནང་སྟེ་ཐོག་མར་རྒྱལ་དབང་ལྔ་པ་ ལ་རྒྱུགས་འབུལ་ཞུས། དེ་ནས་སྡེ་སྲིད་རིན་པོ་ཆེས་གསོ་རིག་ལ་བསླབ་ དགོས་པའི་བཀའ་གནང་སྟེ་ཟླ་བ་ལྔའི་རིང་དུ་རྒྱུད་བཞི་ཆ་ཚང་ཐུགས་ འཛིན་གནང་ནས་རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་རྒྱུད་བཞི་རྒྱུགས་འབུལ་མཛད་དེ་སྡེ་སྲིད་རིན་པོ་ཆེ་ཐུགས་ ཤིན་ཏུ་དགྱེས་ནས་སྐད་ཅིག་རྒྱུད་འགྲེལ་ཟུང་འཇུག་ཏུ། ཁོང་ཆུད་ དོན་རྣམས་མི་གཡེལ་བ། ལམ་འདིའི་ཐོག་མ་སྣོད་ལྡན་པ། གཞོན་ [546] ནུ་ཆགས་པ་ཆོས་རྣམས་འཕེལ། ཁོང་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོག་ཏུ་གྱུར་པའི་སློབ་མ་ཡིན་ ནོ།། ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁྱ་དགེའི་སེ་ཚང་ཡུལ་དུ་ཡབ་བསྟན་པ་དང། ཡུམ་ ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཞི་ ལྔ་ཙམ་ལ་ཀུན་མཁྱེན་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་རྒྱ་མཁར་བ་ དཀོན་མཆོག་བསྟན་པའི་ཉི་མའི་ཡང་སྲིད་དུ་ངོས་འཛིན་མཛད་ དགུང་ལོ་བདུན་པར་བླ་མ་གོང་མའི་གདན་ས་དགའ་ལྡན་བཤད་སྒྲུབ་ དར་རྒྱས་གླིང་དུ་ཕེབས་ཏེ་གདན་ཁྲིར་བཞུགས། ས་དམར་ཆོས་ འཛིན་ཀློག་གི་སློབ་དཔོན་དུ་བསྟེན་ནས་སྦྱོར་ཀློག་འདོན་ཆོག་རྣམས་ རྫོགས་པར་སྦྱངས། མཁན་པོ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་ལ་དཀོན་ མཆོག་ལུང་རིགས་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་བླ་ བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཐོས་བསམ་གླིང་གི་ཆོས་གྲྭར་ ཞུགས། རྡོ་རམས་རྡ་རིག་བློ་བཟང་ལས་ཚད་མ་དང་བསྡུས་གྲྭ་སོགས་ ལེགས་པར་སྦྱངས། རྗེ་བཙུན་ཤེས་རབ་རྒྱ་མཚོ་ལས་བཀའ་འགྱུར་ ཡོངས་རྫོགས་ལྗགས་ལུང་ཞུས། གུང་ཐང་དཀོན་མཆོག་བསྟན་པའི་ རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཚན་ལ་ངག་དབང་ [547] དགེ་འདུན་སངས་རྒྱས་རྒྱ་མཚོ་ཞེས་གསོལ། དེ་ནས་སོགས་ཡུམ་མཎྜལ་ སུ་མེ་དགོན་དང། ཧལ་ཧར་སོགས་སུ་ཕེབས་ཏེ་སེར་སྐྱ་སྟོང་ཕྲག་ མང་པོར་དམ་པའི་ཆོས་ཀྱི་གྲུ་ཆར་ཕབ། དེ་ནས་རི་བོ་རྩེ་ལྔ་དང་ པེ་ཅིན་དུ་ཕེབས་ཤིང་ཙནྡན་ཇོ་བོ་བྱིན་རླབས་བཅས་མཇལ་ནས་རང་ ཡུལ་དུ་ཕེབས། དགུང་ལོ་སུམ་ཅུ་བར་དབུས་སུ་ཕེབས་ནས་འབྲས་ སྤུངས་སྒོ་མང་གྲྭ་ཚང་དུ་ལོ་གཅིག་ཙམ་ལ་ཆོས་གྲྭར་འགྲིམས། དེ་ནས་ བསམ་ཡས་གཙུག་ལག་ཁང་དང། ཁྲ་འབྲུག་ལྷོ་བྲག་ཕྱོགས་ཀྱི་མར་ མིའི་གདན་ས། འབྲོང་རྩེའི་ཞྭ་ལུའི་གསེར་ཁང། རྒྱལ་རྩེ་དཔལ་ མགོན་མཆོད་རྟེན། ས་སྐྱ་དང་སྣར་ཐང་སོགས་གནས་ཆེན་རྣམས་ མཇལ་ནས་བཀྲ་ཤིས་ལྷུན་པོར་ཕེབས། དེ་ནས་ཡུན་རིང་མ་འགོར་བ་ བྱང་ལམ་བརྒྱུད་ནས་རང་ཡུལ་དུ་ཕེབས། དགུང་ལོ་སོ་བརྒྱད་པར་ཁོང་ གི་རང་དགོན་ཞིག་གསོས་མཛད་པར་མ་ཟད་བཤད་གྲྭ་ཡང་གསར་ འཛུགས་མཛད། དེ་ནས་སོག་ཧལ་ཧའི་ཕྱོགས་སུ་བྱོན་ཏེ་མི་དབང་ཛ་ སག་བསོད་ནམས་ཚེ་རིང་རྡོ་རྗེ་དང་མཆོད་ཡོན་ཟུང་འབྲེལ་མཛད་ ནས་ཡུན་རིང་བཞུགས། སོག་དགོན་ཕལ་ཆེ་བར་ཕེབས་ནས་རང་ ཡུལ་དུ་ཚུར་ཕེབས། དགུང་ལོ་ང་གཅིག་པར་བླ་བྲང་བཀྲ་ཤིལ་འཁྱིལ་ གྱི་ཚོགས་ཆེན་ཁྲིར་བཞུགས། དགུང་ལོ་ང་བདུན་པར་བདེ་མོ་ཐང་ དགའ་ལྡན་ཆོས་འཁོར་གླིང་གི་ཚོགས་ཆེན་ཁྲིར་བཞུགས། རྒྱ་བོད་ཀྱི་ ས་མཚམས་སུ་ཨ་གཟིགས་ཐང་ཞེས་པར་མཆོད་རྟེན་ཆེ་ལེགས་ཤིག་ བཞེངས་ཏེ། རྒྱལ་བའི་ཡུམ་དང་བཀའ་འགྱུར། བྱིན་རྟེན་ན་བཟའ་ སོགས་གཟུངས་ཞུགས་བྱིན་ཆེན་ཕུལ། ཁོང་གི་གསུང་རྩོམ་ནི་རྟོགས་ [548] བརྗོད་དང། རྣམ་ཐར། བསྟོད་ཚོགས། སྙན་ངག་ཆབ་ཤོག་ དྲིས་ལན། བསང་མཆོད། ཁྲིད་ཡིག་བཅས་པོ་ཏི་གཉིས་སུ་བཞུགས་ སོ།། ཆས་པ་རྒྱ་གར་བ་འཇམ་དཔལ་གྲུབ་པའི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ མདོ་སྨད་ཨ་མདོའི་ཡུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་ དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་ ཆོས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད་ཅིང་མཁས་པ་ཆེན་ པོར་གྱུར། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་ཕྱི་ལོ་སྟེ་སྤྱི་ལོ་་ལོར་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་འཛིན་ལས་ཐོག་པ་ཡིན་པ་གསུང་འབུམ་ གྱི་བཞུགས་བྱང་དུ་འཁོད་འདུག་ཀྱང། ཏུ་ཁོང་གི་མཚན་ཐོ་མི་བཞུགས་པས་ད་དུང་ཞིབ་ཏུ་དཔྱད་དགོས་ རྣམ་ཐར་རྒྱས་པ་མ་མཇལ་བས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ ནི་ ཧེའུ་ཞལ་ཅན་དྲག་པོའི་ངར་དབྱངས། ལ་བརྟེན་པའི་དྲག་པོའི་ཟོར་ཆེན་དུག་མཚོ་ཁོལ་མའི་རབ་རླབས་མཐའ་ དམག་འབུམ་བཟློག། གནམ་ལྕགས་རྡོ་རྗེའི་ཐོག་ཆར་འཇིགས་པའི་གློག་ཕྲེང། ཕྱོགས་བཞི་མའི་སྒོ་ནས་ཐུན་མོང་མ་ཡིན་པའི་དྲག་པོའི་གཏོར་ཆེན་ བསྐལ་པའི་མེ་ལྕེ་འབར་བའི་ཕྲེང་བ། ཚུལ་སོགས་མན་ངག་ཟབ་བསྡུས་འཇིགས་མེད་རྡོ་རྗེའི་ཕ་ལམ། [549] རྒྱ་མ་པོད་གཅིག་བཞུགས་སོ།། ཆས་པ་འཇམ་དཔལ་བསྟན་པའི་སྒྲོན་མེ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེ་སྨད་བསེ་ཚང་དུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་ཆས་པ་བློ་བཟང་ འཕྲིན་ལས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་ཆས་པ་ཀོང་བུ་ནང་ དགའ་ལྡན་བཀྲ་ཤིས་བསམ་འགྲུབ་གླིང་གི་གདན་སར་བཀོད། དེ་ ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་མཛོད་དགེ་དགེ་ འདུན་དཔལ་བཟང་དགེ་རྒན་དུ་བསྟེན་ཞིང་བསྡུས་གཞུང་དང་ཚད་མ་ རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཀུན་མཁྱེན་ འཇིགས་མེད་དབང་པོ་རྩ་བའི་བླ་མར་བཟུང་སྟེ་བཀའ་ཆོས་ཅི་རིགས་ གསན། སྨད་དུ་སྔ་ཕྱིར་ལན་དུ་མར་བྱོན་ནས་གདུལ་བྱ་རྣམས་ཀྱི་ འདོད་མོས་ལྟར་ཆོས་ཀྱི་སྦྱིན་པ་ཕངས་མེད་དུ་བསྩལ། རྒྱ་ནག་རི་བོ་ རྩེ་ལྔར་གནས་མཇལ་ལན་ཁ་ཤས་ཕེབས་པའི་གོ་སྐབས་ལ་བསྟུན་ནས་ པེ་ཅིན་དུ་བྱོན་ཏེ་ཁྲི་རྒན་རྒྱ་ནག་པ་ལས་རྡོར་ཕྲེང་སོགས་ཀྱི་དབང་ རྣམས་ཞུས། ཐོ་ཡོན་ཆོས་རྗེ་ལས་སྒྲུབ་ཐབས་རིན་འབྱུང་དང་བརྒྱ་རྩ་ གསུམ་སོགས་ཀྱི་དབང་རྣམས་གསན། བླ་བྲང་བཀྲ་ཤིས་འཁྱིལ་སོགས་ སུ་མང་འགྱེད་དང། རང་དགོན་དུ་བྱམས་ཆེན་རྟེན་བརྟེན་པ་གསར་ བཞེངས་མཛད་པ་སོགས་ཕྱག་རྗེས་རླབས་ཆེ་བ་ཞིག་གོ་ཁོང་ནི་ཆས་ པའི་སྐུ་ཕྲེང་གསུམ་པ་ཡིན་ནོ།། [550] ཆས་པ་བློ་བཟང་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བདེ་སྟེང་གྲོང་ཁྲོད་དུ་ཡབ་ཕན་བདེ་འབྱུང་གནས་ དང། ཡུམ་མ་ཎི་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བརྒྱད་པར་ཆས་པ་དབོན་པོ་གཟའ་རོ་ཟེར་པའི་སྤྲུལ་ སྐུར་ངོས་འཛིན་གནང་ཞིང་ཆས་པ་ཀོང་བུ་ནང་དགའ་ལྡན་བཀྲ་ཤིས་ བསམ་འགྲུབ་གླིང་གི་གདན་སར་བཀོད་ཅིང་གོ་ཚང་སྤྲུལ་སྐུ་བློ་བཟང་ ཚུལ་ཁྲིམས་ལས་རབ་ཏུ་བྱུང། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་ བཅས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་དགུ་པར་ཀུན་མཁྱེན་ འཇམ་དབྱངས་བཞད་པ་ལས་བསྙེན་པར་རྫོགས་ཤིང་འཇིགས་བྱེད་ཀྱི་ དབང་ཆེན་གསན། དགུང་ལོ་ཉི་ཤུ་ཐམ་པར་ཁྱ་དགེ་དཔོན་སློབ་ལས་ ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་དང། ཐང་ཚང་བ་ ལས་བཀའ་འགྱུར་གྱི་ལུང་གསན། དགུང་ལོ་སོ་བརྒྱད་པར་དབུས་ སུ་བྱོན་ཏེ་རྒྱལ་བ་ཡབ་སྲས་མཇལ་ཞིང་ཆོས་འབྲེལ་ཞུས། དགུང་ ལོ་ཞེ་གཉིས་པར་མདོ་སྨད་དུ་ཕེབས་ལམ་རི་བོ་རྩེ་ལྔར་གནས་མཇལ་ མཛད་པ་དང། མཚོ་བདུན་དུ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་ཆོས་ འབྲེལ་ཞུས། དགུང་ལོ་ཞེ་དགུ་པར་རང་དགོན་དུ་ཕེབས་ཤིང་ཕྲེང་ བའི་དབང་སོགས་ཆོས་རྒྱུན་རྒྱ་ཆེར་སྤེལ། མདོ་དབུས་ཁམས་གསུམ་ གྱི་བླ་མ་བཞི་བཅུ་ལྷག་ལ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་གསན་ བཞེས་མཛད། དགུང་ལོ་ང་གསུམ་པར་ཁྲི་ཆེན་ནམ་མཁའ་བཟང་གི་ [551] བཀའ་ལྟར་གསེར་གདུང་སྟེང་དུ་བཟང་གོས་ཀྱི་གུར་གསོལ། དེ་ནས་ རི་ཁྲོད་ཀུན་བཟང་བདེ་ཆེན་གླིང་བཏབ་སྟེ་སྐུ་མཚམས་བཞུགས་ཤིང་ ཐུགས་དམ་འཕེལ་བའི་མུར་དགུང་ལོ་རེ་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ཆས་པའི་སྐུ་ཕྲེང་གཉིས་པ་ཡིན་ནོ། ། ཆིངས་སུ་ཙུག་ཐུ་ནོ་མོན་ཧན་བློ་བཟང་ནོར་བུ་ཤེས་རབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་སོག་ཡུལ་ཆེན་པོ་ཧོར་གྱི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། དགུང་ལོ་བརྒྱད་པར་མཁན་པོ་བརྩོན་འགྲུས་བཟང་པོའི་ མདུན་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བླངས། སྦྱོར་ཀློག་ བློར་འཛིན་སོགས་ལ་འབད་པ་ལྷུན་ལེན་མཛད། དགུང་ལོ་བཅུ་དགུ་ བར་སློབ་དཔོན་བློ་བཟང་དམ་པའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ བཞེས། དགུང་ལོ་ཉེར་དྲུག་པར་པེ་ཅིན་ཙན་དན་ཇོ་བོའི་ལྷ་ཁང་དུ་ བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱིས་མཁན་པོ་དང། བྱམས་པ་ ལྷ་ཁང་གི་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་གསང་སྟོན་མཛད་དེ་དགེ་ འདུན་གྲངས་ཚང་གི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ མནོས། གོང་མ་ཆེན་པོས་ཁོང་ལ་ཆིངས་སུ་ཙུག་ཐུ་ནོ་མོན་ཧན་ཞེས་ པའི་མཚན་སྙན་བསྩལ། དགེ་ལྡན་བཤད་སྒྲུབ་གླིང་གི་བཅའ་ཡིག་ རབ་བྱུང་བཅུ་གསུམ་པའི་མེ་མོ་ཡོས་ལོར་ སྤྱི་ལོ་་ བརྩམས་ པར་བལྟས་ན། ཁོང་ནི་དགུང་ལོ་ཤིན་ཏུ་གཞོན་པའི་དུས་ནས་ལྷན་ སྐྱེས་ཀྱི་ཤེས་རབ་ཚད་མེད་ལྡན་པ་ཞིག་ཡིན་པར་མངོན། ཁོང་གི་ གདན་ས་ནི་སོག་ཡུལ་གྱི་དགོན་པ་དགེ་ལྡན་བཤད་སྒྲུབ་བསྟན་འཕེལ་ [552] གླིང་ཡིན་ལ། ཁོང་གི་གསུང་རྩོམ་རྣམས་ཀྱང་དགོན་གནས་དེར་ བརྩམས་པ་མང་ཤོས་ཡིན། ཁོང་གི་གསུང་རྩོམ་ནི་ཁྲིད་ཡིག་དང་ བླ་མའི་རྣལ་འབྱོར། སྒྲུབ་ཐབས། ཆོ་ག་བཅའ་ཡིག་ཆར་འབེབས་ དཀར་ཆག་བཅས་པོ་ཏི་དྲུག་ཏུ་བཞུགས་སོ།། ཆུ་དཀར་ཞབས་དྲུང་དགེ་འདུན་བྱང་ཆུབ་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་གཡེར་མོ་ཐང་གླང་ཆེན་ར་སྡེ་བར་ཡབ་ ཝང་ཆི་ཤང་དང། ཡུམ་པད་མ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་བརྒྱད་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད་ཅིང་གྲུབ་དབང་རྡོ་རྗེ་འཆང་དཀའ་ཆེན་བྱང་ཆུབ་ རིན་ཆེན་ལས་རབ་ཏུ་བྱུང། ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་དགེ་ ལེགས་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གསུམ་པར་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་ འགྲེལ་དང་ཕར་ཕྱིན་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ ལོ་བཅོ་བརྒྱད་པར་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་ སྒོར་ཞུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་ དགེ་ཚུལ་དང་བསྙེན་རྫོགས་བསྒྲུབས་ཤིང་དབང་རྗེས་གནང་གི་ཆོས་ རྒྱུན་དུ་མ་གསན། ཀུན་སྤངས་རི་ཁྲོད་པ་འཇམ་དབྱངས་ཚུལ་ཁྲིམས་ རྒྱ་མཚོའི་དྲུང་ནས་བཀའ་འགྱུར་གྱི་ལུང་སོགས་དང། གསེར་ཏོག་བློ་ [553] བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་བཤད་ལུང་ཁྲིད་དང་རྗེས་གནང་མང་ པོའི་རྒྱུན་གསན། རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འཆད་ཉན་ ལེགས་པར་བསྐྱངས། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་གྱི་བྱ་བ་ གང་ལའང་འབད་བརྩོན་ལྷོད་པ་མེད་པར་མཛད། ཁྲི་ཟུར་ནས་ཐོས་ བསམ་དང་སྒྲུབ་པ་ཉམས་ལེན་ལ་མངོན་པར་བརྩོན་ནས་དུས་འདའ་ བར་མཛད་དོ། ཁོང་ནི་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ལྔ་བཅུ་ང་ བདུན་པ་དང། རྒྱུད་པ་མཁན་པོའི་ཁྲི་རབས་དྲུག་ཅུ་རེ་བརྒྱད་པ་ ཡིན་ནོ།། ཆུ་མིག་པ་བློ་གྲོས་དབང་ཕྱུག་ ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་སློབ་དཔོན་གྲགས་པ་བློ་གྲོས་དང། ཡུམ་མ་གཅིག་བྲག་ དཀར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ་ངོར་ཨེ་ཝམ་ཆོས་ལྡན་དུ་ཡུན་རིང་ བཞུགས་ཤིང་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་རིག་གནས་དང་བཅས་ པར་ཐུགས་གཉེར་ལེགས་པར་མཛད་ཅིང་ཆུ་མིག་སོགས་སུ་འགྲིམས་ ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། ཁོང་ནི་མཁས་བཙུན་ བཟང་གསུམ་དང་ལྡན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་གཤིས་འདི་ཡན་ ཆད་ཀྱིས་གཞི་ཐོག་བླ་བྲང་པའི་གདུང་རབས་རྫོགས་ཏེ། བདག་ཆེན་ [554] འདི་ཉིད་དགུང་ལོ་དྲུག་ཅུ་ཉེ་བ་ཙམ་ན་གཤེགས་པར་སེམས། ཅིའི་ ཕྱིར་ཞེ་ན། རབ་བྱུང་བརྒྱད་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་ ཆེའི་ཕྲེང་བ་བསྟར་བ། བཅུ་རྩ་བཞི་བཞེས་ནས་བསྟན་འགྲོའི་དོན་ལ་བཞུགས་པར་གསུངས་ པས་སོ།། ཆུ་བཟང་ངག་དབང་ཆོས་གྲགས།། ཁོང་ནི་མཁས་དབང་ངག་དབང་ཆོས་གྲགས་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ།། ཆུ་བཟང་ངག་དབང་ཆོས་གྲགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྟོད་ལུང་ཆུ་བཟང་དུ་ཡབ་ཚེ་རིང་བསམ་གྲུབ་དང་ ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་དུའི་དུས་ནས་ཆུ་བཟང་དགོན་གྱི་ཆོས་སྒོར་ཞུགས་ཏེ་ རབ་ཏུ་བྱུང། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་བྱང་ཆུབ་ པར་མཛད། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐོས་བསམ་གླིང་དུ་ ཞུགས་ཤིང་བསྡུས་གཞུང་དང། དབུ་ཕར། འདུལ་མཛོད། རྣམ་ འགྲེལ་བཅས་ལ་ཐོས་བསམ་རྨད་དུ་བྱུང་བར་མཛད་ཅིང་ལྷ་ལྡན་སྨོན་ ལམ་ཆེན་མོའི་གྲྭ་སྐོར་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ དུ་ཞུགས་ཤིང་ཁྲི་ཆེན་ནམ་མཁའ་བཟང་པོ་དང། ཤར་ཆེན་ངག་ [555] དབང་ལྷུན་གྲུབ། ཁྲི་ཆེན་བསམ་གཏན་ཕུན་ཚོགས་སོགས་ལས་སྤྱི་ ཆོས་དང་སྒེར་ཆོས་རྒྱུད་སྡེ་སོ་སོའི་ཆོ་ག་ཕྱག་ལེན་གར་ཐིག་དབྱངས་ གསུམ་སོགས་ལ་ནང་བྱན་ཚུད་པ་ན། རྒྱུད་པའི་མཁན་བླ་དང་ཤར་ རྩེའི་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས། རབ་བྱུང་བཅུ་གསུམ་ པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་ངོ་གཉིས་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་དབྱར་ ཆོས་དང། དགུན་ཆོས། གསོ་སྦྱོང་མདོ་འཆང། ལྔ་མཆོད་ཀྱི་ གཏོང་སྒོ་སོགས་མ་ཉམས་པ་མཛད་ཅིང་སྨོན་ལམ་ཆེན་མོའི་མགོན་དུ་ ཕེབས། དགུང་ལོ་དྲུག་ཅུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་བྱང་ཆུབ་མཆོད་ རྟེན་ནི་དགའ་ལྡན་བློ་གསལ་གླིང་དུ་བཞུགས། ཁོང་གི་མཚན་གཞན་ ལ་ཤར་རྩེ་ངག་དབང་ཆོས་གྲགས་ཞེས་ཞུའོ། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་སྐྱབས་མགོན་ནོ་མིན་ཧན་དང། ཀློང་རྡོལ་བླ་མ་ངག་དབང་ བློ་བཟང། མཁན་ཆེན་ཡེ་ཤེས་དཔལ་འབྱོར་བཅས་ཡིན། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ལྔ་བཅུ་ང་དགུ་པ་ཡིན་ནོ།། ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་ལྕང་སྐྱ་རོལ་པའི་རྡོ་རྗེའི་ སྐུ་མཆེད་གཅུང་བོ་ཡིན། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ ཏེ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་ [556] གཉིས་རིགས་ཀྱི་གཙོ་བོར་བཟུང་སྟེ་མདོ་སྔགས་ཀྱི་གདམས་པ་མང་དུ་ གསན། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས་ནས་མཚན་ཉིད་ ཀྱི་གཞུང་སོགས་ལ་ཐུགས་གཉེར་ཡུན་རིང་དུ་མཛད། དེ་ནས་མདོ་ སྨད་དུ་བྱོན་ཏེ། རབ་བྱུང་བཅུ་གསུམ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་བཞུགས་ ནས་ལོ་ལྔའི་རིང་དུ་གདན་ས་བསྐྱངས། རབ་བྱུང་བཅུ་གསུམ་པའི་ ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ ཕེབས་ཤིང་ལོ་བཅུའི་རིང་དུ་གདན་ས་བསྐྱངས། ཁོང་གིས་སྐབས་ བཞི་པའི་འཛིན་གྲྭ་ཡང་གསར་དུ་བཙུགས་ཤིང་ཕར་ཕྱིན་ལ་ཡང་ འཛིན་གྲྭ་ཁག་བཞི་ལ་ཕྱེས་ནས་འཆད་ཉན་མཛད། རབ་བྱུང་བཅུ་ གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་ཆེན་མོའི་ཚོམས་ ཁང་གཟིམས་ཆུང་དང་བཅས་པ་ཞིག་གསོས་ལེགས་པར་མཛད། རབ་ བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྨན་པ་གྲྭ་ཚང་ གསར་དུ་བཙུགས། སྔར་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་ཉན་ཀང་ཡོའི་དམག་གིས་རྒྱལ་དབང་བསོད་ ནམས་རྒྱ་མཚོའི་དངུལ་གདུང་མཆོད་རྟེན་ལ་གཏོར་བརླགས་བྱས་པ་ དེ་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ དངུལ་སྲང་སྟོང་ཕྲག་བཞི་ལས་ལྷག་པའི་རྒྱུ་སོང་གིས་དབྱེན་བཟླུམས་ མཆོད་རྟེན་སྔར་བཞིན་དུ་དངུལ་གདུང་དུ་བསྒྱུར་ནས་ལེགས་པར་ བཞེངས་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ [557] བཅུའི་རིང་དུ་གདན་ས་བསྐྱངས། འགྲིག་ལམ་ཀུན་སྤྱོད་དང་ ཆོས་འཆད་ཉན། འདུ་ཁང་ཆེན་མོ་བཞེངས་པ་བཅས་ལ་དོ་དམ་གང་ ལེགས་གནང། འདུ་ཁང་དུ་སྤྱན་རས་གཟིགས་ཀྱི་ལི་སྐུ་རྒྱབ་ཡོལ་ བཞུགས་ཁྲི་དང་བཅས་པ། བཙན་ཁང་དུ་སྟག་ལྤགས་ཀྱི་རྒྱལ་མཚན་ བླ་བྲེ། དངུལ་གྱི་བཀྲ་ཤིས་རྟགས་བརྒྱད་སོགས་དང། གཞན་ཡང་ ལྷ་ཁང་འདུ་ཁང་སོ་སོར་སྟོང་མཆོད་དང་མཆོད་རྫས་ཀྱི་ཐེབས་སུ་ དངུལ་སྲང་སྟོང་ལྷག་གི་སྤྱི་འཇོག་མཛད། རྒྱ་ནག་པེ་ཅིན་ཕོ་བྲང་དུ་ ཡང་ཕེབས་ནས་གོང་མ་ཆེན་པོས་ཀྱང་གཟིགས་སྐྱོང་ཆེའོ། ཁོང་གི་ གསུང་རྩོམ་ནི་ མཁན་རབས་བསྡུས་པ།། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་ལྕང་སྐྱ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་དུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆུ་བཟང་དགོན་པའི་ཚོགས་གྲལ་དུ་ ཞུགས་ནས་སློབ་གཉེར་མཛད། དེ་ནས་དབུས་སུ་ཕེབས་ཤིང་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ ཐོས་བསམ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་ཁྲི་སྤྲུལ་བསྟན་པ་ རབ་རྒྱས་སོགས་གསར་རྙིང་གི་བླ་མ་མང་པོར་བསྟེན་ཞིང་ཆོས་རྒྱུན་སྣ་ ཚོགས་གསན་བསམ་མཛད། དེ་ནས་མདོ་སྨད་རང་ཡུལ་དུ་ཕེབས་ ཤིང་ཆུ་བཟང་ཇོ་ཁང་གྲགས་པ་ཅན་དེ་གསར་བཞེངས་མཛད། དགུང་ [558] ལོ་སུམ་ཅུ་སོ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ གཅིག་གི་རིང་དུ་གདན་ས་བསྐྱངས་ཤིང། བྱ་ཁྱུང་གི་འདུ་ཁང་ཆེན་མོ་ གསར་བཞེངས་ཀྱི་ཐུགས་ཁུར་བཞེས་པ་ནས་བཟུང་བྱ་ཁྱུང་གི་དགོན་ བདག་མཛད། དེའི་ཕྱིར་དུས་ཕྱིས་སུ་ཆུ་བཟང་གི་སྐུ་ཕྲེང་ཕྱི་མ་རྣམས་ ཀྱིས་བྱ་ཁྱུང་དགོན་པའི་གཞུང་ལས་པ་དང། བླ་མ་དབུ་མཛད་ གྲྭ་ཚང་གསུམ་གྱི་ཁྲི་བ་རྣམས་བསྐོ་བཞག་གི་འགན་ཁུར་བཞེས་པ་ཡང་ རྒྱུ་མཚན་འདི་ལ་ཐུགས་པ་ཡིན། ཁྲི་ཟུར་ནས་བཤད་སྒྲུབ་ཀྱི་བསྟན་ པ་ཁོ་ནར་ཐུགས་གཞོལ་བར་མཛད་ནས་དུས་འདའ་བའོ། ཁོང་ནི་ཆུ་ བཟང་སྤྲུལ་སྐུའི་སྐུ་ཕྲེང་བཞི་བ་ཡིན་ལ། བྱ་ཁྱུང་དགོན་པའི་གདན་ སའི་མཁན་རབས་དྲུག་ཅུ་ཐམ་པའང་ཡིན་ནོ།། ཆུ་བཟང་རྣམ་རྒྱལ་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་དཀར་ལེབ་ཁང་གསར་དུ་ཡབ་བསོད་ནམས་མགོན་པོ་དང་ ཡུམ་མ་མ་བྲེ་སང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་ པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བརྒྱུད་ པ་བླ་མ་རྣམ་རྒྱལ་དཔལ་བཟང་ལས་རབ་ཏུ་བྱུང་སྟེ་མཚན་ལ་རྣམ་རྒྱལ་ དཔལ་འབྱོར་ཞེས་གསོལ། བླ་མའི་བཀའ་བཞིན་རྭ་བ་སྟོད་དུ་ཕེབས་ ཏེ་སྟག་ལུང་བྲག་པར་བསྟེན་ནས་བསྡུས་ཚད་དང་འདུལ་མཛོད་བཅས་ ལ་མཁས་པར་སྦྱངས། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ་གཞུ་ཁང་བ་ དགེ་ལེགས་ལྷུན་གྲུབ་པའི་སྤྱན་སྔར་དབུ་ཕར་ལ་གཙོ་བོ་སྦྱངས། དེ་ [559] དུས་མཚན་མོ་ཟླ་འོད་ལ་རྟེན་ནས་ཤོག་གྲངས་བཅོ་ལྔ་རེ་ཐུགས་འཛིན་ མཛད། འབྲས་སྤུངས་གླིང་བསྲེའི་གྲྭ་སྐོར་མཛད་པས་མཁས་པ་རྣམས་ ཀྱི་ཡིད་དབང་འཕྲོགས་ཤིང། རྒྱལ་བ་ཡོན་ཏན་རྒྱ་མཚོས་ཀྱང་ཐུགས་ དགྱེས་པས་ལེགས་ཇ་དང། ཕྱག་འཕྲེང་གཅིག་བཅས་གནང་བ་ མཛད། སེ་ར་དང། དགའ་ལྡན། བཀྲ་ཤིས་ལྷུན་པོ། དཔལ་ འཁོར་ཆོས་སྡེ། བྱང་ངམ་རིང་སོགས་མཚན་ཉིད་ཀྱི་གྲྭ་ས་དུ་མར་གྲྭ་ སྐོར་མཛད། འབྲས་སྤུངས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་དཔལ་ གསང་བ་འདུས་པ་གཙོ་བོས་རྒྱུད་སྡེ་ཆེན་པོ་རྣམས་ལ་སྦྱངས་པ་ཕུལ་དུ་ ཕྱིན་པ་མཛད། རབ་བྱུང་བཅུ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རྡོ་རྗེ་འཕྲེང་བའི་དབང་དང་ བདེ་མཆོག་ལཱུ་ཨི་བ། དམར་ནག་འཇིགས་གསུམ་ཞེ་དགུ་མ། རོ་ ལངས་བརྒྱད་སྐོར་བཅས་མང་དུ་གསན་པ་མཛད། པཎ་ཆེན་བློ་ བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཞུས། དེ་ནས་རྒྱལ་བ་རིན་པོ་ཆེ་ དང་པཎ་ཆེན་རིན་པོ་ཆེ་རྣམས་གཉིས་ཀྱིས་མདོ་སྨད་དུ་བཏང་བ་མཛད་ པས་རིམ་གྱིས་མཚོ་ཁར་ཕེབས་ནས་དཔོན་པོ་ཧོ་ལོ་ཇི་ཕ་བུ་གཉིས་ཀྱིས་ སྦྱིན་བདག་མཛད་ནས་དེར་དགེ་འདུན་གྱི་སྡེ་བཙུགས། ཟི་ན་ནང་ སོས་སྐུ་འབུམ་དུ་གདན་དྲངས་ཏེ། རབ་བྱུང་བཅུ་གཅིག་པའི་ལྕགས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ ཕེབས་ནས་ལོ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས། དེའི་སྐབས་སུ་ ཡིག་ཆའི་སྐོར་ལ་གཏམ་གླིང་ཅུང་ཟད་བྱུང་བར་བརྟེན། གཞུང་རྙིང་ བ་ལ་སྒོ་མང་སྐབས་དང་པོ་དང། རྗེ་བཙུན་སྐབས་དང་པོའི་འཛིན་ [560] གྲྭ་གཉིས་སུ་ཕྱེས་པས་རྩོད་པའི་གཏམ་ཐམས་ཅད་ཆོས་ཕྱོགས་སུ་ཞི་ དགོན་པའི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་འབུམ་ཁང་ཕྱི་མཚམས་ བཅད་བསྲུང་དུ་གསར་བཞེངས་མཛད། ཁྲི་ཟུར་ནས་དགུང་ལོ་དྲུག་ ཅུ་རེ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ བཅུའི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་འཆད་ཉན་གཙོ་བོ་ མཛད་ནས་ལྷ་ཁང་ཆེན་མོ་བཞེངས་ཤིང། གླིང་གསེབ་ཏུ་དབྱེན་ བསྡུམས་མཆོད་རྟེན་དང། བྱམས་པའི་གོས་སྐུ་ཆེ་བ་བཞེངས། འདུ་ ཁང་ལ་ཤིང་རྩི་གཏོང་བ། ཐུབ་པ་ཆོས་འཁོར་མ་སོགས་སྐུ་བརྙན་ལི་ མ་དྲུག་ཅུ། མདོ་སྔགས་ཀྱི་གླེགས་བམ་དུ་མ་དང་བཅས་སྤྱི་འཇོག་ མཛད། ལོ་རེ་བཞིན་དགེ་འདུན་ལ་འགྱེད་ཕོག་ཚ་ར། ཆོས་གྲྭ་བ་ རྣམས་ལ་གྲྭ་ཕོག་གྲྭ་འགྱེད་སོགས་ཆོས་དང་ཟང་ཟིང་གཉིས་ཀྱིས་ དགོན་པར་ཕན་ཐོགས་རྒྱ་ཆེན་མཛད། དགུང་ལོ་དོན་གཅིག་པ་རབ་ བྱུང་བཅུ་གཅིག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་འབུམ་ལུང་ བཀྲ་ཤིས་ཐང་དུ་ཆུ་བཟང་དགོན་པ་དགའ་ལྡན་མི་འགྱུར་གླིང་གསར་ འདེབས་མཛད་ཅིང་ཚོགས་པ་བསྐྱངས། དགུང་ལོ་དོན་བཞི་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་ གདན་རབས་ཁྲི་ཆེན་ལྔ་བ་དང། དགོན་ལུང་བྱམས་པ་གླིང་གི་གདན་ སའི་མཁན་རབས་བཅུ་བ་ཡིན་ནོ།། ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ [561] ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་ཉན་ཀང་ཡོའི་དམག་གིས་བཀྲོངས། ཁོང་བཙན་ པོ་དོན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་དགོན་ལུང་བྱམས་པ་གླིང་ དང་གསེར་ཁོག་དགོན་དུ་སློབ་གཉེར་མཛད། དེ་ནས་དབུས་གཙང་ དུ་ཕེབས་ཏེ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ལས་བསྙེན་ རྫོགས་ཞུས། དགའ་ལྡན་ཁྲི་བ་རྣམས་དག་རྡོ་རྗེ་དང། རྒྱལ་སྲས་བློ་ བཟང་བསྟན་འཛིན། སྒོ་མང་དཔོན་སློབ་སོགས་ལ་བསྟེན་ནས་ཆོས་ བཀའ་ཅི་རིགས་གསན་ཞིང། དབུ་ཕར་གྱི་སློབ་གཉེར་མཛད་དེ་ རྩིས་ཐང་དུ་གྲྭ་སྐོར་མཛད། དེ་ནས་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་ དགོན་གྱི་རྒྱུད་པའི་ཁྲི་ལ་རབ་བྱུང་བཅུ་གཅིག་པའི་མེ་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་ཕེབས་ནས་དཔྱིད་ཆོས་བར་མའི་ནང་དུ་གསང་ འདུས་དང། དབྱར་ཆོས་རྗེས་མ་ལ་འཇིགས་བྱེད་ཀྱི་རྡུལ་མཚོན་ལ་ བརྟེན་པའི་སྒྲུབ་མཆོད་སྦྱིན་སྲེག་བཅས་ཉིན་བདུན་རེ་འཛུགས་རྒྱུའི་ སྲོལ་བཏོད། རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ ལོ་བདུན་གྱི་རིང་དུ་གདན་ས་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ ཕེབས་ཤིང་འཆད་ཉན་གྱི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། རབ་ བྱུང་བཅུ་གཉིས་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར། ཡིག། ཆུ་སྟོད་སྨོན་ལམ་གྱི་སྐབས་སུ་ གཞུང་གི་ཚོགས་ལངས་བཅུ་གཉིས་དང། དཔྱིད་ཆོས་རྗེས་མ་དང་ [562] དབྱར་གནས་སྟེང་དུ་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཉིན་གསུམ་ རེར་འཇོག་རྒྱུའི་སྲོལ་བཏོད། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་སེང་གེའི་ང་རོ་ལ་གསོས་སྐུ་ཆེན་ པོ་གསར་བཞེངས་མཛད་པར་དངུལ་སྲང་སྟོང་ཕྲག་གསུམ་ལས་བརྒལ་ བའི་འགྲོ་སོང་མཛད། རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་མཚོ་སྔོན་ཆིང་ཝང་བཀྲ་ཤིས་བཱ་ཐུར་ཐའི་ཇི་དང། ཇུན་ ཝང་ཨེར་ཏི་ནི་ཇུས་ནང་དང། དབོན་བསོད་ནམས་བཀྲ་ཤིས་རྣམས་ ཀྱིས་སྦྱིན་བདག་གི་མཐིལ་མཛད་དེ། གསེར་སྡོང་ཆེན་མོའི་ལྷ་ཁང་རྒྱ་ བསྐྱེད་དེ་གསར་བཞེངས་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཇུན་ཝང་ཨེར་ཏི་ནི་ཇུས་ནང་གིས་སྦྱིན་ བདག་མཛད་དེ་ཀ་བ་བཅོ་ལྔའི་རྒྱ་ཁྱོན་ཁེབས་པའི་གསེར་ཟངས་ཀྱི་རྒྱ་ ཕིབས་གསར་བསྐྲུན་མཛད། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་ཆིང་ཝང་བཀྲ་ཤིས་བཱ་ཐུར་ཐའི་ཇིས་སྦྱིན་ བདག་མཛད་དེ་གསེར་སྡོང་ཆེན་མོའི་ཆོ་འཕྲུལ་མཆོད་རྟེན་རྒྱ་བསྐྱེད་ བཏང་སྟེ་གསར་བསྐྲུན་མཛད། དུས་མཚུངས་སུ་གསེར་ཁོག་དགོན་ པའི་གདན་ས་ཡང་བསྐྱངས་ཏེ་འཆད་ཉན་གང་ལེགས་མཛད། རྒྱལ་ དབང་སྐུ་ཕྲེང་བདུན་པ་སྐུ་འབུམ་དགོན་དུ་བཞུགས་སྐབས་རྗེ་འདི་ བས་རབ་བྱུང་གི་ཚུལ་ཁྲིམས་ཕུལ་ནས་མཚན་ལ་བློ་བཟང་བསྐལ་ བཟང་རྒྱ་མཚོ་ཞེས་གསོལ། ཆོས་བཀའ་ཡང་ཅི་རིགས་ཕུལ་བ་མཛད་ དོ། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ བཅུ་དགུ་བ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཅོ་ [563] བརྒྱད་པ་བཅས་ཡིན་ནོ།། ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་རྭ་ལོ་ཐང་འདན་མའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་ཆུ་བཟང་རང་དགོན་དུ་བཞུགས་ཤིང་ཐོས་བསམ་ལེགས་པར་ མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཤིང་གཞུང་བཀའ་བོད་ལྔ་ལ་ཐུགས་གཉེར་དང་ཆོས་ རྒྱུན་མང་པོ་གསན་བསམ་མཛད། དེ་ནས་མདོ་སྨད་རང་ཡུལ་དུ་ ཕེབས་ཏེ། བླ་བྲང་སྒོ་མང་ཚང་སྐྱབས་རྗེ་རྡོ་རྗེ་འཆང་ཆུ་བཟང་རང་ དགོན་དུ་གདན་འདྲེན་ཞུས་ནས་མི་ཏྲ་རྡོར་ཕྲེང་སོགས་དབང་ལུང་ རྗེས་གསུམ་དང་བཤད་ཁྲིད་ཀྱི་རྒྱུན་བཟང་རྣམས་བུམ་པ་གང་བྱོའི་ ཚུལ་དུ་གསན་པར་མཛད། དགུང་ལོ་ཉི་ཤུ་རྩ་བཞི་པ་རབ་བྱུང་བཅོ་ ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ ཁྲི་ལ་ཕེབས་ནས་ལོ་ལྔའི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ནས་ ཐུགས་དམ་ཉམས་བཞེས་དང་འབྲེལ་བར་བསྟན་འགྲོའི་དོན་ཆེན་ འབའ་ཞིག་བསྒྲུབས་ནས་དུས་འདའ་བའོ། དགུང་ལོ་ལྔ་བཅུ་ང་ལྔ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཆུ་བཟང་སྐུ་ཕྲེང་ལྔ་བ་ ཡིན་ལ། བྱ་ཁྱུང་དགོན་པའི་དན་སའི་མཁན་རབས་བརྒྱད་བཅུ་གྱ་ གཅིག་པའང་ཡིན་ནོ།། ཆུ་བཟང་ཡེ་ཤེས་རྒྱ་མཚོ།། [564] ཁོང་ནི་རབ་བྱུང་བཅུ་གསུམ་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཤར་ཕྱོགས་ཀོང་པོའི་ཡུལ་དུ་ཡབ་ཚེ་འཕེལ་དང། ཡུམ་འཚོ་མོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་དགོན་པ་བཀྲ་ཤིས་རབ་བརྟན་གྱི་ཆོས་གྲྭར་ཞུགས་ཏེ་དགེ་རྒན་ ཚངས་དབྱངས་ཐུགས་རྗེ་དང་འབྱོར་རྒྱས་གཉིས་ལ་བསྟེན་ནས་ཡི་ གེའི་འབྲི་ཀློག་དང་ཆོས་སྤྱོད་བཅས་ལ་བསླབས་པར་མཛད། དགུང་ ལོ་བཅུ་དགུ་པར་བྱོལ་ཐབས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཛད། དགུང་ ལོ་ཉི་ཤུ་ཐམ་པར་གྲུབ་དབང་རིན་ཆེན་ཕུན་ཚོགས་དཔལ་བཟང་པོའི་ དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས་ ཤིང་མཚན་ལ་ཡེ་ཤེས་རྒྱ་མཚོ་ཞེས་གནང། དགུང་ལོ་ཉི་ཤུ་རྩ་དྲུག་ པར་དེ་མོ་ནོ་མིན་ཧན་ཞབས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ དགུང་ལོ་སོ་ལྔའི་བར་དུ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་གནང། ཁོང་ གིས་སྔོན་རྗེས་སུ་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་དང། ཁྲི་ཆེན་ བྱང་ཆུབ་ཆོས་འཕེལ། བླ་མ་སྐལ་བཟང་མཁས་གྲུབ་སོགས་དྲིན་ ཅན་བླ་མ་བཅུ་ཕྲག་བརྒལ་བར་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ རྣམས་ཀྱི་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་ལྔ་བཅུ་ང་ བདུན་པར་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་རབ་བྱུང་ གི་སྡོམ་པ་བཞེས་པའི་མཛད་སྒོར་ཞུགས། དགུང་ལོ་དྲུག་ཅུ་ཐམ་པར་ སྟག་ཕུའི་ཡོངས་འཛིན་གནང། དགུང་ལོ་དྲུག་ཅུ་རེ་དྲུག་པར་རྒྱལ་ [565] དབང་མཁས་གྲུབ་རྒྱ་མཚོར་བརྟན་བཞུགས་མཎྜལ་ལྗགས་བཤད་ མཛད། དགུང་ལོ་དྲུག་ཅུ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། །ཁོང་གི་གསུང་རྩོམ་ནི། ཁོ་བོས་བགོ་སྐལ་ཅུང་ཟད་མྱོང་བའི་ཐོབ་ཡིག་དགའ་ལྡན་བསྟན་པའི་ མཛེས་རྒྱན་ལས་དབང་དང་རྗེས་གནང་གི་སྐོར། ལམ་རིམ་ཆེན་མོའི་ས་བཅད་ཀྱི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་ པའི་མན་ངག་གནད་བསྡུས་གསལ་བའི་སྒྲོན་མེ། འབྱོར་དངོས་གྲུབ་ཀུན་འབྱུང། གཅིག་བཞུགས་སོ།། ཆུ་རུལ་ཁ་ཞབས་དྲུང་ངག་དབང་བཤད་སྒྲུབ་དར་རྒྱས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་པཱ་ཅེ་ཀུ་ཞེས་པའི་ས་ཆ་ཡིན། ཁོང་དགུང་ལོ་བདུན་པར་སྐུ་འབུམ་ རང་སྒར་དུ་གདན་སར་བཀོད་ཅིང་ཆེ་ཤོས་ངག་དབང་བཤད་སྒྲུབ་ བསྟན་པའི་ཉི་མ་ལས་རབ་བྱུང་བསྒྲུབས། དགུང་ལོ་བཅུ་དྲུག་པར་ དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ རྣམ་འགྲེལ་དང་ཕར་ཕྱིན་སོགས་ལ་རིགས་ལམ་རྣམ་པར་དག་པས་ ཐུགས་གཉེར་ཕྲ་ཞིབ་མཛད། རིགས་ཆེ་ཆུང་གི་ཚོགས་ལངས་དང་ ཕར་ཕྱིན་དམ་བཅའ་གང་ལེགས་བཞག་དགུང་ལོ་ཉེར་ལྔ་པར་ཁྲི་ཟུར་ འཇམ་དབྱངས་དམ་ཆོས་ལས་དགེ་ཚུལ་སློང་གི་སྡོམ་པ་བཞེས་ཤིང་ ཚུལ་ཁྲིམས་མིག་འབྲས་ལྟར་དུ་བསྲུངས། དེ་ནས་རང་ཡུལ་དུ་ཕེབས་ ཤིང་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་དང། རྒྱུད་པ་གྲྭ་ཚང་གི་ [566] ཆོས་སྒོར་རིམ་གྱིས་ཞུགས། རྒྱུ་ཕར་ཕྱིན་དང་འབྲས་བུ་གསང་ཆེན་རྡོ་ རྗེ་ཐེག་པ་ཟུང་གི་གཞུང་ལམ་འབྲས་བུའི་དགོངས་དོན་མཐའ་དག་ལ་ སློབ་སྦྱོང་ནན་ཏན་དུ་མཛད། རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས། དེ་ནས་ རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ཤིང་འདུ་ཁང་ཀ་བ་ཞེ་བརྒྱད་ཡོད་པ་ སྟེང་ཤོད་དབུས་འཕུག་སྒོ་སྐྱོར་ཁྱམས་ར་རྔ་ཁང་དང་བཅས་པ་གཞི་ ནས་བཞེངས་པ་དང། ཚོན་རྩི་སྦེན་རྒྱན་གཉྗི་ར་རྒྱལ་མཚན་བཅས་ གསར་བསྐྲུན་མཛད་དེ་རབ་གནས་རྒྱས་པར་མཛད། ཁྲི་ཟུར་ནས་ གཙོ་ཆེར་རང་གི་སྒྲུབ་སྡེ་བཱ་ཡན་སྨད་ཐའི་དགོན་པར་བཞུགས་ཏེ་ ཐུགས་དམ་ཉམས་ལེན་དང་འབྲེལ་བར་གདུལ་བྱའི་དོན་རྒྱ་ཆེར་སྤེལ་ ནས་དུས་འདའ་བར་མཛད་དོ། ཁོང་ནི་སྐུ་འབུམ་དུས་འཁོར་དཔོན་ སློབ་ཀྱི་ཁྲི་རབས་ཉེར་ལྔ་པ་དང། རྒྱུད་པ་མཁན་པོའི་ཁྲི་རབས་དྲུག་ ཅུ་རེ་གཉིས་པ་ཡིན་ནོ།། ཆེ་ཤོས་ངག་དབང་འཇམ་དཔལ་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་དྲེད་ཁོག་འབྲོག་སྡེར་ཡབ་གཡང་འབུམ་དང། ཡུམ་ དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་ པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཆེ་ཤོས་སྒར་བར་ གདན་སར་བཀོད་དེ་དགའ་སྟོན་ཟབ་རྒྱས་མཛད། གྲུ་ཀྱཱ་རབ་འབྱམས་ པ་བསམ་གཏན་དང། ཁྲི་ཙི་དགེ་བཤེས་བརྩོན་འགྲུས་གྲགས་པ་ [567] གཉིས་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་ སྤྱིད་བཅས་ལ་མཁས་པར་བསླབས། ཆེ་ཤོས་ངག་དབང་བཤད་སྒྲུབ་ བསྟན་པའི་ཉི་མ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ དགུང་ལོ་བཅུ་གཉིས་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་གསན་སྦྱངས་བརྡར་ཤ་ཆོད་པར་ མཛད། ཚོགས་ལངས་དང་བསྡུས་གྲྭའི་དམ་བཅའ་བཞག་པས་མཁས་ པ་ཐམས་ཅད་ཧ་ལས་སོ། དགུང་ལོ་ཉི་ཤུ་ཐམ་པར་སྐྱབས་རྗེ་ཤིང་ བཟའ་རྡོ་རྗེ་འཆང་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ དཔལ་གསང་བ་འདུས་པའི་དགོངས་དོན་བཅས་ཐུགས་སུ་ཚུད་པར་ མཛད། དགུང་ལོ་ཉེར་གཅིག་པར་དབུས་གཙང་ཆོས་ཀྱི་ཞིང་ཁམས་ སུ་ཕེབས་ཤིང་རྒྱལ་བ་ཡབ་སྲས་དང། ཇོ་ཤཱཀ་རྣམ་གཉིས། གྲྭ་ས་ སེ་འབྲས་དགེ་གསུམ། གཙང་བཀྲ་ཤིས་ལྷུན་པོ། དཔལ་བསམ་ཡས་ བཅས་ལ་མཆོད་པ་རྒྱ་ཆེར་ཕུལ། དེ་ནས་སེར་བྱེས་གྲྭ་ཚང་གི་ཆོས་ སྒོར་ཞུགས་ཤིང་དབུ་ཕར་མཛོད་འདུལ་རྣམས་ལ་ཐོས་བསམ་དང་ དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ གསན་ནས་རང་དགོན་འདིར་ཕེབས། དགུང་ལོ་ཉེར་བདུན་པར་རྒྱུད་ པ་མཁན་པོའི་ཁྲི་ལ་བཞུགས་ཏེ་ཆོས་སྲིད་གཉིས་ཀར་འཛིན་སྐྱོང་ ལེགས་པར་མཛད། དགུང་ལོ་སོ་བཞི་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ནས་ཀྱང་ [568] ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱི་ངང་ནས་དུས་འདའ་བར་ མཛད། དགུང་ལོ་ལྔ་བཅུ་ང་བཞི་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དྲུག་ཅུ་ རེ་ལྔ་པ་ཡིན་ནོ།། ཆེ་ཤོས་ངག་དབང་བསྟན་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་གསུམ་ པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་ སློབ་ཀྱི་ཁྲི་ལ་བཞུགས་ཤིང་ཆོས་ཐོག་རེའི་ཉི་ཤུ་གསུམ་ལ་ཀུན་རིག་གི་ རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བདག་འཇུག་གསར་དུ་ བཙུགས། ཆས་འཇུག་ཆ་ཚང་བརྒྱ་ཕྲག་གཅིག་རྡོ་དྲིལ་ལྔ་བཅུ་སོགས་ ཀྱི་སྤྱི་འཇོག་གནང། རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས། དེའི་སྐབས་ སུ་པཎ་ཆེན་རིན་པོ་དཔལ་ལྡན་ཡེ་ཤེས་ཀྱིས་འདུ་ཁང་སྟེང་དུ་དངུལ་ སྲང་བདུན་བརྒྱ་ལས་བསྒྲུབས་པའི་གསེར་ཟངས་ཀྱི་རྒྱལ་མཚན་ཆེ་བ་ པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་ པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་ སའི་ཁྲི་ལ་ཕེབས་ཤིང་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ བཅས་ལ་ཚགས་འཛིན་ནན་ཏན་དུ་མཛད། པཎ་ཆེན་རིན་པོ་ཆེའི་ དགོངས་རྫོགས་ཀྱང་གང་རྒྱས་མཛད། རབ་བྱུང་བཅུ་གསུམ་པའི་ ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་འདུ་ཁང་ཆེན་མོའི་ནང་དུ་སྐུ་ [569] གདུང་ལྷ་བབས་མཆོད་རྟེན་བཞེངས། རབ་བྱུང་བཅུ་གསུམ་པའི་ཆུ་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཁལ་ཁའི་བླ་མ་ཨེར་ཏི་ནི་ཆོས་རྗེ་ཏཱ་ལེ་ ཧོ་ཐོག་ཐུ་ཀུན་དགའ་རིན་ཆེན་གྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ གཏོང་ཐེབས་དངུལ་སྲང་ཆིག་སྟོང་དང་སྲང་ལྔ་བཅུ་སྦྱོར་འཇགས་ མཛད། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དྲུག་པ་ དང། རྒྱུད་པ་མཁན་པོའི་ཁྲི་རབས་བཅུ་དྲུག་པ། སྐུ་འབུམ་དགོན་ གྱི་གདན་རབས་ཁྲི་ཆེན་སུམ་ཅུ་སོ་གསུམ་པ་ཡིན་ནོ།། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཙོང་ཁའི་ཆུ་བཟང་ལུང་པའམ་ཆུ་རུལ་ཁར་ཡབ་སྔགས་ འཆང་ཚེ་རིང་སྐྱབས་དང། ཡུམ་སྐྱིད་རིལ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མུ་རྒེ་དགོན་སུ་མུ་སྨོན་འཕེལ་གླིང་དུ་སྐུ་གཤེགས། དགུང་ལོ་ བཞི་པར་ཆེ་ཤོས་ངག་དབང་བསྟན་པའི་སྤྲུལ་སྐུར་ངོས་འཛིན་མཛད་ དགུང་ལོ་ལྔ་པར་འཇམ་བཞད་འཇིགས་མེད་དབང་པོར་མཇལ་ནས་ ཆོས་འབྲེལ་ཐོབ། དགུང་ལོ་དྲུག་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་ དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་བཤད་སྒྲུབ་ཉི་མ་ ཞེས་གསོལ། དགུང་ལོ་དགུ་པར་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་ ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་ མཚན་ལ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། དགུང་ ལོ་བཅུ་བཞི་བར་སྐུ་འབུམ་གྱི་མཚན་ཉིད་གྲྭ་ཚང་གི་ཆོས་གྲྭར་ཞུགས་ [570] དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ནས་སེ་ར་སྨད་གྲྭ་ཚང་གི་ཆོས་ གྲྭར་ཞུགས། དགུང་ལོ་ཉེར་གཅིག་པར་པཎ་ཆེན་བློ་བཟང་དཔལ་ ལྡན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། དེ་ནས་གླིང་ བསྲེའི་དམ་བཅའ་ཐེངས་མང་མཛད་པས་མཁས་མང་དགྱེས་པའི་ མཆོད་སྤྲིན་དུ་གྱུར་ཏེ། སྡེ་བ་གཞུང་ནས་བསྟན་པའི་གསལ་བྱེད་མེ་ རྒན་ཨེར་རྡེ་ནེ་མཁན་པོ་ཞེས་པའི་མཚན་སྙན་བསྩལ། དགུང་ལོ་ཉེར་ གཉིས་པར་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུང་ལོ་ཉེར་གསུམ་ པ་ནས་ལོ་བཞིའི་རིང་དུ་རྒྱུད་པ་བླ་མ་མགོན་ཀྱཱ་སྤྲུལ་སྐུའི་མདུན་ནས་ སྔགས་ཕྱོགས་རྒྱུད་སྡེ་རྣམས་ལ་གསན་སྦྱོང་མཛད། དགུང་ལོ་སུམ་ཅུ་ པར་སྐུ་འབུམ་བྱམས་པ་གླིང་གི་གདན་ཁྲིར་ཕེབས། དུས་འཁོར་གྲྭ་ ཚང་གསར་འཛུགས་དང། འདུ་ཁང་གསར་བཞེངས་མཛད། དགུང་ ལོ་སོ་ལྔ་པར་པེ་ཅིན་དུ་ཕེབས་ནས་ལྕང་སྐྱ་རིན་པོ་ཆེ་དང་མཇལ། དེ་ ནས་སོག་ཡུལ་དུ་ཕེབས་ཏེ་ཧོ་ཤོའི་དགོན་དུ་ལོ་ངོ་བརྒྱད་དུ་བཞུགས་ དགུང་ལོ་ཞེ་གསུམ་པར་རང་ཡུལ་དུ་ཆིབས་བསྒྱུར་མཛད། དགུང་ལོ་ རེ་གཉིས་པར་ཆུ་བཟང་རིན་པོ་ཆེས་ནན་ཞུས་ལྟར་བྱ་ཁྱུང་དགོན་པའི་ ཁྲི་ཆེན་དུ་ཕེབས། དགུང་ལོ་རེ་བཞི་པར་ཁྲི་པ་དགོངས་པ་ཞུས་ཏེ་ མཁན་པོ་སྐལ་བཟང་ནོར་བུ་ཁྲི་པར་བསྐོས། དགུང་ལོ་དོན་གཉིས་ པར་ཨ་བྷ་ཀ་ཝང་གིས་ནན་གྱིས་གདན་ཞུས་མཛད་པར་བརྟེན་སོག་ ཡུལ་དུ་ལན་རྟིང་མར་ཞབས་ཀྱིས་བཅགས། སྔ་ཕྱིར་སོག་པོའི་ཡུལ་ དུ་ལན་བདུན་བྱོན། དེ་གའི་དགོན་སྡེ་ཆེ་ཕྲ་ཡོངས་ལ་ཞབས་ཀྱིས་ བཅགས། བླ་དཔོན་མང་པོར་དབང་ལུང་བཤད་ཁྲིད་སོགས་ཆོས་ཀྱི་ [571] སྦྱིན་པ་རྒྱ་ཆེར་བསྩལ། ལོ་སོ་ལྔའི་རིང་དུ་སོགས་ཡུལ་ལ་དམ་ཆོས་སྤེལ་ ཞིང་སྐུ་ཚེ་ཐ་མའི་ཆ་དེའང་སོག་པོའི་དད་ལྡན་རྣམས་ལ་ཕུལ་བ་ མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཐུའུ་བཀྭན་མཆོག་སྤྲུལ་བློ་ བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོ། ཨ་ཀྱཱ་ཡོངས་འཛིན་དབྱངས་ ཅན་དགའ་བའི་བློ་གྲོས། མགར་ཐར་ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་ རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཆོ་ག་གསོལ་འདེབས་ བཅའ་ཡིག་བསངས་མཆོད། བསྟོད་ཚིག་བཅས་ཆོས་ཚད་དྲུག་ཅུ་རེ་ གསུམ་ཡོད་པ་རྣམས་པོ་ཏི་གཉིས་སུ་བསྡུས་ཏེ་པར་ཤིང་དུ་བརྐོས་སོ།། ཆེ་ཤོས་དཔལ་ལྡན་རྒྱ་མཚོ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ ཡུལ་ནི་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ཆེ་ཤོས་སྡེ་བ་ཡིན། ཁོང་རབ་ བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་ གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ལྔར་གདན་ས་བསྐྱངས། དེའི་རིང་ དུ་རབ་བྱུང་བཅུ་གཅིག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཟི་ན་ ཆོས་རྗེ་ལེགས་པ་རྒྱ་མཚོས་རྒྱུད་པ་གྲྭ་ཚང་དཔལ་ལྡན་གསང་སྔགས་ བདེ་ཆེན་གླིང་གསར་དུ་བཙུགས། རབ་བྱུང་བཅུ་གཅིག་པའི་ལྕགས་ ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཨོས་རོད་ཀྱི་དཔོན་པོ་ཚེ་དབང་བསྟན་ འཛིན་གྱིས་སྐུ་འབུམ་གདན་སའི་ཁྲི་ཆེན་རིམ་བྱོན་བཞུགས་རྒྱུའི་ གཟིམས་ཁང་ལྷས་སྐོར་དང་བཅས་པ་རྒྱ་འཕུག་ལུགས་ལྟར་གསར་ བཞེངས་མཛད་པ་ལ་བླ་བྲང་ཆེན་མོ་བཀྲ་ཤིས་ཁང་གསར་ཞེས་གསོལ་ རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ [572] དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་འབུམ་དུ་ཞབས་སྐྱེས་རྣམ་ པར་བཀོད་དེ་བླ་བྲང་ཆེན་མོར་བཞུགས་གདན་འཇགས། རྒྱལ་དབང་ གསུམ་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲིའི་སྟེང་ནས་ཁྲོམ་ཚོགས་ལ་ ལམ་རིམ་ཆེན་མོའི་ཆོས་ཐུན་གཅིག་གནང་བ་སོགས་ཆོས་སྲིད་ཀྱི་ གཟིགས་བསྐྱངས་རྒྱ་ཆེར་མཛད། གསལ། ཁོང་ནི་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ཆེན་བརྒྱད་པ་ཡིན་ནོ།། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་སྔགས་འཆང་དབང་རྒྱལ་དང་ ཡུམ་ཀ་ཏོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་ དབོན་ཆུང་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་དང། ཐར་ཤུལ་རིན་ པོ་ཆེའི་ཕྱག་མཛོད་ཟླ་གྲགས་སོགས་ཀྱིས་ཆེ་ཤོས་གོང་མའི་སྤྲུལ་སྐུར་ ངོས་འཛིན་མཛད། ལོ་དེར་ཨ་རིག་དགེ་བཤེས་སྨོན་ལམ་བཟང་པོ་ རིན་ཆེན་གྱི་མདུན་ནས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་ བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བདུན་པར་དཀའ་ ཆེན་བྱང་ཆུབ་རིན་ཆེན་གྱི་མདུན་ནས་རབ་བྱུང་བསྒྲུབས་ཤིང་མཚན་ ལ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུང་ལོ་ བརྒྱད་པར་གདན་སར་ཧོར་དམག་འདུལ་ནས་ཉམས་ཆག་བྱུང་སྟེ་ཉེན་ བྱོལ་མཛད། དགུང་ལོ་དགུ་པར་སོག་ཡུལ་དུ་ཕེབས་ཏེ་མཆོད་ཡོན་ [573] རྣམ་གཉིས་ཞལ་འཛོམས་མཛད། དགུང་ལོ་བཅུ་གཅིག་པར་ཆ་ཧ་ ནས་ཐུའུ་བཀྭན་རིན་པོ་ཆེ་དང་མཇལ་ཏེ་རི་བོ་རྩེ་ལྔར་ཕེབས། དགུང་ ལོ་བཅུ་གཉིས་པར་རི་བོ་རྟེ་ལྔ་ནས་ཁྲང་ཨན། ཟི་ཁྲོན་ཁྲེན་ཏུའུ་ དར་རྩེ་མདོ། ཉག་ཆུ། ལི་ཐང་བཅས་བརྒྱུད་ནས་དབུས་སུ་འབྱོར་ རྒྱལ་བ་འཕྲིན་ལས་རྒྱ་མཚོ་དང་མཇལ་ནས་དངུལ་དངོས་ཀྱི་འབུལ་བ་ རྒྱ་ཆེར་ཕུལ། ཡོངས་འཛིན་ཕུར་ལྕོག་བྱམས་པ་ལས་དགེ་ཚུལ་གྱི་སྡོམ་ པ་བླངས། དེ་ནས་སྙེ་ཐང། བྱང་རྩེ་བརྒྱུད་དེ་བཀྲ་ཤིས་ལྷུན་པོར་ ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་ཆོས་འབྲེལ་ཡང་ཞུས་ སྡེ་བ་གཞུང་གིས་ཁོང་ལ་པཱེ་ལེག་ཐུ་ནོམ་ཆི་མཁན་པོའི་མཚན་སྙན་ དང། མཁན་ཆས། བཀའ་ཐམ། རྟེན་ཆས་ཆ་ཚང་གནང། དེ་ ནས་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུང་ལོ་བཅོ་ལྔ་པར་སྨན་ རམས་པ་བློ་བཟང་ཉི་མ་ཡོངས་འཛིན་དུ་བསྟེན་ནས་ཚད་མ་སྦྱོང་བའི་ དབུ་བཙུགས། དགུང་ལོ་བཅུ་དྲུག་པར་རྒྱ་ཡག་ཚང་དང་ལྷན་དུ་གླིང་ བསྲེལ་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་ཉེར་གསུམ་པར་དུས་ འཁོར་གྲྭ་ཚང་གི་སློབ་དཔོན་དང། དགུང་ལོ་ཉེར་བཞི་པར་རྒྱུད་པ་ མཁན་པོའི་ཁྲིར་བཞུགས། དགུང་ལོ་ཉེར་བརྒྱད་པར་སྐུ་འབུམ་བྱམས་ པ་གླིང་གི་ཁྲི་ཆེན་ལ་ཕེབས། ཆོས་འཆད་ཉན་དང། སྒྲིག་ལམ་ ཀུན་སྤྱོད་སོགས་ལ་དག་ཐེག་མཛད། ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་ བྱམས་པ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། ཚད་ལྡན་ དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་ཙམ་ལ་བསྟེན་མདོ་སྔགས་རིག་ གནས་ཀྱི་གཞུང་ལུགས་མང་པོར་ཐོས་བསམ་རྒྱ་ཆེན་མཛད། སྔ་ཕྱིར་ [574] དབུས་གཙང་དང་ཆེན་པོ་ཧོར་གྱི་ཡུལ་གླུ། རྒྱ་ནག་རི་བོ་རྩེ་ལྔ་སོགས་ སུ་ལན་དུ་མར་ཞབས་ཀྱིས་བཅགས་ཏེ། བོད་སོག་རྒྱ་གསུམ་གྱི་གདུལ་ བྱ་མང་པོར་དམ་པའི་ཆོས་ཀྱི་གྲུ་ཆར་འབེབས། ཁོང་ནི་སྐུ་འབུམ་ བྱམས་པ་གླིང་གི་གདན་རབས་ཁྲི་ཆེན་དོན་གཅིག་པ་ཡིན། ཁོང་གི་ གསུང་རྩོམ་ནི་ཐོབ་ཡིག་དང། དྲིས་ལན། བཅའ་ཡིག་གསོ་རིག་ བཅས་པོ་ཏི་ལྔར་བཞུགས་སོ།། ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རབ་བྱུང་ བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དུས་འཁོར་ གྲྭ་ཚང་གི་དཔོན་སློབ་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་གྱི་བྱ་བ་ལ་དོ་དམ་གང་ལེགས་ གནང། རབ་བྱུང་བཅུ་བཞི་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་ དུ་འཆད་ཉན་བསྐྱངས། རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ་དགོན་པ་ཡོངས་ཀྱི་ མཛད་སྒོ་ཐམས་ཅད་ལ་དོ་དམ་གང་ལེགས་གནང། རྗེ་ཡབ་སྲས་ གསུམ་གྱི་གསུང་འབུམ་གྱི་དཔར་ཡིག་ལ་ཞུས་དག་གི་འགན་ཁུར་ མཐར་ཕྱིན་པར་མཛད། ཁོང་གིས་ཐུགས་འགན་བཞེས་ཏེ་བྱང་གི་ མཆོད་རྟེན་སྒོ་བཞི་གསར་གསོས་ལེགས་པར་མཛད་དོ། ཁོང་ནི་སྐུ་ འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་གསུམ་པ་དང། སྨན་པ་ [575] དཔོན་སློབ་ཀྱི་ཁྲི་རབས་ཉེར་དྲུག་པ། སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་ལྔ་བཅུ་ང་གཅིག་པ་བཅས་ཡིན་ནོ།། ཆེར་རྗེ་ཞིག་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ མངའ་རིས་མང་མཁར་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཡིག་རྩིས་ལ་སྦྱངས་པ་དང། ཁྱད་པར་དུ་གསོ་བ་རིག་པ་ལ་ཐོས་ བསམ་དཔྱིས་ཕྱིན་པ་མཛད་ནས་འགྲོ་བ་མང་པོའི་ནད་ཀྱི་སྡུག་བསྔལ་ བསལ་ཞིང་གསོ་རིག་གི་འཆད་ཉན་སྤེལ་ཏེ་སློབ་མ་མང་པོ་གསོ་སྐྱོང་ མཛད། གོང་སྨད་དཀོན་མཆོག་འཕན་དར་གྱིས་མཛད་པའི་ རིག་དགོས་འདོད་ཀུན་འབྱུང། དང། ཐིགས་ཆུང་གསལ་སྒྲོན་ལ་སོགས་ཆེར་རྗེའི་ལུགས། གསུངས་སོ། ཁོང་གི་མཚན་གཞན་ལ་ཐུགས་རྗེ་ཁྲི་འོད་ཅེས་ཞུའོ་ ཁོང་ནི་བོད་སྨན་མཁས་པ་མི་དགུའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་བདེ་བ་དཔལ་དང། ཡོན་ཏན་རྒྱ་མཚོ་ གཙང་སྟོད་དང་མ་མགོན་པོ་གསུམ་ཡིན། གསུང་རྩོམ་ནི་ ཁོག་འབུགས་རྒྱལ་མཚན་རྩེར་འབར། འབྱེད་པའི་ལྡེའུ་མིག། འཁོར་ལོ་ རྒྱས་བསྡུས་གཉིས། ། ཆོས་ཀྱི་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ [576] འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ལོ་ཆེན་བྱང་ཆུབ་རྩེ་མོ་ ་ སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་གནས་ལྔ་རིག་ པའི་བདག་པོར་གྱུར། སྐད་གཉིས་སྨྲ་བ་ལ་ཡང་ཤིན་ཏུ་མཁས་པས་ བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ མཐའ་རིན་ཆེན་འབྱུང་གནས། ཟླ་བས་མཛད་པ་བཞུགས་སོ།། ཆོས་ཀྱི་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ ཤིང་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་རྒྱ་གཞུང་དང་ལེགས་ སྦྱར་གྱི་ཡི་གེ་བཅས་ལ་སློབ་གཉེར་ཕུལ་དུ་བྱུང་བ་མཛད་ནས་བསྟན་ བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྲེལ་བ་གྲུ་གཟིངས། ཀ་སྟོང་ཕྲག་བརྒྱད་པ། འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་པདྨ་རཱ་གའི་གཏེར། [577] བཞི་བཅུ་རྩ་བརྒྱུད་པ་བསྒྱུར་པའི་བསྟོད་པ། སྒྲུབ་ཐབས། གྲུབ་པ་ངག་གི་འོད་ཟེར། བཅས་བཞུགས་སོ།། ཆོས་ཀྱི་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་མཛད། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་བསྟན་ བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་ཆེན་མོ་རལ་བ་གྱེན་བརྫེས་ཀྱི་ རྒྱུད་རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། འགྱུར། ལའི་སྒྲུབ་ཐབས། པའི་མན་ངག། ཞལ་གདམས།། [578] ཆོས་སྐྱོང་ལྡེ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་འཕྲུག་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱའི་སྒྲོ་སྤངས་སུ་ཡབ་ལྷ་རིན་ཆེན་བཟང་པོ་དང། ཡུམ་མ་ ཅིག་ལྷ་མོ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དེ་ནས་ཁུ་བོ་ཁྲི་ལྡེ་ འབུམ་གྱིས་ཁོང་ཉིད་ས་སྐྱ་ནས་གུང་ཐང་དུ་གདན་དྲངས་ཏེ་མང་ཡུལ་ གུང་ཐང་གི་ཆབ་སྲིད་བསྐྱངས་སུ་བཅུག་པ་དང། འཛངས་ཀྱི་གོ་ཆེ་ ཚངས་པ་དང། ལྷ་རིགས་གོ་ཆེ་ཚངས་པ། གཉན་རྒྱུད་གོ་ཆེ་ཚངས་ པ་གསུམ་གྱིས་གཞོགས་འདེགས་མཛད་ཅིང་མང་ཡུལ་གུང་ཐང་གི་ མངའ་ཐང་དར་ཞིང་རྒྱས་པར་མཛད། ཁོང་གིས་ས་སྐྱ་ནས་བདག་ ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་མོ་ཀུན་དགའ་འབུམ་ཁབ་ཏུ་ བསུས་ཏེ་རིགས་སྲས་ཁྲི་བཀྲ་ཤིས་ལྡེ་སྐུ་འཁྲུངས་ཤིང། ས་སྐྱ་པ་དང་ གཉེས་ཚན་བསྒྲིགས་ནས་མང་ཡུལ་གུང་ཐང་གི་ཆབ་སྲིད་དར་བར་ མཛད་དེ། དགུང་ལོ་བདུན་ཅུ་དོན་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་བཅུ་ གཉིས་པ་ཡིན་ནོ།། ཆོས་འཁོར་འཇམ་དཔལ་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་ གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་ བཅས་པར་ཐོས་བསམ་རྨད་དུ་བྱུང་བར་མཛད་ཅིང། དེ་ནས་བལ་ཡུལ་ [579] དང། འབྲས་ལྗོངས། རྒྱ་གར་སོགས་སུ་ཕེབས་ཤིང་ལེགས་སྦྱར་གྱི་ སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ནས་བསྟན་བཅོས་མང་པོ་ ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། མའི་དགོངས་པའི་གསང་བ་སྦྱིན་སྲེག་གི་ཆོ་ག། མའི་བསད་པ་ལས་ཀྱི་མན་ངག། པའི་མཆོད་པ། གྱིས་བརླབས་པ། ཐབས། ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས། པོ་མཆོད་པའི་ཆོ་ག། འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས།། ཆོས་སྒོ་བ་ཆོས་དཔལ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་ གཙང་དུ་སྐུ་འཁྲུངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་ པོ་ཞིག་ཡིན། ཁོང་གུང་ལོ་གཞོན་ནུའི་དུས་ནས་ཐར་པ་གླིང་དུ་ བྱོན་ཏེ་མཁན་ཆེན་ཤེས་རབ་འོད་ཟེར་ལས་རབ་ཏུ་བྱུང་ཞིང་བསྙེན་ པར་རྫོགས། མཁན་ཆེན་ཤེས་རབ་རྡོ་རྗེ་ལ་སོགས་པའི་བླ་མ་མང་ [580] པོར་བསྟེན་ནས་དམ་ཆོས་ཀྱི་བཀའ་ལུང་རྒྱས་པར་གསན། ཆོས་རྗེ་ འབའ་ར་བ་ལས་རི་ཆོས་དང་ཕྱག་ཆེན་ལ་སོགས་གསན་པས་མནལ་ གྱིས་མི་སྒྲིབ་པའི་འོད་གསལ་འཁྲུངས། ཕག་མོ་ཞལ་གཉིས་མའི་ བསྙེན་སྒྲུབ་མཛད་པས་ཕྱག་མཆོད་ཀྱི་ཆང་མ་ཞིམ་པ་དྲི་རོ་ཁྱད་པར་དུ་ གྱུར་པ་ལ་སོགས་བྱུང། གཤེད་དམར་ལ་སོགས་པའི་ཐུགས་དམ་དུ་ མའི་བསྙེན་སྒྲུབ་འཐེམས་པར་མཛད། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ ལས་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་དང་ གཅོད་ཡུལ་སོགས་གསན་ནས་ཐུགས་ཉམས་སུ་ཡང་བཞེས། དུས་ཕྱིས་ སུ་ཐེལ་གྱི་ཆོས་སྒོ་ལ་ཞུགས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ ངང་རྐྱལ་གྱི་གཙུག་ལག་ཁང་དུ་ཕེབས་ནས་ཆོས་འདི་དག་གིས་ཆོས་ཀྱི་ འཁོར་ལོ་རྒྱ་ཆེན་བསྐོར་བའི་ཚེ་རྟོགས་པས་སྲིད་པ་གསུམ་པོ་ཟིལ་གྱིས་ གནོན་པ་དང། བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་ འདུ་བ། མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་ངོ་ མཚར་བའི་རྣམ་ཐར་ཤིན་ཏུ་མང་ངོ།། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས་ཤིང་གདུང་རུས་གནུབས་ཡིན། རབ་བྱུང་ལྔ་པའི་ཆུ་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་ དུས་སུ་གཅུང་རྡོ་རྗེ་གྲགས་པ་ལས་རབ་བྱུང་བསྒྲུབས། ཐོག་ཁ་པ་རིན་ ཆེན་སེང་གེ་ལས་བཀའ་བརྒྱུད་གོང་མའི་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་པ་མཛད། མཁས་གྲུབ་གཉིས་ལྡན་གྱི་བླ་མ་ [581] ཆེན་པོ་ཡིན། དགུང་ལོ་རེ་གཉིས་པར་འབྲི་གུང་བྱང་ཆུབ་གླིང་གི་ གདན་སར་ཕེབས་ཏེ་ཆོས་སྲིད་གཉིས་ཀྱི་ཐུགས་འགང་བཞེས་ཀྱང་ དགུང་ལོ་རེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱ་པས་འབྲི་གུང་ལ་ད་མག་དྲངས་ཏེ་འབྲི་གུང་བ་ལ་ཕམ་ཉེས་ ཚབས་ཆེན་བྱུང་བས་ཡོངས་གྲགས་སུ་འབྲི་གུང་གླིང་ལོག་ཅེས་བྱའི་ དེ་ནས་ཀོང་པོ་ཕྱོགས་སུ་ནང་རྟེན་རྩ་ཆེན་རྣམས་བཟུང་ནས་བྲོས་བྱོ་ དུ་ཕེབས། དེ་ལྟར་བྲི་གུང་གི་གདན་ས་ལོ་ལྔའི་རིང་དུ་བསྐྱངས་མཐར་ དགུང་ལོ་དོན་གཅིག་པར་ཀོང་དུ་དགོངས་པ་རྫོགས། ཁོང་གི་མཚན་ གཞན་ལ་ཇོ་སྣུབས་རྡོ་རྗེ་ཡེ་ཤེས་ཞེས་ཞུའོ། ཁོང་ནི་འབྲི་གུང་བྱང་ ཆུབ་གླིང་གི་གདན་སའི་མཁན་རབས་བདུན་པ་ཡིན་ནོ།། ཆོས་རྗེ་ཀུན་དགའ་དཔལ་འབྱོར།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་འཁྲུལ་ཞིག་ནམ་མཁའ་རྣལ་འབྱོར་ལ་སོགས་ པའི་བླ་མ་མང་དུ་བསྟེན་ནས་འདུལ་བ་དང། མཛོད་འགྲེལ། རྫོགས་ ཆེན་ཆོས་སྐོར། ཨ་ཏི་ཡོ་ག་མ་ཧཱ་མཱ་ཡ། གསང་འདུས་སྦྱོར་དྲུག་ ལམ་འབྲས། བདེ་མཆོག་སྙན་བརྗོད། བཀའ་བརྒྱུད་སྙན་བརྒྱུད་ལ་ སོགས་པར་གསན་སྦྱངས་མཛད། ར་ལུང་དགོན་པའི་གདན་ས་བསྐྱངས། དུས་ཕྱིས་སུ་སྐམ་པོའི་གདན་ས་ཡང་མཛད། སྦ་གྲོ་དང་ གཙང། དབུས། དྭགས་པོ། ཀོང་པོ། གཉལ། ལོ་རོ། ལྷོ་ མོན་ལ་སོགས་པ་རྣམས་སུ་གདུལ་བྱ་ཤིན་ཏུ་རྒྱས། ཆོས་རྗེ་སྒམ་པོ་ [582] པའི་གདན་སར་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་སྐོར། སླར་སྒམ་པོ་པའི་ གདུང་བརྒྱུད་ལ་གདན་ས་གཏད་དེ་འགྲོ་དོན་བསྐྱངས། ཁོང་ནི་ར་ ལུང་དགོན་པའི་གདན་རབས་བཅུ་གཉིས་པ་ཡིན། དགུང་ལོ་བཞི་ བཅུ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། ཆོས་རྗེ་བཀྲ་ཤིས་དཔལ་བ་ཕྱི་མ།། ཁོང་ནི་སྟག་ལུང་བཀྲ་ཤིས་དཔལ་བ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ།། ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས།། ཁོང་ནི་སྟག་ལུང་བཀྲ་ཤིས་དཔལ་བརྩེགས་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ།། ཆོས་རྗེ་བཀྲ་ཤིས་དཔལ་འོད།། ཁོང་ནི་སྟག་ལུང་བཀྲ་ཤིས་དཔལ་འོད་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ།། ཆོས་རྗེ་དགེ་འདུན་རྒྱལ་མཚན།། ཁོང་ནི་ལྷ་ས་བ་དགེ་འདུན་རྒྱལ་མཚན་དང་མི་གཅིག་ཡིན་ བས་དེ་ལ་གཟིགས་པར་ཞུའོ།། ཆོས་རྗེ་ངག་དབང་གྲགས་པ་དཔལ་བཟང་པོ།། ཁོང་ནི་སྟག་ལུང་ངག་དབང་གྲགས་པ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ།། ཆོས་རྗེ་ངག་དབང་བློ་བཟང་དོན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྐུ་ [583] འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་དགེ་བསྙེན་དང། རབ་བྱུང། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཏེ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་ པར་མཛད། ཐོག་མར་ཡི་གེའི་སྦྱོར་ཀློག་ནས་བརྩམས་ཏེ་ཐ་སྙད་རིག་ གནས་དང། གཞུང་ཆེན་བཀའ་པོད་ལྔ། རྒྱུད་སྡེ་བཞི་བཅས་ལ་ རིམ་པ་བཞིན་དུ་ཐོས་བསམ་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོ་ནས་བཟུང་ལྗགས་རྩོམ་འབོར་ཆེན་གནང་ འདུག་ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་ སོ། །ཁོང་གི་གསུང་རྩོམ་ནི། མཚན་གྱི་རྣམ་ཐར་སྐལ་ལྡན་རེ་བ་སྐོང་བའི་དགའ་སྟོན། མ་མཆོད་པའི་ཆོ་གའི་རྣམ་གཞག་ཚིག་དོན་རབ་གསལ་ཟུང་འཇུག་ སྒྲུབ་པའི་མྱུར་ལམ། རྗེས་གནང་བྱེད་ཚུལ་དངོས་གྲུབ་འབྱུང་གནས། མཚོ་ནས་བཤད་པའི་ལྷ་ཚོགས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་ དང་བཅས་པའི་ཐོ་ཡིག་གི་དོན་འགྲེལ་འདོད་རྒུའི་ལྗོན་ཤིང་རིན་ཆེན་ སྙེ་མའི་ཁ་སྐོང་ཡང་གསལ་བློ་གྲོས་མིག་འབྱེད། བརྒྱ་བཅུ་མེད་བདུན་ལོངས་པའི་པོད་བརྒྱད་བཞུགས་སོ།། ཆོས་རྗེ་བཅོ་ལྔ་པ།། ཁོང་ནི་འབྲི་གུང་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།། ཆོས་རྗེ་ཆོས་ཀྱི་བཤེས་གཉེན།། [584] ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་མདར་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགའ་ལྡན་སློབ་དཔོན་ཆོས་ གྲགས་ལས་རབ་ཏུ་བྱུང། གཙང་དུ་པཎ་ཆེན་དགེ་འདུན་གྲུབ་ལས་ ཟབ་ཆོས་གསན་ཞིང་བསྟན་པའི་རྒྱལ་མཚན་འཛིན་པ་ཞེས་མཚན་གྱི་ མཇུག་ཏུ་བཏགས། དེ་ནས་དབུས་སུ་བྱོན་ཏེ་འབྲས་སྤུངས་སུ་སློབ་ དཔོན་ཡེ་ཤེས་བཟང་པོ་དང། འཇམ་དབྱངས་ལེགས་ཆོས་པ། དྲུང་ དཔལ་ལྡན་རྒྱལ་མཚན་རྣམས་ལས་མདོ་སྔགས་ཀྱི་གཞུང་རྣམས་ གསན། རྩེད་ཐང་དུ་པོ་ཏི་ཉི་ཤུ་རྩ་གྲངས་ཀྱི་གྲྭ་སྐོར་མཛད། རབ་ འབྱམས་པ་སྨོན་ལམ་དཔལ་སོགས་ལས་དབང་ལུང་ཞུས། རྒྱུད་གྲྭར་ ཞུགས་ནས་སློབ་གཉེར་དཔྱིས་ཕྱིན་པ་མཛད། སྟག་ལུང་ཆོས་རྗེ་ངག་ དབང་གྲགས་པ་ལས་སྒྲ་དང་སྙན་ངག་ལ་སྦྱངས། ཆོས་རྗེ་གནས་ བརྟན་པ་སོགས་ལས་བསྙེན་པར་རྫོགས། ཤག་སྐོར་གྲྭ་ཚང་དུ་འཆད་ ཉན་པ་མཛད། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་མེ་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་ གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་མཛད་ བུ་སློབ་ཆེ་བ་ལྷ་དབང་དཔལ་འབྱོར་སོགས་དྲུག་དང་རིགས་པར་སྨྲ་ བའི་ཁྱུ་མཆོག་མང་དུ་བྱོན། དགུང་ལོ་བདུན་ཅུ་ཐམ་པར་བདེ་བ་ ཅན་དུ་ཟུར་བཞུགས་མཛད། དགུང་ལོ་རྒྱ་བརྒྱད་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ ཁྲི་རབས་བཅུ་གསུམ་པ་ཡིན་ནོ།། [585] ཆོས་རྗེ་དོན་གྲུབ་རིན་ཆེན།། ཁོང་ནི་རབ་བྱུང་ལྔ་བའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཨ་ མདོའི་རེབ་གོང་ཤ་སྦྲང་དུ་ཡབ་ཡུམ་གྱི་རིགས་རུས་ཕུན་སུམ་ཚོགས་ པའི་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་བར་སྣང་ནས་ལྷའི་སིལ་སྙན་གྱི་སྒྲ་སྒྲོགས་ཤིང་མེ་ཏོག་ གི་ཆར་བབས། འདི་ནས་བྱང་ཕྱོགས་རྔ་སྒྲ་སྒྲོགས་པའི་ཞིང་དུ་འབྱོན་ ནོ་ཞེས་གཟུགས་མེད་ཀྱི་སྒྲ་མངོན་སུམ་དུ་བྱུང་བའི་ལྷས་ངོ་མཚར་བ་ དང་བཅས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། ཁོང་ནི་ཆོས་ ཀྱི་བག་ཆགས་མངོན་པར་སད་དེ་བསྟན་པའི་སྒོར་ཞུགས་ཤིང་རབ་ཏུ་ བྱུང་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་བྱོན། སྙེ་ཐང་བཀྲ་ཤིས་སེང་ གེའི་མདུན་ནས་ཕར་ཕྱིན་དང་བྱམས་ཆོས་སྡེ་ལྔར་མཁས་པར་ བསླབས། གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ནས་ལྡོང་སྟོན་རིགས་པའི་ སེང་གེའི་མདུན་ནས་ཚད་མ་རྣམ་ངེས་གསན། ཞྭ་ལུར་གྲྭ་སྐོར་དུ་བྱོན་ སྐབས་བུ་སྟོན་རིན་ཆེན་གྲུབ་དང་མཇལ་ནས་བགྲོ་གླེང་མཛད་པས་ ལེགས་པར་ཟིན་ཏེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་སྙན་ པའི་གྲགས་པ་ཆེས་ཆེར་རྒྱས། དེ་ནས་རོང་གི་བླ་མ་ཡེ་ཤེས་དཔལ་ བའི་སྐུ་མདུན་དུ་ཕེབས་ནས་གཤེད་སྐོར་སྤྱི་དང། ཁྱད་པར་འཇིགས་ བྱེད་ཀྱི་དབང་དང། རྒྱུད་འགྲེལ་བཤད་པ། མན་ངག་ཐམས་ཅད་ ལེགས་པར་གསན་ནས་ཐུགས་སུ་ཆུད། ཨ་མདོར་ཕེབས་ཏེ་ཤིང་ཀུན་ སྡེ་གསར་དགོན་གྱི་མཁན་པོ་མཛད། དེ་ནས་མི་རིང་བར་སྙེ་ཐང་བདེ་ བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་ [586] དབུས་སུ་ཕེབས། འོན་ཀྱང་དེ་དུས་གདན་ས་བ་བསྐོས་ཚར་བས་གདན་པའི་སྟབས་མ་འཕྲོད། མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་ གྲགས་པའི་མདུན་ནས་ཆོས་གསན་པའི་སྐབས་ཤིག་ལ། བླ་མའི་ཞལ་ ནས། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད་ཅེས་གསུངས་པ་ ལྟར་སླར་ཨ་མདོར་བྱོན། ཐོག་མར་ཤ་སྦྲང་དུ་དགོན་པ་བཏབ་ དཔོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས། ཁོང་ཉིད་བྱ་ཁྱུང་གི་ གནས་བཙལ་བར་བྱོན་ཏེ་དགུང་ལོ་ཞེ་གཅིག་པ་རབ་བྱུང་དྲུག་པའི་ས་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་རྨང་གཞི་གསར་དུ་ བཏིངས། མགོན་ཁང་ཆེན་མོ་དང། ལྷ་ཁང་ཆེན་མོའི་རྟེན་བརྟེན་ པ། སྣང་རའི་གསེར་ཁང་སོགས་བཞེངས་ཤིང་རབ་ཏུ་གནས་པས་ བྱིན་རླབས་ཀྱི་གཏེར་དུ་བསྒྲུབས། ཁོང་གི་སྐུ་ཚེའི་སྨད་དུ་འཆད་ མཉན་ཁོ་ནས་དུས་འདའ་བར་མཛད་པས་རྗེ་ཙོང་ཁ་བ་སོགས་མཁས་ གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང་ངོ། གསུང་རྩོམ་ནི་རྒྱུད་བླ་ མའི་ཊཱིཀྐ་འདི་ཉིད་ལས་དེང་སང་མཇལ་རྒྱུད་མེད་པས་ཤིན་ཏུ་ཕངས་ པའི་གནས་སོ།། ཆོས་རྗེ་བདེ་བ་ཅན་པ།། ཁོང་ནི་འོལ་དགའ་དགེ་ལེགས་དཔལ་བཟང་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ།། ཆོས་རྗེ་ནམ་མཁའ་དཔལ་བཟང་པོ།། ཁོང་རབ་བྱུང་དྲུག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་འཕན་ ཡུལ་དུ་ཡབ་ཡེ་ཤེས་རིན་ཆེན་དང། ཡུམ་ཕྱུག་མོ་དཔལ་ལེ་གཉིས་ཀྱི་ [587] སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་བདུན་པར་མཁན་པོ་བླ་མ་ནམ་མཁའ་ ལེགས་པ་དང། སློབ་དཔོན་དོན་ཡོད་པ་གཉིས་ལས་རབ་ཏུ་བྱུང། མཚན་ལ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། མཁན་ སློབ་གཉིས་ལས་ཆོས་ཁྲིད་དང་དབང་ལུང་ཞུས་པས། དགུང་ལོ་ བརྒྱད་པར་མངོན་ཤེས་འཁྲུངས། དགུང་ལོ་བཅུ་ཐམ་པར་བརྟག་ གཉིས་ཀྱི་ཊཱིཀ་མཆན་སོགས་ལ་བྱང་བར་མཛད། དགུང་ལོ་བཅུ་ གཅིག་པར་སྙིང་རྗེ་ཚད་མེད་དང། སྐྱོ་ཤས་དྲག་པོ་བཅས་ཟབ་མོའི་ གསུང་རབ་ལ་བསྟེན་ནས་གནས་ལུགས་ཟབ་མོའི་དོན་རྟོགས་ཤིང་འཆི་ བ་མི་རྟག་པ་རྣམས་བཅོས་མ་མིན་པ་འཁྲུངས། དགུང་ལོ་བཅོ་བརྒྱད་ པར་ཆོས་རྗེ་བླ་མ་དང། ལོ་ཆེན་བྱང་ཆུབ་རྩེ་མོ་རྣམ་གཉིས་ལས་དུས་ འཁོར་དང། སྤྱོད་འཇུག་ཐུབ་པའི་དགོངས་རྒྱན། སྐྱེས་རབས་ སོགས་ལ་ལེགས་པར་གསན། དགུང་ལོ་ཉེར་བདུན་པར་ཇོ་སྟོན་ མཁན་ཆེན་བཀྲ་ཤིས་ཚུལ་ཁྲིམས་དང། ལས་སློབ་ཚུལ་ཁྲིམས་བླ་མ་ སློབ་དཔོན་སྟོན་རྒྱལ་བ་རྣམས་ལས་ལྷ་སར་བསྙེན་པར་རྫོགས། དགུང་ ལོ་ཉེར་དགུའི་བར་དུ་དབྱར་ཆོས་དགུན་ཆོས་མ་ཆག་པར་དུས་འཁོར་ དང། བརྟག་གཉིས། སྤྱོད་འཇུག་ཐུབ་པའི་དགོངས་རྒྱན། སྐྱེས་ རབས། ལམ་འབྲས་སོགས་གསུངས། རབ་བྱུང་དྲུག་པའི་ལྕགས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས་ ལྷ་ཆེན་དང་རྣམ་རྒྱལ་མཆོད་རྟེན་སོགས་བཞེངས་པར་མཛད་ཅིང་སོག་ ཡུལ་ཡན་ཆད་དུ་ལན་བདུན་གྱི་བར་དུ་བྱོན་ནས་བསྟན་འགྲོའི་དོན་ [588] ཆེན་མཛད། ལོ་ངོ་བཅོ་ལྔའི་རིང་དུ་ཚོགས་པ་བསྐྱངས་ཏེ་གླིང་ཐམས་ ཅད་དར། དགེ་འདུན་གྱི་སྡེ་རྣམས་ཀྱང་འཕེལ་ཞིང་དར་རྒྱས་ཆེ་བར་ བྱུང། དགུང་ལོ་ཞེ་གསུམ་གྱི་བར་དུ་གདན་སར་བཞུགས་ཤིང་ དེ་ནས་གདན་ས་ལས་གནང་བ་ཞུས་ཏེ་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་ གདན་སར་མངའ་གསོལ་མཛད། ལོ་ངོ་བཞིའི་བར་བསྐྱེད་རིམ་བདེ་ མཆོག་དང་གཤེད་དམར། རྫོགས་རིམ་སྦྱོར་དྲུག་ལ་མཛད་ནས་སྐུ་ མཚམས་བཞུགས། དགུང་ལོ་ཞེ་བདུན་པར་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། ཁོང་ནི་སྟག་ལུང་དགོན་པའི་གདན་རབས་བརྒྱད་པ་ ཡིན། ཁོང་གི་གསུང་རྩོམ་ནི། མང་དུ་མཛད། ཁོང་གི་མཚན་གྱི་རྣམ་གྲངས་ནི་ཀུན་སྤངས་ནམ་ མཁའ་དཔལ་བཟང་པོ། སྤྲང་པོ། ཡོན་ཏན་རྒྱ་མཚོ། ཀུན་དགའ་ བོ། ནམ་མཁའ་རིན་ཆེན། ནམ་མཁའ་རྒྱལ་མཚན་དཔལ་བཟང་ པོ། སྟག་ལུང་ནམ་མཁའ་དཔལ་བཟང་བཅས་ཡོད།། ཆོས་རྗེ་བློ་བཟང་ཞི་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་ དུ་སྐུ་འཁྲུངས། ཁོང་གིས་ཛཱ་ཡ་བློ་ཟྦང་འཕྲིན་ལས་ ་ ་ སོགས་ལ་བསྙེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་ གསུང་རྩོམ་ནི། [589] བརྩེགས་བདུད་རྩིའི་ཆར་རྒྱུན། མའི་སྒྲུབ་ཐབས། ཐབས་ཤེལ་དཀར་མེ་ལོང། མཁོ། མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ལིང་ཀ་བསྒྲལ་ཆོག། པོད་གཅིག་བཞུགས་སོ།། ཆོས་རྗེ་བྱང་ཆུབ་རྒྱ་མཚོ།། ཁོང་ནི་སྟག་ལུང་ཞྭ་དམར་བྱང་ཆུབ་རྒྱ་མཚོ་དང་མི་གཅིག་ ཡིན་པས་དེར་གཟིགས་པར་ཞུའོ།། ཆོས་རྗེ་ཚེ་བརྟན་རྒྱ་མཚོ།། ཁོང་ནི་རྩེས་ཐང་ཚེ་བརྟན་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ།། ཆོས་རྗེ་རཏྣ་ཀ་ར།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གཡང་ཤོད་བོང་ར་སྟེངས་དུ་ཡབ་ཐུགས་རྗེ་སྐྱབས་དང། ཡུམ་གཟུངས་ ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། མཁན་ཆེན་བསོད་ནམས་ཡེ་ཤེས་ དང། སློབ་དཔོན་སངས་རྒྱས་བཟང་པོ་ལས་ཐང་སྐྱ་ལྷ་ཁང་དུ་རབ་ཏུ་ བྱུང་ཞིང་མཚན་ལ་རིན་ཆེན་འབྱུང་གནས་ཞེས་གསོལ། པཎ་ཆེན་ཤཱཀྱ་ ཤྲཱིའི་སྡོམ་བརྒྱུད་འཛིན་པ་མཁན་ཆེན་ཤེར་མགོན་པ་དང་སློབ་དཔོན་ [590] བཞེས། དེ་ནས་ས་སྐྱ་ལ་ཕེབས་ཏེ་བདག་ཉིད་ཆེན་པོ་དང། བླ་ཆེན་ ཀུན་དགའ་བློ་གྲོས། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། འཇམ་ དབྱངས་དོན་ཡོད་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་རྣམས་ལ་ བསྟེན་ནས་གསུང་རབ་རིན་པོ་ཆེ་ལ་སོགས་པ་དམ་ཆོས་མང་དུ་ གསན། དེ་ནས་ཇོ་མོ་ནང་དུ་བྱོན་ཏེ་བྱང་སེམས་རྒྱལ་བ་ཡེ་ཤེས་ལས་ སྦྱོར་དྲུག་གི་ཁྲིད་དང། སེམས་འགྲེལ་སྐོར་རྣམས་ཡོངས་སུ་རྫོགས་ པར་གསན་པས་ཏིང་ངེ་འཛིན་གྱི་རྟོགས་པ་འཁྲུངས། དེ་ནས་སྟག་ ལུང་དུ་བྱོན་ཏེ་རཏྣ་གུ་རུ་དང་མཇལ་ཞིང་བཀའ་བརྒྱུད་ཀྱི་ཆོས་སྐོར་མ་ ལུས་པ་གསན། གཞན་ཡང་ལམ་འབྲས་ལ་སོགས་མང་དུ་ཞིང་ཀ་དྲུག་ ཏུ་བཞུགས། དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་དྲུག་པའི་ས་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས་ ལྷ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་གཅིག་པ་དང། གསེར་འབུམ་མཐོ་ཉི་ཤུ་ ཡོད་པ་དང། བསྟན་འགྱུར་བཞེངས་པ་ལ་སོགས་བྱ་བ་རྒྱ་ཆེན་པོ་ རྣམས་མཛད། རྒྱུད་སྡེ་དང་སྡེ་སྣོད་ཀྱི་བཤད་གྲྭ་བཙུགས། ཆོས་དྲུག་ ལམ་འབྲས། སྦྱོར་དྲུག་ལ་སོགས་པའི་ཁྲིད་རྣམས་བཏབ། རང་ཉིད་ ཀྱང་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་དུ་མཛད་ཅིང། གཞན་ དག་ཀྱང་བླ་མ་གོང་མ་རྣམས་ཀྱི་བཅའ་ཁྲིམས་བཞིན་དུ་མཛད་སྤྱོད་ སྒྲུབ་ཏུ་བཅུག་དགུང་ལོ་དྲུག་ཅུ་རྩ་གཉིས་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་ནི་སྟག་ལུང་དགོན་པའི་གདན་རབས་ བདུན་པ་ཡིན། འདི་བ་ཡན་གྱི་གདན་རབས་རྣམས་ཁམས་ནས་ཕེབས་ [591] ། ཆོས་རྗེ་སངས་རྒྱས་དཔལ་བཟང་པོ།། ཁོང་ནི་རབ་བྱུང་བཞི་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཞང་སྐྱབས་དང། ཡུམ་ཆོས་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ལ་གཏུགས་ནས་ གསུང་རབ་ཀྱི་ཆོས་སྐོར་ལམ་འབྲས་དང་བཅས་པར་གསན་སྦྱོང་དཔྱིས་ ཕྱིན་པར་མཛད། ས་སྐྱ་སོགས་སུ་ཡུན་རིང་བཞུགས་ཏེ་མདོ་སྔགས་ རིག་གནས་དང་བཅས་པར་ཐོས་བསམ་མཛད་པས་མཁས་པའི་གྲགས་ པ་ཐོབ། དེ་ནས་སྟག་ལུང་དུ་ཕེབས་ཤིང་སློབ་དཔོན་མངྒལ་གུ་རུ་ལས་ བཀའ་བརྒྱུད་ཀྱི་གདམས་པ་ཐམས་ཅད་ལེགས་པར་ཞུས། སྒྲུབ་པ་ མཛད་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པར་མངའ་བརྙེས། སློབ་ དཔོན་མངྒལ་གུ་རུ་སྐུ་གཤེགས་ཁར་སྟག་ལུང་དགོན་སྡེའི་ཆེ་རྒུ་རྣམས་ འདུས་པའི་དབུས་སུ་ཁོང་ལ་ངས་ཇི་ལྟར་བསྐྱངས་པ་བཞིན་དུ་ཆོས་རྗེ་ སངས་རྒྱས་བཟང་པོས་གདན་ས་འདི་སྐྱོངས་གསུངས་བཞིན་ཞི་བར་ གཤེགས། དགུང་ལོ་ཞེ་གཅིག་པ་རབ་བྱུང་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། སྡེ་དགོན་ གཉིས་ཀྱི་བྱ་བ་ཐམས་ཅད་སྐུ་གོང་མ་རྣམས་ཀྱི་མཛད་སྤྱོད་བཞིན་དུ་ བསྐྱངས་ཏེ་ལོ་ངོ་བཅུ་གསུམ་རིང་དུ་གསན་སར་བཞུགས། རབ་བྱུང་ ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རཏྣ་གུ་རུ་གདན་སར་མངའ་ གསོལ་ནས་ཀུན་སྤངས་མཛད། དགུང་ལོ་ལྔ་བཅུ་རྩ་བཞི་པར་དགོངས་ [592] ཁོང་ནི་སྟག་ལུང་དགོན་པའི་གདན་ རབས་ལྔ་པ་ཡིན། ། ཆོས་རྗེ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་ཆོས་རྗེ་འཕགས་མཆོག་བསོད་ནམས་དཔལ་ གྱི་ཞབས་ལ་གཏུགས་ཏེ་གདམས་པ་མ་ལུས་པ་གསན་ནས་སྒོམ་སྒྲུབ་ མཛད་པས་རྟོགས་པ་བརྙེས། ཆོས་རྗེ་འཕགས་མཆོག་བསོད་ནམས་ དཔལ་སྐུ་གཤེགས་རྗེས་ཆོས་སྡིངས་རི་ཁྲོད་ཀྱི་གདན་སར་ཕེབས། ལོ་ ངོ་ཉི་ཤུ་རྩ་བཞིའི་རིང་དུ་གདན་ས་བསྐྱངས་ཤིང་བཤད་སྒྲུབ་ཀྱི་བསྟན་ པ་དར་བར་མཛད། ཁོང་ནི་ཆོས་སྡིངས་རི་ཁྲོད་ཀྱི་གདན་རབས་ གཉིས་པ་ཡིན། ། ཆོས་ཉིད་ཚུལ་ཁྲིམས།། ཁོང་ནི་དྷརྨ་ཏཱ་ཤཱི་ལ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མཇུག་ཙམ་སྟེ་སྤྱི་ལོ་་ལོ་ ཡན་མན་ལ་མདོ་སྨད་ཅོ་ནེའི་ཡུལ་གྱི་དཔོན་རིགས་ཤིག་གི་ཁྱིམ་དུ་སྐུ་ འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་གཞོན་དུས་སུ་ཞང་ལྷ་པ་ཆེན་པོའི་མདུན་ནས་ གསན་སྦྱོང་གི་དབུ་བཙུགས། དགུང་ལོ་བཅུ་གསུམ་པར་བླ་བྲང་བཀྲ་ [593] ལོ་ངོ་བཅུ་ཕྲག་གསུམ་ ཙམ་རིང་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད་ ཅོ་ནེའི་དབུ་བླ་མངའ་རིས་མཁས་སྤྲུལ་ནམ་མཁའ་རྒྱལ་མཚན་ལས་ སྙན་ངག་མེ་ལོང་གསན། འཇམ་བཞད་སྐུ་ཕྲེང་བཞི་བ་དང། ཐུའུ་ བཀྭན་མཆོག་སྤྲུལ་ལའང་ཆོས་འབྲེལ་འགའ་ཞུས། སོག་ཡུལ་གོ་དན་ གྱི་གདན་སར་ཕག་མོའི་གནས་ཁང་མཇལ་བར་ཕེབས། སྐུ་འབུམ་ བྱམས་པ་གླིང་དུ་མཇལ་སྐོར་སོགས་ཐེངས་གསུམ་ཙམ་ཞབས་ཀྱིས་ བཅགས། བཀྲ་ཤིས་འཁྱིལ་དུ་མདོ་སྔགས་ཀྱི་འཆད་ཉན་མང་དུ་ མཛད། མཁས་པའི་གྲགས་པ་མདོ་དབུས་ཁམས་གསུམ་དུ་ཁྱབ་ པཎ་ཆེན་རིན་པོ་ཆེ་ནས་བཀྲ་ཤིས་ལྷུན་པོར་འཆད་ཉན་ལ་ཕེབས་ དགོས་པའི་བཀའ་གནང་བར་བརྟེན། སྐུ་ཚེའི་སྨད་དུ་བཀྲ་ཤིས་ལྷུན་ པོར་བྱོན་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་སློབ་དཔོན་དུ་གྱུར་ སྐུ་ཚེའི་མཐའ་མར་རྒྱལ་བ་རིན་པོ་ཆེ་ཐུབ་བསྟན་རྒྱ་མཚོས་བཀའ་ འགྱུར་ཞུ་དག་མཛད་པོར་ཕེབས་དགོས་པའི་བཀའ་མངགས་ལྟར་ གཙང་ནས་དབུས་ལྷ་ལྡན་དུ་བྱོན། དགེ་བཤེས་ཤེས་རབ་རྒྱ་མཚོ་རྐྱེན་ དབང་གིས་མདོ་སྨད་དུ་ཕེབས་ནས་བཀའ་འགྱུར་ཞུ་དག་མཛད་འཕྲོ་ རུ་ལུས་པ་དེའི་རྒྱུན་བསྐྱངས་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ ཞབས་དྲུང་ངག་དབང་རྒྱ་མཚོ། བསྟན་འཛིན་འཕྲིན་ལས། ཀླུ་ འབུམ་ཤེས་རབ་རྒྱ་མཚོ། དགའ་རབ་རྗེ་དྲུང་བློ་བཟང་ཚུལ་ཁྲིམས་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཚད་མའི་སྐོར་དང། གཏམ་ ཚོགས། བསྟོད་ཚོགས། ཆབ་ཤོག་བཅས་པོ་ཏི་ཆུང་ངུ་གཅིག་ཏུ་ [594] བརྩམས་ཆོས་ཕལ་ཆེར་ཚིགས་བཅད་མང་ཞིང་སྒྲ་རྒྱན་ སྣ་ཚོགས་དང། ཀ་རྩོམ་སོགས་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ ཚོགས་པ་ཤ་སྟག་ཡིན་ནོ། ། ཆོས་དབྱིངས་དབང་ཕྱུག་ ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་གྲམ་གྱི་མདོར་ཡབ་ཕུར་པ་སྐྱབས་དང། ཡུམ་རྡོ་རྗེ་རྒྱན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་མྱང་ཡིན། འདས་ལོའི་ ལོ་ཚིགས་མི་གསལ། དགུང་ལོ་ཆུང་ངུའི་དུས་ནས་ཀརྨ་པ་སྐུ་ཕྲེང་ གསུམ་པ་རང་བྱུང་རྡོ་རྗེ་ལས་བྱིན་རླབས་ཞུས་ཤིང་མཚན་ལ་རྡོ་རྗེ་བཀྲ་ ཤིས་ཞེས་བཏགས། དགུང་ལོ་བདུན་བརྒྱད་ཙམ་དུ་ཡི་གེའི་འབྲི་ཀློག་ ལེགས་པར་མཁྱེན། དགུང་ལོ་བཅུ་གཉིས་པར་མཚལ་དུ་ཕེབས་ཏེ་ མཁན་ཆེན་དབང་ཕྱུག་ཤེས་རབ་དང། སློབ་དཔོན་བྱང་ཆུབ་དཔལ་ བཟང་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་དབང་ཕྱུག་རྡོ་རྗེ་ཞེས་ གསོལ། བླ་མ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོགས་ལས་ཆོས་མང་དུ་ གསན་པར་མཛད། དགུང་ལོ་བཅུ་བཞི་པར་བརྟག་གཉིས་དང་ བཻ་དམར་གསུངས། དགུང་ལོ་ཉེར་གཅིག་པར་བླ་མ་བསམ་གཏན་ དཔལ་བའི་ཞབས་ལ་གཏུགས་ཤིང་མཁན་པོ་སེང་གེ་དཔལ་བ་བཅས་ ལས་བསྙེན་པར་རྫོགས་ཏེ་མཚན་ལ་ཆོས་དབྱིངས་དབང་ཕྱུག་ཅེས་ གསོལ། གཞན་ཡང་གཡག་སྡེ་པན་ཆེན་སོགས་ལས་ཀྱང་ཆོས་མང་དུ་ གསན། མཚལ་དུ་མཁན་པོས་བཀའ་ནན་མཛད་པས་མཁར་དགོན་ གྱི་གདན་སར་ཕེབས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ [595] ལེགས་པར་ཞུས་ཤིང་རྟོགས་པ་རྒྱུད་ལ་འཁྲུངས། སྣང་སྲིད་ཐམས་ ཅད་བྲེ་ཁ་བཅད་པ་བཞིན་དུ་ཆོས་ཉིད་མཉམ་པ་ཉིད་དབྱིངས་རིག་ འདུ་འབྲལ་མེད་པའི་ངང་ནས་འཁོར་འདས་རྒྱུ་འབྲས་ཐམས་ཅད་ཀྱི་ མིག་ཕྱེད་འགག་ཁྲོལ། ཕུ་ཐག་ཆོད། རྨང་ཐོན། མཐིལ་ཁོགས་པ་ འདི་བླ་མ་སྣའུ་བྱ་བྲལ་བ་ཡིས་བཀའ་དྲིན་ཡིན་གསུངས། བླ་མ་འཁྲུལ་ ཞིག་པའི་ཞལ་བརྡ་ལ་བརྟེན་ཡིག་ཆའང་མང་དུ་མཛད། ཁོང་གིས་ སྤྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན་ཅིང་འཕྲིན་ལས་ཀྱང་ཤིན་ཏུ་རྒྱས་པར་ གྱུར་རོ། ཁོང་གི་སློབ་མ་མཆོག་ཏུ་གྱུར་བ་ནི་ཆོས་རྗེ་བློ་གྲོས་བཟང་པོ་ ཡིན། ། ཆོས་རྫོང་དཀོན་མཆོག་བསྟན་པའི་དཔལ་བཟང།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཙོས་འབྲོང་ལྕེར་ཡབ་སྙིང་གར་རྒྱལ་དང། ཡུམ་ལྷ་ མོ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་དྲུག་པར་གུང་ཐང་འཇམ་པའི་དབྱངས་དང་ཀུན་མཁྱེན་བློ་ བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་སྐུ་གོང་མའི་ ཡང་སྤྲུལ་དུ་ཐུགས་ཐག་བཅད་ཅིང་གདན་སར་བཀོད། ཡབ་རྗེ་དཧྭ་ ཛའི་ཞལ་སྔ་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ བླ་བྲང་གི་ཆོས་གྲྭར་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་ པར་ཐོས་བསམ་དཔྱིས་ཕྱིན་པར་མཛད། བཀའ་འགྱུར་བ་ཆེན་པོ་ དཀོན་མཆོག་དཔལ་འཛིན་ལས་བཀའ་འགྱུར་གྱི་ལྗགས་ལུང་གསན་ [596] རྫོགས། སྨད་ཕྱོགས་སུ་སྔ་ཕྱིར་ལན་གསུམ་བྱོན་ཏེ་གདུལ་བྱ་རྣམས་ཀྱི་ འདོད་མོས་བསྐངས། དགུང་ལོ་བཞི་བཅུ་ཐམ་པར་རྒྱུད་པའི་བླ་མ་ དབུ་མཛད་བཞུགས། དེ་ནས་དུས་འཁོར་གྲྭ་ཚང་དང། རྒྱུད་པ་ ཆོས་འཁོར་སྒར་གསར། ཚ་གན་པེ་ཤིང། མཛོད་དགེ་སྒར་རྙིང་ རྣམས་ཀྱི་ཁྲི་བ་མཛད། དགུང་ལོ་ང་དགུ་བ་རབ་བྱུང་བཅུ་བཞི་པའི་ ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ སའི་ཁྲི་ལ་ལོ་གཅིག་བཞུགས་ཏེ་འཆད་ཉན་དང་གཏོང་སྒོ་བཅས་ལ་དོ་ དམ་གང་ལེགས་གནང་ནས་དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚིམ་ པར་མཛད། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་ཞིང་དུས་ འདའ་བར་མཛད། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ ང་གཉིས་པ་ཡིན་ནོ། ། མཆིམས་རྒྱལ་གཟིགས་ཤུ་ཏིང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བོད་ ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོའི་དགུན་ཁར་རྟག་ཏག་གི་ཀོག་ ཅེས་པའི་ས་གནས་སུ་དགུན་གྱི་འདུན་ཚོགས་བསྐོངས་ཏེ་འབལ་ལྡོང་ ཙབ་དང་ལང་མྱེས་གཟིགས་སོགས་ཁྲིམས་ལ་སྦྱར་ནས་ཁྱིམ་གཞིས་རྒྱུ་ ནོར་དང་བཅས་པ་ཞིབ་རྩིས་བླངས། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་དམག་དྲངས་ཏེ་ ཐང་གོང་མ་ཏའེ་ཙུང་རེ་ཞིག་ཤེན་ཅུར་བྲོས་བྱོལ་ཕེབས་ཤིང་བོད་ [597] མཛད། དེ་ནས་མཁར་རྫོང་ཀེང་ཤི་ཕབ་སྟེ། རྒྱ་རྗེ་གྭང་བུ་གོང་མ་ བསྐོས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལེགས་པར་མཛད་པའི་ བྱ་དགར་གཡུའི་ཡི་གེ་ཆུང་ངུ་ནམ་ཡང་མི་འགྱུར་བ་བདག་རྐྱེན་དུ་ བསྩལ་ཏོ། །ཁོང་གི་མཚན་གཞན་ལ་ཞང་རྒྱལ་གཟིགས་ཞེས་ཞུའོ། ། མཆིམས་རྒྱལ་གཟིགས་ཤུད་ཏིང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞང་བློན་དང། རུ་ཆེན་ བཞི་ལས་གཡོ་རུ་སྨད་ཀྱི་རུ་དཔོན་ཡིན་ཞིང། རུ་རྟ་ནི་མོག་རོ་བུན་ བུན་མཚལ་བུ་རྟིང་དཀར་དང། རུ་དར་ནི་སེང་གེ་དམར་པོ་ཡིན་ནོ། ། མཆིམས་འཇམ་པའི་དབྱངས།། ཁོང་ནི་མཆིམས་ནམ་མཁའ་གྲགས་པ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མཆིམས་ནམ་མཁའ་གྲགས་པ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མྱང་སྟོད་སྨོན་འགྲོའི་ཁའུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་ པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་བརྒྱུད་དུ་སྐུ་འཁྲུངས། རབ་བྱུང་ ལྔ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་ གཞོན་དུས་སུ་རབ་ཏུ་བྱུང། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་ རྫོགས། དཔལ་ལྡན་གྲོ་དང། ཞང་སྟོན། མཆིམས་བློ་བརྟན་ མཉམ་མེད། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་བཞི་ལས་བཀའ་ [598] དགེ་བའི་བཤེས་ གཉེན་བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་བ་རྒྱལ་མཚན་ལས་བརྒྱུད་ པའི་ལྟ་བའི་མན་ངག་ལ་སོགས་པ་གསན་པས་བསྟན་པའི་བདག་པོར་ གྱུར། གཙུག་ལག་མ་ལུས་པ་ལ་ལེགས་པར་སྦྱང་པས་མཁྱེན་པའི་སྤྱན་ ཡངས་པར་གྱུར་ཏེ་ཆུ་མིག་ཆོས་འཁོར་གྱི་གྲལ་གཙོ་ཡང་མཛད་དེ་འགྲོ་ མགྲོན་ཆོས་རྒྱལ་འཕགས་པ་སོགས་གངས་ཅན་གྱི་ཆེ་རྒུ་ཐམས་ཅད་ ཀྱིས་མཆོད་ཅིང་བཀུར། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཡ་ གྱལ་ཞིག་དང་སངས་རྒྱས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས་ཤིང་ བསྟན་པའི་རྩ་ལག་ཆེན་པོ་དང་མཆིམས་ཐམས་ཅད་མཁྱེན་པ་ཞེས་ མཁས་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པར་བྱས། བྱམས་ མགོན་གསུངས་བྱོན་མ་ཡང་ཁོང་གི་སྐུ་རིང་ལ་ཕེབས། ལོ་ངོ་སོ་དྲུག་ གི་བར་དུ་སྣར་ཐང་གི་གདན་ས་བསྐྱངས། ཁོང་གི་གདུང་རྟེན་ནི་ལྔ་ པ་གཡུ་རྩི་ཅན་དེ་ཡིན། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ རབས་བདུན་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྐྱེལ་ནག་བྲག་ སེང་དང། རྒྱང་རོ་པཎ་ཆེན། བཅོམ་ལྡན་རིག་པའི་རལ་གྲི་བཅས་ ཡིན། ཁོང་གི་གསུང་རྩོམ་ནི་ དང། ། མཆིམས་བློ་བཟང་གྲགས་པ།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ མྱང་སྟོད་སྨོན་འགྲོའི་ཁའུ་མཆིམས་ཀྱི་རིགས་སུ་སྐུ་འཁྲུངས། རབ་ བྱུང་དྲུག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ [599] མཁན་ ཆེན་གྲགས་པ་ཤེས་རབ། རྒྱང་རོ་བྱང་འབུམ་སོགས་སློབ་དཔོན་ དུ་བསྟེན་ནས་བཀའ་གདམས་པའི་གདམས་ངག་མ་ལུས་པ་ཐུགས་སུ་ ཆུད་པར་མཛད། རབ་བྱུང་དྲུག་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོ་ནས་བཟུང་ལོ་ངོ་སོ་དགུའི་བར་དུ་སྣར་ཐང་གི་གདན་ས་བསྐྱངས་ ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བཀའ་གདམས་བསྟན་པའི་བྱ་ བ་རྒྱ་ཆེན་པོ་མཛད། མདོ་སྨད་དུ་རྗེ་ཙོང་ཁ་པ་འཁྲུངས་པར་ཡང་ ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ལུང་བསྟན་པ་དང། ངའི་མིང་འདི་ ཁྱེའུ་དེ་ལ་ཐོགས་ཤིག་ཅེས་བཀའ་བསྩལ་ཏོ། གཞན་ཡང་ཆོས་སྡེར་ཤ་ ཁྲིམས་དང། ཕམ་པ་མི་བསྟེན་པ་ལ་སོགས་པའི་ཁྲིམས་དམ་པར་ མཛད། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་དོ་ ཁོང་གི་གདུང་རྟེན་ནི་བཀྲ་ཤིས་སྒོ་མང་ཆེན་པོ་དེ་ཡིན། ཁོང་ནི་ དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གཉིས་པ་ཡིན། ། མཆིམས་མང་གཉེར།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ་གཙོ་བོ་ཡིན་ནོ། ། མཆིམས་མེ་ལྷ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། མཁན་པོ་ ཞི་བ་འཚོ་མང་ཡུལ་ནས་ར་སའི་གཙུག་ལག་ཁང་དུ་གདན་དྲངས་རྗེས་ ཁོང་གིས་མཁན་པོའི་ཆོས་ལ་ཆོས་ལོག་ཡིན་མིན་བརྟག་དཔྱད་མཛད་ [600] མཁན་པོས་གཞི་ནས་དགེ་བ་བཅུ་དང། ཁྲིམས་བཅོ་བརྒྱད། རྟེན་ འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་རྣམས་རིམ་གྱིས་གསུངས་སོ། ། དེ་ནས་ཁོང་རྒྱ་གར་དུ་བྱོན་ཏེ་བྲྀ་ཀ་མ་ཤི་ལའི་གཙུག་ལག་ཁང་ནས་ གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་བོད་ཡུལ་ དབུས་སུ་གདན་དྲངས་སོ།། མཆིམས་རྒྱལ་བཟའ་ལེགས་མོ་བཙན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ ཡོན་གྱི་བཙུན་མོ་ཆུན་མ་ཡིན་ནོ།། མཆིམས་རྡོ་རྗེ་སྤྲེལ་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བོད་ ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཁོང་གིས་ མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ ལུགས་ལྷ་ཁང་སྒོ་མོ་བཅུ་དྲུག་གིས་བརྒྱན་པ་བཞེངས་པ་མཛད་དོ།། མཆིམས་བཙན་བཞེར་ལེགས་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་རྒྱལ་པོ་མུ་ནེ་བཙན་པོ་ ཡབ་སྲས་གཉིས་ཀྱི་ཞང་བློན་ཆེན་པོ་ཡིན། ཁོང་གི་མཚན་གཞན་ [601] དཔེ་རྙིང་བྲིས་མ་ རྒྱལ་པོ་ཁྲི་སྲོང་ལྡེ་ བཙན་སྐུ་གཤེགས་རྗེས་འདས་མཆོད་ཀྱི་ཆོ་ག་ཐམས་ཅད་བོན་པོའི་ ལུགས་སྲོལ་ལྟར་མཛད་སྒོ་སྤེལ་དགོས་ཚུལ་གྱི་དགོངས་འཆར་བཏོན་པ་ དང། རྒྱལ་པོ་མུ་ནེ་བཙན་པོས་སངས་རྒྱས་ཆོས་ལུགས་ལྟར་འདས་ མཆོད་ཀྱི་མཛད་སྒོ་སྤེལ་དགོས་ཚུལ་གྱི་བཀའ་བསྩལ་བ་བཅས་འཁོད་ འདུག་མདོར་ན་བན་བོན་གཉིས་ཀྱི་བར་ལ་ཆོས་ཀྱི་འཐབ་རྩོད་རྣོ་ ངར་ལྡན་པ་བཅས་མངོན་འདུག་གོ་ མཆིམས་ཞང་རྒྱལ་བཞེར་ཁོད་ནེ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ནང་བློན་ཞིག་ཡིན་ཏེ། ཁྲང་ཆིན་ཁྲི་ལོ་གསུམ་པ། བོད་ ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ རིང། བོད་ཆེན་པོའི་བློན་པོ་ཕལ་གྱི་ཐབས་དང་མྱིང་རུས། ཞང་དབུ་སྙུང་རྡོ་རིང། མཆིམས་བཟའ་ཀླུ་རྒྱལ་ངན་མོ་མཚོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འབྲོང་གཉན་ལྡེའུ་བཙུན་མོ་དང། རྒྱལ་ པོ་སྟག་རི་གཉན་གཟིགས་ཀྱི་མ་ཡུམ་ཡིན་ནོ།། མཆིམས་བཟའ་ཁྱུང་དཀར་མ།། [602] འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་བཙུན་མོ་ཡིན་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ མཆིམས་བཟའ་བཙན་མོ་རྟོག་གེ་ ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བཙུན་མོ་དང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ ཅན་གྱི་མ་ཡུམ་ཡིན། བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས་སོ།། མཆིམས་བཟའ་ལྷ་མོ་བཙན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན་ནོ།། མཆིངས་ཡོན་ཏན་འབར་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་ མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ དཔྱིས་ཕྱིན་པ་མཛད་པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ ཆུབ་པར་མཛད་ནས་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད་ [603] པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། དང། ག། འགྲེལ་བ་བདུད་རྩིའི་འཛག་པ། སྒྲུབ་ཐབས། པའི་ཆ། སོ།། འཆད་ཁ་བ།། ཁོང་ནི་བྱ་སྟོན་འཆད་ཁ་བ་ཡེ་ཤེས་རྡོ་རྗེ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། འཆུས་པ་དར་མ་བརྩོན་འགྲུས།། ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་འཆུས་པ་གང་བོ་དང། ཡུམ་ཁུ་མོ་སྒྲོན་ནེ་ལྕམ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་གཞུང་དང་ གདམས་པ་མང་དུ་གསན། ཁྱད་པར་དུ་ཞི་བྱེད་ཀྱི་རྩད་མ་ལུས་པར་ བཅད་ནས་མཁས་པར་གྱུར། རྨ་སོ་གཉིས་ཀའི་གདམས་པ་རྫོགས་ པར་ཞུས། དེ་ནས་སྒྲོ་ཆོས་བརྩོན་གྱི་ཞབས་ལ་གཏུགས་ཏེ་ཤེར་ཕྱིན་ གྱི་གདམས་པ་རྣམས་གསན། དཀའ་ཐུབ་ལོ་ངོ་བཅུ་གཉིས་ཀྱི་རིང་ [604] ཡིན་ནོ་གསུངས། དེ་ནས་རང་ཡུལ་དུ་ཕེབས་ཤིང་དཀའ་ཐུབ་ལོ་ངོ་ བདུན་གྱི་རིང་དུ་མཛད་ནས་མཁའ་འགྲོས་ལུང་བསྟན་ལྟར་སྤྱི་དེ་ དགོན་པ་གསར་འདེབས་མཛད་ཅིང་སློབ་མ་མང་དུ་བསྐྱངས། མཁའ་ འགྲོ་མས་གདུགས་བཅུ་གསུམ་ཕུབ། དབུས་གཙང་རུ་བཞིར་བསྟན་ པའི་རྩ་བ་བཙུགས། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་ དགུང་ལོ་བདུན་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་ སོ།། འཆུས་པ་བརྩོན་འགྲུས་སེང་གེ་ ཁོང་ནི་སྙེ་མདོ་སྨྲ་བའི་སེང་གེ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ།། མཆོད་དཔོན་བློ་བཟང་མཐུ་སྟོབས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། དགུང་ལོ་ཆུང་ ངུའི་སྐབས་དང་སྐུ་ན་སོན་རྗེས་ཀྱི་མཛད་སྤྱོད་གསལ་མོ་མེད་ཀྱང་ མཆོད་དཔོན་གྱི་གོ་ས་འདི་ལ་གཞིགས་ན་རིག་གནས་དང་ཆོས་གཞུང་ བཅས་ལ་ནང་བྱན་ཚུད་པའི་མི་ཞིག་ཡིན་པ་ཐག་གིས་ཆོད། རབ་བྱུང་ བཅུ་གཅིག་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བརྒྱད་པའི་ ཚེས་གཅིག་ཉིན་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོ་བཞག་མཛད། རབ་བྱུང་བཅུ་ གཅིག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཁོང་གིས་དགུང་གསར་ མཛད་སྒོའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་ལས་འཛིན་གྱི་ཁོངས་སུ་ [605] བཙུགས་ཤིང་རྒྱབ་གནོན་གྱི་ཡིག་ཆ་མཛད། རབ་བྱུང་བཅུ་གཅིག་ པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་གསུམ་པའི་ནང་ནས་ ས་སྐྱའི་བདག་མོ་བཀྲ་ཤིས་ཀྱི་གླེང་བརྗོད་ལ་རྟེན་ནས་ཁོང་སྡེ་སྲིད་ ཀྱི་གོ་གནས་ལས་ཕབ་སྟེ་སྐུ་སྐལ་ཟངས་རི་བསྩལ་བས་ཟངས་རི་བློ་ བཟང་མཐུ་སྟོབས་ཞེས་འབོད། དེ་ལྟར་ལོ་ངོ་ལྔའི་སྡེ་སྲིད་ཀྱི་ལས་ཀ་ མཛད་ནས་དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་བསྒྲུབས། ཁོང་ནི་ དགའ་ལྡན་ཕོ་བྲང་གི་སྡེ་སྲིད་གསུམ་པ་ཡིན་ནོ།། [606] ཇ་བ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་ སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་ བྱེད་པའི་ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་ རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་ བླ་ཆེན་དགོངས་པ་རབ་གསལ་ ་ གྱི་མཚན་སྙན་ གསན་ཏེ་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་ རབ་གསལ་ལས་དམ་ཆོས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ ཅར་འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ ཚུལ་བཞིན་དུ་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས་ ཤིང་འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ ཆེན་པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་ གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ།། ཇི་སང་སྡེ་བ།། ཁོང་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང་མི་གཅིག་ཡིན་ [607]། ཇུ་ནང་ངག་དབང་སྙན་གྲགས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་གཡོན་རུ་ཇུ་ནང་ཇ་སག་གི་མངའ་ཞབས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བཅུ་གསུམ་པར་བྱ་ཁྱུང་དགོན་པའི་ཆོས་སྒོར་ ཞུགས་ནས་སློབ་གཉེར་མཛད། སྔོན་རྗེས་སུ་རྐ་ཕུག་གྲུབ་ཆེན་དང་ ཐུའུ་བཀྭན་རིན་པོ་ཆེ། གུང་ཐང་འཇམ་པའི་དབྱངས། ཨ་རིག་དགེ་ བཤེས་ཆེན་མོ། རྗེ་གསེར་ཁང་བ་སོགས་ལ་བསྟེན་ཏེ་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཁྱད་པར་ དུ་རྐ་ཕུག་རིན་པོ་ཆེའི་ཐུགས་སྲས་འགྲན་ཟླ་དང་བྲལ་བར་གྱུར་ཅིང་ ཀུན་གྱིས་གཙུག་ཏུ་བཀུར། དགུང་ལོ་ལྔ་བཅུ་ང་དགུ་པ་རབ་བྱུང་བཅུ་ བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ གདན་སའི་ཁྲི་ལ་བཞུགས་ཤིང་ལོ་བརྒྱད་ཀྱི་རིང་དུ་འཆད་ཉན་ བསྐྱངས། བླ་བྲང་ཞིག་གསོས་ཀྱང་ཕུལ་ཕྱིན་གནང་ཡང་གེགས་ དབང་གིས་ཚོགས་ཆེན་འདུ་ཁང་ལ་མེ་དགྲ་བྱུང་བས་སྤྱི་རྫས་སོགས་ལ་ ཉམས་ཆགས་ཆེ། དགུང་ལོ་དྲུག་ཅུ་རེ་བདུན་པ་རབ་བྱུང་བཅུ་བཞི་ པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཁྲི་ཟུར་བཞུགས་ནས་སྒྲུབ་པ་ ཉམས་ལེན་མཛད་དེ་དགུང་ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གིས་ སོགས་པའི་བརྩམས་ཆོས་འགའ་བཞུགས་སོ། ཁོང་ནི་བྱ་ཁྱུང་དགོན་ [608]། ཇོ་ནང་ཕྱོགས་ལས་རྣམ་རྒྱལ།། ཁོང་ནི་རབ་བྱུང་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཡུལ་ མངའ་རིས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་སུ་བྱོན་ ཏེ་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་ སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་དབུས་གཙང་གཉིས་ཀར་གྲྭ་ སྐོར་ཡང་མཛད། གྲྭ་སྐོར་གྱི་ཞོར་ལ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ དང་མཇལ་བས་ཤིན་ཏུ་དད་དེ་ཇོ་མོ་ནང་དུ་ཕེབས་ཤིང་དུས་ཀྱི་འཁོར་ ལོའི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ཞུས། མན་ངག་ ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས། ངམ་རིངས་ ཀྱི་ཆོས་སྡེ་བཏབ་ཅིང་ཚོགས་པ་བསྐྱངས། ཕར་ཚད་གཙོ་བོར་གྱུར་ པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། སློབ་མ་བློ་གསལ་བ་ཡང་ མང་དུ་འདུས། ཕྱིས་སུ་ངམ་རིངས་ཀྱི་གདན་ས་བསྟན་པའི་རྒྱལ་མཚན་ ལ་གཏད་དེ། དགུང་ལོ་བཞི་བཅུ་ཞེ་དགུ་པ་རབ་བྱུང་དྲུག་པའི་ཤིང་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་ཇོ་ནང་གི་གདན་སར་ཕེབས་ཏེ་ལོ་ངོ་ལྔའི་ རིང་དུ་ཚོགས་པ་བསྐྱངས། དེ་ནས་གདན་ས་གཏད་དེ་དབུས་སུ་ བྱོན། འཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་ མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོ་ལ་གསུངས། དེ་ནས་ཡར་ ཀླུང་ཕྱོགས་སུ་ཕེབས་ཏེ་ལོ་ཙཱ་བ་བྱང་ཆུབ་རྩེ་མོས་ཁོང་ལས་དུས་ཀྱི་ འཁོར་ལོའི་མཆོག་དབང་གསན། ཁྲ་འབྲུག་ལ་སོགས་པར་བཞུགས་ [609] དེ་ནས་ གཙང་ལ་ཕེབས་ཏེ་སེ་མཁར་ཆུང་དུ་བཞུགས་ཤིང་སློབ་མ་མང་པོར་ ཆོས་ཀྱི་སྦྱིན་པ་བཏང་ངོ། རྗེ་ཙོང་ཁ་པ་ཆེན་པོས་ཁོང་གི་ཞབས་ལ་ གཏུགས་ནས་དུས་ཀྱི་འཁོར་ལོའི་དབང་ཁྲིད་བཅས་པ་གསན། ཁོང་ གིས་འགྲོ་བའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་ གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་ མ་མཆོག་ཏུ་གྱུར་པ་ནི་སངས་རྒྱས་རིན་ཆེན་ཡིན། ཁོང་ནི་ཇོ་ནང་ དགོན་པའི་གདན་རབས་ལྔ་པ་ཡིན། ཕར་ཚད་ཀྱི་གཞུང་མང་པོ་ བརྩམས་སོ་ ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་ ཁོང་ནི་རབ་བྱུང་དགུ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ གཙང་མངའ་རིས་སྨད་དུ་ཡབ་གཉག་གི་རིགས་སུ་གྱུར་པ་དགུང་ལོ་ང་ བརྒྱད་པ་དང། ཡུམ་དགུང་ལོ་ཉེར་གཉིས་པ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། འདས་ལོ་མི་གསལ། དགུང་ལོ་ལྔ་པར་ཕུ་ཕག་དགོན་པའི་ ཆོས་སྒོར་ཞུགས། ལོ་དེར་དྲུང་པ་ཆོས་རྗེའི་མདུན་ནས་དགེ་བསྙེན་གྱི་ སྡོམ་པ་བླངས། དེ་ནས་རང་ཁྱིམ་དུ་ལོག་སྟེ་ཡབ་ཡུམ་གྱིས་ཡི་གེའི་ ཀློག་བསླབས། རིག་པ་རྣོ་ཞིང་ཚང་མ་འཕྲལ་དུ་རྟོགས་པས་ཡབ་ཡུམ་ ཤིན་ཏུ་ཐུགས་དགྱེས་མཛད། དགུང་ལོ་བདུན་པར་དྲུང་པ་ཆོས་ རྗེ་ལས་གཤིན་རྗེ་གཤེད་དམར་གྱི་དབང་ཞུས་ཏེ་གསང་མཚན་ལ་ དཔལ་ཞེ་སྡང་རྣམ་པར་དག་པའི་རྡོ་རྗེ་ཞེས་བཏགས། དེ་ནས་ས་ སྐྱའི་ཆོས་སྐོར་དང། གཞུང་ཆེན་གྱི་རྩ་བ་མང་པོ་བློར་འཛིན་ཐོག་ [610] ཕུལ། དགུང་ལོ་བཅུ་པར་དྲུང་པ་ཆོས་རྗེ་ལས་རབ་བྱུང་དང་དགེ་ ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཞུས། དགུང་ལོ་བཅུ་གསུམ་པར་ གསེར་མདོག་ཅན་དུ་ཕེབས་ཏེ་དཔྱིད་ཆོས་ལ་སློབ་གཉེར་མགོ་ བཙུགས། རྟགས་རིགས་དང་བློ་རིགས་སོགས་ཚད་མ་ལ་སློབ་གཉེར་ མཛད། དགུང་ལོ་བཅོ་བརྒྱད་པར་ངོར་ཆེན་གྱིས་མཁན་པོ་དང་ དྲུང་པ་ཆོས་རྗེས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་ བླངས། ཉིན་དེར་ཁོང་དྲུང་པ་ཆོས་རྗེའི་གདན་ཁྲིར་མངའ་གསོལ་ བར་མཛད་ཅིང། དྲུང་པ་རང་ཉིད་ཀྱི་ན་བཟའ་དང་ཕྱག་དྲིལ་ སོགས་བླ་ཆས་ཚང་མར་གནང། དགུང་ལོ་ཉེར་གསུམ་པར་པཎ་ ཆེན་བྱམས་པ་གླིང་པ་བདེ་བར་གཤེགས་པས་དེའི་གདན་ས་ལོ་ངོ་ གསུམ་གྱི་རིང་དུ་བསྐྱངས། དགུང་ལོ་ཉེར་བདུན་པར་དབུས་སུ་ཆོས་ མཇལ་དུ་ཕེབས་ནས་ཟླ་བ་དྲུག་ཙམ་དུ་བཞུགས་ཏེ་མཚུར་ཕུར་བཀའ་ བརྒྱུད་ཀྱི་ཆོས་སྐོར་རྫོགས་པར་ཞུས། དེ་ནས་ལྷོ་མོན་དུ་བྱོན་ནས་ འགྲོ་དོན་ཡུན་རིང་མཛད། དགུང་ལོ་སོ་གཅིག་པར་ཡུམ་ཆེན་ གཤེགས་པའི་དགོངས་རྫོགས་སུ་གསེར་མདོག་ཅན་དང། སྟག་ལུང་ སོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་གསར་བཞེངས་དང། གཙང་གི་ དགོན་སྡེ་ཆེ་ཁག་མང་པོར་ཕྱག་ཕེབས་མཛད། ས་སྐྱ་དང། རྙིང་ མ། དགེ་ལུགས་བཅས་ཀྱི་བླ་མ་མང་པོར་ཤངས་ལུགས་ཀྱི་དམ་ཆོས་ མང་པོ་བསྩལ། རིས་མེད་བླ་དཔོན་ཚང་མས་བསྟོད་ཅིང་བཀུར། སྐུ་ ཚེ་ཧྲིལ་བོར་དམ་པའི་ཆོས་ཀྱི་མཛད་པ་ཁོ་ནས་དུས་འདའ་བར་མཛད་ [611] ཁོང་གི་སྤྲུལ་སྐུ་ཇོ་ ནང་ཏཱ་ར་ན་ཐ་རབ་བྱུང་བཅུ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་འཁྲུངས་པར་དཔགས་ན་དགུང་ལོ་དྲུག་ཅུ་རེ་དྲུག་རེ་བདུན་ཙམ་ ལ་འདས་སམ་སྙམ་པར་དཔྱད། ཁོང་གི་གསུང་རྩོམ་ནི་དཀར་ཆག་ དང། བསྟོད་ཚོགས། ཆབ་ཤོག་རྣམ་བཤད། ལམ་ཡིག་རྣམ་ ཐར། བློ་སྦྱོང། དབང་བཤད། སྒྲུབ་ཐབས། བརྒྱུད་འདེབས་ ཁྲིད་ཡིག་རྟོགས་བརྗོད། དག་ཡིག་བཅས་ཆོས་ཚན་དོན་དགུ་ བཞུགས་སོ།། ཇོ་སྣུབས་རྡོ་རྗེ་ཡེ་ཤེས།། ཁོང་ནི་ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཇོ་མོ་ཀླན་ཆུང།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ལ་སྟོད་སྟག་སྡེར་སྐུ་འཁྲུངས། དེ་ནས་དིང་རིར་ཕེབས་ཏེ་ཕ་དམ་ པ་དང་མཇལ་ཞིང་ཞི་བྱེད་ཀྱི་ཆོས་སྐོར་མང་དུ་གསན་ནས་སེམས་ངོ་ འཕྲོད། ཕ་དམ་པ་སྐུ་གཤེགས་རྗེས། ཁོང་གི་ཐུགས་སྲས་བྱང་ཆུབ་ སེམས་དཔའ་ཀུན་དགའ་ ་ ལ་བསྟེན་ནས་ཞི་ བྱེད་ཆིག་བརྒྱུད་ཀྱི་གདམས་པ་ཞུས་ནས་གླང་འཁོར་དུ་སྒྲུབ་པ་ཉམས་ ལེན་མཛད་པས་གྲུབ་པ་ཐོབ། དགུང་ལོ་བརྒྱད་ཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་པ་དང་སྤུར་སྦྱངས་སྐབས་རིང་ བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་གསུམ་པ་ [612]། ཇོ་མོ་སྒུར་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ལ་སྟོད་ཤྲཱི་རི་ཆུ་བཟང་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་ ནས་ཆོས་ལ་དད་པ་ཤིན་ཏུ་ཆེ། དེ་ནས་ཕ་དམ་པ་ཡབ་སྲས་ཀྱི་སྙན་ གྲགས་ཐོས་ཏེ་ལ་སྟོད་དིང་རིར་ཕེབས་ནས་ཕ་དམ་པ་དང་མཇལ་ཞིང་ ཞི་བྱེད་ཀྱི་གདམས་པ་རྣམས་ཞུས། བྱང་ཆུབ་སེམས་དཔའ་ཀུན་ དགའ་ ་ ལ་ཡང་བསྟེན་ནས་གདམས་པའི་མན་ ངག་མང་དུ་ཞུས་ཏེ་གླང་འཁོར་དུ་ལོ་བཅུའི་རིང་དུ་སྒྲུབ་པ་ཉམས་ལེན་ མཛད་ནས་སྐུ་གཤེགས། སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན་ ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་གཅིག་པ་ཡིན་ནོ།། ཇོ་མོ་སྒྲོན་ནེ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་ ནས་ཆོས་ལ་དད་མོས་ཆེ་ཞིང་སྦྱིན་པ་གཏོང་བ་ལ་དགའ། འབྱོར་བ་ ཆེ་ཞིང་འཁོར་མང་པོ་ཡོད་ཀྱང་ཕ་དམ་པ་སངས་རྒྱས་དང། བྱང་ ཆུབ་སེམས་ཀུན་དགའ་ ་ ཡབ་སྲས་གཉིས་ཀྱི་ སྙན་གྲགས་ཐོས་ཏེ་དད་པ་ཐུན་མོང་མ་ཡིན་སྐྱེས། དེ་ནས་འདོད་ཡོན་ ལོངས་སྤྱོད་ཀྱི་འཁོར་ཐམས་ཅད་སྤངས་ཏེ་ལ་སྟོད་དིང་རིར་ཕེབས་ ཤིང་ཕ་དམ་པ་སངས་རྒྱས་ཡབ་སྲས་གཉིས་ཀྱི་ཞབས་ལ་གཏུགས་ཏེ་ཞི་ བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས་ཤིང་སྒྲུབ་པ་ཉམས་ལེན་ [613] ཁོང་མོ་ནི་མ་ ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་བདུན་པ་ཡིན་ནོ།། ཇོ་མོ་གཅེས་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ལ་སྟོད་མང་མགར་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་སུ་ དིང་རིར་ཕེབས་ཏེ་ཕ་དམ་པ་དང་མཇལ་ཞིང་ཞི་བྱེད་ཀྱི་གདམས་པ་ ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཤར། ཕ་དམ་ པ་སྐུ་གཤེགས་རྗེས་བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ་ ལ་བསྟེན་ནས་ཞི་བྱེད་ཀྱི་གདམས་པའི་མན་ངག་མང་དུ་ཞུས་ ཏེ་ཉམས་ལེན་མཛད་པས་གྲུབ་པ་ཐོབ། རྗེས་སུ་བྱང་ཆུབ་སེམས་ དཔའ་ཀུན་དགའི་ཇོ་མོ་མཛད། དུས་ཕྱིས་སུ་མྱང་སྟོད་བྱང་ཡུལ་དུ་ སྐུ་གཤེགས་ནས་རྡོ་རྗེ་སེམས་དཔའི་སྐུ་དང་རིང་བསྲེལ་མང་དུ་བྱོན་ ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བརྒྱད་པ་ཡིན་ནོ།། ཇོ་མོ་ཆོས་སྐྱབས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་མྱང་སྟོད་ཁུ་ལེར་སྐུ་འཁྲུངས། ཁོང་མོའི་ཁྱིམ་གཞིས་ནི་ཕྱུག་པོ་ཞིག་ ཡིན་ཡང་འདོད་ཡོན་གང་ལ་མ་ཆགས་ནས་དིང་རི་གླང་འཁོར་དུ་ ཕེབས། དེ་ནས་ཕ་དམ་པ་དང་བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ཡབ་སྲས་མཇལ་ཞིང་ཞི་བྱེད་ཀྱི་ཆོས་སྐོར་ རྣམས་ལེགས་པར་གསན་ཏེ་ལོ་བཅུ་གཉིས་ཀྱི་རིང་དུ་འཚོ་བ་ངན་ངོན་ ཙམ་ལ་བསྟེན་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ [614] དགོངས་པ་ཆོས་དབྱིངས་སུ་གཤེགས་དུས་ འཇའ་འོད་ཀྱིས་ཁེངས་ཤིང་སྤུར་སྦྱངས་བར་རིང་བསྲེལ་མང་དུ་བྱོན་ ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་དགུ་པ་ཡིན་ནོ།། ཇོ་མོ་ཆོས་སྐྱིད།། ཁོང་མོའི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་ཡར་འབྲོག་ ཁོ་བ་ལེ་ཡིན། རབ་བྱུང་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་སུ་ཁྱིམ་ཐབ་མཛད་ པས་བུ་ནོར་གཉིས་ཀ་འཛོམས་ཀྱང་འཁོར་བ་ལ་ཞེན་པ་ལོག་སྟེ་ངེས་ འབྱུང་གི་བསམ་པ་སྐྱེས་ནས་ལ་སྟོད་དིང་རིར་ཕེབས་ཤིང་ཕ་དམ་པ་ ཡབ་སྲས་གཉིས་མཇལ་ཏེ་མི་ཕྱེད་པའི་དད་པ་སྐྱེས། དེ་ནས་ཞི་བྱེད་ ཀྱི་གདམས་པའི་མན་ངག་ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་དེ་གླང་ འཁོར་དུ་ཡུན་རིང་བཞུགས། དགོངས་པ་ཆོས་དབྱིངས་སུ་གཤེགས་ ནས་སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ ཤུ་རྩ་བཞིའི་ནང་གི་བཅུ་པ་ཡིན་ནོ།། ཇོ་མོ་ཆོས་སྒྲོན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ལ་སྟོད་ལྡོག་པར་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་ནས་ བྱང་ཆུབ་སེམས་དཔའ་ཀུན་དགའི་ ་ ཇོ་མོ་ མཛད། དེ་ནས་དིང་རི་ལ་ཕེབས་ཏེ་ཕ་དམ་པ་ལས་ཞི་བྱེད་ཀྱི་ཆོས་ སྐོར་རྣམས་གསན་ཡང་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་དམ་ཚིག་ མ་སྲུང་པའི་ཉེས་པས་འཆི་ཁར་སྡུག་བསྔལ་ཉམས་སུ་མྱོང་བར་གྲགས་ [615]། ཇོ་མོ་ཇེའུ་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ཨོང་པོར་སྐུ་འཁྲུངས། ཁོང་མོ་ནི་དགུང་ལོ་ཆུང་ངུའི་དུས་ནས་རྣམ་ རིག་གསལ་བ་དང། བྱ་བ་གང་ཞིག་སྒྲུབ་པར་མཁས་པ་ཞིག་ཡིན། དེ་ ནས་ཕ་དམ་པ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ཡབ་སྲས་གཉིས་སྙན་གྲགས་ཐོས་ཏེ་རང་ཡུལ་ གྱི་འཁོར་ལོངས་སྤྱོད་ཐམས་ཅད་སྤངས་ཤིང་ལ་སྟོད་དིང་རི་ལ་ཕེབས་ ཕ་དམ་པ་ཡབ་སྲས་གཉིས་ལས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་ རྣམས་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་ཅིང་གླང་འཁོར་དུ་ལོ་མང་དུ་ བཞུགས་ནས་གྲུབ་པ་ཐོབ། དེ་ནས་གུང་ཐང་དུ་བྱོན་ཏེ་ལོ་མང་པོར་ བཞུགས་ནས་གྲུབ་པ་ཐོབ། དེ་ནས་གུང་ཐང་དུ་བྱོན་ཏེ་ལོ་མང་པོར་ བསྟན་འགྲོའི་བྱ་བ་བསྒྲུབས་ཤིང་དགོངས་པ་ཆོས་དབྱིངས་སུ་གཤེགས་ གདུང་རི་ལ་བསྐྱལ་བས་ཤུལ་ནས་སྒྲོལ་མའི་སྐུ་གཅིག་བྱུང་བར་གྲགས་ ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་དགུ་པ་ཡིན་ནོ།། ཇོ་མོ་རྡོ་རྗེ་རྒྱན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་དིང་རི་གདོང་བར་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་ དུས་ནས་དམ་པའི་ཆོས་ལ་དད་མོས་ཆེ་བ་དང་སྐྱེ་གཟུགས་ཤིན་ཏུ་ ལེགས་པར་མཛེས་མ་ཞིག་ཡིན། དེ་ནས་ཕ་དམ་པ་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ཡབ་སྲས་ གཉིས་ཀྱི་སྙན་གྲགས་ཐོས་ཏེ་གླང་འཁོར་དུ་ཕེབས་ཤིང་ཞི་བྱེད་པའི་ [616] ཉམས་ལེན་མཛད་པས་རྟོགས་པ་ཤར། དེ་ནས་འཁྲུལ་ཞིག་ཏུ་ ཕེབས་ཏེ་སྒྲུབ་པ་ལ་བརྩོན་པའི་ངང་ནས་སྐུ་གཤེགས། སྤུར་སྦྱངས་ གྲབས་བྱས་པས་འོད་ཀྱི་ཕུང་པོ་ཅིག་གིས་སྣ་དྲངས་ཏེ་བྱང་རིའི་རྩེ་མོ་ ལ་སོང་བ་ཐམས་ཅད་ཀྱིས་མཐོང་བ་དང། མཁའ་འགྲོ་མའི་ལུང་ བསྟན་ཡིན་པར་ཀུན་གྱིས་གླེང་ཞིང། ནང་པའི་ཐོ་རངས་བྱང་རི་ ལ་གདུང་བསྐྱལ་བས་གདུང་སྣ་འཇའ་འོད་ཀྱིས་དྲངས། ཉིན་ཞག་ བདུན་གྱི་རིང་དུ་འཇའ་འོད་ཀྱི་ཕུང་པོ་མ་ཡལ་བ་ཡུལ་མི་ཐམས་ཅད་ ཀྱིས་མཐོང་བས་ངོ་མཚར་སྐྱེས་སོ། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ ནང་གི་བཅོ་ལྔ་པ་ཡིན་ནོ།། ཇོ་མོ་ནམ་མཁའ་གསལ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ཡུལ་དབུས་ཀྱི་འོལ་ཁར་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ ནུའི་དུས་ནས་ལ་སྟོད་དིང་རིར་ཕེབས་ཏེ་ཕ་དམ་པ་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ཡབ་སྲས་ གཉིས་ཀྱི་ཞབས་པད་ལ་གཏུགས་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ ངག་ཞུས་ཏེ་ལོ་དྲུག་གི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ནས་གླང་ འཁོར་དུ་བཞུགས་ཤིང་གྲུབ་པ་ཐོབ། ཕ་དམ་པ་སངས་རྒྱས་འདས་ རྗེས་ལོ་བཞིར་བཞུགས་ནས་ཉམས་ལེན་མཛད། དེ་ནས་དབུས་སུ་ བྱོན་ཏེ་ཞི་བྱེད་ཀྱི་ཆོས་རྒྱུད་མང་དུ་སྤེལ་ཞིང་དགུང་ལོ་བརྒྱད་ཅུ་རྩ་ བཞི་པར་བྱང་དུ་སྐུ་གཤེགས། གདུང་ཐམས་ཅད་རིང་བསྲེལ་དུ་ [617] ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་དྲུག་ པ་ཡིན་ནོ།། ཇོ་མོ་འཕན་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་འཕན་ཡུལ་རིག་པ་འབྱུང་བའི་གྲོང་ཁྱེར་དུ་སྐུ་འཁྲུངས་ ཁོང་མོ་དགུང་ལོ་གཞོན་ནུའི་དུས་ནས་ཉེ་གནས་མ་གཅིག་ཁྲིད་དེ་ལ་ སྟོད་དིང་རིར་ཕེབས་ཏེ་ཕ་དམ་པ་སངས་རྒྱས་དང། བྱང་ཆུབ་ སེམས་དཔའ་ཀུན་དགའ་ ་ ཡབ་སྲས་གཉིས་ཀྱི་ ཞབས་པད་ལ་བསྟེན་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་ཞུས་ཤིང་ སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པ་ཐོབ། སྐུ་གཤེགས་སྐབས་ལུང་ པ་ཐམས་ཅད་སྨན་དྲིས་ཁྱབ་ཅིང་གྲུབ་པའི་རྟགས་མང་པོ་བྱུང་བས་ ཡུལ་མི་ཐམས་ཅད་ངོ་མཚར་སྐྱེས་སོ། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ ནང་གི་བཅོ་བརྒྱད་པ་ཡིན་ནོ།། ཇོ་མོ་དབང་ཕྱུག་ལྕམ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་སྟོད་ལུང་སྟོད་ཁུང་དུ་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་ དུས་ནས་བལ་ཡུལ་ལ་སོགས་པའི་གནས་ཆེན་རྣམས་ལ་མཇལ་བསྐོར་ ཕེབས། ཕ་ཡུལ་དུ་ལོག་ཕེབས་མཛད་པའི་ལམ་ཁ་ནས་ཕ་དམ་པ་ སངས་རྒྱས་ཡབ་སྲས་ཀྱི་སྙན་གྲགས་ཐོས་ཏེ་ལ་སྟོད་དིང་རིའི་ཕྱོགས་སུ་ ཕེབས། དེ་ནས་ཕ་དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཀུན་དགའ་ ་ གཉིས་ཀྱི་ཞབས་པད་ལ་གཏུགས་ [618] པར་སློབ་གཉེར་མཛད། གདམས་པའི་གནད་ཐམས་ཅད་ཕྱོགས་ གཅིག་ཏུ་དྲིལ་ནས་ལོ་བཅུ་གཅིག་གི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ ཅིང་གླང་འཁོར་དུ་བཞུགས་ནས་སྐུ་གཤེགས། ཁོང་མོ་ནི་མ་ཇོ་ཉི་ ཤུ་རྩ་བཞིའི་ནང་གི་བཅུ་བཞི་པ་ཡིན་ནོ།། ཇོ་མོ་འབར་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་མྱང་སྟོད་དུ་སྐུ་འཁྲུངས། ཁོང་མོ་ནི་ཕ་དམ་པའི་དངོས་སློབ་བླ་ མ་དམ་པ་བཅུག་གི་ཇོ་མོ་ཡིན། དེ་ནས་བླ་མ་དམ་པ་བཅུག་དང་ མཉམ་དུ་དིང་རིར་བྱོན་ཏེ་ཕ་དམ་པ་དང་མཇལ་ཞིང་ཞི་བྱེད་ཀྱི་ཆོས་ སྐོར་རྣམས་ཞུས་ནས་ལོ་གསུམ་གྱི་རིང་དུ་རི་དྭགས་ལྟར་རི་ལ་བཞུགས་ ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་ བརྙེས། མྱང་སྟོད་ཚེ་སྤོང་དུ་སྐུ་གཤེགས་པ་དང་སྤུར་སྦྱངས་སྐབས་ རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ བཞི་པ་ཡིན་ནོ།། ཇོ་མོ་མྱང་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ཤབ་ཀྱི་ཚ་རོང་དུ་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་ ནས་ཆོས་ལ་དད་པ་ཤིན་ཏུ་བ་ཞིག་ཡིན། དེ་ནས་ཕ་དམ་པ་སངས་ རྒྱས་ཡབ་སྲས་ཀྱི་སྙན་གྲགས་ཐོས་ཏེ་དད་པ་ཕྱེད་མེད་སྐྱེས་ཤིང་སྐྱིད་ པའི་ཕ་ཡུལ་སྤངས་ནས་ལ་སྟོད་དིང་རིར་ཕེབས། ཕ་དམ་པ་ཡབ་ [619] བཅུའི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་གླང་འཁོར་དུ་བཞུགས་ ཏེ་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། སྐུ་གཤེགས་དུས་ཞལ་ གཉིས་མའི་སྐུ་དང་འཇའ་འོད་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་ རྩ་བཞིའི་ནང་གི་བཅུ་གསུམ་པ་ཡིན་ནོ།། ཇོ་མོ་གཞོན་ནུ་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་དབུ་རུ་སྟོད་ཀྱི་མར་ཡུལ་དུ་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ ནུའི་སྐབས་སུ་ཕ་ཡི་རྗེས་སུ་འབྲངས་ཏེ་ཚོང་ལ་འོངས་ནས་ལ་སྟོད་དིང་ རིར་སླེབས། དེ་ནས་ཕ་དམ་པ་སངས་རྒྱས་དང། བྱང་ཆུབ་ སེམས་དཔའ་ཀུན་དགའ་ ་ ཡབ་སྲས་གཉིས་ཀྱི་ ཞབས་པད་ལ་བསྟེན་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ ཞུས་ཤིང་ལྐུགས་པའི་བརྟུལ་ཞུགས་བཟུང་སྟེ་ཏེ་སྒོམ་པ་ཉམས་ལེན་ མཛད་པས་རྟོགས་པའི་ཡོན་ཏན་མངའ་བརྙེས། དེ་ནས་དུས་ཡུན་ རིང་པོར་མ་བཞུགས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་སྐུ་ གདུང་ལས་རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་ བཞིའི་ནང་གི་ཉེར་གསུམ་པ་ཡིན་ནོ།། ཇོ་མོ་ཡེ་ཤེས་ལྕམ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་མང་ཡུལ་གུང་ཐང་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་སུ་ཇོ་ མོ་རྗེ་མོ་ཞེས་བྱ་བ་གྲུབ་ཐོབ་མ་ལོ་བརྒྱ་དང་གཅིག་ལ་འདས་པ་དེའི་ཉེ་ [620] བླ་མ་མཆོད་པ་ལ་ཤིན་ཏུ་མཁས། དེ་ནས་ཕ་ དམ་པ་ཞེས་མཚན་ཐོས་མ་ཐག་ཏུ་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ཏེ་ དིང་རིར་ཕེབས་ཤིང་ཕ་དམ་པ་དང་མཇལ། ཞི་བྱེད་ཀྱི་གདམས་ ངག་རྣམས་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཤར་ དུས་ཕྱིས་སུ་རང་ཡུལ་གུང་ཐང་དུ་ཕེབས་ནས་སྐུ་གཤེགས་སྐབས་སྒྲ་ འོད་དང་འཇའ་ཚོན་མང་པོ་བྱུང། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ ནང་གི་དྲུག་པ་ཡིན་ནོ།། ཇོ་མོ་རི་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ དུ་རྩང་རོང་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་སུ་ཁྱིམ་ཐབ་ མཛད་པས་ཁྱོ་བོ་མ་རུངས་པ་གདུག་རྩུབ་ཅན་ཞིག་བྱུང་ནས་སོ་སོར་ གྱེས་ཏེ་ཚོང་པ་ཞིག་གི་ཕྱིར་འབྲངས་ཤིང་དིང་རིར་ཕེབས། དེ་ནས་ཕ་ དམ་པ་དང་མཇལ་ཞིང་ལོ་བདུན་གྱི་རིང་དུ་ཞི་བྱེད་ཀྱི་གདམས་ངག་ ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་དུ་གྱུར། ཞིང་ གཞན་དུ་གཤེགས་སྐབས་སྤུར་ཁང་ལ་ཕ་དམ་པས་བསྐོར་བ་མང་དུ་ མཛད་པས་སློབ་མ་ཐམས་ཅད་ངོ་མཚར་སྐྱེས། རིང་བསྲེལ་ཡང་མང་ དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ལྔ་བ་ཡིན་ནོ།། ཇོ་མོ་རོ་ཟན་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་གུང་ཐང་ལ་སྐུ་འཁྲུངས། ཁོང་མོ་དགུང་ལོ་ཆུང་ངུའི་དུས་ནས་རྣམ་ དཔྱོད་ཆེ་ཞིང་སྐྱེ་འབྲས་བཟངས། ལང་ཚོ་དར་ལ་བབས་པའི་སྐབས་སུ་ [621] དེ་ནས་བླ་མ་རྒྱ་སྒོམ་དང་མཉམ་དུ་ ལ་སྟོད་དིང་རི་ལ་ཕེབས་ཏེ་ཕ་དམ་པ་སངས་རྒྱས་དང། བྱང་ཆུབ་ སེམས་དཔའ་ཀུན་དགའ་ ་ ཡབ་སྲས་གཉིས་ཀྱི་ ཞབས་ལ་གཏུགས་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས་ ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་དུ་ཤར་ཞིང་གྲུབ་ པ་ཐོབ་སྟེ་རྟོག་པ་ཆོམས། དུས་ཕྱིས་སུ་རང་ཡུལ་གུང་ཐང་དུ་ཕེབས་ ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། སྤུར་སྦྱངས་སྐབས་དུ་བ་ ཐམས་ཅད་འཇའ་འོད་དུ་གྱུར་བས་ཡུལ་མི་ཡོངས་རྫོགས་ངོ་མཚར་ སྐྱེས། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ཉེར་གཅིག་པ་ཡིན་ནོ།། ཇོ་མོ་ཤངས་ཆུང་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་ཤངས་ཕུར་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་ནས་ འཁོར་བ་ལ་སྐྱོ་ཤས་ངེས་འབྱུང་སྐྱེས་ཏེ་རྒྱལ་ཁམས་བསྐོར་ཏེ་གནས་ མཇལ་བྱོན། ལ་སྟོད་དིང་རིར་ཕེབས་སྐབས་ཕ་དམ་པ་སངས་རྒྱས་ དང། བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ཡབ་སྲས་གཉིས་མཇལ་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ ཞུས་ཏེ་ལོ་དྲུག་གི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ནས་གླང་འཁོར་དུ་ བཞུགས། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་ཏེ་གྲུབ་པ་ཐོབ་ རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་དིང་རི་གླང་ འཁོར་ནས་རང་ཡུལ་ཤངས་ཕུར་ཕེབས་ཤིང་སྒྲུབ་པ་ཉམས་ལེན་མཛད་ མུར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྤུར་སྦྱངས་སྐབས་རིང་ [622] ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ཉི་ཤུ་པ་ ཡིན་ནོ།། ཇོ་མོ་ལྷ་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་སྟོད་ལུང་རིལ་མར་སྐུ་འཁྲུངས། གདུང་རུས་འབེར་མོ་ཡིན་ ཁོང་མོ་དགུང་ལོ་གཞོན་ནུའི་དུས་ནས་རང་ཡུལ་སྤངས་ཏེ་ལ་སྟོད་དིང་ རིར་བྱོན་ནས་ཕ་དམ་པའི་ཞབས་ལ་གཏུགས་ཤིང་ཞི་བྱེད་ཀྱི་ཆོས་སྐོར་ རྣམས་གསན། ལོ་འཁོར་དྲུག་གི་རིང་དུ་གླང་འཁོར་ལ་བཞུགས་ ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་དུ་གྱུར། རབ་ བྱུང་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རང་ཡུལ་སྟོད་ལུང་ དུ་ཕེབས་ནས་ལོ་གསུམ་གྱི་རིང་དུ་སྒྲུབ་པ་ལ་བརྩོན། དེ་ནས་སླར་ ཡང་ལ་སྟོད་དིང་རིར་ཕེབས་ཏེ་བྱང་ཆུབ་སེམས་དཔའ་ཀུན་དགའི་ ་ ཞབས་ལ་གཏུགས་ནས་ཞི་བྱེད་ཀྱི་དབང་ལུང་ མན་ངག་མང་དུ་གསན་ཏེ་སྒྲུབ་པ་ཉམས་ལེན་མཛད་ནས་ཡུན་རིང་དུ་ བཞུགས་ཤིང་སྐུ་གཤེགས། སྤུར་སྦྱངས་སྐབས་འཇའ་འོད་ཁེངས་ཤིང་ རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་ གཉིས་པ་ཡིན་ནོ།། ཇོ་བཙུན་སྤྲས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལྷ་ཕྱུག་མཁར་བ་ཉི་ཟླ་འོད་ ་ ཀྱི་ སློབ་མ་ཡིན། ཁོང་གིས་བླ་མ་ལྷ་ཕྱུག་མཁར་བ་ཉི་ཟླ་འོད་ལ་སོགས་པའི་ [623] མ་ལུས་པ་ཞུས་ཤིང་རྟོགས་པ་ཁྱད་པར་ཅན་འཁྲུངས། དེ་ནས་སྟོད་ ཕྱོགས་སུ་ཕེབས་ཏེ་དཔལ་བ་མེ་རྩེའི་དགོན་པ་བཏབ་ཅིང་དགེ་འདུན་ གྱི་ཚོགས་པ་བསྐྱངས། བློ་སྨད་གཏད་བླ་ཤོད་ཀྱི་དགོན་པ་བཏབ་ནས་ དབུ་མའི་བཤད་གྲྭ་བཙུགས། སྒོམ་སྒྲུབ་ཀྱིས་རྒྱུད་སྨིན་པར་མཛད་ནས་ བལ་ཡུལ་དུ་བྱོན། འགྲོ་དོན་ཆེན་པོ་བྱུང་ནས་འཕགས་པ་ཤིང་ཀུན་གྱི་ སྲོག་ཤིང་འཕགས་པ་ཀླུ་སྒྲུབ་ཀྱིས་བཙུགས་པའི་སྲོག་ཤིང་བརྗེ་བ་ལ་ སིང་ག་ནགས་སུ་སྲོག་ཤིང་གསུམ་ཡོད་པ་ལས་གཅིག་བྲེགས་ཏེ་ འཕགས་པ་ཤིང་ཀུན་གྱི་སྲོག་ཤིང་བརྗེས། གདུགས་བཀལ། སྐུ་ དཀར་གསོལ། རྡོ་རིང་བཙུགས། འགྲོ་དོན་དང་འཕྲིན་ལས་དཔག་ཏུ་ མེད་པ་གྲུབ་འདུག་རྒྱལ་པོའི་རྒྱལ་པོ་དང་འབའ་རོ་རྣམས་ཀྱིས་བཀྲ་ ཤིས་སྒོ་མང་ཕུལ། རས་ལ་སོགས་པའི་འབུལ་བ་བསམ་གྱིས་མི་ཁྱབ་ པ་དང་བཅས་པ་བྱུང་ངོ། ཁོང་སྐུ་གཤེགས་རྗེས་ཚོང་འདུས་པའི་བླ་ མ་དཔོན་གྱིས་པུར་སྦྱངས། མཆོད་རྟེན་བཞེངས་པ་བཅས་མཛད་དོ།། འཇག་ཆེན་བྱམས་པ་དཔལ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོར་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། ཁྱད་པར་དུ་ཁུ་བོ་ཆོས་རྗེ་རྒྱལ་མཚན་འབུམ་ལ་བསྟེན་ ཏེ་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐོར་ཐམས་ [624] ནི་གུའི་ཆོས་དྲུག་གི་ཐུགས་དམ་གྱི་རྩལ་ཤིན་ ཏུ་ཆེ། མི་ཆེན་བླ་དཔོན་རྣམས་ཀྱིས་ཀྱང་ཁོང་གི་ཞབས་ལ་བཏུད་ གཞན་དོན་ལེགས་པར་གྲུབ་ནས་དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་སློབ་མ་མཆོག་ཏུ་ གྱུར་པ་ནི་གྲུབ་ཐོབ་ཆོས་འབྱུང་རིན་ཆེན་ཡིན།། འཇག་པ་རྒྱལ་མཚན་འབུམ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་བཙུན་བཟང་པོའི་གྲགས་པ་ཐོབ་ སྒོས་སུ་ཤངས་སྟོན་ཚུལ་ཁྲིམས་མགོན་པོ་ལ་བསྟེན་ནས་ཤངས་པ་ བཀའ་བརྒྱུད་ཀྱི་གདམས་ངག་ཐམས་ཅད་ཐོབ་ཅིང་ཏིང་ངེ་འཛིན་ བཟང་པོ་བརྙེས་ཏེ་འགྲོ་བའི་དོན་མཛད་ཅིང་སྙན་གྲགས་ཀྱང་ཤིན་ཏུ་ ཆེ། ཤངས་པ་བཀའ་བརྒྱུད་ཀྱི་རྒྱུད་པ་བཟུང་ནས་ནི་གུའི་བསྟན་པ་ གོང་ནས་གོང་དུ་སྤེལ་བར་མཛད། དགུང་ལོ་བདུན་ཅུ་རྩ་བཞི་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། འཇང་མོ་ཁྲི་བཙུན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་ བཙུན་མོ་དང། འཇང་ཚ་ལྷ་དབོན་གྱི་མ་ཡུམ་ཡིན་ནོ།། [625] འཇང་ཚ་ལྷ་དབོན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡབ་ རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང། ཡུམ་འཇང་མོ་ ཁྲི་བཙུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐྱེས་འབྲས་ཤིན་ཏུ་ བཟང་སྟེ་ལྷ་ཡི་སྲས་པོ་དང་འདྲ་བ་སྣའི་གཟེངས་མཐོ་བ་དང། དཔྲལ་ བའི་དབྱེས་ཆེ་བ་ཞིག་ཡིན་པས་ཞང་བློན་རྣམས་ཀྱིས་ལྷ་སྲས་འདི་མི་མ་ ཡིན་པ་ལྷ་ཡི་དབོན་པོ་ཡིན་ནོ་ཞེས་སྨྲས་ནས་མཚན་ལའང་འཇང་ཚ་ལྷ་ དབོན་ཞེས་གསོལ། དེ་ནས་སྐུ་ཚེ་མཐར་མ་འཁྱོལ་བར་རྟས་བསྐྱུར་ཏེ་ འདས་སོ། ལོ་རྒྱུས་ཀྱི་དེབ་ཐེར་ལ་ལ་ལས་བློན་པོ་གཉགས་ཁྲི་བཟང་ ཡང་སྟོན་གྱིས་རང་ཉིད་ཀྱི་བུ་མོ་འཇང་ཚ་ལྷ་དབོན་ལ་ཕུལ་ཡང་ཞལ་ ཀྱིས་མ་བཞེས་པའི་དབང་གིས་བཀྲོངས་སོ་ཞེས་གསུངས་འདུག་ཁོང་ གི་བང་སོ་ནི་མུ་ར་རི་ལ་བརྩིགས་སོ།། འཇང་ཞབས་དགེ་འདུན་རིན་ཆེན་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་ཁམས་ ཕྱོགས་ཀྱི་འཇང་ཞབས་ཡིན། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་ གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ཏེ་སེ་ར་དང་རྒྱུད་སྟོད་དུ་ཞུགས་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་ པར་མཛད། རྒྱུད་པ་འང་རྩེ་སོགས་ཀྱི་འཆད་ཉན་པ་ཡུན་རིང་དུ་ མཛད། རབ་བྱུང་བཅུ་གཅིག་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་ [626] ཁོང་ ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་བདུན་པ་ཡིན་ ནོ།། འཇང་ཞབས་དམ་ཆོས་དཔལ་བ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ འཇང་ཞབས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་སུ་ ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཞུགས་ཤིང་གཞུང་ཆེན་རྣམས་ ལ་ཐོས་བསམ་ནན་ཏན་དུ་མཛད་དེ་ངམ་རིང་དུ་རབ་འབྱམས་པའི་ གྲྭ་སྐོར་མཛད་ཅིང་མཁས་གྲགས་རྒྱས། བློ་གསལ་གླིང་གི་འཆད་ ཉན་པ་ཡུན་རིང་དུ་བཞུགས། དགའ་ལྡན་ཤར་གྱི་བླ་མར་གྱུར་པས་ ཤར་པ་དམ་ཆོས་དཔལ་བར་གྲགས། དགུང་ལོ་དོན་གསུམ་པ་རབ་ བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲིར་ ཕེབས་ནས་ལོ་ངོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ ཆོས་ཀྱི་འཆད་ཉན་གོང་ནས་གོང་དུ་འཕེལ་བར་མཛད་དགུང་ལོ་ དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ ཕྱིར་དུ་ཅོ་ནེ་ཆོས་རྗེ་དགེ་འདུན་དར་རྒྱས་ལགས་ཀྱི་དངུལ་གདུང་ བཞེངས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ ཅུ་སོ་གཅིག་པ་ཡིན་ནོ།། འཇམ་མགོན་བློ་གྲོས་མཐའ་ཡས།། ཁོང་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་མི་གཅིག་ཡིན་པས་ [627]། འཇམ་པ་ཆོས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ འཇམ་པ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཁོང་དགོན་ལུང་དགོན་པའི་ རྩ་བའི་གྲྭ་རྒྱུན་ཡིན་ཞིང། དགོན་ལུང་དང་གཙང་བཀྲ་ཤིས་ལྷུན་པོའི་ ཤར་རྩེར་ཐུགས་གཉེར་མཛད། མཚན་ཐོག་ཐག་ཏུ་རྩི་བཞག་སྐྱོར་བ་ གནང་ཞིང་གཉིད་དུ་མི་འགྲོ་བའི་ཆེད་དུ་ཤིང་གི་གདོང་མ་ལ་ཞོན་པ་ སོགས་དཀའ་སྤྱད་དང་བརྩོན་འགྲུས་དྲག་པོ་མཛད་ནས་གཞུང་བརྒྱ་སྨྲ་ བའི་ཁྱུ་མཆོག་ཏུ་གྱུར། འཇུ་ལག་སྨད་ཀྱི་སེམས་ཉིད་ནང་སོས་གྲྭ་ ཚང་འཛུགས་པའི་རྨང་ཙམ་བཏང་ཡོད་པར་རྗེ་འདི་བ་གདན་དྲངས་ ཏེ་འདུ་ཁང་སོགས་གསར་བསྐྲུན་མཛད་ཅིང་གྲྭ་ཚང་ལེགས་པར་ བཙུགས་ནས་མཚན་ཉིད་ཀྱི་འཆད་ཉན་སོགས་བཤད་སྒྲུབ་གོང་འཕེལ་ དུ་མཛད། རབ་བྱུང་བཅུ་གཅིག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ གསུམ་གྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་འབུལ་བ་གང་རྙེད་ ཐམས་ཅད་ཆོས་ཐོག་གི་ཐེབས་མཛད་ཅིང་འཆད་ཉན་ལ་ཐུགས་བརྩོན་ ལྷོད་མེད་གནང། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་བཀྲམ་རྒྱུའི་བྱམས་ སྐུ་ཆེ་མོ་བཞེངས། མྱ་ངན་ལས་འདས་སྐབས་ངེད་རང་སྟོན་པ་ ཤཱཀྱ་ཐུབ་པའི་རྗེས་འཇུག་གི་ཀུན་སྤྱོད་འདི་ལྟར་བྱེད་པ་ཡིན་གསུངས་ ནས་གློ་གཡས་པ་ཕབ་སྟེ་སེང་གེའི་ཉལ་སྟབས་ཀྱིས་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་ [628]། འཇམ་དཔལ་གོ་ཆ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་ གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ རྗེ་དབྱིངས་ཀྱི་དཀྱིལ་འཁྲོ་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་ དཔའ་མཉེས་པར་བྱ་བའི་ཆོ་ག་བསྡུས་པ། རྗེའི་སྒྲུབ་ཐབས།། འཇམ་དཔལ་སྒེག་པའི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ ལ་གཏུགས་ནས་མདོ་སྔགས་རིགས་གནས་དང་ལེགས་སྦྱར་གྱི་སྐད་ཡིག་ ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས། སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ། [629] པ། བཞུགས་སོ།། འཇམ་དཔལ་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་བྱང་ཞིང་ཆུབ་པར་སྦྱངས་ནས་ བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ གནད་ཀྱི་སྒྲོན་མ། སོ།། འཇམ་དཔལ་ཡེ་ཤེས་སྙིང་པོ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་བཞི་བཅུ་རྩ་པ་རབ་བྱུང་དྲུག་པའི་ཆུ་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་ལོ་ ངོ་གཅིག་གི་རིང་དུ་གདན་ས་བསྐྱངས། ཁོང་མདོ་སྔགས་རིག་གནས་ དང་བཅས་པར་ཤིན་ཏུ་མཁས་པས་མཁན་ཆེན་གྱི་མཚན་སྙན་ཡང་ འཛིན་མྱོང། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་དེ་ [630] གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ཉི་ཤུ་རྩ་གཉིས་པ་ ཡིན་ནོ། ། འཇམ་དབྱངས་ཀུན་དགའ་ཆོས་བཟང།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་གློ་བོ་འབྲོག་གསེབ་ཏུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་ མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ པར་བྲག་དཀར་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་ མནོས་ཤིང་སུམ་རྟགས་དག་གསུམ་དང་འདོན་ཆོས་བཅས་ལ་བྱང་བར་ མཛད། དགུང་ལོ་བཅོ་བརྒྱད་པར་དཔལ་ལྡན་ས་སྐྱར་ཕེབས་ཏེ་ བླ་མ་བློ་གྲོས་གཞོན་ནུ་ལས་གསུང་ངག་སོགས་ཀྱི་ཆོས་སྐོར་གསན་ དགུང་ལོ་བཅུ་དགུ་པར་ངོར་པར་བྱོན་ནས་ངོར་ཆེན་ཀུན་དགའ་ བཟང་པོ་དང། བྲག་དཀར་ཁ་ཆར་བ། གཅུང་གཞོན་ནུ་ སེང་གེ་གསུམ་ལས་རབ་བྱུང་བསྒྲུབས་ཤིང་བཀའ་གསན། དེ་ནས་ ཆོས་གྲྭ་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་ཏེ་བྱམས་ཆེན་རབ་ འབྱམས་པ་སངས་རྒྱས་འཕེལ་གྱི་ཞབས་ལ་གཏུགས་ཤིང་མདོ་སྔགས་ ཆོས་ཀྱི་ཟབ་བཅུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་ མཛད། དགུང་ལོ་སུམ་ཅུ་ཐམ་པར་བྱམས་ཆེན་རབ་འབྱམས་པ་ སངས་རྒྱས་འཕེལ་དང། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ གཉིས་ལས་བསྙེན་པར་རྫོགས། དགུང་ལོ་སོ་བཞི་པར་ཟུར་འཆད་ མཛད། དགུང་ལོ་ལྔ་བཅུ་རྩ་བཞི་པར་སྐྱེད་མོས་ཚལ་གྱི་གདན་སའི་ [631] སྔགས་ཆོས་ཀྱི་འཆད་ཉན་སྤེལ། དགུང་ལོ་དོན་གཅིག་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་སྐྱེད་ཚལ་ མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་ཞེས་ཞུའོ། །ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཆོས་འཁོར་ལྷུན་པོ་འདེབས་མཁན་པཎ་ཆེན་ དངོས་གྲུབ་དཔལ་འབར་དང། གཞའ་རི་དགོན་གསར་འདེབས་ མཁན་ལྷ་དབང་བློ་གྲོས་བཅས་མང་དུ་བྱོན་ནོ། ། འཇམ་དབྱངས་ཀུན་དགའ་སེང་གེ་ ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་ལེགས་པར་ མཛད། བཅུ་གསུམ་སེང་གེ་རྒྱལ་པོ་ལས་དུས་འཁོར་གྱི་དབང་ཆེན་ དང། རྫོགས་ཆེན་གྱི་ཆོས་སྐོར། ཨ་ཏི་ཡོ་ག་མ་ཧཱ་མཱ་ཡཱ། བདེ་མཆོག་ སྙན་བརྒྱུད། བཀའ་གདམས་ལམ་རིམ། རིམ་ལྔའི་ཁྲིད། མཚན་ བརྗོད་ཀྱི་ཕྱག་ལེན་དང་བཅས་པ། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་ བརྒྱུད། ནཱ་རོ་ཆོས་དྲུག་ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས་ཏེ་ སྒྲུབ་པར་མཛད། དགུང་ལོ་བཅུ་གསུམ་པ་རབ་བྱུང་ལྔ་པའི་མེ་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་ར་ལུང་དགོན་པའི་གདན་སར་ཕེབས། དགེ་ འདུན་མང་པོའི་ཚོགས་པ་བསྐྱངས། ལོ་ངོ་ཉི་ཤུ་རྩ་གཅིག་རིང་དུ་ གདན་སར་བཞུགས་ནས་དགོན་པའི་འཆད་ཉན་དང་སྒོམ་སྒྲུབ་བཅས་ [632] དགུང་ལོ་སོ་བཞི་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་བདུན་པ་ཡིན། ། འཇམ་དབྱངས་མཁྱེན་བརྩེ་དབང་པོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་ཉེ་འདབས་ སུ་ཡབ་རིན་ཆེན་རྣམ་རྒྱལ་དང། ཡུམ་བསོད་ནམས་འཚོ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་བཞི་བར་ཡི་གེའི་འདོན་ཀློག་གསན་ དགུང་ལོ་བཅུ་གཉིས་པར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་ བསྟན་འཛིན་གྱིས་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་ འཆི་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་འཇམ་དབྱངས་ མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་ པོ་ཞེས་གསོལ། དགུང་ལོ་ཉེར་གཅིག་པར་སྨིན་གླིང་མཁན་ཆེན་རིག་ འཛིན་བཟང་པོ་ལས་བསྙེན་པར་རྫོགས། མདོ་དབུས་ཁམས་གསུམ་དུ་ བཞུགས་པའི་ས་དགེ་བཀའ་རྙིང་གི་བླ་མ་དང། གཙུག་ལག་སྨྲ་བའི་ དབང་པོ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོངས་འཛིན་དུ་བསྟེན་ཏེ། ཐུན་ མོང་གི་རིག་གནས་རྣམས་དང། ཐུན་མོང་མ་ཡིན་པའི་དབུ་ཚད་ཕར་ འདུལ་མཛོད་ལྔ་དང། བདེ་དགྱེས་གསང་གསུམ། དུས་འཁོར་ གསང་རྙིང་སོགས་ལ་སྦྱངས་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། དེ་ ནས་བཀའ་བབ་བདུན་ལྡན་གྱི་བདག་པོར་གྱུར་ནས་ཉམས་རྟོགས་ཀྱི་ ཡོན་ཏན་འཕེལ། ཁོང་གིས་གསེར་དང་ཟངས་ལས་གྲུབ་པའི་སངས་ [633] གསུང་རྟེན་ཤིང་པར་དུ་ པོད་བཞི་བཅུར་ཉེ་བ་དང། བྲིས་མ་པོད་ཉིས་སྟོང་ཙམ་དང་ ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོ་གཙོས་བརྒྱ་ལྷག་ཙམ་ གསེར་ཟངས་ཀྱིས་བསྐྲུན། སྐུ་གསུང་ཐུགས་རྟེན་དེ་དག་བཞུགས་སུ་ གསོལ་བའི་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཞེངས་སོ། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་འཇམ་ དབྱངས་རྣམ་རྒྱལ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་ མ། ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན། ཀརྨ་ཐེག་མཆོག་རྡོ་རྗེ། ཀརྨ་ མཁའ་ཁྱབ་རྡོ་རྗེ། བྲག་གཡབ་ནོ་མིན་ཧན་བཅས་ཡིན། ཁོང་གི་ གསུང་རྩོམ་ནི་བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་ པའི་རོལ་མོ་དང། གཏམ་ཚོགས་རིག་གཞུང་རྒྱ་མཚོར་འཇུག་ པའི་གྲུ་རྫིང། ནང་དོན་རིག་པ་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ མདོ་སྔགས་ཀྱི་དོན་གསལ་བར་སྟོན་པ་ལེགས་བཤད་ཉི་ཟླའི་དཀྱིལ་ འཁོར། ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་རྡོ་རྗེ་ སེམས་དཔའི་དཔལ་འཛིན། རིག་གནས་ཆེ་ཆུང་གི་གསལ་བྱེད་དབྱངས་ཅན་དགྱེས་པའི་རོལ་མཚོ། ལོ་རྒྱུས་རྣམ་ཐར་གདན་རབས་ ངོ་མཚར་ཀུན་དགའི་སྐྱེད་ཚལ། ཉེར་མཁོ་སྣ་ཚོགས་འདོད་འབྱུང་ བསམ་འཕེལ་དབང་རྒྱལ། ཟབ་དོན་རྡོ་རྗེའི་གླུའི་སྐོར་རང་བྱུང་ འོད་གསལ་རྡོ་རྗེའི་གསང་མཛོད་བཅས་སྡེ་ཚན་དགུར་དྲིལ་ཏེ་པོ་ཏི་ བཅུ་གསུམ་ཙམ་བཞུགས་ཡོད། ། འཇམ་དབྱངས་དགའ་བའི་བློ་གྲོས་ལེགས་པ་ཆོས་འབྱོར།། [634] ཚལ་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་གུང་རུ་ཆོས་བློ་དང། སློབ་དཔོན་དཔལ་ བློ་ལས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གནས་བརྟན་པ་ལས་འདུལ་ བ་དང་མངོན་པ། བ་སོ་ཆོས་ཀྱི་རྒྱལ་མཚན་ལས་གསང་སྔགས་སོགས་ གསན་པས་མཁས་པ་ཆེན་པོར་གྱུར། དེ་ནས་གསང་ཕུར་ཕེབས་ཏེ་ འཆད་ཉན་པ་མཛད། དེ་ནས་ཁམས་ཕྱོགས་སུ་བྱོན་ཏེ་ཆོས་ཀྱི་འཁོར་ ལོ་བསྐོར་ནས་དབུས་སུ་བྱོན། བློ་གསལ་གླིང་གི་འཆད་ཉན་པ་ལོ་ཉི་ ཤུ་ཙམ་མཛད། དེ་ནས་འབྲས་སྤུངས་ཀྱི་ཁྲི་ལ་བཞུགས་ཤིང་འཆད་ ཉན་མཛད། སྣེའུ་ནས་སྦྱིན་བདག་མཛད་ཅིང་འབྲས་སྤུངས་སུ་བྱམས་ ཆེན་གྱི་སྐུ་བཞེངས་ཤིང་དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ཚལ་བ་ལེགས་པ་ཆོས་ འབྱོར་ཞེས་ཞུའོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་དགེ་འདུན་ རྒྱ་མཚོ་དང། ཆོས་རྗེ་ཆོས་ཀྱི་བཤེས་གཉེན། རྩེ་ཤར་ཆོས་རྗེ་བཟང་ པོ། ཆོས་སྐྱོང་རྒྱ་མཚོ། ཉི་སྡིངས་བླ་མ་དཔལ་ལྡན་འོད་ཟེར་ སེམས་སྤྲུལ་སྨོན་ལམ་བློ་གྲོས། བྱེ་རྫིང་མཁན་པོ་རབ་འབྱོར་སེང་གེ་ གོ་རམས་པ་བཀྲ་ཤིས་སེང་གེ་ཀོང་སྟོན་དཀོན་མཆོག་འབྱུང་གནས་ འོལ་དགའ་དཀའ་བཅུ་བ་བློ་གྲོས་གྲགས་པ་སོགས་ཡིན། ཁོང་ནི་ འབྲས་སྤུངས་གདན་སའི་མཁན་རབས་བརྒྱད་པ་ཡིན་ནོ། ། འཇམ་དབྱངས་མགོན་པོ།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ [635] ཡུམ་ འདྲེ་མོ་ཁྱེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་པའི་ལོ་ ཚིགས་མི་གསལ། སློབ་དཔོན་གཙང་སྟོན་ལ་གསོར་བཅུག་ཁོང་ཕྱག་ དྲུག་པའི་འཕྲིན་ལས་གཏོང་བའི་དུས་སུ་ཕྱག་དྲུག་པ་ཡུད་ཙམ་ཞིག་ གཟིགས། མཚན་ལ་བསོད་ནམས་མགོན་པར་གསོལ། དགུང་ལོ་དྲུག་ བདུན་སྐབས་སུ་སློབ་དཔོན་ལྕེ་སྟོན་སངས་རྒྱས་དང། ལྕེ་སྟོན་མགོན་ པོ། གཡུ་ཐོག་ཇོ་རྒྱལ་ལ་སོགས་པ་མེ་ཏོག་སྡུད་པའི་ཆོས་གསུང་བ་བློ་ལ་ ཟིན་ནས་བྱིས་པ་ཟླ་བོར་བཤད། དགུང་ལོ་བཅུ་པར་ཡུམ་གཤེགས་ ནས་གཡས་རུར་ཕེབས། བླ་མ་མར་སྟོན་ལས་རབ་ཏུ་བྱུང་ཞིང་མིང་ལ་ ཤེས་རབ་འབྱུང་གནས་ཞེས་གསོལ། ཟབ་ཁྲིད་ཞུས་ཏེ་འོ་ཡུག་སོགས་ སུ་མཚམས་དམ་པོར་བཞུགས། མར་སྟོན་གྱིས་མཁན་པོ་དང། དུང་ ལུང་པས་སློབ་དཔོན། སློབ་དཔོན་གཅུང་པོས་གསང་སྟོན་མཛད་ ནས་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལས་སེམས་ཉིད་ངལ་གསོ་དང་ རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལ་ལོ་བཅུ་བཞི་དང་ ཤ་མི་ཟ་བར་ལོ་བཅུ་བདུན་གྱི་བར་དུ་མཛད། དབུ་རི་བ་ལས་འབྲུག་ པའི་ཆོས་སྐོར་དབང་བཀའ་ཐམས་ཅད་ཚང་བར་གསན་ནས་ལོ་བརྒྱད་ དུ་བསྟེན་པར་མཛད། མཁན་པོ་སྟོད་ལུངས་པ་དང། མཁན་པོ་ དུང་ལུངས་པ། མཁན་པོ་ལས་སྟོད་པ་རྣམས་ལས་འདུལ་བ་དང་ སློབ་དཔོན་སྦ་བ་གླན་སྟོན་ལས་ཚད་མ། སློབ་དཔོན་ཟླ་གྲགས་ལས་ དབུ་མ། ས་སྡེ། སྤྱོད་ཕྱོགས། གསང་འདུས་བཅས་དང། བླ་མ་ དབུས་པ་ལས་སྤྱོད་ཡུལ་བཀའ་བརྒྱུད་དང། ཉམས་བརྒྱུད། སངས་ [636] སློབ་དཔོན་རོག་སྟོན་ལས་ སྒྲའི་བསྟན་བཅོས། དཀོན་མཆོག་རིན་ཆེན་ལས་རས་ཆུང་སྙན་ བརྒྱུད། སློབ་དཔོན་སྟོན་གཞོན་ལས་སྦྱོར་དྲུག་བཅས་གསན་ནས་ མཁས་གྲུབ་ཆེན་པོར་གྱུར། དབང་ཆེན་ཞུས་པའི་གསང་མཚན་ལ་ དོན་ཡོད་རྡོ་རྗེ་ཞེས་གསོལ། ཁོང་ཤེས་རབ་ཤིན་ཏུ་ཆེ་བས་ཀུན་གྱིས་ འཇམ་དབྱངས་མགོན་པོར་གསོལ། མྱང་སྟོད་སྨད་ཀྱི་མཚམས་ཀུ་རུ་ ལུང་དུ་དགོན་པ་བཏབ། དགུང་ལོ་བཞི་བཅུ་རྩ་གསུམ་པ་རབ་བྱུང་ བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ལོ་རས་པ་སྐུ་གཤེགས་ རྒྱ་ནག་རི་བོ་རྩེ་ལྔ་ལ་ཡང་ཞབས་ཀྱིས་བཅགས་ཤིང་གཞན་དོན་ཕུན་ སུམ་ཚོགས་པ་བསྒྲུབས་ནས་ཞིང་ཁམས་སུ་གཤེགས། དེ་ལྟར་ལོ་ རས་པ་བུ་སློབ་ནས་བརྒྱུད་པ་རྣམས་ལ་སྨད་འབྲུག་ཅེས་འབོད། ཁོང་ གི་གསུང་རྩོམ་ནི་ ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ བསམ་ཡས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ ལོ་་ལོར་འབྲས་སྤུངས་སུ་སྐུ་གཤེགས། ཁོང་ཐོག་མར་རྩེད་ ཐང་དུ་རབ་བྱུང་མཛད་དེ་ཆོས་གྲྭར་ཞུགས། གསང་ཕུར་གཉལ་རྒོད་ རིན་ཆེན་བསམ་གྲུབ་དང། ལྡན་མ་དཀོན་མཆོག་སེང་གེ་ལས་ཕར་ [637] སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་པ་ལས་འདུལ་ མངོན་སོགས་གསན། ཁྱད་པར་དུ་རྗེ་ཙོང་ཁ་པ་ལས་དབུ་མ་རྩ་ འཇུག་གི་བཤད་པ་དང། དྲང་ངེས། འདུལ་བ། ལམ་རིམ་ ཆེ་ཆུང། སྔགས་རིམ་ཆེན་མོ། གསང་འདུས་རྩ་རྒྱུད་འགྲེལ་ པ་སྒྲོན་གསལ་དང་བཅས་པ། བཤད་རྒྱུད་ལྔ་དང། མདོར་ བྱས། མདོ་བསྲེ། རྣམ་བཞག་རིམ་པ་སོགས་དང། བདེ་ དགྱེས་ཀྱི་ཆོས་སྐོར་ཡོ་ག་སྐོར་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཕལ་ ཆེ་བ་གསན་ཏེ་མཁྱེན་རབ་འགྲན་ཟླ་དང་བྲལ་བ་བྱུང། མཁས་ དབང་ཡེ་བཟང་རྩེ་བས་ཀྱང་རྗེ་བླ་མའི་སྲས་གཅིག་ལ་འབྲས་སྤུངས་ ཆོས་རྗེ་འདི་རང་མཁྱེན་རབ་ཆེ་ཞེས་བསྔགས་པར་མཛད། དེ་ནས་རྗེ་ ཙོང་ཁ་པས་མཁན་པོ་དང། འདུལ་བ་འཛིན་པས་ལས་སློབ། རྒྱལ་ ཚབ་ཆོས་རྗེས་གསང་སྟོན་མཛད་དེ། དད་པའི་དགེ་འདུན་གྲངས་ ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེའི་ཚེ་རྗེ་ཙོང་ཁ་ པས་འགོག་པ་རིར་གཏེར་ནས་བཞེས་པའི་ཆོས་དུང་དཀར་པོ་ཆོས་རྗེ་ འདི་བ་ལ་གནང་བཞིན་ཁྱོད་ཀྱིས་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་ དང། དགོན་མ་ལས་བུ་དགའ་བའི་དར་རྒྱས་ཆེ་བ་འོང་གསུངས་ པས། སྣེའུ་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཆོས་རྗེ་འདི་ཉིད་དགུང་ལོ་སོ་བརྒྱད་པར་ ་ དཔལ་ལྡན་འབྲས་ རྗེ་འདི་ཉིད་དགུང་ལོ་སོ་བརྒྱད་པར་ ་ དཔལ་ལྡན་འབྲས་ སྤུངས་དགོན་པ་བཏབ་སྟེ་ཆོས་ཐོག་ཏུ་ཁོང་གིས་མདོ་ཕྱོགས་ཀྱི་པོ་ཏི་ བརྒྱད་བརྒྱད་རང་རང་གི་འགྲེལ་བ་པོད་ཊིཀ་དེ་དང་སྦྱར་ནས་བཤད་ པ་ཞིབ་ཅིང་གསལ་ལ་རྒྱས་པ་རེ་གནང་བས་མཁས་པ་ཀུན་གྱི་ཐུགས་ [638] ཁོང་གིས་སྤྱིར་མདོ་ཕྱོགས་དང་སྔགས་ ཕྱོགས་ཀྱི་གཞུང་ལུགས་པོ་ཏི་ཆེན་པོ་བརྒྱ་དང་སུམ་ཅུའི་ཚིག་དོན་ མཐའ་དག་ཐུགས་སུ་བཟུང་ནས་ཐུགས་ཐོག་ཁོ་ནས་འཆད་པ་མཛད་ པའི་མཁྱེན་རབ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པར་གསུངས་ གསུང་ལས་སྐྱེས་པའི་བུ་སློབ་ཡང། མུས་སྲད་པ་བློ་གྲོས་རིན་ཆེན་ ཉན་སྟོན་པ་ཤཱཀྱ་རྒྱལ་མཚན། རྗེ་སྨོན་ལམ་དཔལ་བ། སློབ་དཔོན་ སྒ་ལེབ་དང་ལྟག་ལེབ་གཉིས། ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྗེ་ ནམ་མཁའ་བློ་གྲོས། གཙང་བ་ཀུན་རྒྱལ་བ་བཅས་སྡེ་སྣོད་འཛིན་པ་ མཐའ་ཡས་པ་བྱུང་ངོ། ། འཇམ་དབྱངས་བསྟན་འཛིན་དབང་རྒྱལ།། ཁོང་ནི་ཨ་ཁྱུང་ངག་དབང་མཁྱེན་རབ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་ཡུམ་བསོད་ ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་སོགས་ལེགས་པར་ མཁྱེན་ཞིང་རྗེ་བཙུན་འཇམ་དབྱངས་སྐུ་མཆེད་དང། ཐར་རྩེ་ ནམ་མཁའ་དཔལ་བཟང། ཡབ་ཆེན་གྲགས་པ་བློ་གྲོས་རྒྱ་མཚོ་ སོགས་ལ་བསྟེན་ཏེ་ཡབ་མེས་ཀྱི་བཀའ་ཆོས་མཐའ་དག་གསན་པར་ མཛད། དགུང་ལོ་བཅུ་གསུམ་པར་གདན་ས་ཆེན་པོའི་ཆོས་ཀྱི་ཁྲི་ལ་ [639] ཆེན་མོར་ཉིན་གསུམ་གྱི་བར་དུ་གསུངས་པས་མཁས་པ་ཀུན་གྱི་ཡིད་ འཕྲོག་པར་གྱུར། མུས་ཆེན་སངས་རྒྱས་རྒྱལ་མཚན་ལས་རབ་ཏུ་བྱུང་ ཞིང་ཟབ་ཆོས་མང་དུ་གསན་ནས་ཁམས་ཕྱོགས་སུ་ཕེབས་ཏེ་ས་དཀར་ འདབ་འདོབ་ཀྱི་ས་སྐྱའི་དགོན་ལན་རྣམས་ཞལ་བདག་མཛད་ཅིང་ གཞན་ཕན་རྒྱ་ཆེར་བསྒྲུབས་པར་མཛད། སྒ་གསེར་ཁ་དང་དར་རྩེ་ མདོ་སོགས་སུ་བྱོན་ཏེ་འབུལ་ནོད་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་ ས་སྐྱའི་གདན་ས་ཆེན་པོར་དྲངས་ཏེ་ལི་མ་ལྷ་ཁང་དང་རྒྱ་ནག་ལྷ་ཁང་ སོགས་རྟེན་བརྟེན་པ་གསར་བཞེངས་མཛད་པས་ཕྱག་རྗེས་ཤིན་ཏུ་ཆེ་ དགུང་ལོ་བཞི་བཅུ་ཞེ་གཉིས་པར་ཁམས་ཕྱོགས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་བསྐོར་ནས་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ཞིང་ལ་བཀོད་པ་མཛད་ ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ནི་མཇལ་བའི་སྐལ་བ་མ་བྱུང་བས་ ཤིན་ཏུ་ཕངས་སོ།། འཇམ་དབྱངས་དོན་ཡོད་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཞྭ་ལུ་ཁང་གསར་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ དྲུག་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱའི་རིན་ཆེན་སྒང་ བླ་བྲང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཁན་ཆེན་ བསོད་ནམས་གྲགས་པ་དང། བླ་མ་དཔལ་ལྡན་སེང་གེ་དཔང་ལོ་ཙཱ་ བ་བློ་གྲོས་བརྟན་པ། བྲག་ཁ་བ་གྲགས་པ་སེང་གེ་ཆོས་རྗེ་ན་བཟའ་ [640] རྒྱལ་སྲས་ཐོགས་མེད་པ། བླ་མ་སྲོན་པ་ ཆོས་དཔལ་བཟང་པོ་བཅས་ལ་བསྟེན་ནས་ཡབ་མེས་ཀྱི་བཀའ་ཆོས་ དང། མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་དབང་ལུང་ཁྲིད་གསུམ་ སོགས་མཐའ་ཡས་པ་གསན་ཏེ་དགུང་ལོ་བཅུ་བཞི་པར་ས་སྐྱའི་གདན་ སའི་ཁྲི་ལ་བཞུགས་ནས་འཆད་ཉན་དང་སྐུ་གསུང་ཐུགས་རྟེན་བཞེངས་ པར་མཛད། ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་གྭན་ཐེ་མུས་ཏཱ་དབེན་གུ་ ཤྲཱིའི་ཆོ་ལོ་དང་ཤེལ་དམ་བཅས་གནང་སྦྱིན་བསྩལ་ནས་བསྟན་པའི་ བདག་པོར་མངའ་གསོལ། གདུང་རྒྱུད་རིན་པོ་ཆེ་མི་ཆད་པའི་ཕྱིར་དུ་ བཙུན་མོ་ཡོན་ཏན་འབུམ་ཁབ་ཏུ་བཞེས་ནས་རིགས་སྲས་འགའ་ཡང་ བསྐྲུན་པར་མཛད། དགུང་ལོ་ཉེར་གཉིས་པར་བོ་དོང་བྱ་རྒོད་ གཤོངས་ཀྱི་གཙུག་ལག་ཁང་དུ་མཁན་ཆེན་བསོད་ནམས་གྲགས་པ་ དང། མཁས་མཆོག་དཔལ་ལྡན་སེང་གེ་བླ་མ་བཟང་པོ་གསུམ་ལས་ བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་ཐམས་ཅད་མིག་འབྲས་བཞིན་དུ་ བསྲུངས་པར་མཛད། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་ ཞིག་མཛད་ནས་དགུང་ལོ་སུམ་ཅུ་སོ་ལྔ་པར་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། ཁོང་ནི་ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་རབས་ དང་པོ་དང། ས་སྐྱའི་གདན་སའི་ཁྲི་རབས་བཅུ་གཉིས་པ་ཡིན་ནོ།། འཇམ་དབྱངས་དོན་ཡོད་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཆུ་མའི་ཀླུ་གཤོང་དུ་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ [641] ཤིང་སློབ་གཉེར་ནན་ཏན་དུ་མཛད། ཁོང་གི་སྐུ་ཡོན་མཁྱེན་རབ་ ལ་དུས་དེར་འགྲན་ཟླ་དང་བྲལ་བར་གྲགས། མཁན་ཆེན་དོན་ཡོད་ རྒྱ་མཚོ་ལས་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས། བྱང་ཕྱོགས་ ཧོར་ཡུལ་ཧལ་ཧའི་ཡུལ་དུ་ཕེབས་ཏེ་བསྟན་པའི་བྱ་བ་མཛད་པས་བུ་ སློབ་མཁས་པ་མང་དུ་ཐོན། སྐབས་ཤིག་གདན་སར་ཕེབས་བཞེད་ ཀྱིས་སྐུ་འབུམ་དུ་འབྱོར་བར་མེ་རྒན་ཆོས་རྗེ་ངག་དབང་དགེ་འདུན་ དོན་ཡོད་སྐུ་མ་འཚོ་བ་གསན་པའི་རྐྱེན་བྱས་ཏེ་ཕྱིར་སྨད་ཕྱོགས་སུ་བྱོན་ ཏེ་འཕྲིན་ལས་སྤེལ། དུས་རྒྱུན་པར་ཉིན་མོའི་ཆ་ལ་དཔེ་གཟིགས་དང་ སྤྲོས་བཅས་སྤྲོས་མེད་ཀྱི་རྣལ་འབྱོར། མཚན་མོ་བརྒྱད་སྟོང་པ་དལ་ བུར་གསུངས་པ་ཞིག་ཡིན། དགུང་ལོ་བདུན་ཅུ་སྐབས་སླར་གདན་ སར་བྱོན་ནས་གྲྭ་ས་སོ་སོར་རྟེན་གསུམ་ཡོ་བྱད་གཏོས་ཆེན་སྦྱོར་ འཇགས་མཛད། དེ་ནས་སོག་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ ཆེན་ལེགས་བསྒྲུབས་ཤིང་འཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་ དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། ཁོང་ནི་ཁྲི་རྒན་མཆོག་སྤྲུལ་གྱི་སྐུ་ཕྲེང་གསུམ་པ་ཡིན་ནོ།། འཇམ་དབྱངས་དོན་ཡོད་དཔལ་ལྡན།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཉང་སྟོད་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་དཔལ་འཁོར་བདེ་ཆེན་དུ་རབ་བྱུང་ [642] སློབ་དཔོན་བཟོད་དཔལ་བ་སོགས་ལ་བསྟེན་ནས་མདོ་ སྔགས་ཀྱི་གཞུང་ལུགས་ཆེན་པོ་ཁག་ལ་ཐོས་བསམ་དཔྱིས་ཕྱིན་པར་ མཛད་ཅིང་མཁས་པ་ཆེན་པོར་གྱུར། བྱང་སེམས་འདུལ་དཀར་བ་ སོགས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། དེ་ནས་ དབུས་སུ་ཕེབས་ཏེ་རིན་ཆེན་བྲག་ཏུ་བཞུགས་ཤིང་ཉན་ཤཱཀྱ་པ་ལ་ བསྟེན་ནས་གསང་སྔགས་ཟབ་མོའི་དབང་ལུང་མན་ངག་མང་དུ་ གསན། སེ་ར་ཐེག་ཆེན་གླིང་དུ་ཞུགས་ཏེ་གཉལ་སྟོན་དཔལ་འབྱོར་ ལྷུན་གྲུབ་ལ་བསྟེན་ནས་བདེ་གསང་འཇིགས་གསུམ་སོགས་ཀྱི་ཆོས་སྐོར་ གསན། དགུང་ལོ་ཞེ་གཅིག་པར་སེ་ར་བྱེས་པ་གྲྭ་ཚང་གི་འཆད་ཉན་ པ་མཛད། དགུང་ལོ་དོན་གཉིས་པ་རབ་བྱུང་དགུ་པའི་མེ་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་སེ་ར་ཐེག་ཆེན་གླིང་གི་གདན་སའི་ཁྲི་ལ་བཞུགས་ ནས་ལོ་ངོ་དགུའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་ འགྲིག་ལམ་ཀུན་སྤྱོད། གཏོང་སྒོ་བཅས་ཀྱི་ཐད་ནས་ཡར་ལྡན་དུ་ མཛད། དགུང་ལོ་བརྒྱད་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་མཚན་གཞན་ལ་སེ་ར་དོན་ཡོད་དཔལ་ལྡན་ཞེས་ ཞུའོ། །ཁོང་ནི་སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བཅུ་ པ་ཡིན་ནོ། ། འཇམ་དབྱངས་བདེ་བའི་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་དབུས་ལྷ་ལྡན་དུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་ བཅུ་པར་རི་བོ་དགེ་འཕེལ་དུ་ཕེབས་ཏེ་འཇམ་དབྱངས་བཞད་པའི་རྡོ་ [643] ཞལ་མཇལ་བའི་ མོད་ལ་སངས་རྒྱས་དངོས་མཇལ་བ་ལྟར་གྱི་དད་པ་ལྷག་པར་བསྐྱེད་ ཅིང། སྨྲ་མི་ཤེས་པའི་དགའ་བ་འཕེལ། གཞན་ཡང་བླ་མ་བློ་བཟང་ཚུལ་ ཁྲིམས་དང། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཁྲུལ་གཞི་མང་ཐོས་ རྒྱ་མཚོ་སོགས་ལ་དགེ་ལྡན་པའི་ཆོས་སྐོར་མང་དུ་ཞུས་པར་མ་ཚད་ ས་སྐྱ་བླ་མ་ངག་དབང་ཀུན་དགའ་ལྷུན་གྲུབ་ནི་ཁོང་གི་ཆོས་གསན་ཡུལ་ གཙོ་བོ་ཡིན་པས་ས་སྐྱའི་དམར་པོ་རྣམ་གསུམ་སོགས་ས་སྐྱའི་ཆོས་སྐོར་ གསན་ཅིང། མདོ་སྔགས་ཀྱི་ཁྲིད་ལུང་མཐའ་ཡས་པ་ཞུས་ནས་གསང་ སྔགས་ཀྱི་སྐོར་དབང་ལུང་ཁྲིད་གསུམ། ཆོ་ག་སྒྲུབ་ཐབས་ཕྱག་ལེན་ བཅས་ལ་མཁས་པར་གྱུར། སྣོད་ལྡན་གྱི་སློབ་མ་མང་དུ་སྤེལ་བ་དང་ དབེན་གནས་རྣམས་སུ་བསྙེན་སྒྲུབ་ཀྱང་ལན་མང་མཛད། ཁོང་གི་ མཚན་གྱི་རྣམ་གྲངས་ནི་བློ་བཟང་འཇམ་དཔལ་རྒྱ་མཚོ། མཉྫུ་ཤྲཱི་ས་ མུ་ཧྲ། སུ་ཁ་བཛྲ། བཧུ་སུ་ཀུ་འཇམ་དབྱངས་བདེ་བའི་རྡོ་རྗེ་བཅས་ སོ། ཁོང་གི་གསུང་རྩོམ་ནི་གསོལ་འདེབས་དང། བླ་མའི་རྣལ་ འབྱོར། ཁྲིད་ཡིག་ཆོ་ག་སྣ་ཚོགས། དབང་དང་རྗེས་གནང། སྒྲུབ་ ཐབས། ཟིན་བྲིས། གསན་ཡིག་བརྗེད་བྱང། དཀར་ཆག་བཅས་ པོད་ཆེན་ཞིག་བཞུགས་སོ། ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱར་ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་དང། ཡུམ་མ་གཅིག་ ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་ [644] གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ ཆེ་བས་ཡི་གེའི་སྦྱོར་ཀློག་ཚེགས་མེད་དུ་མཁྱེན་ཞིང། ཉིན་གཉིས་ ཀྱི་ཡུན་དུ་བརྟག་གཉིས་ཐུགས་སུ་ཆུད་པ་དང། ཉིན་གཅིག་ལ་འཁོར་ ལོ་བདེ་མཆོག་གི་སྒྲུབ་ཐབས་དཀྱིལ་འཁོར་ཐུགས་སུ་ཆུད་པས་ཀུན་ གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། ཡབ་བླ་ཆེན་ཀུན་དགའ་ རྒྱལ་མཚན་དང། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། མཁན་ ཆེན་བསོད་ནམས་རྒྱལ་མཆོག་སྦས་པའི་རྣལ་འབྱོར་པ་རྡོ་རྗེ་རྒྱལ་ མཚན་སོགས་ལ་བསྟེན་ནས་ཡབ་མེས་ཀྱི་ཆོས་ལ་མཁས་ཤིང་ཟབ་དོན་ རྒྱ་མཚོའི་མངའ་བདག་ཏུ་བཞུགས། ས་སྐྱ་པའི་བསྟན་སྲུང་རྣམས་ བྲན་དུ་འཁོལ་ནུས་པའི་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་བདུན་བཅུ་དོན་ ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་རིན་ ཆེན་སྒང་བླ་བྲང་གི་གདན་རབས་གསུམ་པ་ཡིན་ནོ། ། འཇམ་དབྱངས་ཚེ་བརྟན་བཀྲ་ཤིས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཡབ་ནམ་ མཁའ་བཀྲ་ཤིས་རྒྱལ་མཚན་དང་ཡུམ་མ་གཅིག་ཧོར་མོ་ཚེ་བརྟན་ གཉིས་ཀྱི་སྲས་སུ་རྩེ་གདོང་དུ་སྐུ་འཁྲུངས་ཏེ། ས་ལོ་འཇམ་དབྱངས་ ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ ་ གྱི་གཅུང་པོ་ཐ་ཆུང་ཡིན། དགུང་ལོ་ཆུང་ངུའི་དུས་ནས་ཡབ་མེས་ཀྱི་ བཀའ་ཆོས་དང་གསང་སྔགས་ཟབ་མོའི་མན་ངག་ལ་གསན་སྦྱོང་མཛད་ [645] ཁྱད་ པར་དུ་ཆོས་སྐྱོང་ལ་མངའ་བརྙེས། དེའི་ནང་ནས་ཞིང་སྐྱོང་དུར་ཁྲོད་ བདག་པོ་ཡབ་ཡུམ་བྲན་བཞིན་དུ་འཁོར་ནུས་པ་སོགས་ནུས་མཐུའི་ མངའ་བདག་ཏུ་གྲགས། བསྟན་པའི་བྱ་བ་ཡང་གསུང་ངག་བླ་མ་ བརྒྱུད་པའི་བྲིས་ཐང་ཤིན་ཏུ་ངོ་མཚར་བ་བཞེངས་པ་བཅས་རྟེན་ གསུམ་མང་དུ་བཞེངས་ཤིང་འཆད་ཉན་སོགས་ཀྱང་ཅི་རིགས་མཛད་ གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་ཡར་འབྲོག་ཁྲི་ལྕམ་ ཁབ་ཏུ་བཞེས་ཏེ་རིགས་སྲས་འཇམ་དབྱངས་ཀུན་དགའ་བསམ་གྲུབ་ དང་བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་ སྐུ་མཆེད་གཉིས་འཁྲུངས། ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་ གདུང་རབས་བདུན་པ་ཡིན་ནོ།། འཇམ་དབྱངས་རལ་གྲི་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་འབྲི་ཀློག་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་མཁས་པར་གྱུར། དེ་ ནས་མདོ་སྔགས་གཉིས་ཀར་སློབ་གཉེར་མཛད་ཅིང་མཁས་པའི་རྩེ་ མོར་སོན། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ དང། གསུང་རྩོམ་ནི་ [646] སོ།། འཇམ་དབྱངས་ཤཱཀྱ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་བསོད་ནམས་བཟང་པོ་དང། ཇོ་མོ་ཉི་རུ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་ཆུང་ངུའི་དུས་སུ་བླ་མ་ཀླུ་ལུང་པའི་མདུན་ནས་ཡི་གེའི་ འབྲི་ཀློག་ལེགས་པར་སྦྱངས། ཆོས་བཞི་གྲགས་པ་རྒྱལ་མཚན་ལས་ དགེ་བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་གཞོན་ནུ་བརྩོས་འགྲུས་ལས་ དགེ་ཚུལ་གྱི་སྡོམ་པ་མནོས། བུ་སྟོན་རིན་ཆེན་གྲུབ་ལས་མདོ་སྔགས་ ཀྱི་གདམས་པ་མང་དུ་གསན། དབང་ལུང་མན་ངག་མང་དུ་ཞུས་ བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་གཞོན་ནུ་བརྩོས་འགྲུས་ལས་ མདོ་སྔགས་ཀྱི་གདམས་པ་མང་དུ་གསན། དབང་ལུང་མན་ངག་མང་ དུ་ཞུས། གདན་སར་བརྟག་གཉིས་དང་རྩེད་ཐང་དུ་བཀའ་པོ་ཏི་བཞི་ ལ་བཤད་པ་མཛད་བས་མཁས་པའི་གྲགས་པ་ཐོབ། ཆོས་རྗེ་བླ་མ་དམ་ པའི་མདུན་ནས་བསྙེན་པར་རྫོགས་ཏེ་ལྷ་སར་ཆོས་འཁོར་དང་རྩེད་ཐང་ གི་ཚོགས་པ་ལོ་ངོ་བཅུ་གསུམ་རིང་དུ་བསྐྱངས། རབ་བྱུང་དྲུག་པའི་ ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ ཏུ་ཕེབས་ཏེ་ཕག་གྲུའི་བླ་དཔོན་གྱི་འགན་ཁུར་ལོ་ངོ་བདུན་གྱི་རིང་དུ་ བཞེས། དེའི་སྐབས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཧོར་ཐོ་གན་ ཐེ་མུར་རྒྱལ་པོས་ཏའི་སི་ཏུ་ཆང་གུའི་གུང་ཀྭ་དིན་གུ་ཤྲཱིའི་གོ་གནས་ [647] བོད་ཆོལ་ཁ་གསུམ་བརྒྱུད་པ་དང་བཅས་པ་ཤེས་སུ་འཇུག་པའི་ འཇའ་ས་གནང། དེ་རྗེས་རབ་བྱུང་དྲུག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་ཏཱ་མིང་ཧུང་འུ་རྒྱལ་པོས་ཀྱང་ཀྭ་དིན་གུ་ཤྲཱིའི་གོ་གནས་ དང་ཐམ་ཁ། བོད་ཆོལ་ཁ་གསུམ་གྱི་དབང་ཆ་འཛིན་ཆོག་པའི་འཇའ་ སའང་གནང་བ་རེད། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་གཉིས་པ་ ཡིན། ། འཇམ་དབྱངས་ཤེས་རབ་དར་ལེགས་པའི་བློ་གྲོས།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ཨེ་ཕྱོགས་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་བླ་འབྲིང་ ཆོས་སྡེར་བླ་མ་བསོད་ནམས་རྒྱ་མཚོའི་བློ་གྲོས་ལས་རབ་ཏུ་བྱུང་ གསང་ཕུར་སློབ་དཔོན་ཤེས་རབ་བཀྲ་ཤིས་དང། གཙང་བཀྲ་ཤིས་ ལྷུན་པོར་པཎ་ཆེན་དགེ་འདུན་གྲུབ། རྒྱུད་པ་ཤེས་རབ་བཟང་པོ་ སློབ་དཔོན་ཆོས་འབྱོར་བ། ཆོས་རྗེ་གནས་བརྟན་པ། བླ་མ་སྣོན་པ་ རྩེ་པ་བཀྲ་ཤིས་རྒྱལ་མཚན་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། སྣོན་པ་དཔལ་ལྡན་ ལས་བསྙེན་པར་རྫོགས། ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་གི་རིང་དུ་འཆད་ ཉན་པ་མཛད། དགུང་ལོ་ང་བདུན་པ་མེ་སྟག་ལ་བྱང་རྩེའི་ཁྲི་ལ་ བཞུགས་ནས་འཆད་ཉན་བསྐྱངས། དགུང་ལོ་རེ་གཉིས་པ་རབ་བྱུང་ དགུ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་ངོ་དྲུག་གི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་ [648] མ་ འདྲིས་པའི་མཛའ་བཤེས་རྒྱལ་བ་ཉི་མའི་གཉེན་གྱི་སྣང་བརྙན་འགྲན་ ཟླ་དང་བྲལ་བ་ཞིག་གསེར་ཟངས་ལས་གྲུབ་པ་བཞེངས། དགུང་ལོ་ རེ་བདུན་པར་ཟུར་བཞུགས་མཛད། སློབ་མ་གྲགས་ཆེ་བ་ནི་གུང་རུ་ གཞོན་ནུ་བྱང་ཆུབ་སོགས་དགུ་དང་གཞན་ཡང་མདོ་སྔགས་ཀྱི་བུ་སློབ་ མང་དུ་བྱོན། དགུང་ལོ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཅུ་ གཉིས་པ་ཡིན་ནོ། ། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ རྟ་ནག་གནས་གསར་དུ་རྙིང་མའི་སྐུ་ཡོན་ཏན་ཅན་རིམ་པར་བྱོན་པའི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གིས་ཟུར་བྱམས་པ་སེང་གེ་ལ་བསྟེན་ ནས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་དུ་སྒྱུ་འཕྲུལ་གྱི་སྐོར་ལ་ ཤིན་ཏུ་མཁས། གླན་ཉ་ཚལ་བ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་ གྱི་དབང་རྣམས་ལེགས་པར་གསན། དེ་ནས་བྱེ་མ་སེང་གེ་ལ་ཕེབས་ ཤིང་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས་ ཐིག་ལེ་ཆེན་པོའི་སྐུར་གྱུར་ནས་སངས་རྒྱས་ཀྱི་ཞིང་མང་པོར་བྱོན་པ་ལ་ སོགས་པ་ཐུགས་དམ་ཤིན་ཏུ་མཐོ་བར་མངའ་བརྙེས། ཡང་དབེན་ པའི་ཟུར་ཤཱཀྱ་འབྱུང་གནས་ཞེས་པ་ཤིན་ཏུ་མཁས་གྲུབ་ཏུ་གྲགས་པ་དེ་ དང། འུག་པ་ལུང་པའི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་ཞབས་ [649] ལ་ཤིན་ཏུ་བཀའ་དྲིན་ཆེའོ། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་སྒྱུ་འཕྲུལ་གཙོ་བོར་མཛད་པའི་གསང་ སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།། འཇིགས་མེད་དམ་ཆོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་རེབ་ཀོང་ཨ་བིར་དུ་ཡབ་དགེ་འདུན་བསོད་ནམས་དང། ཡུམ་ སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཆུང་ངུའི་དུས་སུ་ཤར་ བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང། ཞྭ་དམར་པཎྜི་ཏ་ རྣམས་ཀྱིས་རྗེ་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངོས་འཛིན་ མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜི་ཏ་ལས་དགེ་བསྙེན་དང་ བར་མ་རབ་བྱུང་གི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་དམ་ཆོས་ རྒྱ་མཚོ་ཞེས་གསོལ། དེ་ནས་མ་འགྱངས་པར་རྗེ་གོང་མའི་གདན་ས་ ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། དགུང་ལོ་བཅུ་པར་སྐུ་འབུམ་ དགོན་དུ་ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་ཕྱག་དབང་ཞུས་ དེ་ནས་རྗེ་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་ དབང་ལུང་ཁྲིད་གསུམ་ཞུས་པ་ཞིང། བྱམས་ཆོས་དང་གཞུང་བཀའ་ པོད་ལྔ་ལ་ཐོས་བསམ་ཕུགས་ཐག་ཆོད་པར་མཛད། དགུང་ལོ་བཅུ་ དགུ་པར་རྗེ་ལྕང་ལུང་ཁྲི་རྒན་ལས་དགེ་ཚུལ་གྱི་བསླབ་བཞེས་སྔོན་དུ་ [650] དགུང་ལོ་ཉི་ཤུ་བར་ཤར་ ཕོ་བྲང་དུ་ཕེབས་ནས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སྙན་ ངག་དང་སྒྲ་སོགས་གསན་པས་ཀུན་བཤད་ཀྱི་མཚན་དབྱངས་ཅན་ དགེས་པའི་རྡོ་རྗེ་ཞེས་གསོལ། དགུང་ལོ་ཉེར་དགུ་པར་རོང་བོ་བདེ་ ཆེན་ཆོས་འཁོར་གླིང་ཁྲིར་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་ བསྐོར། ཤར་ཐམས་ཅད་མཁྱེན་པས་རིགས་ཀྱི་ཅོད་པན་དུ་བཀུར་ ཅིང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་གྲོལ་ལོ། ཁོང་གི་གསུང་རྩོམ་ ནི་རྟོགས་བརྗོད་དང། རྣམ་ཐར། ཐོབ་ཡིག་བསྟོད་ཚོགས། རྒྱུད་ འགྲེལ། གཞུང་འགྲེལ། ལམ་རིམ་བསྡུས་དོན། མཐའ་དཔྱོད་ རྩོད་ཡིག་བཅའ་ཡིག་བརྡ་སྤྲོད་རིག་པའི་སྙིང་པོ་བཅས་ཆོས་ཚན་ ཆིག་བརྒྱ་བཅུ་མེད་བཞི་དེ་པོད་ཉི་ཤུར་ཉེ་བ་བཞུགས་སོ། ། འཇིགས་མེད་བསམ་གཏན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་ཀོང་སྟོད་ཀྱི་ལྟེ་ཐང་དུ་ཡབ་མགོ་རྒས་མཁར་བྱམས་ དང། ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཀ་རིང་དུ་སྐུ་གཤེགས་ ཆུང་དུས་ནས་རྫོང་དཀར་གྱི་ཆོས་གྲྭར་ཞུགས་ཏེ་ཀློག་དང་ཆོས་སྤྱོད་ མང་པོ་སྦྱངས་ཏེ་ཐུགས་སུ་ཆུད། རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་ རིགས་རྒྱ་མཚོ་ལས་སོ་ཐར་གྱི་སྡོམ་རྒྱུན་བཞེས། དུས་མཚུངས་སུ་མདོ་ སྔགས་ཀྱི་ཆོས་བཀའ་མང་དུ་གསན། རོང་བོ་བློ་བཟང་ཆོས་དར་ལས་ སྒྲ་སྙན་ངག་རྩིས་སོགས་དང། རབ་འབྱམས་པ་བློ་བཟང་ཉི་མ་ལས་ [651] དགུང་ལོ་ཉེར་དྲུག་པར་ རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཇལ་ཏེ་སྲད་དབེན་ གྱི་སྙན་བརྒྱུད་མཐའ་དག་ཞུས་ནས་ལོ་བཅུ་བདུན་རིང་དབེན་པའི་ གནས་སུ་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ཞེ་བཞི་པར་སྒོ་མེ་ མཆོད་རྟེན་སྐེ་དང། བིས་ཐང། རྫོང་དཀར། སྐུ་འབུམ། རྩེ་ གཞུང། ཀ་རིང་བཅས་དགོན་སྡེ་ཁག་ལ་དབང་ལུང་རྗེས་གནང་ མཐའ་ཡས་པ་གནང། ཁྱད་པར་དུ་བླ་མ་ཆེ་དགུ་ཤར་བློ་བཟང་ སྐལ་ལྡན་བསྟན་པའི་རྒྱལ་མཚན་དང། ཁྲི་རྒན་འཇམ་པའི་དབྱངས་ རྒྱལ་བའི་ཡོངས་འཛིན་ཞྭ་དམར་པཎྜི་ཏ། བདེ་ཡངས་ནོ་མོན་ཧན་ མཚན་སྒྲོགས་ཧོ་ཐོག་ཐུ། རྗེ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་སོགས་ སྣོད་ལྡན་གྱི་སློབ་མ་རྣམས་ལ་མན་ངག་རྣམ་གསུམ་གྱི་ཁྲིད་བརྒྱ་ལྷག་ བརྒལ་བ་གནང། དགུང་ལོ་ཞེ་དགུ་བར་གཙང་མིག་དམར་དགེ་ བཤེས་དང་མཇལ་ཏེ་ཆོས་བཀའ་གང་མང་གསན། དགུང་ལོ་དོན་ལྔ་ པར་ཚེ་ཏན་དགོན་དུ་ཕེབས་ནས་ཆོས་བཀའ་མང་པོ་གསུངས། དེ་ ལྟར་བསྟན་འགྲོའི་དོན་རླབས་ཆེ་ཞིང་མཐའ་ཡས་པ་ཁོ་ནར་མཛད་ ནས་དུས་འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི་རྣམ་ཐར་ དང། བླ་མའི་རྣལ་འབྱོར། བླ་བརྒྱུད་གསོལ་འདེབས། གནས་ བསྟོད། ཆབ་ཤོག་སྒྲུབ་ཐབས། དབུ་མ་བཞི་བརྒྱ་བའི་ས་བཅད་ ཞབས་བརྟན་གསོལ་འདེབས་བཅས་ཆོས་ཚན་བརྒྱད་ཅུ་རྩ་གཅིག་ བཞུགས་སོ། ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།། [652] ལོར་ཁམས་སྡེ་དགེ་ཟླ་ཆུའི་ཉེ་འདབས་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་ མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅོ་ལྔ་པའི་ཆུ་མོ་བྱི་ལོ་སྟེ་སྤྱི་ལོ་་ལོར་འཇུ་རི་ཁྲོད་དུ་ སྐུ་གཤེགས། ཁོང་དགུང་ལོ་དྲུག་པའི་སྟེང་ནས་ཡབ་དང་ཞང་པོའི་ དྲུང་དུ་ཡི་གེའི་འབྲི་ཀློག་དང་རྩིས་དཀར་ནག་གི་སྔོན་འགྲོ་བཅས་ལ་ སྦྱངས། དགུང་ལོ་བཅུ་གཉིས་སྟེང་ནས་རྙིང་མའི་དགོན་པ་གསང་ སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་མཛད། དགུང་ལོ་བཅོ་ བརྒྱད་པའི་དུས་སུ་ཞང་པོ་དང་འགྲོགས་དབུས་ལྷ་གདན་དུ་གནས་ སྐོར་ལ་ཕེབས། ལོ་གཅིག་ཙམ་གྱི་རྗེས་ནས་ཕྱིར་སྡེ་དགེ་ལ་ལོག་སྟེ་ འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང། དབང་ཆེན་དགྱེས་རབ་ རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་མཁས་ཆེན་དུ་མ་ སློབ་དཔོན་དུ་བསྟེན་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ གཙུག་ལག་བརྒྱ་ཕྲག་མང་པོར་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང་ བཅུ་ཕྲག་རིག་པའི་གནས་ཀྱི་བདག་པོར་གྱུར། ཁོང་གི་གསུང་རྩོམ་ནི་ པོ་ཏི་སུམ་ཅུ་སོ་གཉིས་ཙམ་ད་ལྟ་སྡེ་དགེའི་པར་ཁང་དུ་བཞུགས་ཡོད་ དེ་དག་གི་ཁྲོད་ནས་ འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། སློབ་གྲྭའི་རིམ་པ་ཁག་གི་སློབ་དེབ་ཏུ་གྱུར་འདུག་ཁོང་གི་སྐུ་ཚེ་ཧྲིལ་ བོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་རྒྱ་ [653] ཁྱད་པར་དུ་བཟོ་དང་གསོ་བ། རྩིས་ རིག་བཅས་ལ་སྔ་ན་མེད་པའི་མཛད་རྗེས་ཡོད་གཤིས། གངས་ཅན་ མཁས་པ་ཡོངས་ཀྱིས་སྤྱི་བོའི་གཙུག་ཏུ་བཀུར་བ་དང། བསྔགས་ བརྗོད་ཀྱི་མེ་ཏོག་ཕྱོགས་ཀྱི་བུ་མོའི་རྣ་བར་འཕྱང་འཕྲུལ་ཉིད་དུ་གྱུར་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྡོ་སྤྲུལ་རྡོ་རྗེ་དང། གཏེར་སྟོན་བསོད་ རྒྱལ། ཀཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་ དུ་མཆིས་སོ། ། རྗེ་དགེ་འདུན་གྲུབ།། ཁོང་ནི་རྒྱལ་བ་དགེ་འདུན་གྲུབ་པ་དང་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། རྗེ་སྒམ་པོ་བ།། ཁོང་ནི་དྭགས་པོ་བསོད་ནམས་རིན་ཆེན་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་རྐང་ཚའི་ཆུ་ཆ་གྱོ་མོག་ཤིང་ ལུང་མཚེར་དུ་ཡབ་ནུ་ཞི་མགོན་སྐྱབས་དང། ཡུམ་སྐྱིད་ཀོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ [654] དགུང་ལོ་བདུན་པར་ཞྭ་དམར་པཎྚི་ཏའི་ དྲུང་ནས་རབ་ཏུ་བྱུང། དེ་ནས་དགུང་ལོ་བཅུ་གཉིས་བར་དུ་རང་ དགོན་ནས་ཡི་གེའི་འབྲི་ཀློག་སོགས་ལ་སྦྱངས་ཏེ་བཞུགས། དགུང་ལོ་ བཅུ་གསུམ་བར་ལྡེའུ་ཚེ་བཀྲ་ཤིས་ཆོས་སྡིང་དུ་སློབ་གཉེར་ལ་ཕེབས་ དགེ་བཤེས་ཤེས་བཞིན་ཁོང་དང་ཁ་རྒྱའི་ཨ་ཁུ་ཕུན་ཚོགས་རྣམ་གཉིས་ ཀྱི་དྲུན་ནས་བསྡུས་གྲྭ་དང། བློ་རྟགས། ཕར་ཕྱིན་རྣམས་ལ་སྦྱངས་ ཨ་ཁུ་གྲགས་པ་དར་རྒྱས་ཚང་གི་དྲུང་ནས་སྒྲ་རིག་སོགས་རིག་གནས་ ཀུན་ལ་གསན་སྦྱོང་གནང། དགུང་ལོ་ཉི་ཤུ་བར་ཨ་ལགས་ཁ་རྒྱ་རིན་ པོ་ཆེའི་དྲུང་དུ་བསྙེན་པར་རྫོགས་ཏེ་གཅོད་དབང་ཡང་གསན། དེ་ ནས་ཨ་ལགས་ཁ་རྒྱ་རིན་པོ་ཆེ་རང་དགོན་ཀོའུ་བ་དགོན་དུ་གདན་ དྲངས་ཏེ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་ གསུམ་གྱི་དབང་སོགས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་ བཞི་བར་བཤད་སྒྲུབ་དར་རྒྱས་གླིང་འདིར་མཚན་ཉིད་གསར་དུ་ བཙུགས། ཨ་ཁུ་བློ་བཟང་བསྟན་པ་ཚང་ལས་དབུ་མ། མཛོད་ འདུལ་བ་རྣམས་ལ་ལེགས་པར་སྦྱངས། རང་དགོན་དུ་གཅོད་དབང་ ལན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང། ཚེ་དབང་ འཇམ་དབྱངས་ནག་པོ་དང་དཀར་བོའི་རྗེས་གནང། འཇིགས་བྱེད་ བསྙེན་ཁྲིད་སོགས་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་ བསྩལ། ཁོང་གི་གསུང་རྩོམ་ནི་ཞུ་དག་བྱས་པའི་དཔེ་དྲུག་བདུན་ཙམ་ དང། ཞུ་དག་མ་བྱས་པ་དང་གཉིས་ཀ་བསྡོམས་པའི་པོད་བཅུ་གཅིག་ཙམ་བཞུགས། ད་ལྷའང་སྒྲ་མཆན་སོགས་ཡོད། སྒར་བ་ཚང་ [655] མདོར་ ན་སྐུ་ཚེ་ཧྲིལ་བོ་ལ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ ལྟར་གཅེས་པར་སྲུང་ཞིང། མཚན་མོར་ལྕུག་གུ་ཙམ་ཡང་མི་གྲོལ་ བར་ཉིན་དང་མཚན་དུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་ གསུམ་གྱིས་དུས་འདའ་བར་མཛད་དོ། ཁོང་གི་སྐུ་གདུང་སྐུ་འབུམ་ དགོན་ནས་རང་དགོན་དུ་གདན་དྲངས་ཏེ་གདུང་རུས་ནང་བཞུགས་ཀྱི་ སྐུ་གདུང་མཆོད་རྟེན་ད་ལྟའང་ཀོའུ་བ་དགོན་དུ་བཞུགས་ རྗེ་དབོན་བློ་བཟང་ཉི་མ།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚ་ཞིག་གི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དབུས་སུ་བྱོན་ཏེ་ མཁས་པ་མུས་སྲད་པ་བློ་གྲོས་རིན་ཆེན་དང། བླ་མ་ལྟག་ལེབ་བྱང་ རྒྱལ། སློབ་དཔོན་གྲགས་འོད་པ་སོགས་ཀྱི་ཞབས་པད་ལ་བསྟེན་ནས་ གསུང་རབ་ལ་མཁས་པར་སྦྱངས་པས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏུ་ གྱུར། གསང་ཕུར་པོ་ཏི་ཉི་ཤུ་རྩ་གཉིས་ཀྱི་གྲྭ་སྐོར་མཛད་ཅིང་སློབ་ དཔོན་རྩེ་ཉག་པ་རིགས་པས་ཕམ་པར་མཛད། དའི་ཕྱི་ལོ་ར་བ་སྟོད་ པའི་འཆད་ཉན་པ་མཛད། བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་ འདུན་གྲུབ་ལས་ཆོས་གསན་ཞིང་མི་ཕྱེད་པའི་དད་པ་ཐོབ། དེ་ནས་ དབུས་སུ་ཕེབས་ཏེ་འབྲས་སྤུངས་ཀྱི་ཁྲི་ཐོག་ལོ་ཤས་མཛད། དགུང་ལོ་ ཞེ་གསུམ་པར་གསང་ཕུ་གླིང་སྨད་ཀྱི་ཆོས་རྗེའི་གོ་སར་ཕེབས་ཏེ་དྲང་ [656] དགུང་ལོ་ང་གཉིས་པ་རབ་བྱུང་ བརྒྱད་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་ཆོས་ཀྱི་ འཁོར་ལོ་མཐའ་ཡས་བསྐོར་བཞིན་དགུང་ལོ་ང་བཞི་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ ཁྲི་རབས་དགུ་པ་ཡིན་ནོ། ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་དཔལ་ཆེན་ཀླུ་འབུམ་དགེ་ དང། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ གསུམ་པར་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་པར་ཆོས་ རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང། ཀོའུ་བ་གཞོན་ནུ་བྱང་ ཆུབ་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་པར་དབུས་ སུ་ཕེབས་ཏེ་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་ བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་ ལེགས་པར་སྦྱངས། དགུང་ལོ་ཉེར་བཞི་བར་མཁན་པོ་དཀའ་བཞི་ བ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་ པར་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་དཔོན་སློབ་དགུ་སྐྱོར་མོ་ [657] དེ་ནས་མདོ་ རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་སངས་རྒྱས་ཀྱི་དགོངས་པ་ ལྟར་འཆད་པ་དང། རྩོད་པ། རྩོམ་པ་མཛད་པས་གངས་ཅན་མཁས་ གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ ཀྱིས་གུས་ཤིང་བཏུད་དོ། དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་ བྱམས་པ་རྟེན་དང་བརྟེན་པ་བཞེངས། དགུང་ལོ་སོ་དགུ་བར་གཉལ་ གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ཞེ་བརྒྱད་པར་ ཆེན་མོ། དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱལ་པོས་ འཇའ་ས་དང། གསེར་ཡིག་ཕྱག་རྟེན་བཅས་གནང་ནས་ལན་གསུམ་ བར་དུ་གདན་འདྲེན་ཞུས་ཀྱང་སྐུ་བྲེལ་ཆེ་བས་མ་ཕེབས། དགུང་ལོ་ ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། དགུང་ ལོ་ང་གསུམ་པར་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུ་བར་ དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བར་བཅས་མཛད་ཆེན་རྣམ་ བཞིས་བསྟན་འགྲོའི་འདོད་དོན་བསྐངས། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་ བཟང། རྗེ་དགེ་འདུན་གྲུབ། འདུལ་འཛིན་གྲགས་པ་རྒྱལ་མཚན་ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ ཤཱཀྱ་ཡེ་ཤེས། རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྟོགས་ལྡན་འཇམ་ དཔལ་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ རིམ། སྒྲོན། [658] ཁོང་ནི་དགེ་ལྡན་གྲུབ་ མཐའི་སྲོལ་བཏོད་མཁན་ཡིན་ལ་དགའ་ལྡན་ཁྲི་པའི་ཁྲི་རབས་དང་ པོའང་ཡིན། ། རྗེ་བཙུན་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང། ཡུམ་ མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་ པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བརྒྱད་ པར་བྱང་སེམས་ཟླ་བ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ ཚོགས་འཁོར་གྱི་དུས་མ་གཏོགས་ཐ་མལ་དུ་ཤ་ཆང་ཞལ་ལ་མི་རེག་ གསུངས། དགུང་ལོ་བཅུ་པར་སྡོམ་པ་ཉི་ཤུ་པ་དང། སྒྲུབ་ཐབས་མཚོ་ སྐྱེས་ལ་སོགས་པ་དུ་མ་གསན་ཞིང་ལེགས་པར་མཁྱེན། དགུང་ལོ་བཅུ་ གཅིག་པར་སློབ་དཔོན་རྣམས་ཀྱི་གཙོས་མཁས་མང་དབུས་སུ་གཞུང་ དོན་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་མཚན་ལ་ བློ་གྲོས་ཆེན་པོ་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་ཡབ་ས་ཆེན་ སྐུ་གཤེགས་ནས་འདས་མཆོད་རྒྱ་ཆེན་པོར་མཛད། དགུང་ལོ་བཅུ་ གསུམ་པར་གཅེན་པོ་སློབ་དཔོན་བསོད་ནམས་རྩེ་མོས་ས་སྐྱའི་གདན་ སར་བཀོད། ཆོས་འཆད་སྐབས་གཞན་གྱིས་བརྩད་ཅིང་དྲིས་པ་ན་ ཆོས་དང་མཐུན་པའི་ལན་འདེབས་པ་ནི་སྤོབས་པ་ཐོགས་པ་མི་མངའ་ བར་ལུང་དང་རིགས་པས་ཕ་རོལ་གྱི་ལོག་རྟོག་སེལ་བ་ལ་རྟོག་གེ་པ་ ཆེན་པོ་སྒྲ་ཡི་ཆ་ལ་མ་རྨོངས་པ་དག་ཀྱང་ངོ་མཚར་སྐྱེ་བ་ཞིག་གྱུར་ [659] གཟའ་འཛིན་ཡོད་པར་དུས་བཏབ་པར་ཁོང་གིས་གཟའ་འཛིན་མེད་ པར་བསྒྱུར་བར་མཛད་པས། ཁ་ཆེ་པཎ་ཆེན་གྱིས་ཁོང་གསང་བ་ འདུས་པའི་དཀྱིལ་འཁོར་དུ་གཟིགས་ཏེ་མ་ཧཱ་བཛྲ་དངོས་སུ་འདུག་ ཅེས་བསྔགས་པར་མཛད། ཁོང་གིས་དབུ་རྩེ་རྙིང་མའི་གཙུག་ལག་ ཁང་དང། གསེར་བྲིས་ཀྱི་བཀའ་འགྱུར་བཞེངས། གཞན་གྱིས་ཕུལ་ བའི་དངོས་པོ་གང་བྱུང་ཡང་རྟེན་བཞེངས་དང། མཆོད་འབུལ་ དབུལ་ཕོངས་ལ་སྦྱིན་པ་གཏོང་བ་སོགས་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་ གཏོང་བར་མཛད་པས། སྐུ་གཤེགས་སྐབས་གདན་དང། ན་བཟའ་ ཆ་ཚང་གཅིག་མ་གཏོགས་དངོས་པོ་གང་ཡང་མ་ལུས་པར་མཛད། ཁོང་ ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་གསུམ་པ་ཡིན། ཁོང་གི་སློབ་མའི་ ཐུགས་སྲས་གཙོ་བོ་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན། ཁོང་གི་ གསུང་རྩོམ་ནི་ ཆེན་ཕྲེང་བ། བཞུགས་སོ། ། རྗེ་བཙུན་གླིང།། ཁོང་ནི་གླིང་རས་པདྨ་རྡོ་རྗེ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། རྗེ་བཙུན་མི་ལ་རས་པ།། ཁོང་ནི་རབ་བྱུང་དང་པོའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གུང་ཐང་སྐྱ་རྔ་རྩར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང། ཡུལ་ [660] རུས་ཁྱུང་པོ་ཡིན་ རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ཆུང་དུས་མཚན་ལ་ཐོས་པ་དགའ་ཞུ། སྐུ་ཆུང་ངུའི་དུས་ནས་ཡབ་ འདས་པས་ཨ་ཁུ་དང་ཨ་ནེའི་གཡོག་ཕྲུག་གྱུར་ཏེ་སྡུག་བསྔལ་ཚད་མེད་ མྱོང། དེ་ནས་ཡུམ་ཆེན་གྱིས་མཐུ་གཏད་སེར་གསུམ་བསླབ་པར་ཡང་ ཡང་བསྐུལ་བར་བརྟེན་གཉའ་གཡུང་སྟོན་ཁྲོ་རྒྱལ་མདུན་དུ་ཕེབས་ཏེ་ མཐུ་ལ་སྦྱངས་ཀྱང་རྟགས་དེ་འདྲ་མ་ཐོན་པས་གནུབས་ཆུང་ཡོན་ཏན་ རྒྱ་མཚོ་ལས་མཐུ་སྦྱངས་ནས་རྟགས་ཐོན་ཏེ་སྐྱ་མི་སོ་ལྔ་བསད། དེ་ ནས་སླར་གཡུང་སྟོན་ཁྲོ་རྒྱལ་མདུན་དུ་བྱོན་ནས་སེར་བ་སྦྱངས་པས་ རྟགས་ཐོན་ཏེ་ཡུལ་གྱི་ལོ་ཏོག་བཅོམ། དེ་རྗེས་སྡིག་པ་ལ་འགྱོད་པ་ དང། ངེས་འབྱུང་གི་བསམ་པ་སྐྱེས་ནས་གཙང་རོང་དུ་ཕེབས་ཏེ་རོང་ སྟོན་ལྷ་དགའ་ལས་རྫོགས་པ་ཆེན་པོའི་གདམས་པ་མང་པོ་ཞུས། དགུང་ ལོ་སོ་བརྒྱད་པར་ལྷོ་བྲག་ཆུ་ཁྱེར་དུ་ཕེབས་ནས་མར་པ་ཆོས་ཀྱི་བློ་གྲོས་ དང་མཇལ། དེར་ལོ་ངོ་དྲུག་ལྷག་བཞུགས་ཏེ་སྡིག་བཤགས་སྲས་མཁར་ དགུ་ཐོག་བཞེངས། དེ་ནས་བླ་མ་མར་པས་གསང་སྔགས་ཀྱི་དབང་ ཆེན་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ ནས་གསང་མཚན་ལ་དཔལ་བཞད་པ་རྡོ་རྗེ་ཞེས་བཏགས། རྒྱུད་ལུང་ དང། མན་ངག་ཉམས་ལེན་དང་ཕྱག་ལེན་རྒྱས་པར་གནང། དེ་ནས་ མི་ལས་མར་པ་ལ་བསྐུལ་ནས་འཕོ་བ་གྲོངས་འཇུག་གི་གདམས་ངག་ནཱ་ རོ་པ་ལས་ཞུས་ནས་མི་ལ་གནང། དགུང་ལོ་ཞེ་ལྔ་པ་ནས་བཟུང་བྲག་ དཀར་རྟ་སོ་རྫོང་བཅས་རྫོང་ཆེན་དྲུག་སོགས་སུ་སྒྲུབ་པ་ནས་མཆོག་གི་ [661] ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ ཁྱབ་བདག་རྡོ་རྗེ་འཆང་ཆེན་གྱི་གོ་འཕང་བརྙེས་སོ། ཁོང་གི་སློབ་ མའི་ཚོགས་ནི་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་ གྲགས་པ། རྒྱུ་སྐར་ལྟ་བུ་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། རས་པ་ ཞི་བ་འོད་སོགས་ཉེར་གསུམ། གྲུབ་ཐོབ་ཉེར་ལྔ། ཕྱིར་མི་ལྡོག་པའི་ རྟོགས་ལྡན་བརྒྱ། དྲོད་ཐོབ་པའི་སྐྱེས་བུ་བརྒྱ་རྩ་བརྒྱད། ལམ་སྣ་ ཟིན་པའི་རྣལ་འབྱོར་ཕོ་མོ་སྟོང་རྩ་གཅིག་ངན་སོང་གི་རྒྱུན་ལམ་ཆད་ པ་རྩིས་ལས་འདས་པ་བཅས་བྱུང་བ་ཡིན། ཁོང་གི་གསུང་རྩོམ་ནི་ ཁྲག་འཐུང་རྒྱལ་པོས་བསྒྲིགས་པའི་ རྒྱས་པར་ཕྱེ་བ་མགུར་འབུམ། ། རྗེ་བཙུན་གཙང་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སུམ་པ་ཉེའུ་མཁར་དུ་ཡབ་སུམ་པ་དབང་ཕྱུག་དང། ཡུམ་རྨ་མོ་ཁྱེ་ མཁར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཁྱིམ་ཐབ་བྱེད་ཁར་གཡུ་ རྡོག་ཁྱེར་ནས་མྱང་སྟོད་སྟག་ཚལ་དུ་ཕེབས་ཏེ། སྟོད་ལུང་པ་རྒྱ་དམར་ བ་དང། རོག་མངོན་པ་གཉིས་ཀྱི་གྲྭ་སར་ཞུགས་ནས་རབ་ཏུ་བྱུང་སྟེ་ ལོ་གཅིག་བཞུགས། དེ་ནས་རྗེ་རས་ཆུང་པའི་སྤྱན་སྔར་བྱོན་པས་ཤིན་ ཏུ་མོས་པར་གྱུར། དབང་དང་གདམས་ངག་མང་དུ་ཞུས། རྗེ་རས་ ཆུང་པའི་ཉེ་གནས་མཛད་དེ་ཡུན་རིང་དུ་བཞུགས། རྗེ་རས་ཆུང་པ་ སྐུ་གཤེགས་གདན་ས་བཟུང། དེའི་སྐབས་སུ་ཆུ་བོ་གངྒཱའི་ཚུན་དུ་ བཟང་བར་གྲགས། གདམས་ངག་ནི་རྒྱ་བོད་གཉིས་ལ་ཁོང་ལས་མང་ [662] ཐུགས་རྗེས་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ཞིག་ བཞུགས། སྡེ་སྣོད་འཛིན་པ་ནས་ཁྱིམ་པ་ཕལ་བ་ཡན་ཆོད་མི་དད་པ་ དང་སྐུར་བ་འདེབས་མཁན་ནི་གཅིག་ཀྱང་མེད། ཁོང་གི་མཛད་སྤྱོད་ སྣ་རེ་མཐོང་བས་སེམས་ལ་ཕན་ཞིང། སློབ་དཔོན་གཞན་ལ་ཆོས་ དང་གདམས་ངག་ཚར་མང་པོ་ཉན་པ་ལས་ཁོང་གི་ཚིག་རེ་གསུངས་ པས་དོན་མང་པོ་ཁྲོལ་ནས་འགྲོ། ཐུགས་ལ་ཡོན་ཏན་རྒྱ་ཆེན་མངའ་ ཡང་ཞལ་ནས་ཁེངས་སྐྱུང་འབའ་ཞིག་མཛད་པ་ཞིག་བཞུགས། རྗེ་ ཕག་མོ་གྲུ་པའི་ཞལ་ནས་ཀྱང་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ ཏེ། རྟེན་འབྲེལ་ཨེན་ཙམ་ཞིག་གིས་ཕན་ཐོགས་ཆེ་བ་མ་བྱུང་བ་ཡིན་ ཞེས་གསུངས་སོ། ། རྗེ་བཙུན་ཤེས་རབ་སེང་གེ་ ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་སྲད་ཀྱི་གུར་མེའི་ཡུལ་དུ་ཡབ་དམ་པ་དམར་པོ་དང། ཡུམ་ ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་དགོན་དུ་སྐུ་གཤེགས་ དགུང་ལོ་བཅུ་བཞི་པར་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་ལས་ རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཤེས་རབ་སེང་གེ་ ཞེས་གསོལ། དེ་ནས་མཁས་ཆེན་གཡག་ཕྲུག་པ་ལ་བསྟེན་ནས་བྱམས་ ཆོས་དང། དབུ་མ་རིགས་ཚོགས་དྲུག་འཇུག་པ་རྩ་འགྲེལ། སྤྱོད་ འཇུག་ཚད་མ་མདོ། ཚད་མ་སྡེ་བདུན་བཅས་ལ་ལེགས་པར་སྦྱངས་ པས་མཁས་གྲུབ་ཆེན་པོའི་མཚན་གསོལ། དགུང་ལོ་ཉི་ཤུ་ཐམ་པར་ [663] བཞེས། དེ་ནས་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ལས་དཔལ་གསང་ བ་འདུས་པའི་རྩ་བཤད་འགྲེལ་པ་ཆ་ལག་དང་བཅས་པ་གསན་པས་ མཁས་པའི་སྙན་གྲགས་རྒྱས། སྐྱོར་ལུང་མཁན་པོ་བསམ་གཏན་དོན་ གྲུབ་ལས་འདུལ་བ་དང་མངོན་པར་གསན་སྦྱོང་མཐར་ཕྱིན་མཛད་ ཕྱིས་སུ་སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་པས་གསང་བ་འདུས་པའི་གསེར་ སྐུ། འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་འབག་ འཆམ་གོས། ཐོད་དབྱུག་དང་ཞགས་པ་བཅས་ཁོང་ལ་གནང་ནས་ གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་སྲད་ ཀྱི་ལུང་པའི་ཕུག་ཏུ་བྱོན་ནས་སྲད་དགའ་ལྡན་ཕོ་བྲང་ཞེས་རྒྱུད་ཀྱི་ འཆད་མཉན་མཛད་པའི་ཆོས་སྡེ་ཞིག་གསར་འཛུགས་གནང་སྟེ་ འདུལ་ནག་པ་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་བཞག་མཛད་ པས་གཙང་སྟོད་རྒྱུད་དུ་གྲགས། དེ་ནས་སྟོད་ལུང་དུ་ཕེབས་ཏེ་རྒྱུད་ ཀྱི་རྒྱལ་པོ་གསང་བ་འདུས་པའི་རྒྱུད་འགྲེལ་དང། བསྐྱེད་རྫོགས་ཀྱི་ འཆད་ཉན་རྒྱ་ཆེར་མཛད། སྤྱི་ལོ་་ལོར་གནས་དེར་རྒྱུད་ཀྱི་ བཤད་གྲྭ་བཙུགས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གྲགས། དེར་ དབྱར་དང་སོས་ཀར་རྒྱུད་འགྲེལ་གྱི་བཤད་པ། སྟོན་དུས་རིམ་ལྔའི་ དམར་ཁྲིད་སོགས་ཁྲིད་ཆེན་དྲུག་གི་འཆད་ཉན་མཛད་པའི་སྲོལ་ བཙུགས། དེ་ལྟར་དབུས་གཙང་གཉིས་སུ་རྒྱུད་ཀྱི་འཆད་ཉན་མཛད་ པའི་བཤད་གྲྭ་གསར་འཛུགས་གནང་བས་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ ལམ་གྱི་རྣམ་གཞག་དང། རྗེ་ཙོང་ཁ་པའི་བཞེད་སྲོལ་ཐུན་མོང་མ་ [664] པོ་ཆེ་སྙིགས་མའི་དུས་འདིར་དར་ཞིང་རྒྱས་པར་མཛད་དོ། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་རྗེ་དགེ་འདུན་གྲུབ་དང། པཎ་ཆེན་བཟང་པོ་ བཀྲ་ཤིས། ཀུན་མཁྱེན་འཕགས་པ་འོད། རྒྱུད་ཆེན་སྦྱིན་པ་དཔལ་ བ། འདུལ་ནག་པ་དཔལ་ལྡན་བཟང་པོ་བཅས་ཡིན། ། འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་དབུས་སྟོད་བྱེ་རི་སྟག་རྩེར་ཡབ་དཔལ་མགོན་དང། ཡུམ་ ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་བརྒྱད་དགུའི་སྐབས་སུ་ཉང་བྲན་གཞིས་ཀ་སྐོར་གྱི་ ཕྱུགས་འཚོ་བར་ཕེབས། དགུང་ལོ་བཅུ་གསུམ་པར་སེར་སྨད་དུ་བློ་ བཟང་རྒྱལ་མཚན་གྱི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་ གྲགས་པ་བློ་གྲོས་ཞེས་གསོལ། དགུང་ལོ་བཅུ་བདུན་པར་ལྕང་ར་ངག་ དབང་འཕྲིན་ལས་ཀྱི་དྲུང་ནས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་ དབང་བསྟན་འཛིན་འཕྲིན་ལས་ཞེས་གསོལ། དེ་ནས་ཆོས་རྗེ་གྲགས་ པ་འཕྲིན་ལས་སོགས་ལ་བསྟེན་ཏེ་གཞུང་ཆེན་རྣམས་ལ་སློབ་གཉེར་ མཛད། ཕར་ཕྱིན་འཛིན་གྲྭའི་སྐབས་སུ་བྱ་བྲལ་ལ་ཕེབས། དགུང་ ལོ་ཉེར་གཉིས་པར་སྐྱིད་གྲོང་དུ་ཕེབས་ཏེ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་ ལས་བསྙེན་རྫོགས་མཛད། དེ་ནས་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་ གདན་ས་ཕུག་པོ་ཆེར་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་བཞིན་ བཞུགས། དགུང་ལོ་ཉེར་བརྒྱད་པར་བླ་མའི་བཀའ་བཞིན་བལ་ཡུལ་ [665] དགུང་ལོ་སུམ་ཅུ་སོ་གཉིས་པར་སྐྱིད་ གྲོང་ནས་ལྷ་སར་ཕེབས་ཏེ་ཆོས་མཐུན་གྱི་གནང་སྒོར་ཞུགས། དགུང་ ལོ་ལྔ་བཅུ་ང་གཅིག་པར་འབྲུ་ལ་མཁན་ཆེན་གྱི་རྣམ་ཐར་བརྩམས་ དགུང་ལོ་ལྔ་བཅུ་ང་བདུན་པར་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་ རབས་གསོལ་འདེབས་བརྩམས། སྐུ་འདས་ཁའི་རྣམ་ཐར་མི་གསལ་ བས་ཚོད་དཔག་བྱས་ནས་མ་བྲིས་པ་ཡིན། །ཁོང་གི་གསུང་རྩོམ་ནི་ ཐུན་མོང་པའི་རྣམ་ཐར་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ། དང། ཕྲེང་བ། མན་ངག་ནོར་བུའི་ཕྲེང་བ། བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་ རྩིའི་ཆུ་རྒྱུན། བཞུགས་སོ། ། [666] ཉ་ཀྱཱ་ཞབས་དྲུང་ལུང་རིགས་ནོར་བུ་རྒྱ་མཚོ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་སྟག་མཚེར་སྡེ་བ་ཡིན། ཁོང་གིས་ཉ་ ཀྱཱ་ལྷ་རམས་པ་སློབ་དཔོན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་ དང། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་རིམ་ གྱིས་ཞུགས་ཏེ་མདོ་དང་སྔགས་ཀྱི་བཀའ་དང་དགོངས་འགྲེལ་གྱི་གཞུང་ ལུགས་ལ་ཐོས་བསམ་ནང་བྱན་ཆུད་པར་སྦྱངས། དེ་ནས་བླ་མ་དབུ་ མཛད་དང། དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས། རབ་བྱུང་ བཅུ་བཞི་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་གྱི་ཁུར་ལེན་ལེ་ཤོར་མེད་པར་ བསྐྱངས། ཁྲི་ཟུར་ནས་སྨད་ཕྱོགས་ཨོར་ཏུ་སུ་ཕྱོགས་སུ་ཕེབས་ཏེ་ལུས་ ཅན་ཡོངས་ལ་སྨན་པའི་མཛད་འཕྲིན་མཁའ་ཁྱབ་ཏུ་སྤེལ། དེ་ནས་སྐུ་ འབུམ་དགོན་དུ་བྱོན་ཞིང་ཚོགས་ཆེན་འདུ་ཁང་ནང་དུ་རྗེ་བཙུན་ བྱམས་པའི་ཤིང་སྐུ་ཁྲི་རྒྱབ་ཡོལ་དྲུག་འགྱོག་ཅན་དང། ཟི་ནའི་ མགོན་ཁང་ནང་དུ་གསེར་ཟངས་ལས་བསྒྲུབས་པའི་རྗེ་བླ་མའི་སྐུ་ཆེ་བ་ བཅས་སྤྱི་འཇོག་མཛད། ཕྱིས་སུ་བྱམས་པའི་ཤིང་སྐུ་གཞུང་ནས་རྒྱུད་ [667] ཆོས་སྲིད་ཀྱི་ལེགས་ལམ་གོང་ འཕེལ་དུ་བཞུགས་ངོས་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ ཏོ། ཁོང་ནི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་དགུ་པ་དང། རྒྱུད་ པ་མཁན་པོའི་ཁྲི་རབས་ལྔ་བཅུ་ང་ལྔ་པ་ཡིན་ནོ། ། ཉ་ཀྱཱ་ཞབས་དྲུང་བསོད་ནམས་དར་རྒྱས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཞིང་སྐྱྐོང་རྒྱ་རྩང་སྡེ་བར་ཡབ་ཆོས་སྐྱོང་ བཀྲ་ཤིས་དང། ཡུམ་རྒྱལ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་བདུན་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད་ཅིང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ མདུན་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ཁྱུང་ཀྱཱ་རབ་འབྱམས་ པ་བློ་བཟང་བསྟན་འཛིན་སློབ་དཔོན་དུ་བསྟེན་ནས་དགུང་ལོ་བཅུ་ གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་ བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ཉི་ཤུ་ ཐམ་པར་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལམ་འབྲས་བུའི་དགོངས་དོན་ ཐམས་ཅད་མཁྱེན་པར་མཛད། སྐྱབས་རྗེ་མཚན་སྒྲོག་མཁན་ཆེན་ དགེ་འདུན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་བཞེས། དེ་ ནས་སྨད་སོག་ཨོར་ཏུ་སུའི་ཕྱོགས་སུ་ཕེབས་ཏེ་སྐལ་ལྡན་གདུལ་བྱ་ ཡོངས་ཀྱི་རེ་འབྲས་སྐངས། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅོ་ལྔ་ པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་ [668] ཚགས་འཛིན་གནད་སྨིན་དུ་མཛད། ཁྲི་ཟུར་ནས་ཀྱང་མཁས་པའི་བྱ་ བ་རྣམ་གསུམ་ལ་རྟག་སྦྱོར་དང་གུས་སྦྱོར་གྱིས་བརྩོན་པ་ལྷུར་བཞེས་ མཛད་ནས་དུས་འདའ་བའོ། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ རབས་བདུན་ཅུ་དོན་གསུམ་པ་ཡིན་ནོ། ། ཉ་དབོན་ཀུན་དགའ་དཔལ་བ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་ཇོ་ནང་དོལ་བུ་བ་ཤེས་རབ་རྒྱལ་མཚན་སོགས་ ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་ གཏུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ནས་གངས་ཅན་མཁས་པའི་མིག་རྒྱན་དུ་གྱུར། ལྷག་པར་ དུ་ཕར་ཕྱིན་གྱི་གཞུང་ལ་ཤིན་ཏུ་མཁས་པས་རབ་བྱུགྣ་དྲུག་པའི་མེ་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ ཁ་པ་ཆེན་པོས་ཁོང་གི་ཞབས་ལ་གཏུགས་ནས་ཕར་ཕྱིན་གྱི་ཆོས་སྐོར་ རྣམས་གསན། དེ་ལྟར་མཁས་པ་ཆེན་པོ་བཞུགས་ཀྱང་ཁོང་ཉིད་ཀྱི་ རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་རྗེ་བཙུན་ ཙོང་ཁ་པ་བློ་བཟང་གྲགས་པ་རྣམ་གཉིས་ཡིན། ཁོང་གི་གསུང་རྩོམ་ ནི་ ཊཱིཀྐ་ཡིད་ཀྱི་མུན་སེལ། ། [669] ཉ་མ་ཁྱིམ་པ་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ དུ་བོད་ཤོད་ཀྱི་ཉ་མ་རྡོར་སྐུ་འཁྲུངས། ཁོང་མོ་དགུང་ལོ་ཆུང་ངུའི་ དུས་ནས་རྣམ་རིག་གསལ་ཞིང་སྐྱེ་འབྲས་བཟང་བ་ཞིག་ཡིན། ལང་ཚོ་ དར་ལ་བབས་པའི་སྐབས་སུ་ཁྱིམ་ཐབ་བཟུང་སྟེ་བུ་ནོར་ལོངས་སྤྱོད་ འཛོམས་ཤིང། དད་བརྩོན་ཤེས་རབ་ལྡན་པ། སྙིང་རྗེ་གཏོང་ཕོད་ ཆེ་བ་ཞིག་ཡིན། དེ་ནས་འདོད་ཡོན་ལོངས་སྤྱོད་དང། བུ་ཚ་རིགས་ རྒྱུད་གང་ལ་མ་ཆགས་པར་དིང་རི་གླང་འཁོར་དུ་ཕེབས་ཏེ་ཕ་དམ་པ་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཀུན་དགའ་ ་ ་ ཡབ་སྲས་གཉིས་ཀྱི་ཞབས་པདྨ་ལ་བསྟེན་ནས་ཞི་བྱེད་པའི་ ཆོས་ཀྱི་གདམས་ངག་རྣམས་ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་ རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་ནས་གྲུབ་པ་ཐོབ། དགོངས་པ་ ཆོས་དབྱིངས་སུ་གཤེགས་སྐབས་ལུང་པ་ཐམས་ཅད་འཇའ་འོད་ཀྱིས་ ཁེངས་པ་དང། སྤུར་སྦྱངས་པས་རིང་བསྲེལ་མང་དུ་བྱོན། ཁོང་མོ་ ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ཉེར་བཞི་པ་ཡིན་ནོ། ། ཉང་ཁྲི་བཟང་ཡང་སྟོན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཉང་ སེར་བར་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་ མེད་པའི་བླན་པོ་བཞིའི་ཡ་གྱལ་ཡིན། ཁོང་སྦོན་པོ་མགར་སྟོང་བཙན་ ཡུལ་ཟུང་དང་མཉམ་དུ་བལ་ཡུལ་ལ་ཕེབས་ནས་བལ་བཟའ་ཁྲི་བཙུན་ རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པ་དང། དེ་ནས་ [670] མགར་སྟོང་བཙན་ཡུལ་ཟུང་དང་མཉམ་དུ་ཐང་རྒྱལ་རབས་ཀྱི་གོང་ མའི་ཕོ་བྲང་དུ་ཕེབས་ཤིང་རིག་པའི་འཕྲུལ་འཁོར་ལ་བསྟེན་ནས་རྒྱ་ བཟའ་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་ཏེ་རྒྱལ་ ཁའི་ངང་ནས་སྤྱི་ལོ་་ལོར་བོད་ཡུལ་དུ་ཕེབས་ཤིང་ཕྱི་ནང་བར་གྱི་ ཁོད་རྣམས་སྙོམས་པར་མཛད། ཁོང་ནི་མཛངས་མི་མི་བདུན་ནང་གི་ ལྔ་པ་ཡིན་ཏེ། མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་སྤོས། ཀླུང་ལ་ གྲོང་སྡེ་དེ་ཡི་དུས་སུ་དར། ཉང་ མྱང་ ཉི་མ་འོད་ཟེར།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་གཏམ་ཤུལ་བཙན་གྲོའི་འཇོང་པོ་གསེར་གྱི་དགོན་པར་ཡབ་ ཉང་སྟོན་ཆོས་འཁོར་དང། ཡུམ་པདྨ་བདེ་རྩལ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བཅུ་གསུམ་པར་ཐུགས་རྗེ་ཆེན་པོ་དང་ཕུར་པ་ གྲུབ་ཅིང་འཇོང་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་ཟངས་ཀྱི་ཕུར་ པས་རྟ་སྐད་འཚེར་བ་བྱུང། ཁོང་གི་ཡབ་དང་སློབ་དཔོན་འདུལ་ འཛིན་རྒྱལ་སྲས་ཁམ་བུ་ཡ་ལེ་གུ་རུ་ཁྲོ་བོ་ཆེན་པོ་གྲུབ་ཐོབ་དངོས་གྲུབ་ རྣམས་ལས་གསར་རྙིང་གི་ཆོས་མཐའ་ཡས་པ་གསན། ཁོང་གི་གཏེར་ ཁ་ཆེན་པོ་བཅུ་བཞི་ཕྱེས་ཏེ་ཡི་དམ་དབང་དུ་འདུས། ཆོས་སྐྱོང་བྲན་ དུ་འཁོལ། འཕྲིན་ལས་ཚད་མེད་རྒྱས། གཏེར་རྫས་གང་དག་བླངས་ པ་ ཁོང་ནི་རྙིང་མའི་ [671] གདན་སའི་ཁྲི་ལ་ འགྲོ་མགོན་ནམ་མཁའ་དཔལ་བཞུགས། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་གཉོས་གྲགས་རྒྱལ་ཞིག་པོ་དང། བདུད་རྩི་སྲས། མི་སྐྱོད་རྡོ་རྗེ་ སྨན་འོན་པ། སེ་སྟོན་ཁྲི་མཆོག་འགྲོ་མགོན་ནམ་མཁའ་དཔལ་ བཅས་སོ། ། ཉང་འབན་ངག་དབང་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁ་གྱར་ཡབ་མགོན་པོ་དོན་གྲུབ་དང། ཡུམ་སྒྲོལ་མ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་ཆོས་ཞུགས་མཛད་ཅིང་ཀུན་མཁྱེན་ བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་བསྒྲུབས་ཏེ་ མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། དགུང་ལོ་ བཅུ་གཅིག་པར་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་དང་རྗེ་ཤེས་ རབ་རྒྱ་མཚོ་རྣམ་པ་གཉིས་ལས་བསྡུས་གཞུང་ནས་བཟུང་སྟེ་གཞུང་ ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་ཐམ་པར་ ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་དཀའ་རམས་ པའི་གྲྭ་སྐོར་མཛད། དགུང་ལོ་བཞི་བཅུ་ཐམ་པར་ཕོ་བྲང་ཆེན་པོ་པེ་ ཅིན་མཁར་དུ་ཕེབས་ཏེ་སྟོང་འཁོར་སྤྲུལ་སྐུ་དང་ཁྲི་རྒྱ་ནག་པའི་སྤྲུལ་སྐུ་ རྣམ་གཉིས་དང་མཇལ་ཞིང་ཕན་ཚུན་ཆོས་འབྲེལ་མཛད། དགུང་ལོ་ [672] མཆོད་མཇལ་བསྙེན་བཀུར་ཞུས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་ ཁྲི་ཆེན་ངག་དབང་ནོར་བུ་རྣམ་གཉིས་ལ་མཇལ་ཁ་ཞུས་ནས་ཆོས་ འབྲེལ་གསན། དངུལ་སྲང་ཉིས་བརྒྱ་ལྔ་བཅུའི་བླུ་ཡོན་ཕུལ་ཞིང་སྣར་ ཐང་བསྟན་འགྱུར་ཆ་ཚང་གཅིག་རང་དགོན་དུ་གདན་དྲངས། དགུང་ ལོ་བཞི་བཅུ་ཞེ་དྲུག་པར་བྲ་ཉེ་གསང་སྔགས་དར་རྒྱས་གླིང་གི་མཁན་པོ་ མཛད་ཅིང་མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། དགུང་ལོ་ལྔ་བཅུ་ང་ བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་ གཞན་ལ་བྲ་ཉེ་མཁན་པོ་ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི་ རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་ བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་གསང་གསུམ་རྒྱན་གྱི་སྣང་བ། ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་ བསྟོད་པའི་ཚིགས་བཅད་ཀ་ལ་པིངྒའི་སྒྲ་དབྱངས་ཀྱི་འགྲེལ་བ་བདུད་ རྩིའི་འཁྲི་ཤིང། བཞི་བཞུགས་སོ། ། ཉང་ཤོ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་བོན་ གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་གླེང་བྱུང་སྐབས་ཁོང་གིས་བན་གྱི་ཁ་ འཛིན་ཏེ་ཁ་རོགས་པ་མཛད་ནས་བོན་ཆོས་ཁུངས་ངན་ལ་གཏན་ [673] བན་ཆོས་ཁུངས་བཟང་ལ་གཏན་ཚིགས་རྒྱ་ཆེ་ ཞིང་ཟབ་ལ་གཏིང་རིང་བས་ཕྱིན་ཆད་བོད་དུ་བན་ཆོས་ཏེ་སངས་རྒྱས་ ཆོས་ལུགས་བྱའོ་ཞེས་རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས་སོ། ། ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་ཆུང་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་དགེ་བསྙེན་དང། རབ་བྱུང། དགེ་ཚུལ། དགེ་སློང་ བཅས་ཀྱི་སྡོམ་པ་བཞེས་ཤིང་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་ པ་མཛད། དེ་ནས་གསོ་རིག་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན་དུ་ གྱུར་པ་དྲང་སྲོང་བསྟན་འཛིན་རྒྱལ་པོའི་ཞབས་པད་ལ་ཡུན་རིང་དུ་ བསྟེན་ཏེ་དཔལ་ལྡན་རྒྱུད་བཞི་ནས་བཟུང་ཆ་ལག་དང་བཅས་པར་ ཐོས་བསམ་རྨད་དུ་བྱུང་བ་མཛད་དེ་མཁས་པ་ཆེན་པོར་གྱུར། རབ་ བྱུང་བཅུ་གཅིག་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་སྐུ་ ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་འབྲས་སྤུངས་ཕོ་བྲང་ནུབ་ མར་སྨན་གྱི་སློབ་གྲྭ་འཛུགས་མཛད་སྐབས་ཁོང་ལ་སློབ་དཔོན་གྱི་ལས་ གནས་བསྐོ་བཞག་མཛད་པ་དང། རབ་བྱུང་བཅུ་གཅིག་པའི་མེ་མོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་ལྔ་པས་གསང་ཕུ་ཉི་མ་ ཐང་གི་སློབ་དཔོན་དུ་བསྐོས་ཏེ་སྨན་པའི་སློབ་གྲྭ་བཙུགས་ཤིང་འཆད་ ཉན་བསྐྱངས། མདོར་ན་སྐུ་ཚེ་གང་བོར་གསོ་རིག་བསྟན་པའི་དོན་ དུ་བརྩོན་པ་ལྷུར་ལེན་མཛད་ནས་དུས་འདའ་བའོ། །ཁོང་གི་གསུང་ རྩོམ་ནི་ ། [674] ཉི་བ་བློན་ལྡོན་ཀོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཉི་མ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་བྱོན་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་ སྦྱངས་ནས་བསྟན་བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱིས་བསྡུས་པ། ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ། བཞུགས་སོ། ། [675] ཉིང་ཕུག་པ་ཆོས་ཀྱི་གྲགས་པ།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྟག་སྡེ་སེང་གེ་ལུང་དུ་ཡབ་ཡུམ་ཞང་ཞུང་བ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བདུན་པར་ལས་འབྲས་ལ་ངེས་པ་རྙེད། ཡིག་རྩིས་ ཐམས་ཅད་ལེགས་པར་མཁྱེན། དགུང་ལོ་བཅུ་བཞི་པར་དབུས་སུ་ ནས་ཟངས་དཀར་ལོ་ཙཱ་བ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་ དབང་རྣམས་ཞུས། ཁྱུང་ལས་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་ གྲགས་པ་ཞེས་གསོལ། ཇོ་བོ་འབུམ་ཕྲག་གསུམ་པ་ལས་ཆོས་ཟླ་བ་ གཅིག་ཙམ་གསན། མངའ་རིས་འཇམ་དབྱངས་ལས་བསྙེན་པར་ རྫོགས། འབྲེ་ཤེས་རབ་འབར་ལས་ཤེར་ཕྱིན་དང། ཁྱུང་ལས་དབུ་ ཚད། ངུར་སྨྲིག་པ་ཆེན་པོ་ལས་མངོན་པ། སྟག་ཚལ་གྱི་མར་པ་ལོ་ ཙཱ་བ་ལས་བྱམས་ཆོས་སྡེ་ལྔ། དགེ་བཤེས་ལྕང་ར་བ་ལས་བཙན་ ལུགས་ཀྱི་བྱམས་ཆོས། པ་ཚབ་ལོ་ཙཱ་བ་ལས་དབུ་མ་རིགས་ཚོགས་ དགེ་བཤེས་གཤེན་ལས་ཙ་ལོའི་ཆོས་དྲུག་མངའ་རིས་སྐྱི་སྟོན་ལས་བདེ་ མཆོག་རྔོག་གཞུང་པ་ལས་དགྱེས་རྡོར། དཔྱལ་ཀུན་དགའ་རྡོ་རྗེ་ལས་ ཕག་མོ། མཐའ་བཞི་བ་ལས་སྔགས་དང་འདུལ་བ། འཁོན་ གད་པ་ཀཱིརྟི་ལས་རིམ་ལྔའི་ཁྲིད། ལྷ་རྗེ་གཙང་ཤོད་པ་ལས་ཕྱག་ཆེན་ སྣེའུ་ཟུར་བ་ལས་བཀའ་གདམས། དྭགས་པོ་ལྷ་རྗེ་ལས་ནཱ་རོ་ཆོས་ དྲུག་བཅས་གསན་ནས་མཁས་པ་ཆེན་པོར་གྱུར། དེ་ནས་རི་ཁྲོད་རྟ་ སྒོའི་གངས་ལ་ལོ་ངོ་བཅུ་བཞིའི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་ [676] བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཉེ་གནས་ ཀྱང་ཡུན་རིང་མཛད། དེ་ནས་ཉིང་ཕུག་ཏུ་བཞུགས་ཤིང་བསྙུང་ གནས་དང་ཀློག་འདོན་སོགས་ལ་རྒྱུན་དུ་བརྩོན་པར་མཛད། དེའི་ཚེ་ རང་དང་གཞན་ལ་ཤར་བའི་དག་སྣང་ལའང་གྲངས་མེད། གཞན་ དོན་རྒྱ་ཆེན་པོ་མཛད་ཅིང་དགུང་ལོ་དགུ་བཅུ་རྩ་གསུམ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཐུགས་རྗེ་ཆེན་པོ་དང་རྡོ་རྗེ་ ཕྲེང་བའི་བརྒྱུད་པའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན་ནོ། ། ཁོང་གི་སློབ་མའི་གཙོ་བོ་ནི་སྲུ་པ་རྡོ་རྗེ་རྒྱལ་པོ་ཡིན། ། ཉེ་གནས་རིན་ཆེན་ཇོ་སྲས།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཞི་པའི་ཆུ་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བའི་བཤེས་ གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ སློབ་གཉེར་ལེགས་པར་མཛད་ནས་མཁས་པ་ཆེན་པོར་གྱུར། དེ་ནས་ དགེ་བསྙེན་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་བཞེས་ཏེ་འདུལ་ ཁྲིམས་ཐམས་ཅད་མིག་འབྲས་བཞིན་དུ་བསྲུངས་བར་མཛད། གཡའ་ བཟང་ཆོས་རྗེ་ལས་འདུལ་བ་དང། བཀའ་བརྒྱུད་ཀྱི་ཆོས་སྐོར་ བཀའ་གདམས་པའི་ལམ་རིམ། སྤྱོད་འཇུག་ཕྱག་ཆེན་སོགས་ལེགས་ པར་གསན། རབ་བྱུང་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གཡའ་བཟང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་པོའི་ ཚོགས་པ་བསྐྱངས་ཏེ་བསྟན་པའི་ཞབས་ཏོག་ལོ་ངོ་དགུ་ལ་མཛད་དེ་ དགོན་པའི་མངའ་ཐང་དར་བར་མཛད་དོ། ཁོང་ནི་གཡའ་བཟང་ [677] པ་ཡིན་ ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ།། ཁོང་ནི་འབྲི་གུང་རྡོ་རྗེ་རྒྱལ་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། ཉེར་གཉིས་པ་ཆོས་ཀྱི་རྒྱལ་པོ།། ཁོང་ནི་འབྲི་གུང་ཆོས་ཀྱི་རྒྱལ་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། གཉག་ཕུ་བ་བསོད་ནམས་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་གསུམ་མདོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ གཉག་ཆེན་བསོད་ནམས་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ དགུང་ལོ་བཅུ་གཅིག་པར་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ ཚུལ་བསྒྲུབས། དགུང་ལོ་བཅུ་དགུ་པར་མཁན་པོ་ཡོན་ཏན་རྒྱ་མཚོ་ དང། དཔལ་ལྡན་བརྩོན་འགྲུས་གཉིས་ལས་བསྙེན་པར་རྫོགས། དེ་ ནས་ས་སྐྱར་ཕེབས་ཏེ་ཉ་དབོན་ཀུན་དགའ་དཔལ་བ་ལས་ཚད་མ་ དང། ཀུན་མཁྱེན་གངས་པ་ལས་བདེ་མཆོག་དཔལ་ལྡན་བླ་མ་ལས་ དུས་འཁོར། མཁན་ཆེན་བྱང་སེམས་ལས་སྦྱོར་དྲུག་མ་ཏི་པཎ་ ཆེན་ལས་སྤྲོས་མེད། རྒྱལ་སྲས་ལས་སེམས་བསྐྱེད། ཐེག་ཆེན་ ཆོས་རྗེ་ལས་ལམ་འབྲས། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལས་དཔེ་ [678] སྐོར་མཛད་ཅིང་མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིགས་པས་ བཅོམ། འཇམ་དབྱངས་ནམ་མཁའ་རིན་ཆེན་གྱི་བཀའ་ལྟར་བཟང་ ལྡན་དགེ་འཕེལ་གྱི་གྲྭ་ཚང་བཙུགས་ཤིང་ལོ་བཅུ་དྲུག་གི་རིང་དུ་འཆད་ ཉན་བསྐྱངས་ཏེ་བློ་གསལ་སློབ་བུ་སུམ་བརྒྱ་ཙམ་འདུས། དེ་ནས་ཇོ་ གདན་དགེ་འདུན་སྒང་པའི་མཁན་པོ་མཛད་ཅིང་ལོ་བཅུ་དྲུག་གི་རིང་ དུ་འཆད་ཉན་གྱི་རྒྱུན་བསྲིངས། དགུང་ལོ་དགུ་བཅུ་རྩ་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་ཆོས་བཟང་ཉི་མ་དང། དཀའ་བཅུ་པདྨ་བཟང་པོ། ཀརྨ་དེ་ བཞིན་གཤེགས་པ། ཀརྨ་མཐོང་བ་དོན་ལྡན། རོང་ཆེན་སྨྲ་བའི་ སེང་གེ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ འགྲེལ་བདུད་རྩི་ཉིང་ཁུ། བཤད་སྙིང་པོ་དོན་གསལ། ལན་ལུང་རིགས་གཏེར་མཛོད། མཆན་འགྲེལ། ། གཉགས་ལོ་ཛྙཱ་ན་ཀུ་མཱ་ར།། ཁོང་ནི་གཉགས་ལོ་ཡེ་ཤེས་གཞོན་ནུ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། གཉགས་ལོ་ཡེ་ཤེས་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡར་ ཀླུང་ཤེལ་པར་ཡབ་གཉགས་རྟག་སྒྲ་ལྷ་སྣང་དང། ཡུམ་སྲུ་བཟའ་ [679] ཁོང་བྱིས་པའི་དུས་ཀྱི་མིང་ལ་ རྒྱལ་བའི་བློ་གྲོས་ཞེས་ཞུ་ཞིང། མཁན་པོ་བོ་ས་དཧི་ལས་རབ་ཏུ་བྱུང་ སྟེ་བརྙེན་རྫོགས་མཛད། སློབ་དཔོན་པདྨ་འབྱུང་གནས་དང། བི་ མ་མི་ཏྲ། པ་གོར་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ་བཅས་ལ་བསྟེན་ནས་ དཀྱུས་བཤད་གཞུང་གི་ཆུ་བོ་དང། སྙན་བརྒྱུད་གདམས་ངག་གི་ཆུ་ བོ། བྱིན་རླབས་དབང་གི་ཆུ་བོ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་ བཅས་བཀའི་ཆུ་བོ་བཞི་འདུས་ཤིང་སྔ་འགྱུར་གྱི་བསྟན་པ་དང་པོ་ཁོང་ ལ་བབས་སོ། ཡར་འབྲོག་དང་ཀོང་པོ་སོགས་སུ་ཕེབས་ནས་སྒྲུབ་པ་ ཉམས་ལེན་ལ་བརྩོན་པ་མཛད་ཅིང། ལས་ཛྙཱ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་སོག་པོ་དཔལ་གྱི་ཡེ་ཤེས་དང། གྲ་དཔལ་གྱི་ སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་ དཔལ་དབྱངས། མཚུར་ནག་ཡེ་ཤེས་དཔལ། ཐང་བཟང་དཔལ་གྱི་ རྡོ་རྗེ་བཅས་ཡིན། ཁོང་གི་མཚན་གཞན་ལ་ཛྙཱ་ན་ཀུ་མཱ་ར་ཞེས་ཞུའོ་ ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ ནོ། །ཁོང་གི་བསྒྱུར་རྩོམ་ནི་ པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ། བཅས་བཞུགས་སོ། ། གཉན་ཆུང་ལོ་ཙཱ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་སྒྲ་བསྒྱུར་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ [680] བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ལེགས་པར་ སྦྱངས་ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ པ་སྤོང་བ་ཡིད་ལ་མི་བྱེད་པ་སྟོན་པ། གཉིས་རྡོ་རྗེས་མཛད་པ་བཞུགས་སོ། ། གཉན་དར་མ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཅིང། དེ་ནས་རབ་བྱུང་དང་པོའི་མེ་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་ཁ་ཆེ་དང། བལ་ཡུལ་བརྒྱུད་རྒྱ་གར་དུ་ ཕེབས་ཏེ་ལོ་བཅུ་གཉིས་ཀྱི་རིང་དུ་པཎྜི་ཏ་མ་ཏི་སོགས་ལ་བསྟེན་ནས་ མདོ་སྔགས་གཉིས་ཀར་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ། ལེགས་ སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ནས་རྒྱ་གཞུང་གི་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་གི་བསྒྱུར་རྩོམ་ནི་ སྙིང་པོ། སྒྲུབ་ཐབས་ཀྱི་རིམ་པ། ལེའུ་བཅོ་བརྒྱད་པའི་ [681] སྒྲུབ་ཐབས། འགྲེལ་བ། བསྙེན་གྱི་སྡོམ་པ་བརྒྱད་པ། བཤད་པ། རྗེས་མཛད་པ། མཛད་པ་བཅས་བཞུགས་སོ། ། གཉན་བཙུན་མང་མོ་རྗེ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ལྡེ་སྤྲིན་བཙན་གྱི་བཙུན་མོ་དང། རྒྱལ་པོ་རྒྱལ་ ཏོ་རི་ལོང་བཙན་གྱི་མ་ཡུམ་ཡིན་ནོ། ། གཉན་འཛི་ཟུང་ནག་པོ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་མཛད་ ནས་རྒྱལ་སྲིད་ཇི་ལྟར་སྐྱོང་དགོས་པའི་དགེ་བའི་གཏམ་མང་དུ་ཞུས་ ཀྱང་ཟིང་པོ་རྗེ་སྟག་སྐྱ་བོའི་སྙན་དུ་མ་སོང་ནས་བཀས་བཀྱོན་ཏེ་བློན་ པོའི་གོ་གནས་ནས་ཕུད་པར་མཛད། དེ་ནས་ཟིང་པོ་རྗེ་ཁྲི་པངས་ སུམ་ལ་མགོ་འབུལ་མཛད་ནས་ཟིང་པོ་རྗེ་སྟག་སྐྱ་བོ་བཅོམ་ཞིང་ཡུལ་ ཡེལ་རབས་སྡེ་བཞི་དང་ཀླུང་ཡ་གསུམ་བཅས་པ་ཟིང་པོ་རྗེ་ཁྲི་པངས་ སུམ་གྱི་མངའ་ཞབས་སུ་ཚུད་པར་མཛད། ཟིང་པོ་རྗེ་ཁྲི་པངས་སུམ་ ཐུགས་ཤིན་ཏུ་དགྱེས་ཏེ་གཉན་འཛི་ཟུང་ནག་པོ་ལ་ཀླུང་ཡ་གསུམ་གྱི་ [682] ། གཉན་བསོད་ཉམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་དཀྱིལ་ འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱིད་མ། མཁས་པ་དཔལ་རིན་ཆེན་རྡོ་རྗེས་མཛད་པ་བཞུགས་སོ། ། གཉའ་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་བཅུ་བདུན་ཤིང་ཕོ་བྱི་ལོར་ ད་ལྟ་བོད་ལྗོངས་ཀྱི་ཉི་ཁྲི་ས་ཁུལ་སྤོ་མེས་རྫོང་ཁོངས་སུ་ཡུམ་མོ་བཙུན་ གྱི་སྲས་སུ་སྐུ་འཁྲུངས། ལོ་ཚིགས་འདི་ནི་སུམ་པ་ཡེ་ཤེས་དཔལ་ འབྱོར་གྱི་ལྟ་བ་ཡིན། ཁོང་བཞིན་གྱི་དཀྱིལ་འཁོར་ལེགས་པ་དང་ ཕྱག་སོར་དྲ་བས་སྦྲེལ་བ། ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་ སྤྱུགས་ཏེ་གཡུ་ཡུལ་གཡམ་ཁང་དང། བླ་འབྲུམ་གྱང་མདོ། དྭགས་ ཡོན་མཁར། ང་ལ་གཡའ་མ་གོང། དྭགས་ཡུལ་ཤིང་ནག་ལྷ་ལུང་ སྟག་པ། ཡར་ཁྱིམ་སོག་ཀ་བཙན་ཐང་སྒོ་བཞི་བརྒྱུད་དེ་རྒྱལ་ཕྲན་ [683] ཅིང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས། ཁོང་གི་སྐུ་བོན་ ནི་མཚེ་མི་སྨུ་རྒྱལ་དང། གཅོའུ་ཕྱག་གར་གཉིས་ཀྱིས་མཛད་ཅིང་ བོན་ཆོས་དར་རྒྱས་མཛད། སྐུ་མཁར་ཡུམ་བུ་བླ་སྒང་བཞེངས་ཤིང་ གནམ་མུག་མུག་གམ་མུ་ཚེ་བཟའ་བྱ་བ་ཁབ་ཏུ་བཞེས་ཏུ་རིགས་སྲས་མུ་ ཁྲི་བཙན་པོ་སྐུ་འཁྲུངས་ནས་སྲས་ཀྱིས་ཆིབས་ཁ་ཐུབ་པ་ཙམ་གྱི་དུས་ སུ་སྐུ་གཤེགས། པོ་ཨོ་ལོང་གིས་བཀྲོངས་པར་གསུངས་སོ། ཁོང་གི་བང་སོ་གནམ་ལ་ བཏབ། ཁོང་གི་མཚན་གཞན་ལ་ཨུ་བེ་ར་དང་འོ་ལྡེ་སྤུ་རྒྱལ་ཞེས་ ཞུའོ། །ཁོང་ནི་གནམ་གྱི་ཁྲི་བདུན་ལ་ཁྲི་དང་པོ་ཡིན་ནོ། ། གཉའ་བ་ཆོས་ཀྱི་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་མདོ་ ཁམས་བྱང་ཕྱོགས་སུ་ཡབ་ཆོས་རྒྱལ་དགེ་བ་འཛིན་གྱི་སྲས་སུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དད་པ་དང་ཤེས་རབ་ ཤིན་ཏུ་ཆེ་བས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ ་ གྱིས་ཕོ་ དེ་ནས་གསེར་གྱི་པ་ཏྲ་མང་པོ་བསྐུར་བ་དང་གྲོགས་དུ་མ་བཅས་རྒྱ་ གར་དུ་རིག་གནས་སློབ་གཉེར་དང་པཎ་གྲུབ་གདན་འདྲེན་པར་ མངགས། དེ་མུར་རྒྱ་གར་དུ་ལོ་མང་བཞུགས་ཤིང་རིག་གནས་ཕལ་ ཆེར་ལ་སྦྱངས་ཏེ་མཁས་པར་གྱུར་ནས་བོད་ཡུལ་དུ་བྱོན། རྒྱལ་པོ་ཁྲི་ སྲོང་ལྡེ་བཙན་ཐུགས་ཤིན་ཏུ་མཉེས་ཏེ་བླ་མཆོད་དང་བླ་སྨན་ཟུང་དུ་ [684] གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་ མཁས་པ་གཉའ་ཡི་ལུགས།ཞེས་གསུངས་སོ། ཁོང་ནི་བོད་ སྨན་མཁས་པ་མི་དགུའི་ནང་གི་གཙུག་རྒྱན་ཡིན། ཁོང་གི་གསུང་རྩོམ་ ནི་ ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ།། ཁོང་ནི་རབ་བྱུང་བདུན་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ གཉལ་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གསང་ཕུར་ཕེབས་ཏེ་ཆོས་རྗེ་རིན་ ཆེན་བྱང་ཆུབ་དང། འབྲས་སྤུངས་སུ་བྱོན་ཏེ་མཁས་པ་མུས་སྲད་པ་ དགའ་ལྡན་དུ་ཕེབས་ཏེ་བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་ལ་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད་དེ་མཁས་པ་ཆེན་པོར་གྱུར། གྱེ་རེ་དཀའ་བཞི་པ་སོགས་ལ་བསྙེན་ པར་རྫོགས་ཤིང་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན། དེ་ ནས་དགའ་ལྡན་བྱང་རྩེའི་མཚན་ཉིད་གྲྭ་ཚང་གི་འཆད་ཉན་པ་མཛད་ གསང་ཕུར་སྦེ་སེར་གྱི་འཆད་ཉན་པ་མཛད་སྐབས་པཎ་ཆེན་ཤཱཀྱ་མཆོག་ ལྡན་དང་རྩེ་ཉག་པ་གཉིས་ཐལ་འགྱུར་གྱིས་བཅོམ་པས་སྙན་གྲགས་ ཤིན་ཏུ་ཆེའོ། དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བརྒྱད་པའི་ལྕགས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སེ་ར་ཐེག་ཆེན་གླིང་གི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་ངོ་སོ་བཞིའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་ གཉིས་ཀའི་སྒོ་ནས་ཡར་ལྡན་དུ་མཛད། དགུང་ལོ་བརྒྱད་ཅུ་གྱ་བདུན་ [685] ཁོང་ནི་སེ་ར་ཐེག་ཆེན་ གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན་ནོ། ། གཉལ་བ་གསུང་བཅད་པ་ཉི་མ་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ གཉལ་རོང་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་པ་ཞིག་ཡིན། དགུང་ལོ་ བཅུ་དགུ་པར་ཆོས་སྒོར་ཞུགས་ཏེ། བླ་མ་མགོན་ལས་ཁམས་གསུམ་ ཡོངས་གྲོལ་རྟེན་འགྲེལ་དང་བཅས་པ་ཞུས། དེ་ནས་ལ་སྟོད་དུ་ལྡོམ་ བུ་ལ་བྱོན་པས་བྲིན་གྱི་ལ་སོ་ན་ངམ་རྫོང་རས་པ་བཞུགས་པ་དང་ མཇལ། ནཱ་རོ་ཆོས་དྲུག་གི་དབང་ལུང་ཁྲིད་གསུམ་ཆ་ཚང་ཞུས། དེ་ ནས་དབུས་སུ་བྱོན་ཏེ་ལྷ་ས་དང་སྲིན་པོ་རི་ལ་སོགས་པ་ཞབས་ཀྱིས་ བཅགས། དེ་ནས་འཆིད་རུའི་འཆད་པོ་ཆེའི་དགོན་པར་ཕེབས་ནས་ སྨྲ་བ་བཅད་དེ་ལྐུགས་བརྫུ་མཛད་ཅིང་ལོ་ངོ་བཅོ་བརྒྱད་རིང་དུ་ཕྱིར་མ་ བྱོན་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་ལྕང་སར་སེར་མ་བྲག་ གདོང་དུ་ལོ་འགའ་བཞུགས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ ལ་མངའ་བརྙེས། མངོན་པར་མཁྱེན་པ་མངའ་བའོ། དགུང་ལོ་ བདུན་ཅུ་བར་དུ་འཚོ་བཞུགས་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་དམར་བུ་བྲག་པ་གཞོན་ནུ་ཤེས་རབ་ཡིན། ། གཉལ་མི་མཉམ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ [686] ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་དུ་མ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ འཛིན་པའི་རྩིས་གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག། ཡན་ལག་དྲུག་པ། ། གཉེར་སྟག་བཙན་གདོང་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མཛངས་བློན་ཡིན་ཏེ་ ཁོང་གིས་འབངས་མི་ཁྱིམ་ཚང་རེ་ལ་རྟ་རེ་དང། མཛོ་རེ། བ་རེ་ གླང་རེ་ལ་སོགས་པ་གཉེར་སྐྱོང་བྱེད་དགོས་པའི་གཏན་འབེབས་ བཟོས་ཤིང། དབྱར་གྱི་དུས་སུ་རྩྭ་སྔོན་པོ་བརྔས་ཏེ་སྐམས་པོ་བྱས་ ནས་དགུན་ཁའི་དུས་སུ་ཕྱུགས་རིགས་གསོ་སྤྱད་ཀྱི་གཟན་ཆས་གསོག་ འཇོག་བྱེད་དགོས་པ་སོགས་ཁྲིམས་སྲོལ་ཞིབ་ཕྲ་བཀོད་ཅིང་འབྲོག་ལས་ ཐོན་སྐྱེད་ལ་དམིགས་བསལ་གྱི་ལམ་སྲོལ་གསར་པ་བཙུགས་པས་ མཛངས་མི་མི་བདུན་གྱི་བདུན་པ་ཉིད་ཡིན་ནོ། ། གཉེར་པ་བློ་བཟང་སྦྱིན་པ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། དགུང་ལོ་ ཆུང་ངུའི་སྐབས་དང་སྐུ་ན་སོན་རྗེས་ཀྱི་མཛད་སྤྱོད་གསལ་མོ་ཞིག་མ་ རྙེད་ཀྱང་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་ཡིན་པས་མི་འཇོན་ཐང་ཅན་ ཞིག་ཡིན་པར་གདོན་མི་ཟ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ [687] དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་སྡེ་ སྲིད་དུ་བསྐོ་བཞག་མཛད། རབ་བྱུང་བཅུ་གཅིག་པའི་མེ་མོ་སྤྲུལ་ལོ་ སྟེ་སྤྱི་ལོ་་ལོར་འབའ་ཆོས་སྡེར་དགེ་འདུན་སུམ་བརྒྱ་སྐོར་ལ་ སྔར་ཡོད་ཕོགས་ཐོབ་ཐོག་ཏུ་འཕར་སྣོན་མཆོད་གཞིས་སྦྱོར་འཇགས་ དང། ཁྲལ་མི་རྣམས་ལ་ཁྲལ་གསོ་ཁུངས་འཇུག་མཛད། རབ་བྱུང་ བཅུ་གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་པའི་ ནང་ནས་སྡེ་སྲིད་ཀྱི་གོ་གནས་ལས་དགོངས་ཞུ་མཛད་ཅིང། ཕོ་བྲང་ གཞུང་ནས་སྡེ་སྲིད་ཟུར་པའི་གོ་གནས་དང་སྐུ་སྐལ་དུ་སྣེ་གདོང་བསྩལ་ བས་སྣེ་གདོང་བློ་བཟང་སྦྱིན་པ་ཞེས་འབོད། དེ་ལྟར་ལོ་ངོ་ལྔའི་རིང་ དུ་དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་བསྒྲུབས་ཏེ་ལྷ་སའི་དགའ་ལྡན་ ཁང་གསར་དུ་རྒྱུན་བཞུགས་མཛད། ཁོང་ནི་དགའ་ལྡན་ཕོ་བྲང་གི་སྡེ་ སྲིད་བཞི་པ་ཡིན་ནོ། ། གཉོས་རྒྱལ་བ་ལྷ་ནང་སངས་རྒྱས་རིན་ཆེན།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་གཉོས་ནག་གྲགས་པ་དཔལ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བླ་མ་ཞང་གིས་ནག་པོ་སྤྱོད་པ་བར་ངོས་ བཟུང། དེ་ནས་ཡབ་ཆེན་ལས་ཆོས་རྣམས་ལེགས་པར་བསླབས་ཤིང་ མཚན་ཉིད་ལ་ཡང་སྦྱངས་པ་ཆེན་པོ་མཛད། མལ་གྲོར་བྱོན་ཏེ་འབྲི་གུང་ སྐྱོབ་པ་འཇིག་རྟེན་མགོན་པོ་དང་མཇལ་ཞིང་སེམས་བསྐྱེད་ཞུས། འབྲི་ [688] ལས་བསྙེན་པར་རྫོགས་ཤིང་འདུལ་བའི་ཆོས་སྐོར་གསན། དེ་ནས་ འབྲི་གུང་བྱང་ཆུབ་གླིང་དུ་ཕེབས་ཏེ་ཆོས་རྗེ་སྐྱོབ་པ་ལས་གདམས་ངག་ ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་སྒྲུབ་པ་ཉམས་ལེན་ མཛད་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། ལུས་དང་ལོངས་སྤྱོད་ དང་འཁོར་ཐམས་ཅད་འབྲི་གུང་སྐྱོབ་པ་ལ་ཕུལ། དུས་ཕྱིས་སུ་ཏི་ སེའི་ལྷ་ནང་དུ་སྒྲུབ་པ་མཛད་པས་རྒྱལ་བ་ལྷ་ནང་པར་གྲགས། ཕྱག་ ཕྱིར་དགེ་འདུན་ཡང་དཔག་ཏུ་མེད་པ་འདུས་ནས་ལྷོ་མོན་དང་དབུས་ གཙང་དུ་དགེ་འདུན་གྱི་ཚོགས་པ་བསྐྱངས་ཤིང་ཆོས་ཀྱི་འཁོར་ལོ་ བསྐོར། སྐུ་ཚེའི་སྨད་ལ་བྱང་དུ་ལྷ་ཐེལ་རིན་ཆེན་གླིང་གསར་འདེབས་ མཛད་ཅིང་གཏན་བཞུགས་མཛད། དགུང་ལོ་དྲུག་ཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་འབྲི་གུང་ཆོས་རྗེ་སྐྱོབ་ པའི་ཐུགས་སྲས་བརྒྱད་ཀྱི་ཡ་གྱལ་ཡིན་ནོ། ། གཉོས་གཞོན་ནུ་འོད།། ཁོང་ནི་ཕོ་བྲང་སྡིང་པ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། མཉམ་མེད་ཙོང་ཁ་པ་ཆེན་པོ།། ཁོང་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། མཉམ་མེད་ཤཱཀྱ་ཡེ་ཤེས།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ [689] ཡུམ་ འོད་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ནི་སྒྲད་ཡིན་ རབ་བྱུང་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་དུས་མིང་ལ་ཤཱཀྱ་རྡོ་རྗེ་ཞེས་ཞུ། དགུང་ལོ་དགུ་པར་ ཡབ་ལས་ཆོས་རྣམས་བསླབས། དགུང་ལོ་བཅུ་གཅིག་པར་བླ་མ་ཞང་ དང་མཇལ་ཞིང་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་ཚུལ་གྱིས་ གསན། མཁན་པོ་མྱང་བྲན་ཆོས་ཡེ་དང། སློབ་དཔོན་འབེན་ཐུང་ པ་ལས་རབ་ཏུ་བྱུང། དགུང་ལོ་བཅུ་དགུ་པར་མཁན་པོ་བརྩིབ་པ་ གཞོན་སེང། ལས་སློབ་གླང་པོ་ཇོ་བཙུན། གསང་སྟོན་གཙང་གད་ སྙོད་རྣམས་ལས་བསྙེན་པར་རྫོགས། རྔོག་མདོ་སྡེ་དང། གྲུབ་ཐོབ་ ངོམ་སེ་པོ། ཁུ་སྟོན་གྲུབ་སིང། སེ་འབྲུ་རྡོ་རྗེ་གྲགས། རྗེ་དུས་ གསུམ་མཁྱེན་པ། འབྲི་གུང་ཆོས་རྗེ་སོགས་ལས་གསང་སྔགས་ཀྱི་ དབང་ལུང་གདམས་པ་ཞུས། དགེ་བཤེས་དོལ་པོ་བཤེར་བླ་དང་ སློབ་དཔོན་སྟོན་སེང། ལ་སྟོད་དཀོན་མཆོག་མཁར། དགེ་བཤེས་ སྟོན་དར། དགེ་བཤེས་འོ་མ་ཐང་པ། མྱང་སྒོམ་རིན་ཤེ། རྒྱ་མའི་ སངས་རྒྱས་དབོན་སོགས་ལས་མཚན་ཉིད་དང་བཀའ་གདམས་ཀྱི་ཆོས་ སྐོར་གསན། དགུང་ལོ་བཞི་བཅུ་པར་ཚལ་གུང་ཐང་གི་གདན་སར་ བསྐོས། དེ་ནས་བླ་མ་ཞང་ཞིང་དུ་ཕེབས། སྐུ་འདབ་དང། སྐུ་ འབུམ་ཆེན་པོའི་འཕྲོ་གདུང་ཁང་བཀྲ་ཤིས་འོད་འབར། མགོན་ཁང་ ལྷ་ཁང་གི་ཁྱིམ་སྨད། ཐིག་ཁང། རྒྱ་ཕུབ་གསེར་འབྲུ་དང་བཅས་ པ། ལྕགས་རི་ནང་མ་སོགས་བཞེངས་པར་མཛད། དགུང་ལོ་དྲུག་ [690] ཁོང་ནི་ཚལ་ གུང་ཐང་གི་བླ་རབས་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ རྒྱ་ཕོ་ལུང་པ་དང། གཙང་པ་དུང་ཁུར་བ། གཙང་པ་བློ་ལྡན་ དགེ་བཤེས་མང་པ་སོགས་ཡིན། ། སྙ་ཤུར་བློན་ད་ཙུག་སྙམ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། སྙག་ཕུ་པ་བསོད་ནམས་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ མུས་ཀྱི་མ་གླིང་སྐྱར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ ཁོང་དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན་པ་དང་ དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཅིག་པར་མཁན་ ཆེན་ཤཱཀྱ་མགོན་དང་སློབ་དཔོན་འོད་ཟེར་རྩེ་མོ་ལས་རབ་ཏུ་བྱུང་ དགུང་ལོ་བཅུ་གསུམ་པར་ལྡོག་ལུང་དུ་ཕེབས་ཤིང་མཁན་ཆེན་ཀུན་ དགའ་རྒྱལ་མཚན་དང་ཟུར་ཆོས་ཞང་སྟོན་འགྱུར་མེད་དཔལ་གཉིས་ ལས་འདུལ་བ་མདོ་རྩ་ལ་སོགས་པའི་ཆོས་སྐོར་རྣམས་གསན། མུས་ [691] སློབ་དཔོན་བྱང་ཆུབ་སེང་ གེ་ལས་ཚད་མ་རྣམ་ངེས། སློབ་དཔོན་ཤེས་རབ་རལ་གྲི་ལས་ཚད་མ་ རྣམ་འགྲེལ་དང་ས་སྡེ་ལྔ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ དགོན་ཁག་མང་པོའི་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་ཐོབ་ དགུང་ལོ་ཉི་ཤུ་ཐམ་པར་མཁན་ཆེན་ཆུ་བཟང་པ་བྱང་ཆུབ་འབར་ལས་ བསྙེན་པར་རྫོགས་ཤིང་བཀའ་གདམས་པའི་ཆོས་སྐོར་མང་དུ་ཞུས། དེ་ ནས་མུས་གླེ་ལུང་དུ་གྲོ་མོ་ཆེའི་གདན་ས་ལྔ་མཛད་ཅིང་སློབ་མ་མང་དུ་ བསྐྱངས། ཆོས་རྗེ་ཉན་ཆེན་པ་ལས་ལམ་འབྲས་དང་དམ་པའི་ཆོས་ སྐོར་བཅས་གསན་པར་མཛད། སློབ་དཔོན་གྲགས་པ་ཚུལ་ཁྲིམས་ལས་ ཕྱི་ནང་གི་དཀྱིལ་འཁོར་སྒྲུབ་ཐབས་མང་དུ་ཞུས། དེ་རྗེས་ཡོན་བདག་ རྣམས་ཀྱིས་སྙག་ཕུའི་དགོན་པ་བཞེངས་ནས་ཕུལ། ཁོང་གིས་རྩ་བའི་ བླ་མ་ཉན་ཆེན་པ་དང། ཆུ་བཟང་པ། མུས་ཆེན་པ། རྒྱལ་མཚན་ དཔལ་རྣམས་ལ་བསྟེན། གཞན་ཡང་བླ་མ་བཞི་བཅུ་རྩ་གཉིས་ཀྱི་ ཞབས་ལ་གཏུགས་ནས་དབང་དང་གདམས་ངག་མ་ལུས་པ་ཞུས་ འཕགས་པ་སྤྱན་རས་གཟིགས་ཀྱི་འཕྲིན་ལས་དར་བར་བཞེད་ཅིང་ བསྙུང་གནས་ཁྲི་ཚོ་གཅིག་ཙམ་འགྲུབ་པར་མཛད། གཞན་གྱི་དག་ སྣང་ལ་འཕགས་པ་སྤྱན་རས་གཟིགས་དངོས་སུ་མཐོང་བའང་གྲངས་ མེད་པ་བྱུང། དེ་ནས་གཞན་དོན་མཐར་ཕྱིན་ཏེ་དགུང་ལོ་དྲུག་ཅུ་རྩ་ བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཐུགས་རྗེ་ ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན་ ནོ། ཁོང་གི་སློབ་མ་ནི་མཁན་ཆེན་བསོད་ནམས་བཟང་པོ་ཡིན། ། [692] སྙགས་ཐང་པ་ཡར་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འབྲོང་གཉན་ལྡེའུ་བློན་པོ་ཡིན། ཁོང་གིས་ རྒྱལ་པོ་ལ་ཤིན་ཏུ་བློ་དཀར་བས་རྒྱལ་པོས་མཛེ་ནད་བཞེས་སྐབས་རྒྱལ་ པོ་དང་མཉམ་དུ་གསོན་པོར་དུར་ཁུང་དུ་ཞུགས་པར་གྲགས་སོ། ། སྙི་བ་བསམ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་སྐུ་གཤེགས་ནས་ གདུང་སྲས་མངའ་བདག་འོད་བསྲུངས་དང། མངའ་བདག་ཡུམ་བརྟན་ གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས་ཏེ་ འབངས་གྱེན་ལོག་ཀྱང་མང་དུ་བྱུང་ནས་བོད་ཁམས་སིལ་བུར་འཐོར་ ཞིང། འཐབ་འཛིངས་ཀྱིས་རྒྱུན་མ་ཆད་པའི་སྒང་དུ་དེ་ནས་བྲན་ཀ་ དཔལ་གྱི་ཡོན་ཏན་གྱིས། སྙི་བ་བསམ་པོར་སྤྲུལ་ནས་རྗེ་འབངས་ བསྡུམས། སོ། ། སྙེ་མདོ་སྨྲ་བའི་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་འཆུས་པ་དར་མ་བརྩོན་འགྲུས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བརྒྱད་པར་ཡིག་རྩིས་བསླབས་པས་མཚོན་པ་ཙམ་གྱིས་མཁྱེན་ དགུང་ལོ་བཅུ་གསུམ་པར་ཡོན་ཏན་དང་སྐུ་ལུས་རྫོགས་ཏེ་གྲ་དོལ་ [693] དགུང་ལོ་བཅོ་ལྔ་པར་ རྣལ་འབྱོར་སེང་གེ་ལས་དབུ་མ་རིགས་ཚོགས་གསན། དགུང་ལོ་བཅུ་ བདུན་པར་སློབ་དཔོན་ཞང་སྟོན་དཀོན་མཆོག་ལས་སྒྲའི་བསྟན་བཅོས་ མང་དུ་བསླབས། དགུང་ལོ་ཉི་ཤུ་པར་མཁས་པ་ཇོ་པད་ལས་མདོ་སྒྱུ་ འཕྲུལ་སེམས་ཕྱོགས་གསུམ་ལོ་གཉིས་ལ་མཁྱེན་པར་གསན། དུས་ མཚུངས་སུ་གཙང་ཕྱོགས་རྣམས་སུ་རྩོད་པའི་གྲྭ་སྐོར་མཛད། མཁས་ པ་མང་པོ་རྩོད་པས་ཕམ་པར་མཛད་པས་སྨྲ་བའི་སེང་གེ་ཞེས་གསོལ་ ཁོང་གི་མཚན་དངོས་ལ་བརྩོན་འགྲུས་སེང་གེ་ཞེས་ཞུ། དགུང་ལོ་ཉེར་ གཉིས་པར་སྙེ་མདོ་དགོན་པའི་གདན་སར་ཕེབས་ཏེ་དགེ་འདུན་མང་ པོའི་ཚོགས་པ་བསྐྱངས། དགུང་ལོ་སོ་གཅིག་པར་ལམ་ལྔའི་ཁྲིད་མཛད་ པས་བླ་མ་གོང་མ་བཞིན་དུ་དག་སྣང་ཚད་མེད་ཤར། དགུང་ལོ་སོ་ གསུམ་པར་མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་པད་མོའི་སྡོང་པོ་ཁ་ཕྱེ་ བའི་ནང་དུ་འཇམ་དབྱངས་ལྷ་བདུན་གྱི་ཞལ་གཟིགས། དགུང་ལོ་ བཞི་བཅུ་ཐམ་པར་སྙེ་མདོར་འདག་འབྱར་མཛད་པས་རྟ་མགྲིན་གྱིས་ ཞལ་གཟིགས། དགུང་ལོ་བཞི་བཅུ་རྩ་བཞི་པར་ཐམས་ཅད་མཁྱེན་ པའི་ཚེ་འདོན་གྱི་ཆོས་འཁོར་བཙུགས། དགུང་ལོ་ལྔ་བཅུ་རྩ་བརྒྱད་ པར་འབྲི་གུང་དུ་ཕེབས་ཤིང་སྤྱན་སྔ་རིན་པོ་ཆེ་དང་མཇལ་ཞིང་ གདམས་ངག་རྣམས་ཞུས། རྟོགས་པ་མངོན་སུམ་དུ་ཤར་བ་གྱུར་ཏོ་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་ རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཞི་བྱེད་ བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན། །ཁོང་ [694] མཁས་པ་སྨྲ་ བའི་སེང་གེ་བཅས་ཡོད་ སྙེ་མདོ་ཐམས་ཅད་མཁྱེན་པ།། ཁོང་ནི་རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཡབ་སྙེ་མདོ་སྨྲ་བའི་སེང་གེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་ པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་ པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ཞིང། གཉགས་སྟོན་རྣལ་ འབྱོར་འབུམ་ལས་སྒྲའི་བསྟན་བཅོས་རྣམས་ཀྱང་བསླབས་པར་མཛད་ དགུང་ལོ་བརྒྱད་པར་བཀའ་བརྒྱུད་ཀྱི་ལག་ལེན་གཞུང་འདྲོངས་ དགུང་ལོ་བཅུ་པར་ཡབ་དང་ལྷན་ཅིག་ཏུ་ཡི་དམ་གྱི་བསྙེན་པ་བསྐྱལ་ བས་ཉིན་མཚན་འདས་པ་མི་ཚོར་བའི་ཏིང་ངེ་འཛིན་འཁྲུངས། ཁོང་ གིས་སྤྱིར་བླ་མ་བཅུ་དྲུག་ཙམ་ལ་བསྟེན་པ་དང། ལྷག་པར་དུ་མཐའ་ ཡས་ལུང་གི་སྣང་བ་ནི་རྒྱ་ཐམས་ཅད་མཁྱེན་པ་ལས་རྙེད། རྣམ་ དཔྱོད་རིགས་པའི་ཤེས་པ་ནི་ལྷག་རུ་བ་ལས་རྙེད། ཡིད་ཆེས་དོན་གྱི་ གནས་ལུགས་ནི་རྒྱ་གར་པཎ་ཆེན་ལས་རྙེད། ཕྱི་ནང་དཀྱིལ་འཁོར་གྱི་ བྱ་བ་ནི་འཛི་རི་བ་ལས་རྙེད། དཔེ་རྒྱུད་དག་པའི་ནན་ཆགས་ནི་ལྡུམ་ ར་བ་ལས་རྙེད། གཞན་དོན་འཕྲིན་ལས་ཀྱི་ཚུལ་ནི་འབྲི་གུང་པ་ལས་ རྙེད། ཟིལ་གནོན་བྱིན་རླབས་ཀྱི་དྲོད་ནི་རི་ཁྲོད་པ་ལས་རྙེད་ གདམས་པ་གནད་ཀྱི་མཚང་ནི་བང་རིམ་པ་ལས་རྙེད། ལྟ་དགོངས་ དོན་གྱི་ཚུལ་ནི་རིགས་ཉིད་ལས་རྙེད་ཅེས་རྙེད་དགུ་སྟོན་པའི་བླ་མ་དགུ་ ཡོད། མདོ་སྔགས་རིག་གནས་དང་བཅས་པར་ལན་རེ་གཟིགས་པ་ [695] གསན་པ་ཙམ་གྱིས་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པ་ ཞེས་གྲགས་སོ། སྙེ་མདོའི་གདན་སར་ཕེབས་ནས་དགེ་འདུན་མང་ པོའི་ཚོགས་པ་བསྐྱངས། གསར་རྙིང་གི་རྒྱུད་སྡེ་དང་རིག་པའི་གནས་ དུ་མ་ལ་བསྟན་བཅོས་ཀྱང་མང་དུ་བརྩམས། ཁྱད་པར་དུ་མཁས་པ་ ཏྲེ་བོ་མགོན་པོའི་གསུང་རྣམས་ལྡུམ་ར་བ་ལས་རྙེད་པས་ཏྲེ་བོའི་ལུགས་ ལ་ཤིན་ཏུ་མཁས། སྒྲུབ་པ་ཉམས་ལེན་མཛད་པས་གསང་སྔགས་ཀྱི་ དངོས་གྲུབ་ཀྱང་མང་དུ་ལོན་པར་མཛད་དོ། ཁོང་གི་མཚན་དངོས་ནི་ བསོད་ནམས་དཔལ་ཞེས་ཞུའོ། བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་ནས་དགུང་ལོ་དྲུག་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་ འཛིན་མཁན་ཡིན་ནོ། ། སྙེ་མདོ་ཀུན་དགའ་བཟང་པོ།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྙེ་མདོར་ཡབ་སྙེ་མདོ་ཐམས་ཅད་མཁྱེན་པའི་སྲས་སུ་སྐུ་འཁྲུངས། རབ་ བྱུང་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་དྲུག་པའི་ཚུན་དུ་ང་རྒོད་ཚང་བ་ཡིན་ཞེས་པའི་གསུང་མང་དུ་བྱོན་ དགུང་ལོ་བཞི་པར་ཡི་གེའི་འབྲི་ཀློག་ཀྱང་ཕུལ་དུ་ཕྱིན། དགུང་ལོ་ བདུན་པར་འཁོར་རྣམས་ལ་ཆོས་གསུངས། དགུང་ལོ་བཅུ་གཅིག་པའི་ བར་དུ་ཡབ་ལས་རྙིང་མའི་རྒྱུད་སྒྲུབ་ཐབས་མང་དུ་གསན་ཞིང་མཁྱེན་ པས་གཞན་ལ་གསུངས་ཤིང་ཕྱག་ལེན་སློབ་པའི་སློབ་དཔོན་མཛད་ དགུང་ལོ་བཅུ་གཉིས་པར་ཕྱོགས་རིས་ཀྱི་སློབ་མ་འདུས། ཆོས་ཀྱི་ཁྲི་ [696] ཡབ་ཀྱིས་ཕྱག་དཔེ་ཐམས་ཅད་གཏད། མདོ་སྔགས་ཀྱི་ རིང་ལུགས་མང་དུ་གསུངས། དགུང་ལོ་བཅུ་གསུམ་པར་གསང་ འདུས་ཀྱི་རྒྱུད་གསུངས། དགུང་ལོ་བཅུ་བཞི་དང་བཅོ་ལྔ་པར་སྐུ་ མཚམས་བཞུགས་ཤིང་རྡོ་རྗེ་ཕུར་བུའི་ཞལ་ལེགས་པར་གཟིགས། གྲུབ་ རྟགས་འགའ་ཡང་བསྟན། ཤངས་ཚུལ་ཤེར་ལས་གསང་སྙིང་གི་ཆོས་ བཀའ་ཤིན་ཏུ་མང་བ་དང། ཞི་བྱེད་སྔ་ཕྱི་བར་གསུམ། ཏིང་ངེ་ འཛིན་རྒྱུད་ཀྱི་རྒྱལ་པོ་སོགས་མང་དུ་གསན། དགུང་ལོ་བཅུ་བདུན་ པར་འབྲི་གུང་དུ་བྱོན་ནས་རབ་བྱུང་བསྒྲུབས། དགུང་ལོ་ཉེར་བཞི་ པར་གྲུབ་ཐོབ་སེང་གེ་གྲགས་དང་མཇལ་ཞིང་གདམས་པ་ཡང་མང་དུ་ གསན། དགུང་ལོ་ཉེར་ལྔ་པར་གྲུབ་ཐོབ་ཨུ་རྒྱན་པ་དང་མཇལ་ཞིང་ དུས་འཁོར་རྒྱུད་འགྲེལ་དང་བཅས་པ་གསན། དགུང་ལོ་སོ་དྲུག་པར་ བཅོམ་ལྡན་རིག་པའི་རལ་གྲི་དང་མཇལ་ཞིང་ཤ་ར་བའི་གཞུང་ལུགས་ སོགས་ཆོས་མང་དུ་གསན། དགུང་ལོ་ཞེ་གཅིག་པར་ལོ་ཙཱ་བ་གྲགས་ པ་རྒྱལ་མཚན་ལས་དགྱེས་རྡོར་དང། ནཱ་རོ་འགྲེལ་ཆེན། དབང་ མདོར་བསྟན་གྱི་འགྲེལ་བ། མན་ངག་སྙེ་མ། ཀ་ལཱ་པ་སོགས་རྒྱ་བོད་ ཀྱི་སྒྲ་རིག་པ་མང་དུ་གསན། སྙེ་མདོའི་གདན་ས་བསྐྱངས་ཤིང་འཆད་ ཉན་གྱིས་བསྟན་པ་རྒྱས་པར་མཛད་དོ། དགུང་ལོ་ང་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་ནི་ཞི་བྱེད་བརྒྱུད་ པའི་གདམས་རྒྱུན་འཛིན་མཁན་ཡིན། ། [697] ཏོང་བློན་སྟག་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་ ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ གཙང་དུ་སྐུ་འཁྲུངས་ཤིང་གདུང་རུས་རླངས་ཡིན། རབ་བྱུང་དྲུག་ པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་གསུམ་པར་ཡི་གེའི་སྦྱོར་ཀློག་སློབ་ཅིང། དགུང་ལོ་བདུན་པར་ སྤྱན་སྔ་ཆོས་བཞི་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་ བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་པར་མཁན་ཆེན་ ཚུལ་དར་ལས་རབ་བྱུང་བསྒྲུབས། དགུང་ལོ་བཅུ་བཞི་པར་ས་སྐྱར་ [698] དགུང་ལོ་ཉི་ཤུ་ཐམ་པར་ཕག་གྲུའི་ཁྲི་དཔོན་མཛད་ཅིང་ཡུལ་གྲུ་སོ་སོར་ ལྗོན་ཤིང་བཙུགས་ནས་ནགས་ཚལ་བསྐྲུན་པ་དང། ཆུ་ཆེན་ལ་ཟམ་ ཆེན་བཙུགས་ཤིང་མཁར་རྫོང་པ་ཉམས་གསོ་མཛད། དེ་ནས་གཡའ་ བཟང་དང། ཚལ་པ། འབྲི་གུང། ས་སྐྱ་བཅས་ལ་དམག་དྲངས་ ཏེ་དགུང་ལོ་ལྔ་བཅུ་ང་གསུམ་པ་རབ་བྱུང་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོར་བོད་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དབང་བདག་གིར་ མཛད། ལོ་དེར་ཡོན་གོང་མ་ཐོ་བཀན་ཐེའི་མུར་གྱིས་ཁྲི་དཔོན་བྱང་ ཆུབ་རྒྱལ་མཚན་ལ་ཏཱ་སི་ཏུ་སྟེ་གོང་མའི་ལས་རིགས་ཀྱི་གོ་གནས་དང་ བཀའ་ཤོག་ཐམ་ཁ་བཅས་པ་གནང། དེ་ནས་བཟུང་ས་སྐྱའི་སྲིད་ དབང་མཇུག་བསྒྲིལ་ཞིང་ཕག་གྲུའི་སྲིད་དབང་དངོས་སུ་མགོ་ཚུགས་པ་ དང། སྔོན་གྱི་ཁྲི་དཔོན་ལམ་ལུགས་མེད་པ་བཏང་ཞིང་སྡེ་སྲིད་ བཙུགས་པ་དང། ཁྲི་སྐོར་བཅུ་གསུམ་གྱི་སྲིད་འཛིན་སྒྲིག་དེ་རྫོང་ ཆེན་བཅུ་གསུམ་དུ་བསྒྱུར་ནས་རྫོང་དཔོན་རྣམས་ལོ་གསུམ་རེའི་ མཚམས་ནས་བརྗེ་ལེན་བྱེད་པའི་ལམ་ལུགས་བཙུགས། སྐབས་དེའི་སྤྱི་ ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་བསྟུན་ནས་ཁྲིམས་ཡིག་ཞལ་ ལྕེ་བཅོ་ལྔ་དང་ཁྲལ་འུལ་ལམ་ལུགས་གཏན་འབེབས་མཛད་ཅིང་བལྟོས་ བཅས་ཀྱི་སྒོ་ནས་ཞིང་འབྲོག་ཐོན་སྐྱེད་ལ་བཅིངས་འགྲོལ་ཅུང་ཟད་ ཐོབ་པ་རེད། ཁོང་གིས་རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་རྩེས་ཐང་དགོན་པ་གསར་འདེབས་མཛད། ཁོང་ནི་ཕག་ གྲུའི་སྲིད་དབང་གསར་གཏོད་མཛད་མཁན་ཡིན། ཁོང་གི་གསུང་ [699] གསོལ་འདེབས་ཐུང་བ། བཅས་བཞུགས་སོ། ། ཏཱ་དབེན་ཀུན་དགའ་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་བདག་ཆེན་ནམ་མཁའ་ལེགས་པ་དང། ཡུམ་དགེ་འདུན་ འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཁུ་བོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་ བླ་མ་མཉམ་མེད་ཆེན་པོ་གཉིས་ལས་རབ་ཏུ་བྱུང། མཁན་ཆེན་དེ་ གཉིས་དང། ཞང་དབང་ཕྱུག་རྒྱལ་མཚན་ལ་བསྟེན་ནས་རྒྱུད་སྡེ་ བཞིའི་དབང་ཆེན་ཕལ་ཆེར་ཞུས། སློབ་དཔོན་མགོན་པོ་རྒྱལ་མཚན་ ལས་རྩ་རྒྱུད་བརྟག་གཉིས་དང། མཁན་ཆེན་རྟོགས་ལྡན་ལས་ཚད་མ་ རྣམ་འགྲེལ་དང་ཚད་མ་རིགས་གཏེར་བཅས་གསན་པར་མཛད། དེ་ ནས་ཆུ་མིག་ཏུ་བྱོན་ཏེ་བརྟག་གཉིས་དང། རྣམ་འགྲེལ། རིགས་ གཏེར། ཐུབ་པ་དགོངས་གསལ་སོགས་གསུངས། དེ་ནས་གདན་ སར་ཕེབས་ཏེ་གོང་མ་ཆེན་པོ་ཏཱ་མིང་རྒྱལ་པོས་ཀུན་ཏིང་གུ་ཤྲཱིའི་ཆོ་ལོ་ དང་ཤེལ་དམ་དངུལ་དམ་སོགས་གནང་ནང་གཞི་ཐོག་བླ་བྲང་གི་ གདན་སར་བསྐོས། དེ་ནས་ཅུང་མ་འགོར་བར་གོང་མ་ཆེན་པོས་ཐི་ ལིང་སྐྱ་ཧོ་སི་ཏཱ་དབེན་གུ་ཤྲཱི་ཞེས་པའི་ཆོ་ལོ་གནང་ནས་དམ་ཁ་ཆེན་མོ་ [700] དགུང་ལོ་དྲུག་ཅུ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་གཞི་ཐོག་བླ་བྲང་གི་གདན་རབས་གཉིས་པ་ཡིན་ ནོ།། ཏཱ་དབེན་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཡས་རུ་ངམ་རིང་དུ་ཡབ་ཏཱི་ཤྲཱི་ཀུན་དགའ་རྒྱལ་མཚན་དང། མ་ གཅིག་དཔལ་ལྡན་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་ཏུ་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་ཕུལ་དུ་ ཕྱིན་ཞིང། ཁྱད་པར་དུ་ཚད་མའི་སྐོར་ལ་གསན་སྦྱོང་མཛད་པས་ རྣམ་འགྲེལ་སོགས་སྡེ་བདུན་དང་བཅས་པ་ཐུགས་སུ་ཆུད་པར་མཛད་ གདན་སའི་ཚོགས་ཆེན་པོར་རྣམ་འགྲེལ་དང་རིགས་གཏེར་གསུངས་ ནས་ཚད་མའི་གཞུང་ལུགས་དར་བར་མཛད། བུ་སྟོན་རིན་པོ་ཆེ་ གདན་སར་གདན་དྲངས་ཏེ་ལྷ་ཁང་ཆེན་མོར་རྡོར་དབྱིངས་ཀྱི་དཀྱིལ་ འཁོར་བློས་བསླངས་དང། སྨན་བླའི་ཕོ་བྲང་ཆེན་པོ་བཞེངས་པ་ སོགས་བྱ་བ་རྒྱ་ཆེན་མཛད། གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་ བཙུན་མོ་གསུམ་ཁབ་ཏུ་བཞེས་ཏེ་རིགས་སྲས་སྐུ་མཆེད་བཞི་འཁྲུངས་ ཕྱིས་སུ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཤཱཀྱའི་དགེ་སྦྱོང་ ཆེན་པོར་གྱུར། ཡོན་གོང་མ་ཆེན་པོས་ཆང་གུའི་གུང་གུ་ཤྲཱིའི་ཆོ་ལོ་ དང་གསེར་དམ་ཆེན་མོ་གནང། དགུང་ལོ་ཉེར་ལྔ་པ་རབ་བྱུང་དྲུག་ པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ཡོན་གོང་མའི་ཕོ་བྲང་དུ་ [701] མཛད་པས་རྒྱལ་པོས་ཀྱང་ཐོ་ལིང་ཏེ་ཧོ་ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་དང་ ཤེལ་གྱི་ཐམ་ཁ་ཐོ་ཤུ་བཅས་པ་ཕུལ། རྒྱལ་པོ་འཁོར་བཅས་སྨིན་གྲོལ་ ལ་བཀོད་ནས་དགུང་ལོ་ཉེར་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ས་སྐྱའི་ལྷ་ཁང་བླ་བྲང་གི་གདུང་རབས་གཉིས་པ་ ཡིན་ནོ།། ཏཱ་དབེན་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ཤ་ལ་ཟུག་ཏུ་ཡབ་ཏཱི་ཤྲཱི་ཀུན་དགའ་རྒྱལ་མཚན་དང། ཡུམ་མ་ གཅིག་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ དྲུག་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ལྷ་ཁང་བླ་བྲང་དུ་སྐུ་ གཤེགས། ཁོང་དགུང་ལོ་དྲུག་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་ ཕེབས་ཤིང་གཞི་ཐོག་བླ་བྲང་གི་གདན་སའང་མཛད། དེ་ནས་བླ་མ་ དམ་པ་བསོད་ནམས་རྒྱལ་མཚན་དང། ཀུན་མཁྱེན་ཇོ་ནང་པ། བུ་ སྟོན་རིན་ཆེན་གྲུབ། ས་བཟང་མ་ཏི་པཎ་ཆེན་སོགས་ལ་བསྟེན་ཏེ་ཡབ་ མེས་ཀྱི་བཀའ་ཆོས་དང། མདོ་སྔགས་གཉིས་ཀྱི་ཟབ་དོན་བཅས་པ་ ཐུགས་སུ་ཆུད་པར་མཛད། ཁྱད་པར་དུ་རྒྱས་པའི་བསྟན་བཅོས་ཚད་ མ་རྣམ་འགྲེལ་ལ་ས་པཎ་ཀུན་དགའ་རྒྱལ་མཚན་དང། འུ་ཡུག་པ་ རིག་པའི་སེང་གེ་གཉིས་ཀྱི་འོག་ནས་ཁོང་ལས་རྩོད་པ་བཟང་བ་མ་བྱུང་ བར་གྲགས། ཡོན་གོང་མས་སྔར་ལུགས་ལྟར་ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་ དང་ཐམ་ཁ་གནང། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་དྲུག་པའི་ས་ [702] རྒྱལ་མཚན་གྱིས་བླངས་ཏེ་ས་སྐྱ་པས་བོད་སྤྱི་ལ་དབང་བསྒྱུར་བའི་ཆབ་ སྲིད་མཇུག་བསྒྲིལ་བ་ཡིན། དགུང་ལོ་སུམ་ཅུ་སོ་གསུམ་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ས་སྐྱའི་གདན་ས་ཆེན་མོའི་ཁྲི་ རབས་བཅུ་བཞི་པ་ཡིན་ནོ།། ཏཱ་ར་ནཱ་ཐ། སྒྲོལ་བའི་མགོན་པོ།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་དབུས་ཀྱི་ཇོ་མོ་ཁ་རག་དང་ཉེ་བར། ལུའི་ཧི་ཏའི་ཆུ་བོའི་ཉེ་ འགྲམ་འབྲང་ཞེས་པའི་ཡུལ་དུ་ཡབ་རྣམ་རྒྱལ་ཕུན་ཚོགས་དགུང་ལོ་ཞེ་ དྲུག་པ་དང། ཡུམ་རྡོ་རྗེ་བུ་དགའ་དགུང་ལོ་བཅུ་དགུ་བ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། དགུང་ལོ་བཞི་བར་ཇོ་ནང་མཁན་པོ་ལུང་ རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ ངོས་འཛིན་མཛད་དེ་ཇོ་དགོན་དུ་གདན་དྲངས། དགུང་ལོ་དྲུག་པར་ ཡི་གེའི་སྦྱོར་ཀློག་མཐར་ཕྱིན་ཏེ་ཆོས་སྤྱོད་ཕལ་ཆེར་ཐུགས་སུ་ཆུད་ཅིང་ དབང་དང་རྗེས་གནང་བཅས་ཆོས་སྐལ་དཔག་ཏུ་མེད་པ་ཐོབ་ དགུང་ལོ་བརྒྱད་པར་མཁས་དབང་བྱམས་པ་ལྷུན་གྲུབ་ཀྱི་མདུན་ནས་ ཚད་མ་རིགས་གཏེར་བློར་འཛིན་པས་ཟླ་བ་ལྔར་ཐུགས་སུ་ཆུད། སྟག་ ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་ གླེགས་བམ་གྱི་ལུང་ཞུས་པ་དང་སྤྲགས་རབ་བྱུང་དགེ་ཚུལ་གྱི་སྡོམ་ པའང་མནོས། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་དྲུང་ནས་ [703] རྗེ་བཙུན་ གྲུབ་པའི་དབང་ཕྱུག་གི་དྲུང་ནས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་ པར་ཞུས། ཇོ་ནང་པའི་གདན་སར་བཞུགས། དགུང་ལོ་བཅུ་བདུན་ པར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ ཀྱི་སྡོམ་པ་མནོས། དེ་ནས་དབུས་སུ་ཕེབས་ཏེ་ལོ་ངོ་བཅུ་ཡི་རིང་ལ་ས་ སྐྱ་དང། བཀའ་བརྒྱུད། དགེ་ལྡན་སོགས་ཀྱི་ཚད་ལྡན་བླ་མའི་སྐུ་ མདུན་ནས་གྲུབ་མཐའ་སོ་སོའི་བཞེད་པ་དང་བཅས་གསན་སྦྱངས་ ལེགས་པར་མཛད། སྐབས་དེ་དག་ཏུ་རྒྱ་གར་སློབ་དཔོན་ནི་རྦཱ་ཎ་ཤྲཱི་ དང། བཧང་ག་ལའི་པཎྜི་ཏ་པུརྞ་ནནྡ་བཅས་ལ་གྲུབ་མཐའི་ཐད་ཀྱི་ལྟ་ བ་མང་པོར་བགྲོ་གླེང་མཛད། དགུང་ལོ་སུམ་ཅུར་ཕེབས་དུས་ཇོ་ནང་ པའི་ལྟ་བ་དབུ་མ་གཞན་སྟོང་ཆེན་པོའི་རྩེ་མོར་སོན། དགུང་ལོ་སོ་ གཅིག་ནས་སོ་བརྒྱད་བར་དུ་ཇོ་ནང་གདན་ས་ནས་རིས་མེད་ཀྱི་བླ་སློབ་ མང་པོར་མདོ་སྔགས་འཆད་མཉན་རྒྱ་ཆེར་མཛད་ཅིང། ཇོ་ནང་གི་ དགོན་མ་ལག་ཞིག་གསོ་དང་གསར་བསྐྲུན། གསེར་ཟངས་ཀྱི་བྱམས་ སྐུ་ཆེ་ལེགས་སོགས་རྟེན་ཁྱད་འཕགས་གསར་བཞེངས། ཇོ་ནང་བླ་ བྲང་གསར་བཏབ་སོགས་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་ དགུང་ལོ་ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་ གསར་དུ་བཙུགས། བལ་ཡུལ་ནས་ལྷ་བཟོ་མཁས་པ་ཉི་ཤུ་གདན་ དྲངས་ནས་དུས་གསུམ་སངས་རྒྱས་དང། སངས་རྒྱས་རབས་བདུན་ གཙོས་པའི་གསེར་ཟངས་ཀྱི་སྐུ་བརྙན་མང་པོ་བཞེངས། ཡིག་མཁན་ ཆིག་བརྒྱ་བརྒྱད་ཅུ་གདན་དྲངས་ཏེ་རྒྱལ་བའི་བཀའ་དང་དགོངས་ [704] པར་མཛད། མདོར་ན་གཙང་པ་སྡེ་བའི་ཐུགས་རྗེ་ལ་རྟེན་ནས་སྐུ་ གསུང་ཐུགས་ཀྱི་རྟེན་བཞེངས་པ་ལ་གསེར་སྲང་སྟོང་ཕྲག་ལྷག་དང་ དངུལ་སྲང་ཁྲི་ཕྲག་མང་པོ། ཐ་ན་དངུལ་ཆུ་ཁོ་ནའང་སྲང་ལྔ་སྟོང་ ཙམ་གྱིས་མཚོན་གདུལ་བའི་དད་རྫས་མ་ལུས་པ་དཀར་པོ་དགེ་བའི་ ཕྱོགས་སུ་བཏང། ཁོང་གི་མཚན་གྱི་རྣམ་གྲངས་ནི་བྱིས་པའི་དུས་སུ་སྲི་ གཅོད་རྡོ་རྗེ། སྨོན་གྲོལ་བས་ཀྱལ་ཀའི་ཚུལ་དུ་ཀུན་དགའ་མ་ནུས། རབ་ བྱུང་གི་མིང་དུ་ཀུན་དགའ་སྙིང་བོ་བཅས་སོ། ཁོང་གི་གསུང་རྩོམ་ནི་ ཤིན་ཏུ་མང་པོ་ཞིག་ཡོད་པར་གྲགས་ཀྱང་རྒྱལ་དབང་ལྔ་བས་ཇོ་དགོན་ དགེ་ལུགས་སུ་བསྒྱུར་ཏེ་དགའ་ལྡན་ཕུན་སུམ་ཚོགས་ཞེས་པའི་དགོན་ པ་བཏབ། གསུམ་རྩོམ་གྱི་པར་ཤིང་རྣམས་ཀྱང་བཀའ་རྒྱ་བཏབ་ནས་ དཔར་མི་ཆོག་མཛད་པས་ད་ལྟ་ཁོང་གི་གསུམ་རྩོམ་ཚང་མ་ཁ་ཚང་བ་ ཞིག་ཧ་ཅང་དཀའ། རྒྱལ་དབང་ལྔ་བ་ཞིང་དུ་གཤེགས་རྗེས། བློ་ གྲོས་བརྟན་པས་ཁོང་གི་གསུང་རྩོམ་ལ་དཀར་ཆག་བསྡུས་པ་ཞིག་ མཛད་འདུག་དེ་རྗེས་ཞྭ་ལུ་རི་སྦྲུག་སྤྲུལ་སྐུས་མཛད་པའི་ཏཱ་ར་ནཱ་ཐའི་ གསུང་འབུམ་གྱི་དཀར་ཆག་དྭངས་གསལ་མེ་ལོང་ཞེས་པའི་ནང་དུ་པོ་ ཏི་ཀ་ནས་ཙའི་བར་བཅུ་བདུན་ལ་ཆོས་ཚན་ཉིས་བརྒྱ་དོན་གཉིས་ དང། ལྡེབ་གྲངས་བདུན་སྟོང་བརྒྱད་བརྒྱ་ལྔ་བཅུ་བཞུགས། ད་ལྟ་ པེ་ཅིན་མི་རིགས་ཕོ་བྲང་དུ་པོ་ཏི་བཅུ་བདུན་ལ་ཆོས་ཚན་ཉིས་བརྒྱ་ དོན་བརྒྱད་དང། ལྡེབ་གྲངས་བདུན་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ བཞུགས་སོ།། [705] ཏཱ་ལའི་བླ་མ།། ཐ་སྙད་འདི་ནི་རབ་བྱུང་བཅུ་བའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སོག་པོའི་ཆ་ཧར་རྒྱལ་པོའམ་སོག་རྒྱལ་ཇིང་གིར་གྱི་ གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གིས་རྒྱལ་བ་བསོད་ནམས་ རྒྱ་མཚོ་སོག་ཡུལ་དུ་གདན་འདྲེན་ཞུས་ཏེ་ཐོག་མར་རྒྱལ་བ་བསོད་ ནམས་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་ པའི་མཚན་གསོལ། དེ་ལས་བཛྲ་དྷ་ར་ཞེས་པ་ལེགས་སྦྱར་གྱི་སྐད་ ཡིན་ལ། བོད་སྐད་དུ་རྡོ་རྗེ་འཆང་ཞེས་པའི་དོན་ཡིན། ཏཱ་ལའི་ཞེས་ པ་སོག་སྐད་ཡིན་ལ། བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན། བོད་ ཀྱི་སྐད་དུ་ཆ་ཚང་སྒྱུར་ན་ཐམས་ཅད་མཁྱེན་པ་རྒྱ་མཚོའི་བླ་མ་རྡོ་རྗེ་ འཆང་ཞེས་པ་ཡིན། རྒྱལ་བ་བསོད་ནམས་རྒྱ་མཚོས་ཆ་ཧར་རྒྱལ་པོ་ ཨལ་ཐན་ཁཱང་ལའང་ཆོས་ཀྱི་རྒྱལ་པོ་ལྷ་ཚངས་པ་ཞེས་པའི་མཚན་ཀུན་ ནས་མཛེས་པ་ཞིག་གསོལ། རྒྱལ་བ་བསོད་ནམས་རྒྱ་མཚོ་འདི་བ་ནས་ བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་འདི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ ལ་དངོས་སུ་ཐོབ་པ་ཡིན་པས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་གཟིགས་པར་ ཞུའོ།། ཏཱི་ཤྲཱི་ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ཤ་ལ་ཟུག་ཏུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ ཀུན་དགའ་ནམ་མཁའི་རྒྱལ་མཚན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་དྲུག་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་མེ་ཏོག་རྭ་བར་ [706] ཁོང་གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་ ཕུལ་དུ་ཕྱིན་པ་མཛད་ཅིང། ཁྱད་པར་དུ་སྟག་ཐོག་པ་ཚུལ་ཁྲིམས་ དཔལ་བ་སོགས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ཚད་མ་ རྣམ་འགྲེལ་བཅས་གཞུང་ཆེན་ཁག་ལ་སྦྱངས་པས་ཤིན་ཏུ་མཁས་ཤིང་ སྨྲ་བའི་མཆོག་ཏུ་གྱུར་ཏེ། གདན་ས་ཆེན་པོར་དབྱར་ཆོས་དང་དགུ་ ཆོས་མ་ཆག་པར་མཛད་པས་སྙན་གྲགས་ཆེས་ཆེར་རྒྱས། གོང་མ་ཆེན་ པོས་ཆང་གུའི་གུང་གུ་ཤྲཱིའི་ཆོ་ལོ་དང་གསེར་གྱི་ཐམ་ཁ་བཅས་གནང་ སྦྱིན་དུ་བསྩལ། གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་མ་ གཅིག་དཔལ་ལྡན་བཟང་མོ་ཁབ་ཏུ་བཞེས་ཏེ་སྲས་གཉིས་འཁྲུངས་ དུས་ཕྱིས་སུ་རབ་བྱུང་བསྙེན་རྫོགས་བསྒྲུབས་ནས་འཕགས་པའི་དགེ་ སློང་ཆེན་པོར་གྱུར། དགུང་ལོ་ཉེར་གཉིས་པ་རབ་བྱུང་དྲུག་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་ པོས་བཀའ་ལུང་ཕེབས་པ་ལྟར་ཕོ་བྲང་ཆེན་པོ་ཏཱ་ཏོ་འུར་བྱོན་ཏེ་གོང་མ་ ཆེན་པོ་དང་མཇལ་འཕྲད་མཛད་ཅིང་རྒྱལ་བློན་འཁོར་དང་བཅས་ པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་ དུ་གོང་མ་ཆེན་པོའི་ཏཱི་ཤྲཱི་མཛད། གོང་མ་ཆེན་པོས་ཀྱང་ཏཱི་ཤྲཱི་ལ་ སོགས་པའི་མཚན་སྙན་བསྩལ་ནས་ཐུབ་པའི་རྒྱལ་ཚབ་ཆེན་པོར་མངའ་ གསོལ། རྒྱལ་ཁམས་ལ་གནོད་པའི་ཆུ་ལོག་དང། ཐན་པ། དུས་ ཟིང་ལངས་པ་ཐམས་ཅད་རྫུ་འཕྲུལ་གྱི་སྒོ་ནས་བཟློགས་པར་མཛད་ པས་རྒྱལ་བློན་ཐམས་ཅད་ཧ་ལས་ཏེ་མཐུ་སྟོབས་དབང་ཕྱུག་གི་མངའ་ བདག་ཅེས་མགྲིན་གཅིག་ཏུ་བསྟོད་སྔགས་མཛད། དེ་ལྟར་མཛད་པ་ [707] དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ལྷ་ཁང་བླ་བྲང་ གི་གདུང་རབས་དང་པོ་དང། ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོའི་ དབུ་བླ་སྟེ་ཏཱི་ཤྲཱིའི་གདན་རབས་བཅུ་གཉིས་པ་ཡིན་ནོ།། ཏཱི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱའི་ལྷ་ཁང་བླ་བྲང་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ མ་གཅིག་ངང་མོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་དྲུག་པའི་མེ་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ཡུལ་མེ་ཏོག་ར་བ་ལ་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཀློག་ཡིག་སོགས་ལ་བསླབས་པས་ ཚེགས་མེད་དུ་བྱང་ཆུབ་པར་མཁྱེན། དེ་ནས་དགྱེས་པ་རྡོ་རྗེའི་རྒྱུད་ བརྟག་གཉིས་ལ་ཐུགས་གཉེར་མཛད་ནས་དགུང་ལོ་དགུ་པར་ཐུགས་ ལས་གསུངས། ཚད་མ་དང་ཡབ་མེས་ཀྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་གཅིག་པར་ཡོན་རྒྱལ་རབས་ཀྱི་གོང་ མ་ཆེན་པོའི་ཕོ་བྲང་དུ་ཕེབས་ཏེ་རྒྱལ་པོ་ཨ་ཨུར་པར་ཏ་བུ་ཡན་ཐུ་དང་ མཇལ་འཕྲད་མཛད་ཅིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། གོང་མ་ ཆེན་པོས་ཀྱང་ཏཱི་ཤྲཱི་སྟེ་དབུ་བླའི་ཆོ་ལོ་དང་འཇའ་ས་བཀའ་ཐམ་བཅས་ པ་བསྩལ་ནས་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ། དགུང་ ལོ་ཉེར་བཞི་པར་བོད་དུ་ཕེབས་ཏེ་དཔལ་ལྡན་ས་སྐྱ་ནས་བསྙེན་པར་ རྫོགས་ཤིང་དཔལ་ལྡན་སེང་གེ་ལས་གསང་སྔགས་ཟབ་མོའི་ཆོས་སྐོར་ དང་མདོ་ཕྱོགས་ཀྱི་བསྟན་བཅོས་མང་པོའི་དཀའ་གནད་རྣམས་གསན་ [708] དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྐུ་གསུང་ཐུགས་རྟེན་ མང་དུ་བཞེངས། ཡབ་བདག་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་གཅུང་ རྣམས་ལ་བླ་བྲང་སོ་སོར་བགོས་ནས་དགུང་ལོ་ཉེར་དྲུག་པར་གོང་མ་ ཆེན་པོའི་ཕོ་བྲང་དུ་སླར་ཡང་ཕེབས་ཏེ་རྒྱལ་བློན་འཁོར་དང་བཅས་ པར་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་བཤམས་ནས་བསྟན་འགྲོའི་དོན་ ལེགས་པར་བསྒྲུབས། དགུང་ལོ་ཉེར་དགུ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོའི་དབུ་ བླ་སྟེ་ཏཱི་ཤྲཱི་བརྒྱད་པ་ཡིན་ནོ།། ཏཱི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ཀུན་དགའ་ནམ་ མཁའི་རྒྱལ་མཚན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་མེ་ཏོག་ར་བར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ ལ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད། དེ་ནས་རབ་ཏུ་བྱུང་ཞིང་ཡབ་ མེས་ཀྱི་ཆོས་ལ་སྦྱངས་པ་དང། མདོ་རྒྱུད་བསྟན་བཅོས་རྣམས་ལའང་ གཟིགས་ཞིབ་གནང་བས་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉེར་ གཅིག་པ་རབ་བྱུང་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཡོན་ རྒྱལ་རབས་ཀྱི་གོང་མ་ཆེན་པོའི་བཀའ་ལུང་ཕེབས་པ་ལྟར་ཕོ་བྲང་ཆེན་ པོ་ཏ་ཏོའུ་བྱོན་ཏེ་གོང་མ་དང་མཇལ་འཕྲད་མཛད་ཅིང་རྒྱལ་བློན་ འཁོར་དང་བཅས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ནས་བསྟན་ [709] གོང་མ་ཆེན་པོས་ཀྱང་ཏཱི་ཤྲཱིའི་ གོ་ས་དང་བཀའ་ཤོག་ཐམ་ཁ་བཅས་པ་བསྩལ་ཏེ་བསྟན་པའི་བདག་ པོར་མངའ་གསོལ། དགུང་ལོ་སོ་བཞི་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཉི་ལྡེ་བའི་ གསུམ་མཛད་ནས་དགུང་ལོ་ཉེར་གསུམ་པར་སྐུ་གཤེགས་ཞེས་གསུངས་ པས་བརྟག་པར་བྱའོ། ཁོང་ནི་ཡོན་རྒྱལ་རབས་ཀྱི་དབུ་བླ་སྟེ་ཏཱི་ཤྲཱི་ བཅུ་པ་ཡིན་ནོ།། ཏཱི་ཤྲཱི་གྲགས་པ་འོད་ཟེར།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་དཔལ་ལྡན་ས་སྐྱར་ཡབ་སུམ་པ་གྲགས་པ་རྒྱལ་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གོང་ མའི་ཕོ་བྲང་དུ་སྐུ་གཤེགས། སྐུ་གཞོན་ནུའི་དུས་ནས་མདོ་སྔགས་རིག་ གནས་དང་བཅས་པར་སློབ་གཉེར་ལེགས་པར་མཛད་པས་མཁས་པའི་ གྲགས་པ་ཐོབ། ཁྱད་པར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས་ས་ སྐྱའི་ཆོས་ལུགས་ཐམས་ཅད་བུམ་པ་གང་བྱོལ་གྱི་ཚུལ་དུ་གསན་པས་ གསུང་ངག་རིན་པོ་ཆེའི་བང་མཛོད་ལྟ་བུར་གྱུར། འགྲོ་བའི་མགོན་པོ་ ཆོས་རྒྱལ་འཕགས་པ་སྐུ་གཤེགས་རྗེས་གདུས་རུས་ནག་པོར་གྱུར་བས་ ས་སྐྱ་པ་རྣམས་ཀྱིས་གོང་མ་ཆེན་པོའི་སྐུ་མདུན་དུ་གདུང་རུས་སྐྱེལ་བར་ སུ་ཡང་ཕེབས་མ་ཕོད་པའི་སྐབས་སུ་བླ་མ་གྲགས་པ་འོད་ཟེར་གྱིས་ང་ འགྲོ་གསུངས་ནས་གདུང་རུས་གོང་མ་ཆེན་པོའི་ཕོ་བྲང་དུ་གདན་ས་ མཛད། ཕྱིས་སུ་སློབ་དཔོན་དྷརྨ་པཱ་ལ་རཀྵི་ཏའི་ཞབས་ཕྱིར་མཛད་ [710] དུས་འཁོར་བ་ཡེ་ཤེས་འབྱུང་གནས་སྐུ་གཤེགས་ རྗེས་གོང་མ་ཆེན་པོའི་ཕོ་བྲང་དུ་ཕེབས་ནས་དམ་པའི་ཆོས་ཀྱི་འཁོར་ལོ་ བསྐོར། གོང་མ་ཆེན་པོས་དད་པ་སྐྱེས་ནས་དབུ་བླ་སྟེ་ཏཱི་ཤྲིའི་གོ་ གནས་སུ་མངའ་གསོལ། ཁོང་ནི་ས་སྐྱ་པའི་གདུང་བརྒྱུད་མིན་ཡང་ འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཡིན་ཞིང་གསང་སྔགས་ ལ་རང་དབང་ཐོབ་པས་གོང་མའི་དབུ་བླའི་བཞུགས་ཁྲི་ནོན་པ་རེད་ སྤྱི་ལོ་་ལོ་ནས་སྤྱི་ལོ་་ལོའི་བར་དུ་དབུ་བླའི་འགན་ཁུར་ བཞེས། དེའི་རིང་ལ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ས་སྐྱའི་ གདུང་བརྒྱུད་ཡིན་ལུགས་སོགས་གོང་མ་ཆེན་པོ་ལ་ཡང་ཡང་ཞུས་པར་ བརྟེན། གོང་མ་ཆེན་པོས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་ས་ སྐྱའི་གདུང་བརྒྱུད་སྤེལ་ཆོག་པའི་ལུང་དང་འཇའ་ས་གནང། དེའི་ སྐབས་སུ་ཏཱི་ཤྲཱི་གྲགས་པ་འོད་ཟེར་གྱི་གྲོགས་ལ་དེང་ཡུལ་ཤུལ་ཁུལ་གྱི་ ཁྲི་འདུ་རྫོང་གི་མི་རྒྱུད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སློབ་ མ་མཐུ་སྟོབས་ཀྱི་མངའ་བདག་སྒ་ཨ་གཉན་དམ་པས་ཆོས་སྐྱོང་ལ་ འཕྲིན་ལས་བཅོལ། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ལྕགས་ཀྱི་བྱ་རོག་ཆེན་ པོ་རི་བོ་ཙམ་བབས་ཏེ་དེའི་སྤུ་འགུལ་བ་ཙམ་གྱིས་ས་ཕྱོགས་ཐམས་ཅད་ གཡོ་བ་དང། ནམ་མཁར་རྡོའི་ཆར་པ་བབས་པ་སོགས་ཆོ་འཕྲུལ་སྣ་ ཚོགས་བསྟན་པས་ཀྱང་མྱུར་བའི་གྲོགས་བྱས། རབས་ངོ་མཚར་བང་མཛོད་ལས་གསུངས་སོ། ཁོང་ནི་གནམ་བསྐོས་ གོང་མ་ཆེན་པོ་སེ་ཆེན་རྒྱལ་པོའི་དབུ་བླ་སྟེ་ཏཱི་ཤྲཱི་ལྔ་པ་ཡིན།། ཏཱི་ཤྲཱི་ཡེ་ཤེས་རིན་ཆེན།། [711] པས་དེ་ལ་གཟིགས་པར་ཞུའོ།། ཏཱི་ཤྲིའི་བསོད་ནམས་བློ་གྲོས།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ སྟག་ཚང་རྫོང་ཁར་ཡབ་ཝང་ཀུན་དགའ་ལེགས་པའི་འབྱུང་གནས་ དང། ཡུམ་དགེ་འདུན་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་དྲུག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་མེ་ཏོག་ར་ བར་སྐུ་གཤེགས། ཁོང་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པས་དགུང་ལོ་ བརྒྱད་པར་རྩ་རྒྱུད་བརྟག་གཉིས་ཐུགས་ལས་གསུངས། བླ་མ་དམ་པ་ བསོད་ནམས་རྒྱལ་མཚན་ལས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ བཞེས་ཤིང་ཡབ་མེས་ཀྱི་བཀའ་ཆོས་ཀྱང་མང་དུ་གསན། མཁས་བཙུན་ ནམ་མཁའ་ལེགས་པ་དང། འཇམ་དབྱངས་དོན་ཡོད་རྒྱལ་མཚན་ དཔང་ལོ་བློ་གྲོས་བརྟན་པ། ཆོས་རྗེ་བྲག་ཕུག་པ། བུ་སྟོན་ཐམས་ ཅད་མཁྱེན་པ། རྒྱལ་སྲས་ཐོགས་མེད་པ། བླ་མ་དཔལ་ལྡན་སེང་གེ་ སོགས་ལ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་ཁྲིད་གསུམ་ མཐའ་ཡས་པ་གསན། གདན་ས་ཆེན་པོ་དང། བོ་དོང་ཨེ། རྟ་ ནག་རི་ཁུད། ཤངས་བསྲེག་ཤིང། སྟག་ཚང་རྫོང་ཁ། བསམ་ ཡས། ཆོས་རྫོང་སོགས་སུ་འགྲིམས་ནས་གཞུང་ཆེན་པོའི་འཆད་ཉན་ མཛད། དགུང་ལོ་ཉེར་བདུན་པར་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་ པོས་ཕོ་བྲང་ཆེན་པོ་ཏཱ་ཏོའུ་གདན་དྲངས་ཏེ་རྒྱལ་པོ་དང་མཇལ་ འཕྲད་མཛད་ཅིང། རྒྱལ་བློན་འཁོར་དང་བཅས་པར་ཟབ་རྒྱས་ཆོས་ [712] གོང་མ་ཆེན་པོས་ཀྱང་སྔར་སྲོལ་བཟང་པོ་ལྟར་ ཏཱི་ཤྲཱིའི་གོ་གནས་དང། བཀའ་ཤོག་ཐམ་ཁ་བཅས་པ་གནང་སྦྱིན་ བསྩལ། དགུང་ལོ་སོ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་བླ་ཆེན་བསོད་ནམས་བློ་ གྲོས་ཞེས་ཞུའོ། ཁོང་ནི་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོའི་དབུ་བླ་ སྟེ་ཏཱི་ཤྲཱིའི་གདན་རབས་བཅུ་གསུམ་པ་ཡིན་ནོ།། ཏྲེ་ཧོར་བློ་བཟང་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་ཏྲེ་ཧོར་དུ་ཡབ་པདྨ་ཚེ་རིང་དང། ཡུམ་བུ་ མོ་མཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ལྷ་ལྡན་ཁྲི་ཐོག་ཁང་དུ་སྐུ་ གཤེགས། ཁོང་དགུང་ལོ་བརྒྱད་པར་དར་རྒྱས་དགོན་དུ་ཞུགས་ཏེ་ཡི་ གེའི་སྦྱོར་ཀློག་ནས་བཟུང་ཐུན་མོང་རིག་གནས་དང་འདོན་ཆོས་རྣམས་ ལ་བྱང་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སེ་ར་ བྱེས་པ་གྲྭ་ཚང་དུ་ཞུགས་ནས་མཁས་གྲུབ་བྱམས་པ་སྨོན་ལམ་སོགས་ལ་ བསྟེན་ཏེ་བསྡུས་གཞུང་དང། དབུ་མ། ཕར་ཕྱིན། འདུལ་བ་ མངོན་པ་མཛོད། ཚད་མ་རྣམ་འགྲེལ། ལེགས་བཤད་སྙིང་པོའི་ བཤད་ལུང་བཅས་ལ་ཐོས་བསམ་རྨད་དུ་བྱུང་བར་མཛད་ཅིང་ལྷ་ རམས་པའི་མཚན་བཏགས་བཞེས། ཏྲེ་ཧོར་བློ་བཟང་རྟེན་འབྲེལ་ ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་ཆོས་འབྲེལ་དུ་མ་གསན་ དགུང་ལོ་ཉེར་ལྔ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་ [713] བདེ་ལམ། ལམ་རིམ་བསྡུས་ དོན་གྱི་བཤད་ལུང་བཅས་དང། གསང་བདེ་འཇིགས་གསུམ་སོགས་ ཀྱི་དབང་ཆེན་རྣམས་ཞུས། གཞན་ཡང་བྲག་རི་ངག་དབང་དོན་གྲུབ་ དང། ཀློང་རྡོལ་བླ་མ་ངག་དབང་བློ་བཟང། བློ་བཟང་སྙན་གྲགས་ སོགས་ལ་བསྟེན་ནས་སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད། འགྲེལ་བ་ བཞི་སྦྲགས། སྦས་དོན་ཀུན་གསལ། རིམ་ལྔ་གསལ་སྒྲོན། བསྐྱེད་ རིམ་དངོས་གྲུབ་རྒྱ་མཚོ། སྒྲུབ་ཐབས་རྒྱ་མཚོ། མགོན་ཆེན་བཅུ་ གསུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགུང་ ལོ་སོ་གསུམ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་མཁན་ཆེན་ ངག་དབང་དཔལ་ལྡན་སོགས་ལ་བསྟེན་ནས་གསང་སྔགས་ཀྱི་གཞུང་ དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། དགུང་ལོ་སོ་བདུན་ པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་དང། དགུང་ལོ་ཞེ་བདུན་པར་ རྒྱུད་པའི་མཁན་ཁྲི། དགུང་ལོ་ཞེ་དགུ་པར་བྱང་རྩེའི་ཁྲི་བཅས་ལ་ རིམ་བཞིན་བཞུགས་ཏེ་སྐབས་དང་བསྟུན་ནས་འཆད་ཉན་གང་ལེགས་ གནང། དེ་ནས་གོར་ཁའི་དམག་དཔུང་རྣམས་བོད་དུ་སླེབས་ཀྱང་ སྦྱོར་ངན་རང་ལོག་ཏུ་སོང་བས་སྦ་ཡེར་འབུལ་གོང་མ་ཆེན་པོའི་ཕོ་བྲང་ དུ་ཕེབས་མཆོད་ཡོན་རྣམས་ཀྱི་འདོད་དོན་ཡོངས་སུ་འགྲུབ་པར་ མཛད། པེ་ཅིན་གྱི་གཡུང་དགོན་དང། དར་མདོ་ལྔ་མཆོད་དགོན་ པ། འབའ་ཆོས་སྡེ། ལི་ཐང་ཐུབ་ཆེན་བྱམས་པ་གླིང། རྫི་མཐོ་ དགོན་སོགས་སུ་བཀའ་ཆོས་མཐའ་ཡས་པ་གསུངས། དགུང་ལོ་ལྔ་ བཅུ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ [714] རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་སྤེལ་བ་དང་སྐུ་གསུང་ ཐུགས་རྟེན་མང་དུ་བཞེངས། ཡངས་པ་ཅན་གྱི་སྟེང་ཤོད་རྒྱ་ཕིགས་ སོགས་ཀྱང་ཞིག་གསོས་ལེགས་པར་མཛད། དགུང་ལོ་རེ་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་བྱང་ རྩེ་བློ་བཟང་བཀྲ་ཤེས་ཞེས་ཞུའོ། དེ་ཡང་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ ལས་ཏྲེ་ཧོར་ཞེས་པ་ལ་ཀྲེ་ཧོར་དང་སྤྲེ་ཧོར་ཞེས་འབྲི་ཚུལ་ཅི་རིགས་ སྣང་ཡང་དོན་གྱིས་ས་ཆ་གཅིག་ལ་གོ་བ་ཡིན། ཁོང་ནི་དགའ་ལྡན་ གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་བཞི་པ་ཡིན་ནོ།། ཏྲེ་ཧོར་བློ་བཟང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་དཀར་མཛེས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་བསྟན་པའི་ཆོས་སྒོར་ ཞུགས། དེ་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བ་ མཛད་དེ་དབུས་སུ་ཕེབས། གྲྭ་ས་ཆེན་པོའི་ཆོས་སྒོར་ཞུགས་ཏེ་ གཞུང་ཆེན་བཀའ་པོད་ལྔ་དང། གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་ པ་དཔྱིས་ཕྱིན་པ་མཛད། དེ་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ ལུང་ལྟར་རྒྱུད་སྨད་མཁན་པོའི་འགན་འཁྲི་བཞེས་ཏེ་གསང་ཆེན་ཆོས་ ཀྱི་འཆད་ཉན་སྤེལ། དེའི་ཕྱིར་ཁོང་ལ་ཏྲེ་ཧོར་ཁང་གསར་བ་བློ་ བཟང་ཚུལ་ཁྲིམས་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི། ཆོས་དྲུག་ནས་གསང་ཆེན་རིམ་གཉིས་བར་བྱང་ཆུབ་ལམ་གྱི་རིམ་པ་ [715] རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་དང་པོའི་ཟིན་བྲིས་ཟུང་འཇུག་ རིན་ཆེན་འདྲེན་པའི་ཤིང་རྟ། འཇོམས་པའི་བདུད་རྩིའི་བུམ་བཟང། ཟིན་བྲིས་གསེར་གྱི་ཤིང་རྟ། ཡིག་བདེ་ཆེན་མྱུར་ལམ། དགྲ་འཇོམས། བཞུགས་སོ།། གཏུམ་སྟོན་བློ་གྲོས་གྲགས་པ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཤབ་སྒོ་ལྔའི་ལྕགས་མཁར་རྩེའི་དབུ་མང་དུ་སྐུ་འཁྲུངས། རབ་བྱུང་ གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། རྔོག་མཚོའི་ མཁན་པོ་ལྡོག་པ་ཆེན་པོའི་མཁན་བུ་རྒྱ་འདུལ་ལས་དམ་པའི་ཆོས་ འདུལ་བ་ལེགས་པར་གསན་ཏེ་འདུལ་བའི་སྐོར་གྱི་འཆད་ཉན་ཡང་ མཛད། དེ་ནས་དབུས་སུ་བྱོན་ཏེ་དགེ་བཤེས་ཤ་ར་བ་ཆེན་པོའི་མདུན་ ནས་ལོ་ངོ་བཅུའི་བར་དུ་སློབ་གཉེར་མཛད་ནས་བཀའ་གདམས་པའི་ ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད། དགེ་བཤེས་ཤ་ར་བའི་བཀའ་ བབས་ཀྱི་བུ་ཆེན་བཞིའི་ནང་ནས་རྣམ་ཐར་གྱི་བཀའ་བབས་ཆེན་པོར་ གྱུར། དགུང་ལོ་ཞེ་བརྒྱད་པར་སྣར་ཐང་དགོན་པ་གསར་འདེབས་ མཛད། རབ་བྱུང་གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོ་སྣར་ ཐང་དགོན་པ་གསར་འདེབས་མཛད་ནས་ལོ་ངོ་བཅུ་བཞིའི་བར་དུ་ [716] དེ་ནས་རྡོ་སྟོན་ཤེས་རབ་གྲགས་པ་ གདན་སར་བསྐོ་བཞག་གནང་སྟེ་ལ་སྟོད་བྱང་གི་རྟ་སྡེ་ཆོས་ལུང་དུ་བྱོན་ ནས་དབེན་པའི་རི་ཁྲོད་དུ་སྐུ་མྱ་ངན་ལས་མ་འདས་བར་དུ་ཐུགས་དམ་ མཛད་དོ། ཁོང་གི་གདུང་རྟེན་ནི་བྱམས་ཁང་གི་ཤར་གྱི་གྱང་སྦུག་ ནང་དུ་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ རབས་དང་པོ་ཡིན།། གཏེར་སྟོན་སྐལ་ལྡན་བྱིས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ མངའ་རིས་གུ་གེ་འདམ་གྲོག་ཞེས་པར་སྐུ་འཁྲུངས། ཁོང་དགུང་ལོ་ ཆུང་ངུའི་དུས་སུ་བྱིས་པ་མང་པོ་དང་མཉམ་དུ་བྱེ་མའི་སྦོ་ཆེན་པོ་ཞིག་ བྲུས་པས་རྡོའི་སྒྲོམ་གྲུབ་འགེབས་དང་བཅས་པ་ཞིག་རྙེད་བྱུང་བ་དེ་ཁ་ ཕྱེ་བའི་ནང་ནས་སེམས་ཅན་རིགས་མི་གཅིག་བ་མང་པོ་ཞིག་གིས་ཤིག་ ཤིག་ཏུ་འགུལ་བ་བྱུང་བས་བྱིས་པ་གཞན་རྣམས་ཤི་བ་དང། བྱིས་པ་ ཁོང་གིས་རྡོ་སྒྲོམ་གྱི་ཡ་ཁེབས་འཁྱེར་ནས་བྲོས་པས་སྐྱོན་མ་བྱུང་ དེའི་སྐབས་སུ་མངའ་རིས་གུ་གེའི་ཡུལ་དུ་ནད་ཡམས་ཆེན་པོ་བྱུང་སྟེ་ གཉན་རིམས་ཀྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན་ གཏེར་ལས་བཞེས་པའི་རྡོ་སྒྲོམ་ཡ་ཁེབས་དེ་ལས་རིམས་སྲུང་ཆིག་དྲིལ་ གྱི་སྐོར་རྣམས་བྱུང་སྟེ་འཁོར་ལོ་དང། རྫས་སྔགས་རྣམས་བྱིན་པས་ ནད་ཡམས་ཐམས་ཅད་སྐུད་པ་བཅད་པ་བཞིན་དུ་ཆད་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བས་དེང་སང་གི་བར་དུ་གུ་གེ་ཆིག་དྲིལ་ ཞེས་སྲུང་བ་ཟབ་མོར་བྱེད་ཅིང། ལུང་དང་ཕྱག་ལེན་གྱི་རྒྱུན་མ་ [717] མནོས་པར་གསུངས་སོ།། གཏེར་སྟོན་ཉི་འོད་གསལ།། ཁོང་ནི་བྱར་རོང་སྨན་པ་ཉི་འོད་གསལ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། གཏེར་སྟོན་ར་མོ་ཤེལ་སྨན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ ལྷོ་ཁ་ཡར་སྟོད་ར་མོའི་སྨན་ཆུ་ཁར་སྐུ་འཁྲུངས། ཁོང་གིས་པདྨ་ཤེལ་ གྱི་བྲག་ཕུག་དང། སྨན་ཆུ་འོད་གསལ་རྫོང་སོགས་ནས་བླ་རྫོགས་ ཐུགས་གསུམ་དང་གསོ་བ་རིག་པ་བཅས་གཏེར་ཆོས་མཐའ་ཡས་པ་ བཏོན་ཡང། ཐོག་མར་གསོ་དཔྱད་དང་ཕན་བྱ་གནོད་བྱེད་ཀྱི་སྐོར་ མང་པོ་ཉམས་སུ་བླངས་པས་ཆོས་ཕྱོགས་ཀྱི་འགྲོ་དོན་ཆེར་མ་བྱུང་ གསང་སྨན་སོགས་དམུ་ཆུའི་བཅོས་ཐབས་ཀྱི་སྐོར་དང། འབམ་ནད་ ལ་སྨན་དཀར། སྨན་ནག་དེ་བཞིན་རྡེལ་ནད་སོགས་ཐོར་བུ་མ་ གཏོགས་གཏེར་ཆོས་ཕལ་ཆེར་ཤོག་སེར་ལས་འབེབས་མ་ཐུབ་པ་ལུས་ ཀྱང། ཆུ་དང་འབམ་གྱི་ཕྱག་ལེན་ནི་ད་ལྟའི་བར་མ་ཉམས་པ་ བཞུགས་སོ།། གཏེར་སྟོན་རཏྣ་གླིང་པ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་དང། ཡུམ་སྲི་ཐར་ སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་ཕག་ [718] ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཡིག་རྩིས་སོགས་ལ་བསླབས་ཏེ་ཚེགས་མེད་དུ་མཁྱེན་ཞིང་དགུང་ ལོ་བཅུ་གསུམ་པར་དག་པའི་སྣང་བ་འགའ་ཞིག་ཤར་ཏེ་སྔོན་སྦྱངས་ སྟོབས་ཀྱིས་རིག་པའི་གནས་རྣམས་དང། ཆོས་ཀྱི་གསན་པའང་རྒྱ་ ཆེར་མཛད་ནས་རྟོགས་པ་མངོན་དུ་གྱུར། དགུང་ལོ་སུམ་ཅུ་ཐམ་པར་ ཁྱུང་ཆེན་བྲག་དང། རིམ་གྱིས་འབྲི་ཐང་ཀོ་རོ་བྲག་ལྷོ་བྲག་གནས་ སྐས་ཅན། མཁར་ཆུ་དཔལ་གྱི་ཕུག་རིང་སོགས་ནས་གཏེར་ཁ་ཉི་ཤུ་རྩ་ ལྔ་བཞེས། ལྷག་པར་དུ་ཐུགས་སྒྲུབ་དང་སྨན་སྒྲུབ་མང་དུ་མཛད་ཅིང་ མདོ་དབུས་ཁམས་གསུམ་གྱི་བུ་མང་དུ་བསྐྱངས་ཏེ་འཕྲིན་ལས་ནམ་ མཁའ་དང་མཉམ་པར་གྱུར། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ཞིག་པོ་གླིང་པ་དང་ འགྲོ་འདུལ་གླིང་པ་ཞེས་ཞུའོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཀརྨ་ པ་མཐོང་བ་དོན་ལྡན་དང། སྣེ་གདོང་ཀུན་དགའ་ལེགས་འབྱུང་ འབྲུག་པ་སྨྱོས་མཐིང་མ་བ། སྨན་རྩེ་བསམ་གྲུབ་རྒྱལ་པོ། ར་ལུང་ ཀུན་དགའ་དཔལ་འབྱོར། ཀོང་པོ་བྱ་ཁྱུང་པ་བཅས་ཡིན་ནོ། ཁོང་ གི་གསུང་རྩོམ་ནི་གསུང་མགུར་གྱི་སྐོར་དང། རྩོད་ཟློག་གི་སྐོར་ ཆོས་འབྱུང་གི་སྐོར། དབང་ཁྲིད་ཞལ་གདམས་ཀྱི་སྐོར་བཅས་བཞུགས་ སོ།། གཏེར་སྟོན་ལས་འཕྲོ་གླིང་པ།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ [719] ཡུམ་ ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཅིག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བང་རི་འཇོག་པོར་སྐུ་ གཤེགས། ཁོང་དགུང་ལོ་གསུམ་པ་ནས་ཡི་གེ་བརྡ་སྟོན་ཙམ་གྱིས་ མཁྱེན་པར་གྱུར། དགུང་ལོ་བཅུ་གཉིས་ནས་ཉི་ཤུ་བར་དུ་སློབ་གཉེར་ མཛད་ཅིང་ཁྱད་པར་དུ་གསོ་རིག་ལ་སྦྱངས་པ་མཐིལ་ཕྱིན་པ་མཛད་ དེ་ནས་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ལས་རབ་བྱུང་བསྒྲུབས་ཤིང་ མཚན་ལ་ངག་དབང་ཆོས་རྒྱལ་དབང་པོ་ཞེས་གསོལ། རྗེས་སུ་ལྷ་རྩེ་ བ་ལས་བསྙེན་རྫོགས་ཞུས། ལོ་ངོ་བཅུ་བདུན་གྱི་རིང་དུ་འདག་སྦྱར་ཁོ་ ན་མཛད་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད། དགུང་ལོ་སོ་ དྲུག་པ་རབ་བྱུང་བཅུ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ལྕགས་ཁྲོའི་བྱ་ཆུ་བྱིའུ་ཕྲུག་ཙམ་གྱི་ནང་ནས་ མ། གཞན་ཡང་ཟབ་གཏེར་མང་དུ་སྤྱན་དྲངས་ ཤིང། གཏེར་མཛད། བང་རི་འཇོག་པོའི་སྒྲུབ་སྡེ་གསར་འདེབས་མཛད་ ཅིང་བུ་སློབ་མང་དུ་བསྐྱངས་སོ། དགུང་ལོ་དོན་གཉིས་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་ ཚབ་གྲགས་པ་དོན་གྲུབ་དང། འབྲི་གུང་ཆོས་ཀྱི་གྲགས་པ། འབྲུག་ པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་དབང། རྩེ་ལེ་ སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་ འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་བདུད་འདུལ་རྡོ་རྗེ་བཅས་ [720]། གཏེར་བདག་གླིང་པ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་གྲྭ་ནང་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་གསང་བདག་འཕྲིན་ ལས་ལྷུན་གྲུབ་དང། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། དགུང་ལོ་བཞི་པར་ཡབ་ཆེན་ལས་བཀའ་ བརྒྱད་གསང་རྫོགས་ཀྱི་དབང་ལུང་རྣམས་གསན། དགུང་ལོ་བཅུ་ གཅིག་པར་ལྷ་སར་ཕེབས་ཏེ་རྒྱལ་དབང་ལྔ་བ་ཆེན་པོར་དབུ་སྐྲའི་ གཙུག་ཕུད་ཕུལ། དགུང་ལོ་བཅུ་གསུམ་པར་ཡོངས་སུ་གྲགས་པའི་ སློབ་དཔོན་སུམ་ཅུ་རྩ་ལྔར་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་ལེགས་པར་སྦྱངས་ནས་མཁས་པའི་གྲགས་པ་ཐོབ། དགུང་ ལོ་བཅོ་བརྒྱད་པར་གཡའ་མ་ལུང་ནས་རིག་འཛིན་ཐུག་ཐིག་གི་ཆོས་ སྐོར་དང། དགུང་ལོ་ཉེར་གཉིས་པར་རྫུ་འཕྲུལ་གྱི་བཀོད་པས་ཤེལ་ བྲག་ནས་འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་དང། དགུང་ལོ་སོ་ གཅིག་པར་ཨོ་དཀར་ཕྲགས་ནས་གུར་དྲགས་དང། རྡོར་སེམས། ཨ་ ཏིའི་སྐོར། དགུང་ལོ་སོ་ལྔ་པར་ཤ་འུག་ལྟག་སྒོ་ནས་ཐུགས་རྗེ་ཆེན་པོ་ བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་སྤྱན་དྲངས་པ་སོགས་ཤིན་ཏུ་ མང་སྐད། དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྨིན་གྲོལ་གླིང་གསར་འདེབས་མཛད་ དེ་རྟེན་དང་རྟེན་པ་བཞེངས། དགུང་ལོ་ང་ལྔ་པར་སྒྲུབ་མཆོད་ཁང་ [721] གསང་སྔགས་ཕོ་བྲང་བཅས་གསར་བཞེངས་མཛད། བཤད་ སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལད་ཏོ། ཁོང་གི་མཚན་ གྱི་རྣམ་གྲངས་ནི་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་རྒྱལ་དང་ པདྨ་གར་དབང་འགྱུར་མེད་རྡོ་རྗེ། ངག་དབང་པདྨ་བསྟན་འཛིན་ བཅས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་དབང་ལྔ་བ་ཆེན་པོ་ སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་ ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས། རྩེ་གདོང་ཞབས་དྲུང་ཁུ་དབོན་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་པོད་ཆེན་བཅོ་ལྔ་ཙམ་བཞུགས་ སོ།། རྟ་སྟོན་ཇོ་བོ་འབུམ།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་གཡས་རུ་སྟོད་དུ་ཡབ་རྟ་བོན་དབང་གྲགས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་གཟད་ཀྱི་གྲུམ་བུ་ལུང་པའི་བླ་མ་ མདའ་བྱང་ཆུབ་སེམས་དཔའི་སྤྱན་སྔ་ལས་པོ་ཏོ་བའི་བཀའ་གདམས་ ཀྱི་ཆོས་གསན། དེ་ནས་རང་ཡུལ་དུ་ཕེབས་ཤིང་འཁོར་འབངས་དང་ ཡུལ་གཞིས་ཤིན་ཏུ་འཛོམས་པར་ཡོད་ཀྱང་དེ་དག་ལ་སྐྱོ་བ་སྐྱེས་ཏེ་ཞེན་ པ་ལོག་ནས་གཡོག་པོ་བཞི་ཁྲིད་དེ་ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་ གཉོས་ཆུ་བོ་རི་བའི་སྤྱན་སྔར་བྱོན་ཏེ། དཔོན་གཡོག་ལྔ་ཀས་སྟབས་ གཅིག་ཏུ་ཆོས་སྒོར་ཞུགས། གསངས་སྔགས་རྙིང་མའི་ཆོས་མང་དུ་ གསན། ཁྱད་པར་དུ་རྫོགས་ཆེན་སྐོར་གཞུང་ལུགས་གདམས་ངག་ [722] དེ་ནས་ཕག་གྲུ་རྡོ་རྗེ་རྒྱལ་ པོའི་སྤྱན་སྔར་བྱོན་ཞིང་ལམ་འབྲས་དང་ཕྱག་རྒྱ་ཆེན་པོའི་གདམས་པ་ མ་ལུས་པ་གསན་པར་མཛད། གཞན་ཡང་དབུ་རུ་སྟོད་ཀྱི་བླ་མ་ འཚར་སྟོན་ལས་ཕྱག་རྒྱ་ཆེན་པོའི་སྒང་ལུགས་ཀྱི་དོ་ཧ་སྐོར་གསུམ་ དང། ཟངས་རི་འབྲོ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར་རྣམས་ དང། ནང་སྟོན་མགོན་པོ་ལས་རྣམ་འཇོམས་དང་ཕུར་པ། དམར་ སྟོན་འཇམ་ལས་བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་བཅས་གསན་པ་ དང་ཞུ་བར་མཛད། དེ་ལྟར་བླ་མ་མང་དུ་བསྟེན་ཡང་གཉོས་ཆུ་བོ་རི་ བ་དང། ཕག་གྲུ་རྡོ་རྗེ་རྒྱལ་པོ་གཉིས་ལ་རྩ་བའི་བླ་མར་འཛིན་ གསན་པ་ཐུགས་ཐག་ཆོད་པ་མཛད་ནས་ཆུ་བོ་རི་ལ་བཞུགས་ཤིང་སྒྲུབ་ པ་ཉམས་ལེན་མཛད། གདུལ་བྱའི་ཚོགས་ཀྱང་མང་དུ་འདུས་ཏེ་ གཞན་དོན་རྒྱ་ཆེར་བསྐྱངས། དགུང་ལོ་ལྔ་བཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་རིགས་སྲས་ནི་རྟ་སྟོན་ ཇོ་བོ་ཡེ་ཤེས་དང་དབུས་པ་ཇོ་བསོད་གཉིས་ཡིན། ཁོང་ནི་སྒྱུ་འཕྲུལ་ གཙོ་བོར་མཛད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ ཡིན་ནོ།། རྟ་སྟོན་ཇོ་བོ་ཡེ་ཤེས།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཡུ་རུ་སྟོད་དུ་ཡབ་རྟ་སྟོན་ཇོ་འབུམ་གྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བཅུ་གྙྶི་པར་བླ་མ་དམར་སྟོན་འཇམ་ལ་བསྟེན་ནས་ [723] ཞུས་ཤིང་གཟུངས་རིང་ལ་བསྙེན་པ་ལོ་ངོ་གཉིས་ཙམ་མཛད། བདེ་ མཆོག་གི་དབང་བརྒྱ་དང་བཅུ་དྲུག་ཞུས། ཁ་རག་སྟོན་སྙིང་ལས་སྒྱུ་ འཕྲུལ་ལོ་ངོ་གཉིས་ལ་གསན། བླ་མ་རྩགས་དང་སེ་དུར་ལུང་པ་གཉིས་ ལ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ཞུས་ དགུང་ལོ་བཅུ་དྲུག་པར་ངོམས་ཤོད་སྨད་དུ་ཕེབས་ཏེ། རྗེ་བཙུན་ ཧགས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་དང། བླ་མ་ཟངས་རི་རྒྱ་རས་ ལས་ལོ་རོ་རས་ཆུང་བའི་ཆོས་སྐོར་རྣམས་དང། དགྱེས་རྡོར་མེས་ ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཡི་པ། མཚོ་ སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞམ་ལུགས། ཞི་བྱེད་ལུགས་ གསུམ་ག་ཁྱད་པར་དུ་སྐམ་ལུགས་གཙོ་བོར་མཛད། མདོར་ན་བླ་མ་ ཟངས་རི་རྒྱ་རས་ཀྱི་མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན། བླ་མ་རླུང་ཕྱག་དུམ་ལས་ཕྱག་རྒྱ་ཆེན་པོ་རླུང་ལུགས་ཀྱི་སྐོར་ དང། སྟོང་ཐུན་གདམས་ངག་གི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར་ ཏེ་དོ་ཧ་སྐོར་གསུམ་དང། གྲུབ་ཐོབ་མལ་བྱེ་ཚང་པ་ལས་ཀ་ཀི་ནིའི་ སྐོར་བཅས་ཞུས། དགུང་ལོ་ཉི་ཤུ་རྩ་བཞི་པར་ནང་སྟོན་ཇོ་འཁྱམས་ ལས་ཕུར་པ་གསན་ཏེ་ཆུ་བོ་རིར་བཞུགས་ནས་སྒྲུབ་པ་མཛད། དེ་ ནས་ཞིག་པོ་བདུད་རྩི་ལ་བསྟེན་ནས་བཤད་རྒྱུད་མདོ་བཅུ་དང། སྒོམ་ ཡིག་ཆེན་མོ། གདམས་པ་སྙན་བརྒྱུད་བཅས་ལ་གསན་པར་མཛད་ རྟོགས་གྲོལ་དུས་གཅིག་ཏུ་གྱུར་པས་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ དཀྱིལ་འཁོར་དུ་རྟོགས་ཤིང་ཐུགས་བརྩེ་བ་ཆེན་པོས་གང་ལ་གང་ [724] གདན་སའི་ཞབས་ཏོག་ཀྱང་ བརྗོད་ཀྱིས་མི་ལངས། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ། དགུང་ལོ་དྲུག་བཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་སྒྱུ་འཕྲུལ་གཙོ་བོར་མཛད་པའི་རྙིང་མའི་སློབ་ དཔོན་ཆེན་པོ་ཞིག་ཡིན་ནོ།། རྟ་ནག་དགེ་འདུན་བློ་བཟང།། ཁོང་ནི་སྤྱི་ལོའི་དུས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། ཁོང་ དགུང་ལོ་གཞོན་ནུའི་དུས་ནས་ལེགས་གྲུབ་ཚང་དུ་ཞུགས་ཏེ་གཞུང་ ཆེན་རྣམས་ལ་གསན་བསམ་མཛད། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་ མཚན་ ་ དང་དབེན་ས་བློ་བཟང་དོན་གྲུབ་ ་ སོགས་ལ་བསྟེན་ནས་ཚད་མའི་གཞུང་ལ་ཐོས་ བསམ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། སྐུ་ཚེའི་ སྨད་དུ་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་བཞུགས་ནས་འགྲོ་དོན་ མཛད། ཁོང་གི་གསུང་རྩོམ་ནི་ བཅས་པོད་གཅིག་བཞུགས་སོ།། རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་ཟངས་དཀར་དུ་ཡབ་དཔལ་ལྡེ་དང། ཡུམ་སྐྱིད་ འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ བྱིས་པའི་དུས་སུ་མིང་ལ་ཁྱི་དཔལ་ལྡེ་ཞེས་ཞུ། ཡི་གེའི་འབྲི་ཀློག་དང་ འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་དྲུག་པར་ [725] མཚན་ལ་བློ་བཟང་རྒྱལ་མཚན་ཞེས་གསོལ། མངོན་རྟོགས་རྒྱན་དང་ བཤེས་སྤྲིང། དབུ་མ་འཇུག་པ་སོགས་ཐུགས་འཛིན་མཛད་ཅིང་ མཁྱེན་རབ་ཆེ་བའི་སྙན་པ་རྒྱས། དགུང་ལོ་ཉེར་ལྔ་པར་བཀྲ་ཤིས་ ལྷུན་པོར་ཕེབས་ཏེ་ཞལ་སྔ་སྨན་བླ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་བློ་བཟང་དམ་ཆོས་རྒྱལ་མཚན་ ཞེས་གསོལ། དེ་ནས་ཆོས་གྲྭར་ཞུགས་ཏེ་ཚད་མ་རྣམ་འགྲེལ་བཅས་ ལེགས་པར་སྦྱངས་ཤིང་དགུང་ལོ་སོ་གཉིས་པར་པཎ་ཆེན་བློ་བཟང་ ཆོས་རྒྱན་ལས་བསྙེན་པར་རྫོགས་ཏེ། སྒྲུབ་ཐབས་བརྒྱ་རྩ་དང། ཇོ་ བོའི་ཆོས་ཆུང་བརྒྱ་རྩ། བྱང་ཆུབ་གཞུང་ལམ། གསང་འདུས་ འཇིགས་བྱེད། བདེ་མཆོག་བྱང་ཆུབ་ལམ་རིམ། དབེན་ས་སྙན་ བརྒྱུད་བཅས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་ རྟ་ནག་དང། རྒོད་ཚང། ཡེར་པ། བསམ་ཡས། རྒྱལ་མེ་ཏོག་ ཐང། དྭགས་པོ། འོལ་ཁ། བྲག་རྒྱ་རྡོ་རྗེའི་ཕོ་བྲང། ཇོ་མོ་ལྷ་ རི། འགར་མོ་ཆོས་རྫོང། ཤངས་མདོ་སོགས་སུ་ཞབས་ཀྱིས་བཅགས་ ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་ བརྙེས། རྟ་ནག་ཕུག་ཏུ་སྒྲུབ་སྡེ་གསར་འཛུགས་མཛད་ཅིང་མཚན་ལ་ རྟ་ཕུག་རྡོ་རྗེའི་གུར་ཁང་ཞེས་བཏགས་ཏེ་གདུལ་བྱ་མང་པོར་ལམ་རིམ་ ལ་སོགས་པའི་ཆོས་སྐོར་རྣམས་འཆད་ཉན་མཛད། སྐུ་ཚེའི་སྨད་དུ་རྟ་ ཕུག་དང་རྒོད་ཚང་གཉིས་ཀ་བསྐྱངས་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་གོང་ ནས་གོང་དུ་འཕེལ་བར་མཛད། དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་ [726] ཁོང་གི་སློབ་མ་གྲགས་ཆེ་བ་ནི་ པཎ་ཆེན་བློ་བཟང་ཡེ་ཤེས་དང། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྣམ་ གཉིས་ཡིན། ཁོང་གི་གསུང་རྩོམ་ནི་ འགྲོ། ཁོང་ནི་ལམ་རིམ་ བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་གཅིག་པ་ཡིན་ནོ།། རྟ་ཚག་ངག་དབང་དཀོན་མཆོག་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་བར་ཁམས་ལྷོ་རྒྱུད་ཀྱི་སྤོ་བོ་ཀ་གནམ་དང་ཉེ་བར་ལི་ཆབ་དཀར་ མདོར་ཡབ་དཔོན་ཨ་སྙེད་དང། ཡུམ་ཚེ་དབང་འཚོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་པེ་ཅིན་དུ་སྐུ་གཤེགས། དགུང་ལོ་གསུམ་པར་བླ་མ་གོང་མའི་ ཡང་སྲིད་ཡིན་པར་ངོས་འཛིན་མཛད། དགུང་ལོ་བཞི་པར་གདན་ སའི་ཁྲི་ལ་མངའ་གསོལ། ལོ་ངོ་དྲུག་གི་རིང་དུ་སྦྱོར་སྡེབ་བཅས་ལ་ འགྲུས་པར་མཛད། དགུང་ལོ་བཅུ་གཅིག་པར་དབུས་སུ་བྱོན་ཏེ་རྒྱལ་ དབང་ལྔ་བའི་དྲུང་དུ་གཙུག་ཕུད་ཕུལ་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ ཏེ་མཚན་ལ་ངག་དབང་དཀོན་མཆོག་བསྟན་པའི་ཉི་མ་ཞེས་བསྩལ། དེ་ ནས་རང་ཡུལ་དུ་ཕེབས་ཏེ་ཆོས་རྗེ་ངག་དབང་པའི་དྲུང་ནས་ལུང་རྗེས་ གནང་ཐུགས་ལ་གང་མངའ་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ ལོ་བཅུ་དྲུག་པར་དབུས་སུ་བྱོན་ཏེ་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས། དེ་ ནས་བཟུང་དབུ་ཕར་འདུལ་མཛོད་སོགས་གཞུང་ལུགས་ཀུན་ལ་ལོ་ བརྒྱད་རིང་སྦྱངས་པ་ཕུལ་ཕྱིན་མཛད། ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་ [727] དགུང་ལོ་ཉེར་བཞི་བར་རྒྱལ་དབང་ལྔ་བ་ལས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་གཞུང་ལ་དགོངས་པ་ལོ་གསུམ་ཞུས་ ཏེ་ཁམས་སུ་ཕེབས་ཁར་རྒྱལ་དབང་ལྔ་པས་དཔའ་ཤོད་དགོན་སྡེ་ལེ་ ལག་དང། དབུ་གདུགས། རྟ་དར་བཅས་བསྩལ་ཏེ་བདག་རྐྱེན་ ཚད་མེད་གནང། དེ་ནས་རིང་པོར་མ་འགོར་བར་སླར་དབུས་སུ་ ཕེབས་ཏེ་རྒྱལ་དབང་ལྔ་པ་དང། གནས་བརྟན་འཇམ་དབྱངས་ གྲགས་པ། གྲུབ་པའི་དབང་ཕྱུག་ངག་དབང་བློ་གྲོས་སོགས་ལས་མདོ་ སྔགས་ཀྱི་ཆོས་མཐའ་ཡས་པ་གསན། དེའི་སྐབས་སུ་མཚོ་སྔོན་པོའི་ འགྲམ་གྱི་སོག་པོའི་དཔོན་རིགས་པའོ་ཞོད་ཐེ་ཇུ་ལང་གིས་གདན་ འདྲེན་ཞུས་པ་ལྟར་དགུང་ལོ་སོ་གཅིག་པར་མཚོ་སྔོན་དུ་ཕེབས། དེ་ ནས་པའོ་ཞོད་ཐེ་ཇུ་ལང་དང་མཇལ་འཛོམས་མཛད་དེ་ཆོས་ཀྱི་བཀའ་ དྲིན་དཔག་མེད་བསྩལ། མདོ་སྨད་ཀྱི་དགོན་སྡེ་ཁག་དང། ཆེན་པོ་ ཧོར་གྱི་ཡུལ་གྲུ་ཐམས་ཅད་དུ་ཞབས་ཀྱིས་བཅགས་ཏེ་ལོ་བདུན་རིང་ལ་ ཆོས་ཀྱི་སྦྱིན་པ་གནང། དགུང་ལོ་སོ་བདུན་པར་རྒྱལ་དབང་ལྔ་པའི་ སྐུ་ཚབ་ཏུ་ཁལ་ཁ་ཨ་རོད་ཀྱི་འཁྲུག་པའི་ཆིངས་འགྲིག་ལ་ཕེབས་ཏེ་ འཁྲུག་ཟིང་ཞོད་འཇགས་མཛད། དགུང་ལོ་སོ་བརྒྱད་པར་གོང་མ་ ཁང་ཞིས་གདན་འདྲེན་གྱི་བཀའ་བསྩལ་བ་ལྟར་པེ་ཅིན་དུ་ཕེབས་ཏེ་ གོང་མ་དང་མཇལ་འཛོམས་མཛད་ནས་ཟབ་ཆོས་ཅི་རིགས་ཕུལ་ གོང་མས་པེ་ཅིན་དུ་བཞུགས་དགོས་པའི་བཀའ་གནང་ཡང་ཐབས་ཀྱིས་ དགོངས་པ་ཞུས་ཏེ་བོད་ཡུལ་དུ་ཕེབས། གོང་མས་དངུལ་གྱི་ཐམ་ཀ་ དང། ཆོ་ལོ། གནང་སྦྱིན་བཅས་བསྩལ་ཏེ་སླར་ཡང་པེ་ཅིན་དུ་ [728] དེ་ནས་མཚོ་སྔོན་བརྒྱུད་ཁམས་ཀྱི་ གདན་སར་ལོ་འགར་བཞུགས་ཏེ་དབུས་སུ་ཕེབས་ནས་རྒྱལ་དབང་ལྔ་ བ་དང་མཇལ་འཛོམས་མཛད། དེ་ནས་རྒྱལ་དབང་ལྔ་བ་ལ་དགོངས་ པ་ཞུས་ཏེ་ཁམས་ཀྱི་གདན་སའི་གྲྭ་དམངས་དང་ཡོན་བདག་ཚང་མར་ ཆོས་དང་ཟང་ཟིང་སྦྱིན་པས་ཚིམ་པར་མཛད། ལྷག་པར་དུ་དཔའ་ ཤོད་དགའ་ལྡན་རྣམ་རྒྱལ་ཕོ་བྲང་རྟེན་དང་བརྟེན་པར་གསར་དུ་ བསྐྲུན་ཅིང་རབ་གནས་དང། དགའ་སྟོན་གྱི་རིམ་པ་ལེགས་པར་ མཛད། དེ་ནས་གོང་མའི་བཀའ་བཞིན་པེ་ཅིན་དུ་ཕེབས་ཀྱང་ཡུན་ རིང་མ་བཞུགས་པར་གོང་མས་དགོངས་རྫོགས་ཀྱི་ཆོས་སྤྲིན་རྒྱ་ཆེར་ སྤྲོས་སོ། །ཁོང་གི་གསུང་རྩོམ་ནི་སྙན་ངག་དཔེར་བརྗོད་དང་ བཅའ་ཡིག་འདོན་ཆོག་སྐོར་བཅས་བྲིས་མ་པོད་གཅིག་ཏུ་བཞུགས་སོ།། རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཡར་ལུང་སྡེ་པར་ཡབ་ཚེ་རིང་དར་རྒྱས་དང། ཡུམ་ཨ་ལགས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཧྐོང་སྐུ་ན་ཕྲ་དུས་མིང་ལ་ནོར་བུ་དོན་ གྲུབ་ཞུ། དགུང་ལོ་བཞི་པར་ལྷ་ས་ཀུན་བདེ་གླིང་དུ་གདན་དྲངས་ཏེ་ ར་སྒྲེང་སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ལ་གཙུག་ཕུད་ ཕུལ་ཞིང་མཚན་ལ་ངག་དབང་དཔལ་ལྡན་ཆོས་ཀྱི་ཡེ་ཤེས་ཞེས་གསོལ་ རྒྱུད་སྟོད་མཁན་ཟུར་ངག་དབང་ནོར་བུ་ཡོངས་འཛིན་དུ་བསྟེན་ནས་ ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དགུང་ལོ་ [729] གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད་པའི་དབུ་བཙུགས་ དགུང་ལོ་བཅུ་དགུ་པར་ལྷོ་གནས་སུ་ཕེབས། དགུང་ལོ་ཉི་ཤུ་ཐམ་པར་ འོན་རྒྱལ་སྲས་ངག་དབང་ཐོགས་མེད་བསྟན་འཛིན་རྒྱ་མཚོའི་དྲུང་ནས་ བསྙེན་རྫོགས་བསྒྲུབས། བྲག་རི་བློ་བཟང་ཆོས་འབྱོར་དང་ཕུར་ལྕོག་ བྱམས་པ་རྒྱ་མཚོ་སོགས་ལ་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ གསན། དགུང་ལོ་ཉེར་གཉིས་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ མཛད་ཅིང་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་ དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་བོད་ ཀྱི་རྒྱལ་ཚབ་མཛད་དེ་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་ མཚོའི་ཡང་སྲིད་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་གསེར་ཁྲིར་མངའ་གསོལ་ བ་དང། ཕྱིའི་བཙན་རྒྱལ་རིང་ལུགས་ལ་རྒོལ་ལན་སྤྲད་ཅིང་ལོ་ངོ་ བཅུ་གཉིས་ཀྱི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས། དགུང་ལོ་སོ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ ཀུན་གླིང་རྒྱལ་ཐོག་གཉིས་པ་ཞུའོ། ཁོང་ནི་རྟ་ཚག་སྐུ་ཕྲེང་བཅུ་པ་ ཡིན། ཁོང་གི་གསུང་རྩོམ་ནི་པོད་གཅིག་བཞུགས་སོ།། རྟ་ཚག་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་ གོང་མ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་ཡང་སྲིད་དུ་ངོ་ [730] དེ་ནས་འབྲས་སྤུངས་དགོན་དུ་ ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ མཛད། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་དང། པཎ་ཆེན་བསྟན་པའི་ཉི་ མ་སོགས་ལ་བསྟེན་ནས་མདོ་སྔགས་ཆོས་ཀྱི་བཀའ་ལུང་མང་དུ་གསན་ དགུང་ལོ་སུམ་ཅུ་ཐམ་པར་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་ མཚོའི་ཡོངས་འཛིན་མཛད། དགུང་ལོ་སུམ་ཅུ་སོ་བརྒྱད་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྟ་ཚག་སྐུ་ཕྲེང་དགུ་པ་ཡིན་ ཁོང་གི་གསུང་རྩོམ་ནི་ གྱི་དཀར་ཆག། རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་དང་ཞལ་འདོན་ཆོ་ག་ཕྱག་ལེན། ཆོས་ཚན་སུམ་ཅུ་ལོངས་པའི་པོད་གཅིག་བཞུགས་སོ། ། རྟ་ཚག་ཡེ་ཤེས་བློ་བཟང།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྤོ་བོ་མལ་ཇོའི་གྲོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཀུན་བདེ་གླིང་དུ་སྐུ་ གཤེགས། དགུང་ལོ་ལྔ་པར་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་ གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་གདན་ས་དཔའ་ཤོད་དགོན་དུ་ གདན་དྲངས། དགུང་ལོ་དྲུག་པར་ཁྲི་འདོན་གྱི་མཛད་སྒོ་གཟབ་རྒྱས་ མཛད་ཅིང། གོང་མ་ཆིན་ལུང་གིས་ཐམ་ཀ་དང་འཇའ་ས་སྔར་བཞིན་ སོར་གནས་ཆོག་པའི་བཀའ་ཕེབས། དགུང་ལོ་བརྒྱད་པར་མཁན་ [731] དགུང་ལོ་བཅུ་གཉིས་པར་སྐུ་འབུམ་དགོན་དང་སོག་ཡུལ་དོ་ལོ་ནོར་ བརྒྱུད་ཞེ་ཧོ་སྟེ་ཁྲི་ཏི་ལ་ཕེབས་ནས་གོང་མ་ཆིན་ལུང་དང་མཇལ་ཞིང་ བྱུ་རུའི་ཕྱག་ཕྲེང་སོགས་གནང་སྟེ་མཐོང་བཟོ་རྒྱ་ཆེ་བར་མཛད། ལྕང་ སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ ནས་སོག་ཡུལ་དོ་ལོ་ནོར་དུ་ལོ་བཅུ་རིང་བཞུགས་ཏེ་དཔལ་ལྡན་གྲགས་ པ་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་དག་ལ་གསན་སྦྱངས་ མཛད། དགུང་ལོ་བཅོ་ལྔ་པར་ཤར་རྩེ་མཁན་པོ་ནོ་མིན་ཧན་བློ་བཟང་ འཇམ་དཔལ་ཡོངས་འཛིན་དུ་བསྟེན་ནས་ལམ་རིམ་བཅས་ཆོས་མང་དུ་ གསན། དགུང་ལོ་ཉེར་གཅིག་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་པེ་ ཅིན་དུ་ཕེབས་པ་དང་ལྷན་ཅིག་ཏུ་ཞེ་ཧོ་བཀྲ་ཤིས་ལྷུན་པོར་གོང་མས་ མཇལ་འཕྲད་ཀྱི་མཛད་སྒོར་ཞུགས། དགུང་ལོ་ཉེར་གསུམ་པར་དབུས་ སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། སྒོ་མང་མཁན་ སྐལ་བཟང་དངོས་གྲུབ་ཡོངས་འཛིན་དུ་བསྟེན་ནས་ལོ་བརྒྱད་རིང་ གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། དགུང་ལོ་སུམ་ཅུ་པར་ དབུས་ནས་འབྲི་ཆུའི་ཁར་ཕེབས་སྐབས། གོང་མ་ཆིན་ལུང་གིས་གོར་ ཥའི་སྡེ་གཟར་འཁྲུན་གཅོད་བྱ་ཕྱིར་དབུས་སུ་ཡར་ཕེབས་དགོས་པའི་ བཀའ་དང། སྦི་ལི་ཐུ་ནོ་མིན་ཧན་གྱི་ཆོ་ལོ། ཕྱག་མཛོད་ཛ་སག་ལ་ ཏཱ་བླ་མའི་གོ་གནས་བཅས་གནང། དེ་ནས་བོད་དུ་ཕེབས་ཏེ་སྲིད་ སྐྱོང་གི་ལས་འགན་བཞེས། དགུང་ལོ་སོ་གསུམ་པར་གོང་མའི་དམག་ དཔུང་དང་བཅས་གཙང་དུ་ཕེབས་ཏེ་གོར་ཥ་བཙན་འཛུལ་པ་ཕྱིར་ [732] གོང་མས་ཁོང་ལ་ཡེ་ཤེས་ཡོངས་རྫོགས་བསམ་གཏན་ མཁན་པོ་ཞེས་པའི་ཆོ་ལོ་བསྩལ། ལྷ་སར་དབུས་གཙང་ཀུན་བདེ་གླིང་ ཞེས་པའི་གདན་ས་གསར་དུ་བཏབ། རྒྱལ་བ་ལུང་རྟོགས་རྒྱ་མཚོ་ངོས་ འཛིན་གྱི་ལས་དོན་གལ་ཆེན་མང་པོ་མཛད། ཁོང་ནི་རྟ་ཚག་སྐུ་ཕྲེང་ དྲུག་པ་ཡིན། ཁོང་གི་གསུང་རྩོམ་ནི་རྣམ་ཐར་ལ་བལྟས་ན་པོད་གཉིས་ བཞུགས་སོ། ། རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་ལྔ་པའི་ལྕགས་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བའི་ བཤེས་གཉེན་མང་པོ་བསྟེན་ནས་སྤྱོད་འཇུག་དང། ཤེས་རབ་བརྒྱ་ བ། འདུལ་བའི་ཆོས་སྐོར། དུས་འཁོར་རྒྱུད་ཀྱི་འགྲེལ། གསང་ འདུས་རིམ་ལྔའི་ཁྲིད། དབུ་སེམས་ཀི་སེམས་བསྐྱེད། བློ་སྦྱོང་དོན་ བདུན་མ། ལམ་འབྲས། ཡེ་ཤེས་སྤྱན་སྒྲུབ། མན་ལུངས་པའི་སྦྱོར་ དྲུག་བཀའ་གདམས་པའི་ལམ་རིམ་བཅས་ལ་སློབ་གཉེར་ལེགས་པ་ མཛད་ནས་མཁས་པའི་གྲགས་པ་ཐོབ། དགེ་བསྙེན་དང། དགེ་ ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་བཞེས་ཏེ་ཚུལ་ཁྲིམས་མིག་འབྲས་ བཞིན་དུ་བསྲུངས་བར་མཛད། ཆོས་རྗེ་ཉེ་གནས་རིན་ཆེན་ཇོ་སྲས་ ལས་ཕྱག་རྒྱ་ཆེན་པོ་དང། བཀའ་བརྒྱུད་ཀྱི་ཆོས་སྐོར་ལེགས་པར་ གསན་ཞིང་སྒྲུབ་པ་ཉམས་ལེན་ཡང་ཕུལ་དུ་ཕྱིན་པ་མཛད། ར་བྱུང་ བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གཡའ་བཟང་དགོན་པའི་ གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་ [733] གཙུག་ལག་ཁང་ཆེན་པོ་ བཞེངས་ཏེ་སྐུ་གསུང་ཐུགས་རྟེན་ཡང་མང་དུ་བསྐྲུན་པར་མཛད་ དགོན་པའི་མངའ་ཐང་ཤིན་ཏུ་དར་བར་མཛད། ལོ་ངོ་སུམ་ཅུ་རྩ་ བརྒྱད་ཀྱི་རིང་དུ་གདན་སར་བཞུགས། ཁོང་ནི་གཡའ་བཟང་དགོན་ པའི་གདན་རབས་གསུམ་པ་ཡིན། ། རྟོགས་ལྡན་གྲགས་པ་སེང་གེ་ ཁོང་ནི་ཞྭ་དམར་བ་གྲགས་པ་སེང་གེ་དང་མི་གཅིག་ཡིན་པས་ དེར་གཟིགས་པ་ཞུའོ།། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་ སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་དབེན་གནས་སེ་བ་རོང་དུ་སྐུ་གཤེགས་ ཁོང་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པར་གྱུར་པས་གཞོན་ ནུའི་དུས་ནས་ཟླ་བ་སྒྲོན་མེའི་མདོ་ཉིད་རྒྱུན་དུ་ཞལ་འདོན་མཛད་པ་ དང་བསྟན་བཅོས་དུ་མ་ཐུགས་ལ་བཟུང་བར་མཛད། དགུང་ལོ་བཅོ་ བརྒྱད་པར་དབུས་སུ་བྱོན་ཏེ་བླ་མ་ཞོ་ལུང་མཚོ་ཁ་པ་དང། སྟག་ལུང་ ལོ་ཙཱ་བ། སློབ་དཔོན་དཀོན་མཆོག་སེང་གེ་བྲག་ཆབ་མཁན་པོ་དགེ་ འདུན་སོགས་ལ་བསྟེན་ནས་མདོ་རྒྱུད་ཀྱི་གཞུང་ལུགས་མཐའ་དག་ལ་ སྦྱངས་པ་དཔྱིས་པྱིན་པར་མཛད། ཁྱད་པར་དུ་རྗེ་ཙོང་ཁ་པ་བློ་བཟང་ གྲགས་པ་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་གཉིས་ཀའི་ ལམ་གྱི་གནད་བསྡུས་པའི་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་ [734] དུས་ཕྱིས་སུ་སྤང་ས་མཁན་པོས་གདན་དྲངས་པ་ལྟར་བྱོན་ཏེ་དབེན་ གནས་སེ་བ་རོང་གི་གཟིམས་ཁང་དུ་ཐུགས་དམ་མཉམ་བཞག་ལ་རྩེ་ གཅིག་ཏུ་གཞོལ་བས་མངོན་པར་རྟོགས་པའི་ཡོན་ཏན་མང་པོ་འཁྲུངས་ ཤིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་སོ། ། དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གིས་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་ངག་ནི་བ་སོ་ཆོས་ཀྱི་རྒྱལ་མཚན་ ཁོ་ན་ལ་ལྐོག་ཆོས་སུ་གནང་ངོ། ། རྟོགས་ལྡན་བྲག་དཀར་བ་རིན་ཆེན་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་བླ་མ་ཞང་ ་ གི་སློབ་མ་ཡིན་ ཁོང་གིས་བླ་མ་ཞང་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ལེགས་པར་སྦྱངས་ ཤིང་སྒྲུབ་པ་ཉམས་ལེན་ཡང་ལེགས་པར་མཛད་པས་རྟོགས་པ་ཁྱད་ པར་ཅན་འཁྲུངས། དུས་ཕྱིས་སུ་ཕྱིས་ཅན་གྱི་དགོན་པ་བཏབ་ཅིང་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས། བླ་མ་ཞང་གི་འདྲ་སྐུ་ བཞེངས་ཤིང་རབ་གནས་ལེགས་པར་མཛད། དེ་ནས་ཐུགས་དམ་ དང་འགྲོ་དོན་དཔག་ཏུ་མེད་པ་མཛད་དེ་ཞི་བར་གཤེགས་སོ། ། གདུང་བཞུ་བའི་སྐབས་སུ་ལྷ་སྐུ་རིང་བསྲེལ་དང། ཆོས་གོས་མ་ཚིགས་ པ་ལ་སོགས་པའི་རྟགས་ཡ་མཚན་ཅན་མང་པོ་བྱོན་ཞིང། གྲྭ་པ་བུ་ སློབ་རྣམས་ཀྱིས་འདབ་དང་ཕྱི་རྟེན་དང་རྟེན་ལེགས་པར་བཞེངས་སོ། ། [735] རྟོགས་ལྡན་ཚལ་པ་བ་ལམ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གིས་ཡོངས་སུ་ གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་ མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ་མཁས་པར་སྦྱངས། གྲྭ་བྱི་རྟག་ ཅན་གྱི་དགོན་པ་གསར་འདེབས་མཛད་ཅིང་སློབ་མ་མང་པོའི་ཚོགས་ པ་བསྐྱངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རུ་ཐོག་པའི་དབོན་པོ་ བསོད་ནམས་གཞོན་ནུ་དང། དབོན་པོ་ལྷ་ཕྱུག་པ། སློབ་མ་གྲུབ་ ཐོབ་པ། བླ་མ་སེང་གེ་བཅས་ཡིན། ། རྟོགས་ལྡན་མཛེས་པ་སྙིང་པོ།། ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མངའ་རིས་མ་ཕམ་གཡུ་མཚོའི་འགྲམ་ཟ་འོག་གླེ་གཡང་ཆུང་ཁ་རུར་ ཡབ་གཡུ་རུང་བྱིན་བརླབས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་མལ་ ཡིན། རབ་བྱུང་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་ནི་ཁྱི་ར་རས་པའི་སྐྱེ་བར་གྲགས་ཤིང། ལ་སྟོད་རྟ་ སྒ་མཁན་པོ་སྤྲུག་གཅེར་བ་སོགས་ལས་བསྙེན་པར་རྫོགས་ཏེ་མཚན་ལ་ མཛེས་པ་སྙིང་པོ་ཞེས་གསོལ། དེ་ནས་མལ་གྲོ་སྒང་བུ་དགོན་གསར་ དུ་ཕེབས་ཏེ་རྟོགས་ལྡན་རུ་ཐོག་པ་ཆེན་པོ་ལས་གདམས་ངག་རྣམས་ ཞུས་ཤིང་སྒྲུབ་པ་ལོ་གསུམ་མཛད་པས་རྟོགས་པ་ཡང་འཁྲུངས། དེ་ ནས་བྱང་གི་ཕྱི་འབྲོང་བུ་སྤྱིལ་ཁུང་དུ་རི་མི་འབབས་པར་ལོ་ངོ་བཅུ་ གསུམ་རིང་དུ་སྒྲུབ་པ་མཛད། རབ་བྱུང་བཞི་པའི་ཤིང་མོ་ཕག་ལོ་སྟེ་ [736] པ་ལོ་ངོ་སུམ་ཅུའི་རིང་དུ་བསྐྱངས་ནས་དགུང་ལོ་བདུན་ཅུ་དོན་དགུ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་རྟོགས་ ལྡན་ནམ་མཁའ་དབང་ཕྱུག་གིས་གཡུལ་གངས་ར་བཏབ། རྟོགས་ ལྡན་ནམ་མཁའ་སེང་གེས་ཀོང་པོར་སྣ་ཕུ་གངས་ར་བཏབ། གཞན་ ཡང་རྟོགས་ལྡན་དར་མ་དང། སངས་རྒྱས་ལ་སོགས་པ་བཅུ་གསུམ་ གྱིས་ཀོང་པོར་དགོན་པ་བཅུ་གསུམ་བཏབ། རྟོགས་ལྡན་གེ་འཚོ་པས་ སྟོད་ལུང་ཀོ་བ་བྲག་བཏབ། རྟོགས་ལྡན་ཙ་རི་བས་ལྷུན་གྲུབ་སྡིངས་ བཏབ་བོ། ། ལྷ་གུ་རི་ཙབ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་ པོའི་བློན་པོ་ཡིན། དེ་ནས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ ཅན་གྱི་བློན་པོ་མཛད་ཅིང། བོད་ལུགས་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་གཙེ་ནམ་ཡོར་དུ་མདོ་སྨད་ཀྱི་མདུན་མ་བསྡུས་སོ། ། སྟག་གོ་སྨན་པ་བླ་མ།། ཁོང་ནི་མགོ་ལོག་སྨན་པ་སྟག་བླ་ནོར་བུ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། སྟག་སྡེ་བ་སེང་གེ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཕ་རི་ལུང་དུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་ [737] ཁོང་གིས་བོ་དོང་རིན་ཆེན་རྩེ་མོ་ལས་ཕར་ ཕྱིན་དང། ཚད་མ། མངོན་པ། ཁྱད་པར་དུ་དུས་འཁོར་དབང་ བཤད་པ་མན་ངག་དང་བཅས་པ་གསན། ཆོས་རྗེ་རིན་ཆེན་རྩེ་མོ་སྐུ་ གཤེགས་རྗེས་ལོག་གྲོང་ལ་སོགས་པའི་ཆོས་གཞི་མང་དུ་བཟུང་ནས་ བཤད་ཉན་མཛད་པས་ཤོང་སྐུ་མཆེད་དང། དཀོན་གཞོན་ཆེ་ཆུང་ ཐུར་ཤེ་ཆེ་ཆུང་ལ་སོགས་པའི་མཁས་པ་མང་པོ་བྱུང་ཞིང། སྔ་ཚར་ལ་ གདུགས་ཐོག་པའི་སློབ་མ་བཅུ་གསུམ་བྱུང། ཕྱིས་སྣ་ཚར་རོང་པ་ཤེས་ རབ་གཞོན་ནུ། སྟག་སྡེ་བརྩོན་རྒྱལ། བླ་མ་དགེ་འདུན་བརྟན་ མཁན་པོ་ཡོན་ཏན་མགོན་པོ་ལ་སོགས་པ་རྣམས་སྨིན་པར་མཛད་པས་ སློབ་དཔོན་ལས་སློབ་མ་མཁས་པ་ཤ་སྟག་བྱུང་བར་གྲགས་སོ། བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་གྱ་གསུམ་པར་ཞི་བར་ གཤེགས་སོ། ། སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ལྷ་སའི་ནུབ་ངོས་ཤུན་ཁུལ་གྲོང་ཆུང་གཞིས་སུ་ཡབ་ནང་མ་དང་ ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་དྲུག་པར་ཁྲི་སྤྲུལ་སྐུ་ཕྲེང་གསུམ་པའི་སྤྲུལ་སྐུར་ངོས་འཛིན་ མཛད་ཅིང་ཁྲི་འདོན་གནང། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་ དུ་ཆོས་ཞུགས་མཛད་ཅིང་འབུལ་སྡུད་བློ་བཟང་བསྟན་པའི་རྒྱལ་མཚན་ ཡོངས་འཛིན་དུ་བསྟེན་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་ཆེན་ [738] དགུང་ལོ་ཉི་ཤུ་ཐམ་པར་ ཡོངས་འཛིན་འབུལ་སྡུད་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ མཚན་ལ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ ཞེས་གསོལ། ཕུར་ལྕོག་བྱམས་པ་རྒྱ་མཚོ་ལས་མདོ་སྔགས་ཀྱི་ཆོས་སྐོར་ མང་དུ་གསན། དགུང་ལོ་སུམ་ཅུ་ཐམ་པར་ལྷ་ལྡན་སྨོན་ལན་ཆེན་ པོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ ལོ་ཞེ་དགུ་པར་ནོར་བུ་གླིང་ཁར་བཀའ་འགྱུར་པར་ཤིང་གསར་བཟོའི་ ཕྱག་ལས་གནང། དགུང་ལོ་ང་གསུམ་པར་རྒྱལ་བ་ཐུབ་བསྟན་རྒྱ་ མཚོའི་མཚན་ཞབས་གནང། དགུང་ལོ་ང་དགུ་པར་རྒྱལ་བ་ཐུབ་ བསྟན་རྒྱ་མཚོ་སྐུ་གཤེགས་པའི་དགུང་ཆོག་དང་གསེར་དགུང་དགེ་ ལེགས་འདོད་འཇོའི་ཐིག་འདེབས་སོགས་གསར་བཞེངས་ཀྱི་ཐུགས་ འགན་བཞེས། དགུང་ལོ་རེ་ལྔ་པར་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ ཡོངས་འཛིན་གཞོན་པ་མཛད། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་ དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བོད་ཀྱི་སྲིད་སྐྱོང་གི་ ཐུགས་འགན་བཞེས་ནས་ལོ་བཅུའི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་ དེའི་རིང་དུ་རྭ་སྒྲེང་གི་དོན་རྐྱེན་སོགས་གནས་ཚུལ་མང་དུ་བྱུང་ངོ་ དགུང་ལོ་དོན་བདུན་པར་སྲིད་སྐྱོང་དགོངས་ཞུ་མཛད། དགུང་ལོ་ དོན་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་ རྩོམ་ནི་ རྒྱུན་ལུང་གི་སྐོར། བཅས་ཆོས་ཚན་ཉེར་གསུམ་ལོངས་པའི་པོད་གསུམ་བཞུགས་སོ། ། [739] སྟག་ཕུ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག་ ཁོང་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཏེ། བོད་རབ་ བྱུང་བཅུ་གསུམ་པའི་དུས་ཀྱི་མི་ཡིན། ཁོང་གི་གདན་ས་ནི་བྱང་ནག་ ཆུ་དང་ཉེ་བར་སྔོན་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་བཏབ་པའི་ དགོན་པ་དགེ་ཕན་བྱང་ཆུབ་གླིང་ཞེས་པ་དེ་ཡིན། ཁོང་གིས་རྩ་བའི་ བླ་མ་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་གཙོས་ཀློང་རྡོལ་བླ་མ་ངག་ དབང་བློ་བཟང་ ་ དང། ཀུན་མཁྱེན་འཇམ་ དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་སོགས་སློབ་ དཔོན་དུ་བསྟེན་ནས། མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་ པོར་གསན་སྦྱོང་མཐར་ཕྱིན་པ་མཛད་ཅིང། ཟབ་ཁྲིད་དབང་ལུང་ རྗེས་གནང་སོགས་ཀྱང་ཤིན་ཏུ་མང་པོ་ཞུས། རྒྱུད་སྡེ་རྣམས་ཀྱི་ དགོངས་དོན་ཟབ་དགུ་རྒྱ་ཆེར་བཀྲོལ་བ་ལ་ཟླ་བྲལ་གྱི་གདེང་ཐོབ་ ཁལ་ཁའི་རྗེ་བཙུན་དམ་པ་ལྟ་བུ་བླ་ཆེན་རྣམས་ནས་ཀྱང་གཞུང་དོན་ དཀའ་གནད་འདྲི་བའི་སློབ་དཔོན་དུ་བསྟེན། སྐུ་ཚེ་ཕལ་མོ་ཆེར་ བཅད་མཚམས་བཞུགས་པ་སོགས་ཉམས་ལེན་བསྙེན་སྒྲུབ་ཁོ་ནར་ མཛད། ཐུབ་སྐུ་མཐོང་བ་དོན་ལྡན། གསུང་རབ་གླེགས་བམ་བརྒྱ་ ཕྲག་མ་ཎི་དུང་འཁོར་ཆེ་ལེགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་ འཕགས་ཅན་རྒྱ་ཆེར་བཞེངས་མཛད། ཡུལ་དེའི་སྐྱེ་འགྲོ་ཡོངས་ལ་ ཆོས་ཀྱི་སྦྱིན་པ་འཛད་མེད་གནང་ནས་དུས་འདའ་བར་མཛད་དོ་ ཁོང་གི་གསུང་རྩོམ་ནི་དྲིས་ལན་དང། འཁྲུངས་རབས། བླ་མའི་ རྣལ་འབྱོར། སྒྲུབ་ཐབས། བསངས་མཆོད། ཞབས་བརྟན་གསོལ་ [740] ཆབ་ཤོག་བསླབ་བྱ་བཅས་ཆོས་ཚན་བརྒྱད་ཅུ་གྱ་བརྒྱད་ བྲིས་མ་བཞུགས་སོ།། སྟག་ཕུ་ཆོས་གྲགས་བཟང་པོ།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྟག་ཕུར་སྐུ་འཁྲུངས། རབ་བྱུང་དགུ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སྟག་ ཕུའི་ཆོས་སྡེར་ཞུགས་ནས་རབ་བྱུང་བསྒྲུབས། མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པ་ཆེན་ པོར་གྱུར་ཏེ། རྒྱུད་སྨད་པའི་འཆད་ཉན་པ་ཡུན་རིང་མཛད་དེ་བྱང་ རྩེར་ཕེབས་ཤིང་འཆད་ཉན་བསྐྱངས། དགུང་ལོ་དྲུག་ཅུ་ཐམ་པ་རབ་ བྱུང་དགུ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་འཆད་ཉན་མཛད་ཅིང་བསྟན་ པའི་དབུ་འཕང་གོང་ནས་གོང་དུ་མཐོ་བར་མཛད། གནས་བརྟན་ བཅུ་དྲུག་གི་གོས་སྐུ་བཞེངས། རབ་བྱུང་དགུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་བདེ་བ་ཅན་དུ་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་ རེ་བདུན་པ་ས་ལུག་ལོའི་ཟླ་བ་དགུ་པའི་ཚེས་བཅུར་དགོངས་པ་ཆོས་ དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གྱི་རྣམ་རྒྱལ་ མཆོད་རྟེན་བཞེངས་ཏེ་དངུལ་གདུང་རིན་པོ་ཆེའི་གཡས་གྲལ་གཉིས་ པར་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ ཉི་ཤུ་ཐམ་པ་ཡིན་ནོ།། སྟག་ཕུ་པདྨ་བཛྲ།། [741] སྤྱི་ལོ་་ལོར་ སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་སྐུ་གཞོན་ནུའི་དུས་ནས་ སྟག་ཕུ་སྤྲུལ་སྐུར་ངོས་འཛིན་མཛད་ནས་ཡི་གེའི་སྦྱོར་ཀློག་བློར་འཛིན་ སོགས་ཀྱི་དབུ་བཙུགས། ཡོངས་འཛིན་དུ་མའི་མདུན་ནས་དབང་ལུང་ མན་ངག་མང་དུ་ཐོབ། མདོ་སྔགས་རིག་གནས་སྦྱོང་བའི་གཞི་ལེགས་ པར་བཙུགས། དགུང་ལོ་བཅུ་གསུམ་པར་འབྲས་སྤུངས་སུ་མཇལ་ སྐོར་ཕེབས། ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་དང། བཀའ་ འགྱུར་བ་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་སོགས་ལས་དབང་རྗེས་གནང་ ཞུས། དགུང་ལོ་སུམ་ཅུ་པར་བོད་ཡུལ་གྱི་གནས་ཆེན་མཐའ་དག་ཏུ་ གནས་མཇལ་ཕེབས། དགུང་ལོ་སོ་གསུམ་པར་བཀའ་གདམས་ཕོ་ བྲང་དུ་བློ་བཟང་ཐུབ་དབང་ལས་ལམ་རིམ་གྱི་མྱོང་ཁྲིད་ཞུས། དགུང་ ལོ་སོ་དགུ་པར་དབུས་རི་ལ་བར་སྐོར་ཕེབས། མྱང་ཕུག་ཏུ་བཅད་རྒྱ་ མཛད། དགུང་ལོ་ཞེ་དྲུག་པར་གསང་སྔགས་དཔལ་གྱི་སྒྲུབ་སྡེ་གསར་ བཞེངས་ཏེ་བུམ་གཏེར་སྦས་པ་དང་རབ་གནས་མཛད། མདོར་ན་ དབུས་ཀྱི་གནས་ཆེན་ཚང་མར་ཆོས་མཇལ་ཕེབས་ཤིང་གདུལ་བྱ་མང་ པོར་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང། དགོན་རྟེན་གསར་བཞེངས་ སོགས་རྣམ་དཀར་དགེ་བའི་ཡོ་ལང་གིས་དུས་འདའ་བར་མཛད་དོ་ ངག་སྒྲོས་ལྟར་ན་དགུང་ལོ་རེ་ལྔ་རེ་དྲུག་ཡན་མན་དུ་འདས་པར་འདོད་ པས་དཔྱད་དགོས། ཁོང་གི་གསུང་རྩོམ་ནི་བླ་མའི་རྣལ་འབྱོར་གྱི་ གསོལ་འདེབས། གསུང་མགུར་ཞལ་གདམས། ཆོ་གའི་སྐོར་ གསང་རྣམ་བཀའ་རྒྱ་མ་བཅས་ཆོས་ཚན་བཅུ་དྲུག་བཞུགས་སོ།། [742] སྟག་ཕུ་དཔལ་ལྡན་དོན་གྲུབ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ལྷོ་ ཁ་ཁུལ་གོང་པོ་སྐྱོ་རིགས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་གཞོན་ནུའི་དུས་ནས་ སྟག་ཕུ་དཔལ་ལྡན་རིན་ཆེན་ལས་རབ་ཏུ་བྱུང། བྱང་སེམས་རྭ་སྒྲེང་ པ་དང། འཇམ་དཀར་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་ མཁས་པའི་དབང་པོ་དུ་མར་བསྟེན་ནས། མདོ་སྔགས་རིག་གནས་ དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་སྦྱངས་མཛད། རྗེ་ ཙོང་ཁ་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཁྲི་སྟེང་མཛེས་པའི་ བུ་ཆེན་བཞིའི་ནང་ཚན་ཡིན། དགུང་ལོ་ཉེར་གསུམ་པར་ལྷ་ས་སྐྱིད་ ཆུ་ཤར་ཁའི་སྟག་ཕུ་ཆོས་སྡེའི་གདན་སར་ཕེབས། སྐབས་དེར་ཁོང་ལ་ གུ་ཤྲི་ཆེན་པོ་ཞེས་མཚན་སྙན་གྲགས་ཤིན་ཏུ་ཆེ་བར་གྱུར། དཔལ་ འབར་རྫོང་གི་ནུབ་ངོས་དང་ཀོང་པོ་རྒྱ་མདའི་ཤར་ངོས་དང་ཉེ་བའི་ བྱང་སྟ་རི་འགོ་ལ་བདེ་ཆེན་ཆོས་འཁོར་གླིང་གི་དགོན་པ་བཏབ། དེ་ ནས་རིམ་བཞིན་ཀོང་པོ་རྒྱ་མདའི་ཁུལ་གྱི་ཉང་པོ་ལྷ་རུ་དགོན་སོགས་ གཞིས་དགོན་འགའ་ཡང་ཞོར་འཛིན་མཛད། དགུང་ལོ་གྱ་ལྔ་བར་དུ་ བསྟན་པའི་བྱ་བར་འཛིན་སྐྱོང་སྤེལ་གསུམ་མཛད། ཁོང་གི་གསུང་ རྩོམ་ནི་ཆོ་ག་དང། རྣམ་བཤད། སྔོན་འགྲོ། རྗེས་དབང། བར་ དོ་ངོ་སྤྲོད། དྲིས་ལན་བཅས་པོ་ཏི་གཅིག་བཞུགས་སོ།། སྟག་ཕུ་བློ་གྲོས་རྒྱ་མཚོ།། ཁོང་ནི་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་དང་མི་གཅིག་ [743]། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་དཀོན་ མཆོག་སྙན་གྲགས་དང། ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དོ་བོ་མགོའི་བླ་ཟུར་ ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་ངག་ དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ལྔ་པར་མཁས་པ་རྡོ་རྗེ་རྒྱལ་ མཚན་ལས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བརྒྱད་པར་ཡབ་ དཀོན་མཆོག་སྙན་གྲགས་སྐུ་གཤེགས་ཤིང་དགོངས་རྫོགས་ལེགས་པར་ བསྒྲུབས། དགུང་ལོ་བཅུ་གཉིས་པར་བསང་ངོ་བོ་དགོན་གྱི་བླ་མ་ མཛད། དགུང་ལོ་བཅུ་གསུམ་པར་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་པར་ཉང་པོ་བྲག་ དཀར་ལྷ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ ཏུ་བཞུགས། དགུང་ལོ་བཅུ་དྲུག་པར་རྒྱུད་སྨད་མཁན་པོ་ངག་དབང་ མཆོག་ལྡན་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་བློ་གྲོས་ རྒྱ་མཚོ་ཞེས་གསོལ། ལོ་དེར་ནགས་ཤོད་སྟག་ཕུ་བན་དཀར་དགོན་དུ་ གདན་དྲངས་ཏེ་ཆོས་རྗེ་ཡོན་ཏན་དར་རྒྱས་ལ་བསྟེན་ནས་མདོ་སྔགས་ ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་ [744] ལྷོ་པ་དགེ་འདུན་བདེ་ལེགས་ སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད་ དགུང་ལོ་ཉེར་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ དགུང་ལོ་སུམ་ཅུ་ཐམ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་ནགས་ཤོད་དུ་ཆིབས་བསྒྱུར་མཛད་ དེ་རབ་བརྟན་སོགས་ལ་གཞི་གསུམ་གྱི་ཕྱག་ལེན་དང། མདོ་སྔགས་ ཀྱི་ཆོས་འཁོར་བསྐོར་ཞིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་ མཛད། དགུང་ལོ་བཞི་བཅུ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་མཚན་གཞན་ལ་སྟག་ཕུ་བློ་གྲོས་རྒྱ་མཚོ་ཞེས་ཞུའོ།། ཁོང་གི་གསུང་རྩོམ་ནི་ ཀྱི་བསྟོད་པ་གདུང་ཤུགས་ང་རོ། པོ་ཏི་གཉིས་བཞུགས་སོ།། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དབུས་ཙམ་ལ་ཀོང་ པོའི་ཡུལ་དུ་སྐུ་འཁྲུངས། ཁོང་དབུས་སྟོད་ལུང་ཉང་བྲན་ཆུ་བཟང་རི་ ཁྲོད་དུ་ཡུན་རིང་པོར་རྣལ་འབྱོར་ལ་བརྩོན་བཞིན་བཞུགས་པས་ཆུ་ བཟང་བླ་མ་ཞེས་དང། ནགས་ཤོད་སྟག་ཕུ་སྤྲུལ་སྐུ་གར་གྱི་དབང་ཕྱུག་ གི་ཡོངས་འཛིན་མཛད་མྱོང་བས་སྟག་ཕུ་ཡོངས་འཛིན་ཞེས་གྲགས་ ཁོང་སྐུ་ན་ཕྲ་བའི་དུས་ནས་སེར་སྨད་ཐོས་བསམ་གླིང་དུ་གྲྭ་སར་ཞུགས་ ཏེ་དེ་མོ་ནོ་མིན་ཧན་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང། མཚན་ [745] པའི་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས། མདོ་སྔགས་རིག་ གནས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་མཛད་ཅིང་ དབང་ལུང་རྗེས་གནང་མན་ངག་སོགས་ཀྱང་དཔག་ཏུ་མེད་པ་ཞུས་ རིང་པོ་མ་འགོར་བར་སྡེ་སྣོད་གསུམ་དང། རྒྱུད་སྡེ་བཞིའི་དོན་ལེགས་ པར་རྟོགས་ཤིང། གསང་སྔགས་ཀྱི་སྐོར་འཆད་ཉན་ཡང་མང་དུ་ མཛད། དབེན་གནས་ཆུ་བཟང་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་གྱིས་ དུས་འདའ་བར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྟག་ཕུ་ གར་དབང་ཆོས་ཀྱི་དབང་ཕྱུག་དང། སེར་སྨད་ཡེར་དགེ་བཤེས་བློ་ བཟང་བསྟན་པ། ཉེ་གནས་དགེ་སློང་བློ་བཟང་བསམ་གཏན། ཕུར་ ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་བཅས་ཡིན། ཁོང་གི་ གསུང་རྩོམ་ནི་ལམ་རིམ་ས་བཅད་སོགས་ཆོས་ཚན་དྲུག་བཞུགས་སོ།། སྟག་རྩེ་ལྷ་རྒྱལ་རབ་བརྟན།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་མའི་དམག་དཔོན་ཆེན་ པོས་ཁྲིམས་ལ་སྦྱར་ནས་སྲོག་ཐོག་ཏུ་བཏང། ཁོང་གི་སྐུ་ཚེའི་སྟོད་ཀྱི་ མཛད་སྤྱོད་གསལ་མོ་ཞིག་མ་རྙེད་ཀྱང་བྱེ་རི་སྟག་རྩེའི་ཞབས་དྲུག་ཞེས་ འཁོད་པ་ལ་བལྟས་ན་ཕལ་ཆེར་རྟོགས་ཐུབ། རབ་བྱུང་བཅུ་གཉིས་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཇུན་གར་གྱི་སྤྱི་ཁྱབ་དམག་སྤྱི་ ཆེན་མོ་ཚེ་རིང་དོན་གྲུབ་ཀྱིས་རྒྱལ་པོ་ལྷ་བཟང་ཧན་བཀྲོངས་ཤིང་ཁོང་ ཉིད་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དུ་བསྐོ་བཞག་བྱས། དེའི་སྐབས་ [746] ཅད་དོན་དུ་ཇུན་གར་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོའི་ལག་ཏུ་བཟུང་ དེ་འདྲའི་གནས་ཚུལ་འོག་ནས་ཁོང་གིས་གསེར་སྡོང་འཛམ་གླིང་རྒྱན་ གཅིག་སྲུང་སྐྱོབ་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་སྲོག་ལས་ཐར་བ་ བཅས་མཛད་དོ། ཁོང་གི་མཚན་གཞན་ལ་སྐྱིད་ཤོད་པ་དགའ་ལྡན་ ཐའི་ཇི་ཞེས་ཞུའོ། ཁོང་ནི་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བདུན་པ་ ཡིན་ནོ།། སྟག་ཚང་བློ་བཟང་རབ་བརྟན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཀླུ་ཆུའི་འགྲམ་བདེ་ཐང་དུ་ཡབ་དབང་རྒྱལ་ སྐྱབས་དང། ཡུམ་རྟ་མགྲིན་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་བྱིས་པའི་དུས་ཀྱི་མཚན་ལ་དོན་གྲུབ་ཚེ་རིང་འབོད་ དགུང་ལོ་ལྔ་ཙམ་ནས་ཕྱུགས་རྫིར་ཕེབས། དགུང་ལོ་བདུན་པར་ཡི་ གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་པར་བདེ་ཐང་སྤྲུལ་སྐུ་བློ་ བཟང་རྣམ་རྒྱལ་ལས་རབ་ཏུ་བྱུང་སྟེ་མཚན་བློ་བཟང་རབ་བརྟན་ གསོལ། དགུང་ལོ་བཅུ་དྲུག་པར་འདན་མ་སྤྲུལ་སྐུ་བློ་བཟང་བསྟན་ འཛིན་དེར་ཕེབས་པ་ལས་དབང་ལུང་མན་ངག་མང་དུ་ཐོབ། དེ་ནས་ ཆེས་སྤྱོད་ཕལ་ཆེར་བློར་འཛིན་མཛད། དགུང་ལོ་བཅུ་དགུ་པར་དབུས་ སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། སློབ་དཔོན་ཀུན་ དགའ་འོད་ཟེར་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་སློབ་དཔོན་ [747] དང་དབང་ལུང་རྗེས་གནང་མང་དུ་གསན། དགུང་ལོ་ཉེར་བདུན་ པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་སློང་གི་སྡོམ་པ་མནོས་ དགུང་ལོ་ཉེར་དགུ་པར་གོང་མ་བསྟན་པ་ཡར་འཕེལ་གྱི་བཀའ་ལྟར་ རང་ཡུལ་དུ་ཕེབས། དེ་ནས་ཤ་རྫོང་རི་ཁྲོད་དུ་བྱོན་ནས་སློབ་དཔོན་ ཆུ་རུ་ཁ་པ་དང། བདེ་ཆེན་གྲགས་པ་རྒྱ་མཚོ་སོགས་ལས་དབང་ལུང་ ཁྲིད་གསུམ་ཞུས་ཏེ་ལོ་བཞི་ལྔ་ཙམ་བཞུགས། དེ་ནས་ཆུ་མིག་ལུང་གི་ རི་ཁྲོད་དུ་བྱོན་ཏེ་ཡུན་རིང་བཞུགས། དགུང་ལོ་སོ་བདུན་པར་པཎ་ ཆེན་རིན་པོ་ཆེའི་བཀའ་ལྟར་སྟག་ཚང་རི་ཁྲོད་བཏབ། པཎ་ཆེན་ མཆོག་ལས་བཀྲ་ཤིས་ཆོས་གླིང་ཞེས་པའི་མཚན་ཡང་གནང། ལོ་སུམ་ ཅུ་ལྷག་གི་རིང་དགོན་པ་རྒྱ་བསྐྱེད་དང་ཁྲིད་དམིགས་འཛིན་སྐྱོར་རྒྱུགས་ ལེན་སོགས་ཐབས་མཁས་ཀྱིས་བསྐྱངས། ཅོ་ནེ་དཔོན་པོ་དམག་ཟོར་ མགོན་པོས་བླ་མར་བཀུར་ཏེ་བསྙེན་བཀུར་ལེགས་པར་མཛད། སྐུ་ཚེ་ གང་བོར་དམ་པའི་ཆོས་ཉིད་ཉམས་སུ་ལེན་པར་འབད་པ་ལྷུར་ལེན་ མཛད་ནས་དུས་འདའ་བའོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྔ་རྒོད་ སྤྲུལ་སྐུ་ནམ་མཁའ་སེང་གེ་དང། དཀའ་ཆེན་བློ་བཟང་རབ་རྒྱས་ གཉིས་ཡིན། ཁོང་གི་གསུང་རྩོམ་ནི་རང་རྣམ་ གསལ་བྱེད་མེ་ལོང། བཅས་ཆོས་ཚན་སུམ་ཅུ་སོ་བཞི་བཞུགས་སོ།། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ [748] འདས་ལོ་མི་གསལ། ཁོང་ གིས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ཕུལ་དུ་བྱུང་བ་ མཛད་ཅིང་མཁས་པའི་ཚད་མར་འཛིན་སར་གྱུར་ཏེ། གོས་བཟང། ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཞེས་ཚད་མཐོན་པོས་གདེང་ འཇོག་གནང་འདུག་ལྷག་པར་དུ་གསོ་བ་རིག་པའི་སྐོར་ལ་མཛད་རྗེས་ ཆེ། དུས་ཕྱིས་སུ་ཡར་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་ གླིང་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་ བསྐྱངས། དགུང་ལོ་ལྔ་བཅུ་ཐམ་པ་རབ་བྱུང་བརྒྱད་པའི་ཤིང་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་ ཁོང་གིས་ཐོག་མར་རྗེ་ཙོང་ཁ་པ་ལ་མ་མཉེས་པའི་ཚུལ་ཅུང་ཟད་མཛད་ ཀྱང་རྗེས་སུ་འགྱོད་བཤགས་ཕུལ་བའི་ལོ་རྒྱུས་ཡོད། ཁོང་གི་རྣམ་ཐར་ ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ ནི་ མཁས་པའི་ཡིད་འཕྲོག། ལེའུ་བཅུ་པ་རེག་པས་ནད་སེལ། དོན་གྱི་བཞིན་རས་སྟོན་པའི་མེ་ལོང། བཅས་དང། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ བཅོས།། སྟག་མཚེར་དགེ་བཤེས་ངག་དབང་སྐལ་བཟང།། [749] འཁྲུངས་ཡུལ་ ནི་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་སྟག་མཚེར་སྡེ་བ་ཡིན། ཁོང་སྐུ་འབུམ་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་ འགྲེལ་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། རང་ཡུལ་དུ་ཕེབས་ ནས་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཀློག་པ་ཐོས་བསམ་ གྱི་འཁོར་ལོ་འཆད་ཉན་གྱི་རིམ་པ་གང་ཡོད་ཐམས་ཅད་གཞི་རྩ་བརྟན་ བར་གནས་པའི་ཐབས་ཚུལ་ལ་རྟིང་བསྐུལ་རྣམ་དག་དང། སྔར་གྱི་ བཅའ་ཡིག་གི་འཕྲོས་དོན་རྣམས་ལག་ཏུ་བླང་བདེ་བའི་དེབ་ཡིག་ སོགས་མཛད་ནས་དོ་དམ་གང་ལེགས་གནང། ཁོང་ནི་སྐུ་འབུམ་དུས་ འཁོར་དཔོན་སློབ་ཀྱི་ཁྲི་རབས་དང་པོ་ཡིན་ནོ།། སྟག་མཚེར་བློ་བཟང་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་སྟག་མཚེར་སྡེ་བར་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ཆེན་ལ་བཞུགས་ ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ཏེ་འགྲིག་ལམ་ཀུན་སྤྱོད་ དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང། ཁོང་གིས་ དབུ་མའི་འཛིན་གྲྭ་གསར་དུ་བཙུགས་པ་གནང་ངོ། ཁོང་ནི་སྐུ་འབུམ་ [750]། སྟག་མཚེར་བློ་བཟང་རྡོ་རྗེ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ ཡུལ་ནི་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་སྟག་མཚེར་སྡེ་བ་ཡིན། ཁོང་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་བརྒྱད་པ་ཡིན། རབ་བྱུང་བཅུ་ གཉིས་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་ གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ཏེ་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ ལེགས་པར་གནང། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐོར་ལམ་གྱི་མཐའི་མཚམས་བཙན་ཁང་ཆེན་མོ་ཁྱམས་ ར་དང་བཅས་པ་གསར་བཞེངས་མཛད། རྟེན་ཁོག་སུ་ཡིན་བྱུང་བ་ ཐམས་ཅད་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ངེས་པར་ དགོས་པར་མ་ཟད། གཞུང་ནས་འདུག་སའི་ཁང་བ་དང། ལས་ ཚན་ཆུང་བའི་གྲས་སུ་བཅུག་པའི་བདག་རྐྱེན་གནང་ནས་གདན་ས་ འདིའི་འགྲིག་འོག་ཏུ་ཆུད། རྟེན་རྣམས་སྙིང་པོར་བཞུགས་པའི་ཐུགས་ ཀྱི་རྒྱལ་པོའི་སྐུ་བརྙན་རྒྱུ་ཐོ་ཤ་ལས་བཞེངས་ཏེ་རབ་གནས་གང་རྒྱས་ མཛད། ཆོས་སྐྱོང་བཙན་ཁང་འདིར་སྤྱན་དྲངས་པའི་སྲོལ་བཏོད་ ཁོང་ནི་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ཆེན་བཅུ་བདུན་པ་ཡིན་ནོ།། སྟག་མཚེར་བློ་བཟང་ཚུལ་ཁྲིམས་འཇིགས་མེད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་སྟག་མཚེར་སྡེ་བར་ཡབ་སྒྲོལ་མ་ [751] ཡུམ་སྐལ་བཟང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་བདུན་པར་པཎ་ཆེན་རིན་པོ་ཆེས་སྐུ་ གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་སྐུ་འབུམ་རང་སྒར་དུ་རྟ་ བསུ་སེར་སྦྲེང་དང་བཅས་གདན་སར་བཀོད་དེ་དགའ་སྟོན་རྒྱས་པར་ མཛད། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་དྲུང་ནས་རབ་བྱུང་ བསྒྲུབས། ཆི་ཀྱཱ་རབ་འབྱམས་པ་ཡེ་ཤེས་ཤེས་རབ་ཡོངས་འཛིན་དུ་ བསྟེན་ནས་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ ཏེ་རྣམ་འགྲེལ་སོགས་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་དཔྱིས་ཕྱིན་ པར་མཛད། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་དྲུང་ནས་རྡོར་ཕྲེང་ གི་དབང་ཆེན་དང། མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་ ལ་ལེགས་པར་གསན། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅོ་ལྔ་པའི་ ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐེ་ཀྱཱ་བསོད་ནམས་བསྟན་ པའི་ཉི་མ་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་དེར་སྐུ་ འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་ གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀྱི་སྒོ་ནས་དགོན་པའི་བྱ་བ་ཆེ་ ཆུང་ཚང་མ་འཛིན་ཁུར་བླ་ན་མེད་པར་བདག་གིར་མཛད། ཁྲི་ཟུར་ ནས་ཨ་ལགས་བདེ་ཡངས་ཚང་དང། སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་ སོགས་ལས་ཆོས་བཀའ་མང་དུ་གསན་ཞིང། རྗེས་སུ་དབུས་གཙང་དུ་ ཕེབས་ནས་མཇལ་བསྐོར་ལ་སོགས་པའི་མཛད་སྒོ་སྤེལ་ལོ། དགུང་ལོ་ སོ་བདུན་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སླར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་འཆད་ [752] ཁྲི་ཟུར་ནས་སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་ འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་དོ། ཁོང་ནི་སྐུ་འབུམ་དགོན་གྱི་ གདན་རབས་ཁྲི་ཆེན་དྲུག་ཅུ་རེ་དྲུག་པ་དང་བདུན་ཅུ་དོན་གསུམ་པ་ ཡིན་ནོ།། སྟག་མཚེར་ཡེ་ཤེས་སྐལ་བཟང།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་གཉིས་ པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་ མཛད་ཀྱི་ཐུགས་འགན་བཞེས། རབ་བྱུང་བཅུ་གསུམ་པའི་ས་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་ ཕེབས་ཤིང་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་ འཛིན་གང་ལེགས་གནང། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། དགོན་པའི་ཕྱོགས་བཞིའི་ འབུམ་ཁང་དང་བླ་བྲང་ཆེན་མོའི་ཡར་ནང་ལྷས་སྐོར་སོགས་ཞིག་ གསོས་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐྱབས་རྗེ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ དངུལ་སྲང་སྟོང་ཕྲག་གསུམ་དུ་ཉེ་བ་དང། མཚོ་སྔོན་ཇུང་ཝང་དཀོན་ མཆོག་བཀྲ་ཤིས་ཀྱིས་ཀྱང་མཐུན་རྐྱེན་ལེགས་པར་སྦྱར་ཏེ་གསེར་སྡོང་ ཆེན་མོའི་རྩིག་པ་སོགས་གསར་གསོས་མཛད། ཁོང་ནི་སྐུ་འབུམ་རྒྱུད་པ་ མཁན་པོའི་ཁྲི་རབས་ཉེར་གཉིས་པ་དང། སྐུ་འབུམ་དགོན་གྱི་གདན་ [753]། སྟག་རི་གཉན་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་ཡབ་རྒྱལ་ པོ་འབྲོང་གཉན་ལྡེའུ་དང། ཡུམ་མཆིམས་བཟའ་ཀླུ་རྒྱལ་ངན་མོ་མཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་བྱིས་པའི་དུས་ཀྱི་མིང་ལ་དམུས་ ལོང་དཀོན་པ་བཀྲ་ཞེས་ཞུ། ཁོང་འཁྲུངས་པའི་དུས་ནས་སྤྱན་མིག་མི་ གསལ་བས་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྤྱན་མིག་གསལ་ བར་གྱུར་ཞིང་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པར་གཟིགས་པས་ མཚན་ལ་སྟག་རི་གཉན་གཟིགས་ཞེས་གསོལ། ཁོང་གི་སྐུ་བོན་ནི་ར་ སངས་ཁྲི་ནེ་ཁོད་ཀྱིས་མཛད། བཙུན་མོ་འོལ་གོད་བཟའ་སྟོང་བཙུན་ འབྲོ་གར་ཁབ་ཏུ་བཞེས་ཏེ་རིགས་སྲས་གནམ་རི་སྲོང་བཙན་སྐུ་ འཁྲུངས། བློན་པོ་ཁྲི་དོར་སྣང་བཙུན་མོང་གི་བུས་མཛད་ནས་དྭགས་ པོ་ལ་སོགས་པའི་མཐའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུས་ནས་སྐུ་ གཤེགས། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཏེ་གྲལ་ནི་ཁྲི་ གཉན་གཟུངས་བཙན་གྱི་བང་སོའི་གཡོན་ན་ཡོད་དོ།། སྟག་ལུང་བཀྲ་ཤིས་དཔལ་བ།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་བྱེ་མར་སྐུ་འཁྲུངས། རབ་བྱུང་དགུ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་ སྦྱོར་ཀློག་ལེགས་པར་མཁྱེན། ཆོས་རྗེ་ངག་དབང་གྲགས་པ་དཔལ་ བཟང་པོ་ལས་རབ་ཏུ་བྱུང་ཞིང་མཚན་ལ་བཀྲ་ཤིས་དཔལ་བ་ཞེས་ [754] དབང་ལུང་མན་ངག་མང་དུ་ཞུས་ཤིང་སྒྲུབ་པའང་མཛད་ དགུང་ལོ་བཅུ་གསུམ་པ་རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ཆོས་རྗེ་ངག་ དབང་གྲགས་པ་དཔལ་བཟང་པོ་ལས་བརྟག་གཉིས། རྒྱུད་གསུམ་མན་ ངག་སྤྱོད་འཇུག་ནཱ་རོ་ཆོས་དྲུག་དབུ་སེམས་ཀྱི་སེམས་བསྐྱེད། བློ་ སྦྱོང་དོན་བདུན་མ། ལམ་འབྲས། བཀའ་གདམས་ལམ་རིམ། སྦྱོར་དྲུག་ དུས་ཞབས་སྙན་བརྒྱུད། གདན་བཞིའི་འགྲེལ་བ། ཕྱག་རྒྱ་ཆེན་པོ་ བཀའ་བརྒྱུད་ཀྱི་ཆོས་སྐོར་ཡོངས་རྫོགས་ལེགས་པར་གསན་ནས་མཁས་ པ་ཆེན་པོར་གྱུར། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་བླ་མ་གོང་མ་ རྣམས་ཀྱི་རྣམ་ཐར་ལྟར་འདུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་ནས་ ཚོགས་པ་ལེགས་པོར་བསྐྱངས། རྟོགས་པ་ནམ་མཁའ་དང་མཉམ་ན་ ཡང། སྤྱོད་པ་མི་དང་མཚུངས་དགོས་ཞེས་པའི་དཔེ་ལྟར་ཆེན་པོའི་ གདན་སའི་ཁྲི་ལ་བཞུགས་ཀྱང་སྤྱོད་པ་དགེ་སློང་དཀྱུས་མ་ཞིག་དང་ འདྲ་བས་སེར་སྐྱ་ཀུན་གྱིས་གཙུག་ཏུ་བཀུར། གཙུག་ལག་ཁང་ཞིག་ གསོ་དང་སྐུ་གསུང་ཐུགས་རྟེན་བཅས་མང་དུ་བཞེངས་པར་མཛད་ ལོ་ངོ་གསུམ་ཅུ་སོ་ལྔ་བར་དུ་གདན་སར་བཞུགས། དགུང་ལོ་བཞི་བཅུ་ ཞེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སྟག་ ལུང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན།། སྟག་ལུང་བཀྲ་ཤིས་དཔལ་བརྩེགས།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཀུན་དགའ་བཤེས་གཉེན་དང། ཡུམ་འཇམ་དཔལ་སྐྱིད་གཉིས་ [755] རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་སློབ་དཔོན་སྒོམ་པ་ རིན་གཞོན་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་མཛད། དགུང་ ལོ་བཅུ་གཅིག་པར་སློབ་དཔོན་རིན་ཆེན་དཔལ་བ་ལས་རྒྱུད་གསུམ་ མན་ངག་དང། བརྟག་གཉིས། སྤྱོད་འཇུག་ཤེས་རབ་བརྒྱ་པ་ སོགས་མང་དུ་གསན། དགུང་ལོ་བཅུ་བདུན་པར་ཆོས་རྗེ་ནམ་མཁའ་ དཔལ་བཟང་པོས་མཁན་པོ་དང། སློབ་དཔོན་གནས་བརྟན་རིན་ ཆེན་འོད་ཀྱིས་མཛད་དེ་རབ་ཏུ་བྱུང་ཞིང་མཚན་ལ་བཀྲ་ཤིས་དཔལ་ བརྩེགས་ཉི་མའི་དབང་པོ་སྲུང་བའི་གོ་ཆ་ཞེས་གསོལ། བླ་མ་ཆོས་ དབང་གཉིས་པ་ལས་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པར་ གསན། ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པའང་གསན་ པས་ལམ་གྱི་དྲོད་རྟགས་བསམ་གྱིས་མི་ཁྱབ་པ་འཁྲུངས། ཆོས་རྗེ་ནམ་ མཁའ་དཔལ་བཟང་ལས་བཀའ་བརྒྱུད་ཀྱི་ཆོས་སྐོར་དང། སྦྱོར་དྲུག་གི་ ཁྲིད་རྣམས་ཞུས་པས་ཏིང་ངེ་འཛིན་གྱི་རྟོགས་པ་འཁྲུངས། གཞན་ཡང་ ཤ་བ་རའི་སྦྱོར་དྲུག་ཆོས་རྗེ་བསོད་ནམས་རྒྱལ་མཚན་ལས་སྦྱོར་དྲུག་ གསང་འདུས་རིམ་ལྔའི་ཁྲིད་དང་ནག་ཁྲིད་སྐོར། དམར་ཁྲིད། དབུ་ སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། གཤེད་དམར་ཤིན་ ཏུ་སྤྲོས་མེད། ལམ་འབྲས། གཅོད་ཡུལ་སོགས་མང་དུ་གསན་ དགུང་ལོ་བཅོ་བརྒྱད་པ་རབ་བྱུང་དྲུག་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། དགུང་ལོ་ཉི་ ཤུ་པར་ལྷ་སར་ཕེབས་ཏེ་ལོ་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང། ལོ་ [756] ལོ་ཙཱ་བ་ནམ་མཁའ་ བཟང་པོས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་གསང་འདུས་དམར་ཁྲིད་དང་ དུས་འཁོར་རྒྱུད་འགྲེལ། དུས་ཞབས་སྙན་བརྒྱུད། ཡུ་མོའི་སྒྲོན་ གསལ་བཞི། ཡེ་ཤེས་སྤྱན་སྒྲུབ། ཉི་ཟླ་སྒྲུབ་པ། དཔེ་མེད་འཚོའི་ སྦྱོར་དྲུག་མན་ལུངས་པའི་སྦྱོར་དྲུག་གསང་འདུས་ཀྱི་སྦྱོར་དྲུག་བུའི་ སྦྱོར་དྲུག་གདན་བཞིའི་འགྲེལ་བ། བཀའ་གདམས་ཀྱི་ལམ་རིམ་ སོགས་མཐའ་ཡས་པ་གསན། དངུལ་གྱི་གདུང་ཁྲུ་གང་པ་དང། ལྷ་ ཆེན། གསུང་རབ་མང་པོ་རྣམས་ལེགས་པར་བཞེངས། དེ་ནས་རྭ་ སྒྲེང་དང། ཕག་གྲུ། ཡེར་པ། ཚལ་པ། དྭགས་ལྷ་སྒམ་པོ་ ཀོང་པོ། བསམ་ཡས། སྣེ་གདོང། མཆིམས་ཕུ། ཁྲ་འབྲུག་རྩེས་ ཐང། ཚོང་འདུས། སྟག་ལུང་བྲག་མགོ། གླང་ཐང། རྒྱ་བྲ་ མེན་ཞང། ཡང་དགོན་སོགས་སུ་ཕེབས་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་སྐོར། གོང་མ་རྒྱལ་པོ་ཡེ་དབང་གིས་གུ་ཤྲཱིའི་ལས་ཀ་དང་དངུལ་ གྱི་ཐམ་ཁ་བཅས་གནང་སྦྱིན་མང་པོར་བྱུང། ཁོང་གི་མཛད་སྤྱོད་ རྣམ་ཐར་ཐམས་ཅད་བླ་མ་གོང་མའི་རྗེས་སུ་འཇུག་སྙན་པའི་གྲགས་ པས་ཀྱང་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། ལོང་བཞི་བཅུ་ཞེ་ བདུན་རིང་དུ་གདན་སར་བཞུགས་ནས་དགོན་པའི་མངའ་ཐང་ཤིན་ཏུ་ དར་བར་མཛད། སྐུ་གཤེགས་ཁར་ཆོས་རྗེ་བྱང་ཆུབ་རྒྱ་མཚོ་གདན་ སར་མངའ་གསོལ་མཛད་ནས། དགུང་ལོ་དྲུག་ཅུ་རེ་དྲུག་པར་ཞི་བར་ གཤེགས། ཁོང་ནི་སྟག་ལུང་དགོན་པའི་གདན་རབས་དགུ་པ་ཡིན།། [757] སྟག་ལུང་བཀྲ་ཤིས་དཔལ་འོད།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་ སྦྱོར་ཀློག་ལེགས་པར་མཁྱེན། ཡི་དམ་ལྷ་ཡི་དབང་ཆེན་མང་དུ་ཐོབ་ ཅིང་སྐྱེ་བ་སྔ་ཕྱི་དྲན་པའི་བག་ཆགས་སད། དགུང་ལོ་བཅུ་གསུམ་ པར་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་དང་མཇལ་ཞིང་དབང་ལུང་མན་ ངག་མང་དུ་ཞུས། ཆོས་རྗེ་བྱང་ཆུབ་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་ འདུལ་བའི་ཆོས་སྐོར་དང། བརྟག་གཉིས། སྤྱོད་འཇུག་ཤེས་རབ་ བརྒྱ་བ། ནཱ་རོ་ཆོས་དྲུག་ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་ཀྱི་ཆོས་ སྐོར། བཀའ་གདམས་པའི་ལམ་རིམ། ས་སྐྱའི་ལམ་འབྲས། གསང་ འདུས་ཀྱི་སྦྱོར་དྲུག་དུས་འཁོར་གྱི་དབང་ཆེན། བདེ་མཆོག་གི་ དབང་ཆེན། མདོར་བསྡུས་དང་པོའི་འགྲེལ་བ་མི་གཡོ་སྣང་བ། ཆོས་ རྗེ་བསོད་ནམས་རྒྱལ་མཚན་གྱི་སྦྱོར་དྲུག་བཅས་གསན་ནས་ཐོས་བསམ་ རྒྱ་མཚོའི་ཕ་རོལ་ཕྱིན་པར་མཛད། དགུང་ལོ་ཉི་ཤུ་རྩ་གསུམ་པ་རབ་ བྱུང་བདུན་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྟག་ལུང་དགོན་ པའི་གདན་སར་ཕེབས། འཆད་ཉན་གྱི་བྱ་བ་ལེགས་པར་བསྐྱངས་ཏེ་ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར། མཛད་སྤྱོད་ཐམས་ཅད་བླ་མའི་རྣམ་ ཐར་གྱི་རྗེས་སུ་འཇུག་དགོན་པའི་འདུལ་ཁྲིམས་ཀྱང་སྔར་ལྟར་མ་ ཉམས་པར་མཛད། ལོ་ངོ་སུམ་ཅུ་རྩ་གཅིག་གི་བར་དུ་གདན་སར་ བཞུགས། དགོན་པའི་མངའ་ཐང་ཤིན་ཏུ་རྒྱས་པར་མཛད། གཙུག་ [758] སྐུ་གསུང་ཐུགས་རྟེན་བཅས་མང་དུ་བཞེངས་པར་ མཛད། དགུང་ལོ་ལྔ་བཅུ་རྩ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྟག་ལུང་དགོན་པའི་གདན་རབས་བཅུ་གཅིག་པ་ ཡིན།། སྟག་ལུང་བཀྲ་ཤིས་བླ་མ།། ཁོང་ནི་མངྒལ་གུ་རུ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ ཞུའོ།། སྟག་ལུང་ངག་དབང་གྲགས་པ།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་སྐྱེས་བུ་དམ་པ་མང་པོར་བསྟེན་ནས་ཕ་ རོལ་ཏུ་ཕྱིན་པ་དང་རྒྱུད་སྡེའི་ཆོས་སྐོར་བཅས་མང་དུ་གསན་པ་མཛད་ གཙང་ཕྱོགས་སུ་བྱོན་ནས་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་ལས་ སྒྲུབ་བརྒྱུད་ཀྱི་གདམས་ངག་མང་དུ་གསན། དཔལ་མོ་ཆོས་སྡིངས་ དང་ལ་ཕྱི་ལ་སོགས་པའི་གནས་མང་པོར་བཞུགས། དགེ་བསྙེན་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཤིང་མཚན་ལ་ངག་ དབང་གྲགས་པ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བཞི་བཅུ་རྩ་ བཞི་པ་རབ་བྱུང་བརྒྱད་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྟག་ལུང་དགོན་པའི་གདན་སར་ཕེབས། ནང་གི་མཁྱེན་པ་དང་ ཐུགས་དམ་ཐམས་ཅད་ལ་འགྲན་པའི་ཟླ་ནི་མེད། གཙུག་ལག་ཁང་ ཆེན་པོའི་ཞབས་ཏོག་འཛིན་ཚུགས་ཐམས་ཅད་ཀྱང་ཁྱད་པར་འཕགས་ [759] དགེ་འདུན་གྱི་སྡེ་ཆེན་པོ་ཡང་དར་རྒྱས་སུ་གྱུར། དཔལ་ སྟག་ལུང་ཐང་པའི་འཇིག་རྟེན་ཕྱོགས་ཀྱང་ཆོས་རྗེ་འདིའི་རིང་ཁོ་ན་ དར་རྒྱས་ཆེ། རྒྱལ་ཁམས་ཀྱི་བྱ་བ་ཐམས་ཅད་བཞུགས་གདན་མནན་ པ་ཙམ་གྱིས་འགྲུབ་པར་གྱུར། སྡེ་སྣོད་འཛིན་པ་ཐམས་ཅད་ཀྱང་ ཞབས་དུ་ལྷགས་པ་ན་མཁྱེན་པའི་ཡོན་ཏན་གྱི་གཏིང་མི་དཔོགས་པར་ ཞུམ། འཕྲལ་གྱི་མཛད་སྤྱོད་རྣམ་ཐར་ནི་བཟང། ཕྱི་ནང་ཐམས་ ཅད་ནོར་ལོངས་སྤྱོད་ཀྱིས་ནི་གང། ལྷ་ཆེན་བཞེངས་པ་དང་སྦྱིན་ གཏོང་རྒྱ་ཆེན་པོ་མཛད་པ་ལ་སོགས་པའི་མཛད་པ་རྣམས་ནི་བསམ་ གྱིས་མི་ཁྱབ་པ་མཛད། གདན་སའི་འགན་ཁུར་ལོ་ངོ་བཅུ་གཉིས་རིང་ དུ་མཛད། ལོ་ངོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བརྒྱད་པའི་ཆུ་མོ་སྤྲུལ་ལོ་ སྟེ་སྤྱི་ལོ་་ལོར་དབོན་རིན་པོ་ཆེ་བཀྲ་ཤིས་དཔལ་བ་དགུང་ལོ་ བཅུ་གསུམ་བཞེས་པ་ཉིད་གདན་སར་མངའ་གསོལ་མཛད། ཁོང་ནི་ ཀུན་སྤངས་མཛད་ནས་ལོ་ངོ་ཉེར་གསུམ་བར་དུ་སྒྲུབ་པ་ཉམས་ལེན་ གྱིས་དུས་འདའ་བར་མཛད། ཁོང་ནི་སྟག་ལུང་དགོན་པའི་གདན་ རབས་བཅུ་གཉིས་པ་ཡིན།། སྟག་ལུང་ཆེ་བ་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རོང་པོའི་ས་དཀྱིལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་སུ་ཤར་ནོ་མིན་ཧན་ལས་རབ་བྱུང་དང་དགེ་ཚུལ་ བསྒྲུབས། དགུང་ལོ་བཅུ་པར་གདན་སར་བཀོད་ཅིང་དཔེ་ཆར་ [760] དགུང་ལོ་བཅུ་གཉིས་པར་རོང་པོ་དགོན་ཆེན་གྱི་ཆོས་གྲྭ་ལ་ ཞུགས་ནས་བསྡུས་གཞུང་ལ་སོགས་པའི་གཞུང་ལ་སྦྱངས་པ་མཛད་ དགུང་ལོ་བཅུ་བདུན་པར་དབུས་གཙང་དུ་ཕེབས་ཏེ་འབྲས་སྒོ་མང་གི་ ཆོས་གྲྭར་ཞུགས་ཏེ་ལྷ་རམས་པ་རིན་ཆེན་རྒྱ་མཚོ་སོགས་ལ་བསྟེན་ནས་ གཞུང་བཀའ་པོད་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉི་ ཤུ་ཐམ་པར་མངའ་རིས་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཡེ་ཤེས་གྲགས་པ་ ལས་བསྙེན་པར་རྫོགས། དེ་ནས་རང་དགོན་དུ་ཕེབས་ཏེ་སྨོན་ལམ་ལ་ འཇམ་དཔལ་ཞལ་ལུང་གི་བཤད་པ་གནང། དགུང་ལོ་ཉེར་གཉིས་ པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྡོ་རམས་པ་མཐའ་ཡས་རྒྱ་ མཚོ་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སོགས་པའི་མདོ་ སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་ཐོས་བསམ་ནན་ ཏན་དུ་མཛད་ཅིང་རྡོ་རམས་པའི་མཚན་བཏགས་བཞེས། རང་དགོན་ དུ་མཚན་ཉིད་བཙུགས། རབ་བྱུང་བཅུ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ ལོ་གསུམ་གྱི་རིང་དུ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ ལ་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་བྲག་དཀར་དང། དམུ་ དགེ་འཁོར་ལོའི་དགོན། ཚ་གན་པེ་ཤིང་གི་ཁྲི་ལ་ཕེབས་ཤིང་མདོ་ སྔགས་ཆོས་ཀྱི་འཆད་ཉན་སྤེལ་ནས་དུས་འདའ་བར་མཛད། ཁོང་ ནི་བླ་བྲང་དགོན་གྱི་གདན་རབས་སོ་གཉིས་པ་ཡིན་ནོ།། སྟག་ལུང་ཐང་པ་བཀྲ་ཤིས་དཔལ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ [761] ཡུམ་བྲབ་ ཤི་བཟའ་དགེ་སུམ་ཁྲོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ དབྲ་གྭ་ཟི་འབྲིང་པོའི་ནང་ཚན་ཀླུ་དགེ་ཡིན། རབ་བྱུང་བཞི་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཅོ་ བརྒྱད་པར་མཁན་པོ་བླ་སྒང་པ་ཤེས་རབ་རྡོ་རྗེ་ལས་རབ་བྱུང་ བསྒྲུབས། དགེ་བཤེས་བྲག་དགོན་པ་ལས་ཤེར་ཕྱིན་འགྲེལ་ཆུང་དང་ སྤྱོད་འཇུག་བསླབ་བཏུས། ལམ་སྒྲོན། དོ་ཧ་སོགས་གསན་ནས་ མཁས་པར་གྱུར། དགུང་ལོ་ཉེར་བཞི་པར་དཔལ་ཕག་མོ་གྲུ་པ་དང་ མཇལ། དགྱེས་བཞིན་རྗེས་སུ་བཟུང་ནས་སྲས་ཀྱི་ཐུ་བོར་དབང་ བསྐུར། ཕག་མོ་གྲུ་པའི་ཉེ་གནས་མཛད་ནས་ལོ་དྲུག་བཞུགས་ གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་བས་རྟོགས་ པ་མངོན་དུ་གྱུར། དེ་ནས་མལ་གྲོ་ལ་བྱོན་ཏེ་སློབ་དཔོན་འཆད་ཀ་ ལས་བཀའ་གདམས་གསན། ཞང་ཤ་ར་བ་ལས་བསྙེན་པར་རྫོགས་ དགུང་ལོ་སོ་དགུ་པར་དར་སྦས་རོང་གསུམ་དང་ཕོད་མདོ་བས་སྟག་ ལུང་དུ་གདན་དྲངས། དེ་ནས་ཕག་གྲུའི་ལུང་བསྟན་པ་ལྟར་རབ་བྱུང་ གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་པོ་ཏོ་བའི་བཞུགས་ ཤུལ་དུ་སྟག་ལུང་དགོན་པ་གསར་འདེབས་མཛད། དེ་ནས་བཟུང་ སྟག་ལུང་ཐང་པར་གྲགས། རབ་ཏུ་བྱུང་ཚུན་ཆད་ཁྱིམ་པའི་ཁང་པར་ མི་འབྱོན་ཞིང། ཤ་ཆང་མི་གསོལ་བ། སྐ་རགས་མི་བཤིགས་པ་ གླིང་གསེབ་ཏུ་བུད་མེད་མི་གཏོང་བ་སོགས་འདུལ་བའི་ཕྱག་ལེན་ཞིབ་ པར་མཛད། གྲྭ་པ་སུམ་སྟོང་ལྷག་གི་ཚོགས་པ་བསྐྱངས་ནས་གདན་ [762] ཁོང་གི་སློབ་མའི་གཙོ་བོ་ནི་ དབོན་རིན་ཆེན་མགོན་པོ་ཡིན། ཁོང་གི་གསུང་རྩོམ་ནི་པོད་ཆེན་ གཅིག་བཞུགས་སོ།། སྟག་ལུང་ནམ་མཁའ་དཔལ་བཟང།། ཁོང་ནི་ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ།། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་མདའི་སྟག་ལུང་བྲག་པར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐྱོར་མོ་ལུང་དུ་རབ་བྱུང་བསྒྲུབས། མདོ་སྔགས་རིག་གནས་ དང་བཅས་པར་ཐོས་བསམ་རྨད་དུ་བྱུང་བ་མཛད་པས་མཁས་པའི་ཁྱུ་ མཆོག་ཏུ་གྱུར། སྨྲ་བརྗོད་ཤིན་ཏུ་གཙང་བ་དང་རིགས་ལམ་ཤིན་ཏུ་ རྣོ་བས་གསང་ཕུ་དང། རྒྱུད་སྨད་པའི་འཆད་ཉན་པ་མཛད། གཞན་ ཡང་སྐྱོར་མོ་ལུང་དང། གསང་སྔགས་མཁར། བྱང་རྩེ་སོགས་ཀྱི་བླ་ མ་མཛད། བྱང་རྩེ་གྲྭ་ཚང་གསར་དུ་བཙུགས་ཏེ་མིང་ལ་ཐོས་བསམ་ གླིང་ཞེས་བཏགས། སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་སྔར་ རྒྱུན་ཞེས་བཏགས། སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་སྔར་ རྒྱུན་སོར་ཆུད་པ་མཛད། དགུང་ལོ་བདུན་ཅུ་བ་རབ་བྱུང་བཅུ་པའི་ ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ ལོ་ངོ་བཞི་ཡི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ ཉན་མཛད། བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་ཀྱི་བརྒྱུད་པ་བཞུགས་ [763] དགུང་ལོ་དོན་ གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ ཕྱིར་དུ་དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས་ཏེ་བློས་བསླངས་ ཀྱི་གཡོན་ཕྱོགས་སུ་བཞུགས་ཤིང་དུས་མཆོད་ཀྱང་ལེགས་པར་ཚུགས་ སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་པ་ ཡིན་ནོ།། སྟག་ལུང་ཞྭ་དམར་བྱང་ཆུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དཔལ་མཁའ་སྤྱོད་པའི་གསུངས་ལས་ཁོང་ནི་སྔོན་ གྱི་འཕེན་པའི་ལྷག་མས་བྱང་ཕྱོགས་ཀྱི་རྒྱུད་བླ་མའི་གནས་སུ་སྤྱོད་ ཅིང། དེའི་འཕྲིན་ལས་སྒྲུབ་པར་བྱེད་དོ་ཞེས་སྐུ་ཡལ་བའི་སློབ་མ་ བཀྲ་ཤིས་གྲགས་པར་གྱུར་པའི་རྟེན་འབྲེལ་ལ་རྟེན་ནས་དཔལ་མཁའ་ སྤྱོད་པ་ཉིད་ཡིན་པའི་ངེས་པ་དུ་མ་ཡོད་དོ་ཞེས་ཟེར། དགུང་ལོ་ཉི་ ཤུ་རྩ་གཉིས་པ་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས་ཏེ་ལོ་ངོ་བདུན་གྱི་བར་དུ་ གདན་སར་བཞུགས། བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད་ དེ་ནས་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཆོས་ རྗེ་བཀྲ་ཤིས་དཔལ་འོད་སྟག་ལུང་དགོན་པའི་གདན་སར་མངའ་གསོལ་ མཛད། དེ་ནས་ཀུན་སྤངས་མཛད་ཅིང་ཡུལ་སྟོད་སྨད་ཐམས་ཅད་དུ་ བྱོན་ཏེ་གཞན་དོན་བསྐྱངས། གཟིམས་ཁང་གཟིམས་སྤྱིལ་དུ་མཛད་ [764] བྱ་དཔག་ཏུ་མེད་པ་བསྐྱངས། དགུང་ལོ་བཞི་བཅུ་ཞེ་དྲུག་པར་མདོ་ ཁམས་སུ་ཞི་བར་གཤེགས། ཁོང་ནི་སྟག་ལུང་དགོན་པའི་གདན་ རབས་བཅུ་པ་ཡིན།། སྟག་ལུང་རཏྣ་གུ་རུ།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་གཡང་ ཤོད་བོང་ར་སྟེངས་སུ་ཡབ་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་གྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། མཁན་ཆེན་བསོད་ནམས་ཡེ་ཤེས་དང། སློབ་དཔོན་ སེང་གེ་བཟང་པོ་གཉིས་ལས་རབ་ཏུ་བྱུང། དགུང་ལོ་བཅུ་དྲུག་པར་ འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་མཇལ་ཞིང་དམ་ཆོས་མང་དུ་ གསན། དགུང་ལོ་བཅུ་དགུ་པར་སྟག་ལུང་དུ་ཕེབས་ཏེ་ཆོས་རྗེ་སངས་ རྒྱས་དཔལ་བཟང་པོ་དང་མཇལ་ནས་ཀྱེ་རྡོར་དང། བདེ་མཆོག་ གཤིན་རྗེ་དགྲ་ནག་གདོང་དྲུག་ལ་སོགས་པའི་བཀའ་མང་པོ་དང་ ནཱ་རོ་ཆོས་དྲུག་ལ་སོགས་པའི་ཆོས་བཞུགས་པ་ཐམས་ཅད་གསན་ དགུང་ལོ་ཉེར་གཉིས་པ་རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ལོ་དེར་ས་སྐྱར་བྱོན་ ནས་འཇམ་དབྱངས་པ་དང། བདག་ཉིད་ཆེན་པོ། གྲགས་པ་རྒྱལ་ མཚན། ཀུན་དགའ་སེང་གེ་རྣམས་ལ་བསྟེན་ནས་ཆོས་མང་དུ་གསན་ དེ་ནས་ཇོ་མོ་ནང་དུ་ཕེབས་ཤིང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ དང་མཇལ་ནས་བྱིན་རླབས་ཞུས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ [765] བསྟན་པའི་རྒྱལ་མཚན་གྱིས་སློབ་དཔོན། ཀུན་ མཁྱེན་ཡོན་ཏན་རྒྱ་མཚོས་གསང་སྟོན་མཛད་དེ་བསྙེན་པར་རྫོགས་ མཁན་པོ་ལས་དུས་འཁོར་གྱི་དབང་ཆེན་དང། སྦྱོར་དྲུག་ལ་སོགས་ པ་གདམས་ངག་དཔག་ཏུ་མེད་པ་གསན་ཅིང་ཡོན་ཏན་ཁྱད་པར་ཅན་ འཁྲུངས། དེ་ནས་ཁྱི་ལོ་སྟེ་སྤྱི་ལོ་་ལོར་གདན་སར་ཕྱིར་ཕེབས་ ལོ་ངོ་སུམ་ཅུ་ཐམ་པའི་རིང་དུ་གདན་ས་བསྐྱངས་ནས་གསེར་འབུམ་ བཞེངས་པ་ལ་སོགས་པའི་བྱ་བ་རྒྱ་ཆེན་པོ་མཛད་ཅིང། དགུང་ལོ་ལྔ་ བཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ སྟག་ལུང་དགོན་པའི་གདན་རབས་དྲུག་པ་ཡིན་ སྟག་ལུང་རིན་ཆེན་འབྱུང་གནས།། ཁོང་ནི་ཆོས་རྗེ་རཏྣ་ཀ་ར་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ།། སྟག་ལུང་སངས་རྒྱས་ཡར་བྱོན།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ བོང་ར་སྟེངས་ཀྱི་གདོང་སྣར་ཡབ་མགོན་རྒྱལ་དང། ཡུམ་ལྷ་མོ་ དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་སྤྲེལ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། སྐུ་གཞོན་པ་བྱིས་པའི་དུས་ནས་ དད་པ་དང། བརྩོན་འགྲུས། སྙིང་རྗེ་ཆེ་བ། ན་མཉམ་རྣམས་སྡིག་ པ་ལས་ཟློག་ཅིང་དགེ་བ་ལ་སྦྱོར་བ། གཅིག་པུ་དབེན་པར་སྤྱོད་པ་ ཅིག་བཞུགས། དགུང་ལོ་བཅུ་དྲུག་པར་མཁན་ཆེན་ག་སྟོན་བླ་མ་ དང། སློབ་དཔོན་ལྷ་ཁང་ལྷག་པ་གཉིས་ལས་རབ་ཏུ་བྱུང། མཚན་ [766] མཁན་སློབ་གཉིས་ལས་འདུལ་བའི་ ཆོས་སྐོར་རྣམས་ལ་གསན། སློབ་དཔོན་ནགས་པ་བ་ལས་གདམས་པ་ མང་དུ་ཞུས་ཏེ་ས་ཕུ་དགོན་དུ་སྒྲུབ་པར་མཛད། དགུང་ལོ་བཅུ་དགུ་ པར་དབུས་སུ་བྱོན་ནས་སྟག་ལུང་ཐང་དུ་སྐུ་ཡལ་བ་རིན་ཆེན་མགོན་པོ་ དང་མཇལ། ཆོས་ཁྲིད་རྣམས་ཡོངས་སུ་རྫོགས་པར་གསན། མཁན་ པོ་གཙང་པ་དང། སློབ་དཔོན་ཁུ་སྟོན། གསང་སྟོན་སློབ་དཔོན་དོན་ མོ་རི་པས་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་ངོ་བཅུ་ལྔའི་ བར་དུ་སྒྲུབ་པར་མཛད། མངོན་པར་མཁྱེན་པ་རྒྱ་ཆེན་པོའང་མངའ་ དགུང་ལོ་སུམ་ཅུ་རྩ་བཞི་པ་རབ་བྱུང་བཞི་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། གསེར་འབུམ་ དང། དངུལ་གྱི་གདུང་ཁང། མཆོད་ཁང་ཆེན་མོའི་ཐིགས་ཁང་ རས་བྲིས། གྱང་ལྷ། དངུལ་སྐུ་ཆེན་མོ། དངུལ་སྐུ་ཆུང་བ་མང་པོ་ བཅས་བཞེངས་པར་མཛད། གསུང་རབ་རྒྱུན་འདོན་དང་ལོ་རེ་བཞིན་ འདོན་པའི་སྲོལ་བཟང་བཙུགས། དགེ་འདུན་སུམ་སྟོང་དྲུག་བརྒྱར་ ཆོས་ནོར་གཉིས་ཀས་ལེགས་པར་བསྐྱངས། བསླབ་པ་རིན་པོ་ཆེ་རྣམ་ པ་གསུམ་ལ་གཙོ་བོར་མཛད་ཅིང། དགེ་འདུན་གྱི་གླིང་རྣམས་ཀྱང་དུ་ ཆང་ནག་གསུམ་ལ་ཤིན་ཏུ་དམ་པར་མཛད། འགྲོ་མགོན་ཆོས་རྒྱལ་ འཕགས་པ་གོང་ནས་བྱོན་དུས་སུ་མཇལ་འཕྲད་མཛད་ཅིང་གསུང་རབ་ རྣམས་ལ་བགྲོ་གླེང་མཛད། དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སྟག་ལུང་དགོན་པའི་གདན་ རབས་གསུམ་པ་ཡིན།། [767] སྟག་ལོ་གཞོན་ནུ་བརྩོན་འགྲུས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་དབུས་ གཙང་གི་མཁའ་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་ དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་མང་ དུ་གསན། སྒྲ་བསྒྱུར་ལ་ཡང་ཤིན་ཏུ་མཁས་པས་ དེ་ནས་ཁོང་གིས་སྟག་ལོ་ལྷ་ཁང་བཞེངས་ཏེ་འདུལ་བའི་བསྟན་པ་སྤེལ་ ཞིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཁོང་ནི་ལོ་སྟོན་རྡོ་རྗེ་ དབང་ཕྱུག་གི་གྲགས་ཆེ་བའི་འདུལ་གྱི་སློབ་མ་ཞིག་ཡིན་ནོ།། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས།། ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་སྟེང་པ་ཏོག་འབར་དང། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོབ་དགུང་ལོ་དྲུག་པར་ཡི་གེའི་སྦྱོར་ཀློག་ལེགས་ པར་མཁྱེན། དགུང་ལོ་བཅུ་པར་མི་གཡོ་བའི་བསྙེན་པ་དུམ་རེ་མཛད་ པས་གཞན་གྱི་ནད་རིགས་གང་ལ་ཡང་སྔགས་བཏབ་པས་ཕན་པ་ཤིན་ ཏུ་ཆེ་བར་གྱུར། དགུང་ལོ་བཅུ་གསུམ་པར་དྭགས་པོར་བྱོན་ཏེ་སྐན་ མོ་གནས་བརྟན་ལ་གཙུག་ཕུད་ཕུལ། དགུང་ལོ་བཅོ་ལྔ་པར་མྱང་ སྟོད་དུ་ཕེབས་ཤིང་རྒྱ་འདུལ་འཛིན་ལས་རབ་ཏུ་བྱུང། མཆིམས་ [768] དགུང་ལོ་བཅུ་དགུ་ པར་རྒྱ་འདུལ་འཛིན་གྱིས་མཁན་པོ་དང། གཉལ་བ་དགེ་འདུན་ སྐྱབས་ཀྱིས་སློབ་དཔོན། སྐྱི་བོ་ཚུལ་འཕགས་ཀྱིས་གསང་སྟོན་མཛད་ ནས་བསྙེན་པར་རྫོགས། དེ་ནས་གསེར་ཞོ་བཅུ་གཉིས་བསྣམས་ཏེ་རྒྱ་ གར་གྱི་གྲོང་ཁྱེར་མ་གངྷར་ཕེབས་ཤིང་ཙ་མི་སངས་རྒྱས་གྲགས་དང་ མཇལ་ཞིང་ལོ་ངོ་བཅུའི་རིང་དུ་ལོ་ཙཱ་བསླབས་ནས་བཞུགས་པར་ མཛད། དེ་ནས་རང་ཡུལ་དུ་ཕེབས་ཏེ་ཡབ་ཀྱིས་དབུ་བཙུགས་པའི་ འབུམ་ཉི་ཤུ་དུམ་ཅིག་གི་བཞེངས་འཕྲོ་ཡང་ཚར་བར་མཛད། གསེར་ སྲང་ལྔ་བཅུ་ཙམ་བསྣམས་ཏེ་སླར་རྒྱ་གར་དུ་ཕེབས་ཏེ་པཎྜི་ཏ་ཆེན་པོ་ སི་ག་ཏ་བིརླ་དང། ཙནྡྲ་ཀཱིརྟི། ཤཱི་ལ་ཙནྡྲ། བི་མ་ལ་རཀྵི་ཏ་ལ་ སོགས་པའི་པཎ་ཆེན་བཅུ་གསུམ་ལ་བསྟེན་ནས་བསྔགས་མཚན་ཉིད་ཀྱི་ གསན་པ་མང་དུ་མཛད། རྒྱ་དཔེ་ཡང་མང་དུ་བསགས་ཏེ་སྒྲུབ་ཐབས་ བསྡུས་པོ་ཆེན་པོ་དང། འདུལ་བ་རང་གི་རྣམ་བཤད། ཉི་ཁྲི་གཞུང་ འགྲེལ་སོགས་འགྱུར་བཅོས་མང་དུ་མཛད་དེ་རྒྱ་གར་ལ་ལོ་ངོ་ལྔ་ཙམ་ བཞུགས། སྤྱིར་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་ ཆོས་སྐྱོང་མང་པོའི་ཞལ་མངོན་སུམ་དུ་གཟིགས། གྲོ་ལུང་པ་ཆེན་པོ་ ལ་སོགས་པའི་མཁས་པ་ཆེ་དགུས་ཞབས་ལ་གཏུགས་ནས་བསྟན་པའི་ བདག་པོར་གྱུར། དགུང་ལོ་བརྒྱད་ཅུ་རྩ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆག་ལོ་དགྲ་ བཅོམ་པ་ཡིན། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེ་འགྲེལ་བ་ཟབ་མོ་དོན་གྱི་ [769]། སྟོང་འཁོར་རྒྱལ་བ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ བར་ཁམས་སྟག་བཟང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་ལུས་བརྗེས་ནས་གྲོང་འཇུག་མཛད་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་ཡོན་ཏན་རྒྱ་མཚོའི་སྤྲུལ་ སྐུར་ནང་སོ་བསོད་ནམས་རྒྱལ་མཚན་སོགས་ཀྱིས་ངོས་འཛིན་ཞུས་ཏེ་ སྟོང་འཁོར་དགོན་གྱི་ཁྲི་ཐོག་ཏུ་མངའ་གསོལ། དྭགས་པོ་ཆོས་རྗེའི་སྐུ་ སྐྱེ་བློ་བཟང་བསྟན་པ་རྒྱ་མཚོ་ལས་རབ་བྱུང་བསྒྲུབས་ཤིང་བཀའ་ཆོས་ གསན། དགུང་ལོ་བདུན་པར་མཚོ་ཁར་ཁོ་ལོ་ཆིའི་སྡེ་ཐོག་ཏུ་ཕེབས་ ཏེ་ཨལ་ཐན་གདུང་བརྒྱུད་སྐུ་མཆེད་རྣམས་ཀྱིས་བསྙེན་བཀུར་ཞུས་ དེ་ནས་ཕུར་ཚེ་དཔོན་པོ་ཤེ་གྲགས་དང། དབལ་ཤུལ་དཔོན་པོ་འབུམ་ སྐྱབས་ཡག་མགོ་ལོག་དཔོན་པོ་ཨ་སྐྱོང་སོགས་སྤྱིན་བདག་རྣམས་ཀྱི་ གདན་ཞུས་ལྟར་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཀིརྟི་ དགོན། དྭ་ཚང་དགོན། དམུ་དགེ་དགོན། ཟུང་ཆུའི་དགོན་སོགས་ སུ་ཞབས་ཀྱིས་བཅགས་ཏེ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་བསགས་ སྐྱིད་ཤོད་ཆོས་རྗེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང་རྡོར་ཕྲེང་གི་ དབང་གསན། ཨོ་རོད་དུ་ཕེབས་ནས་རྒྱ་སོག་གི་ཆིངས་མཛད། དེ་ ནས་དབུས་སུ་ཕེབས་ཏེ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་གསེར་ཞལ་མཇལ་ ཞིང་ཆོས་འབྲེལ་ཞུས། སླར་མཚོ་ཁ་བརྒྱུད་དེ་དཔའ་རིས་ཡུལ་གྲུ་ དང་ལང་ཀྲེའི་སྡེ་བཞི་སོགས་སུ་ཕེབས་ཤིང་བསྟན་འགྲོའི་དོན་ཆེན་ [770] འཕོ་བ་གྲོང་འཇུག་མཛད་དོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་གསུམ་པ་ ཡིན་ནོ།། སྟོང་འཁོར་བསྐལ་བཟང་འཇམ་དབྱངས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཨ་རིགས་དཔོན་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་སྐུ་གོང་མ་སྟོང་འཁོར་ངག་དབང་འཇམ་དབྱངས་ བསྟན་འཛིན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་བྱས། ཤིང་བཟའ་དཔོན་ སློབ་ལས་རབ་བྱུང་བསྒྲུབས་ཤིང་བཀའ་ཆོས་མང་དུ་གསན། དགུང་ ལོ་བཅུ་གསུམ་པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་ཧང་ངེ་ཆུ་མིག་མེ་ལོང་དང། ཧང་ངེ་ལ་བྱེས་བྱང་ལམ་ བརྒྱུད་ནས་དབུས་སུ་ཕེབས། རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་ རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མ་རྣམ་ པ་གཉིས་ལ་མཇལ་ཁ་ཞུས། དེ་ནས་སེར་སྨད་ཆོས་གྲྭར་ཞུགས་ཀྱང་ སྟབས་མ་ལེགས་པར་ལོ་དེའི་ཧོར་ཟླ་བཅུ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་བདུན་པ་ཡིན་ ནོ། ། སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་རོང་བོ་ཤིང་ལེ་ཁར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ [771] ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐུ་གོང་མ་སྟོང་འཁོར་ངག་དབང་བསོད་ནམས་རྒྱ་མཚོའི་ སྤྲུལ་སྐུར་ངོས་འཛིན་གནང། དགུང་ལོ་བདུན་པར་ཆུ་བཟང་ཐུབ་ བསྟན་དབང་ཕྱུག་ལས་རབ་བྱུང་བསྒྲུབས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་ གྱི་ཆོས་གྲྭར་ཞུགས་ཤིང་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ལ་ བསྟེན་ནས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་བཅུ་ གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ པེ་ཅིན་དུ་ཕེབས་ཏེ་ཆན་ལུང་གོང་མར་འཚམས་ཞུ་ཞུས། དེ་ནས་བླ་ བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཞིང་ཅུང་མ་འགོར་བར་དབུས་སུ་ཕེབས་ ཏེ་སེར་སྨད་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་ བསམ་མཛད་ཅིང་དགུང་ལོ་སོ་གཅིག་པར་དམ་བཅའ་གཞག་པཎ་ ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་རྫོགས་བསྒྲུབས་ཤིང་ཆོས་འབྲེལ་ ཞུས། དེ་ནས་ཚ་རྡོར་ནོ་མིན་ཧན་གྱི་བཀའ་ལྟར་སེར་སྨད་དང་ ལྕགས་པོ་རི། ཞྭ་ལུའི་མཁན་ཁྲིར་རིམ་པས་ཕེབས་ཏེ་མདོ་སྔགས་ཆོས་ ཀྱི་འཆད་ཉན་སྤེལ། དགུང་ལོ་སོ་བཞི་པར་རང་ཡུལ་དུ་བྱོན། དགུང་ ལོ་སོ་ལྔ་པ་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སླར་ཡང་པེ་ཅིན་དུ་ ཕེབས་ཤིང་ཆན་ལུང་གོང་མས་ཧྥུ་ཡིན་བླ་མ། ག་བླ་མའི་འཇའ་ས། དེ་ནས་དཔའ་རིས་སུ་ཕེབས་ཏེ་ མཆོད་རྟེན་ཐང་གི་མཁན་ཁྲིར་བཞུགས་མུར་དགུང་ལོ་ཞེ་བཞི་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་སྟོང་འཁོར་སྐུ་ཕྲེང་ དྲུག་པ་ཡིན་ནོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འབྲུ་ལ་མཁན་ཆེན་ [772] དག་པ་སྤྲུལ་སྐུ། དེ་མོ་ཡོངས་འཛིན་ ནོ་མིན་ཧན་སྤྲུལ་སྐུ། བྱང་རྩེ་བློ་བཟང་དགེ་ལེགས། ཏཱ་དབོན་ངག་ དབང་བློ་བཟང། སེར་སྨད་བློ་བཟང་ཐུགས་རྗེ། སེར་སྨད་གྲགས་ པ་མཁས་གྲུབ། སེར་སྨད་གྲགས་པ་རྒྱ་མཚོ་བཅས་སོ། ཁོང་གི་ གསུང་རྩོམ་ནི་ གཞིའི་འགྲེལ་བ། སྐོར། ། སྟོང་འཁོར་ངག་དབང་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྣང་རའི་གྲམ་པ་ནང་དུ་ཡབ་གཙུག་ཏོར་སྐྱབས་དང། ཡུམ་ འབུམ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་སྐུ་གོང་མ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོའི་སྤྲུལ་སྐུར་ ངོས་འཛིན་གནང། ལ་མོ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་ མཚན་ལས་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། དེ་ནས་སྔོན་རྗེས་ སུ་ཏཱ་ལའི་ཧོ་ཐོག་ཐུ་བཤད་སྒྲུབ་རྒྱ་མཚོ་དང། རྩེ་གདུང་ཞབས་དྲུང་ ངག་དབང་ཀུན་དགའ་ཡོངས་འདུས། ལཱི་གྱ་དོན་ཡོད། ཡོངས་ འཛིན་བློ་བཟང་ཉི་མ། སློབ་དཔོན་བློ་བཟང་བཀྲ་ཤིས། མཚུངས་མེད་ནམ་མཁའ་བསམ་གྲུབ། རྗེ་དཔལ་ལྡན་ཆོས་སྐྱོང། སྤྲུལ་སྐུ་ ངག་དབང་དགེ་ལེགས་རྒྱལ་མཚན། གཡེར་གཤོང་སྔགས་རབ་པ་ སོགས་ལ་བསྟེན་ནས་གསར་རྙིང་གི་དབང་ལུང་ཁྲིད་གསུམ་རྒྱ་ཆིར་ [773] བར་ཁམས་སྟོང་འཁོར་ དང། ཅོ་ནེ་དགོན། གཡེར་གཤོང་སོགས་སུ་ཕེབས་ནས་མདོ་སྔགས་ ཆོས་ཀྱི་འཆད་ཉན་མཛད། རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་མདོ་མཁར་དམག་གིས་གཏོར་བར་སླར་ཡང་ད་ ལྟའི་སྟོང་འཁོར་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་འདི་བཏབ། ཟི་ ལིང་སྟོང་འཁོར་དགོན་དུ་གསུམ་པའི་དགུ་གཏོར་གྱི་འཆམ་བཙུགས་ དཔའ་རིས་མཆོད་རྟེན་ཐང་དུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་རྟེན་ དང་བརྟེན་པ་བཅས་བཞེངས་ཏེ་བཅའ་ཡིག་ཆེན་མོ་བཞག་པ་མཛད་ དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་ རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཀུན་མཁྱེན་འཇིགས་མེད་དབང་པོ་དང། གཡེར་ གཤོང་དགེ་འདུན་ཟླ་གྲགས་གཉིས་ཡིན། ཁོང་ནི་སྟོང་འཁོར་སྐུ་ཕྲེང་ ལྔ་པ་ཡིན་ནོ། ། སྟོང་འཁོར་ཐུབ་བསྟན་འཇིགས་མེད་སྐལ་བཟང།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་སྤྲེལ་ལོས་ཏེ་སྤྱི་ལོ་་ ལོར་སུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་ མ་སྟོང་འཁོར་བསྐལ་བཟང་འཇམ་དབྱངས་རྒྱ་མཚོའི་སྤྲུལ་སྐུར་ངོས་ འཛིན་བྱས། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ལ་དངོས་མཇལ་ བྱུང་ཞིང་ཆོས་འབྲེལ་ཐོབ། ཁོང་གི་མཚན་གཞན་ལ་བློ་བཟང་མདོ་ རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་ཞུའོ། སྐུ་ཚེ་མཐར་མ་འཁྱོལ་ [774] སོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་བརྒྱད་པ་ཡིན་ནོ། ། སྟོང་འཁོར་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་རྭ་ཀེ་བར་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་སྐུ་གོང་མ་སྟོང་འཁོར་ཐུབ་བསྟན་འཇིགས་མེད་བསྐལ་བཟང་གི་ སྤྲུལ་སྐུར་ངོས་འཛིན་བྱས། དེ་ནས་ཆུ་བཟང་བློ་བཟང་ཐུབ་བསྟན་ རབ་རྒྱས་ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་ རྣམས་རིམ་གྱིས་མནོས་ཤིང་དབང་ལུང་མན་ངག་མང་དུ་གསན་ དགུང་ལོ་བཅུ་བདུན་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་ཆུ་དཀར་དགེ་ བཤེས་དང། གསེར་ཏོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། མཱ་ཡང་པཎྜྀ་ ཏ་ངག་དབང་ལེགས་བཤད་ཉི་མ་སོགས་ལ་བསྟེན་ནས་བསྡུས་གཞུང་ དང། ཚད་མ། ཕར་ཕྱིན་བཅས་ལ་ཐོས་བསམ་རྨད་དུ་བྱུང་བ་ མཛད། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་བཀའ་ཆོས་ མང་དུ་གསན། མཆོད་རྟེན་ཐང་གི་མཁན་ཁྲི་ལོ་ཤས་བསྐྱངས། དེ་ ནས་པེ་ཅིན་དུ་ཕེབས་ཏེ་ཆིན་གོང་མ་ཏོ་ཀོང་དང། ཞེན་ཧྥུན། ཐོན་ ཧྲི། བཀྭང་ཞི་བཅས་རྒྱལ་པོ་བཞིའི་སྐུ་རིང་དུ་ལོ་ངོ་སོ་དྲུག་བར་རྒྱལ་ སར་བཞུགས་ནས་ཆིན་གོང་མ་རྣམས་ལ་ཞབས་ཏོག་ཞུས། ཆིན་གོང་ མ་རྣམས་ཀྱིས་ཀྱང་གསེར་ཁང་ཧྥུ་ཡིན་བླ་མ་དང། ནུབ་ཕྱོགས་བླ་ མ་སེར་མོ་བ་མཐའ་དག་གི་ལས་དོན་བྱེད་མཁན་དྲཱང་ཡིན་ཐམ་ག་བླ་ [775] ཞེས་པའི་འཇའ་ས་གནང། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ ཐུབ་བསྟན་རྒྱ་མཚོ་གསེར་ཁྲིར་འཁོད་པའི་ཞབས་ཏོག་བསྒྲུབས་པ་ སོགས་ཆོས་སྲིད་ཟུང་གི་འཕྲིན་ལས་རྒྱས། དེ་ལྟར་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་དགུ་བ་ཡིན་ ཁོང་གི་གསུང་རྩོམ་ནི། ཁུངས་མི་བསྐྱོད་མགོན་པོའི་གསུང་རྒྱན། མའི་རྣལ་འབྱོར། ཐབས་སོགས་གསུང་ཐོར་བུའི་ལེའུ་ཚན། ཆེན་པོའི་ཞབས་བརྟན་སྨོན་ཚིག་སོགས་ཀྱི་ལེའུ་ཚན། སོ། ། སྟོང་འཁོར་མདོ་རྒྱུད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གྲོང་འཇུག་གི་ཚུལ་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ ཕོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་འཕོ་བ་གྲོང་འཇུག་ མཛད་རྗེས་སྐུ་གོང་མ་སྟོང་འཁོར་རྒྱལ་བ་རྒྱ་མཚོའི་སྤྲུལ་སྐུར་ངོས་ འཛིན་བྱས། དེ་དུས་དགུང་ལོ་བཅུ་བདུན་ཡིན་ཞིང། དེ་ནས་ལོ་ དགུ་སོང་བའི་དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་པཎ་ཆེན་ བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་བསྒྲུབས་ཤིང་མཚན་ལ་མདོ་རྒྱུད་ རྒྱ་མཚོ་ཞེས་གསོལ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ [776] རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཀྱི་ལོ་སྟེ་ སྤྱི་ལོ་་ལོར་ཟི་ལོང་སྟོང་འཁོར་དགོན་དགའ་ལྡན་ཆོས་འཁོར་ གླིང་བཏབ་ཅིང། རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ བཏབ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་ཁང་ཞིས་ཆན་ཞི་མཉྫུ་ཤཱའིའི་ལུང་ལས་ ཕུལ། རི་བོ་རྩེ་ལྔ་བརྒྱད་བར་ཁམས་སྟོང་འཁོར་དང། དམུ་དགེ་ དགོན། མཚོ་ཁ། དཔའ་རིས། རོང་བོ་དགོན་སོགས་སུ་ཕེབས་ཏེ་ མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། ལྷག་པར་དུ་དམུ་དགེ་དགོན་དུ་ བྱམས་ཁང་དང། བཀའ་འགྱུར་བསྟན་འགྱུར་བཅས་བཞག་པ་ མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ བཞི་བཅུ་ཞེ་བཞི་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ ནི་སྟོང་འཁོར་སྐུ་ཕྲེང་བཞི་པ་ཡིན་ནོ། ། སྟོང་འཁོར་བློ་བཟང་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཐིར་དགེ་ཇ་སག་སྡེ་ཁྲོད་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐུ་གོང་མ་སྟོང་འཁོར་བློ་བཟང་བསྟན་པའི་ཉི་མའི་སྤྲུལ་སྐུར་ ངོས་འཛིན་བྱས། ཧོར་ཆེན་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ལས་རབ་ བྱུང་བསྒྲུབས་ཤིང་མདོ་སྔགས་གཞུང་ལུགས་བཅས་གསན་སྦྱོང་མཛད་ [777] མཚན་སྙན་རྒྱས། དགུང་ལོ་བཅོ་ལྔ་པར་ དཀའ་གནད་དོགས་དཔྱོད་མཁས་པའི་ཡིད་འཕྲོག། བཅོས་བརྩམས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་ མཚོ་མཇལ་ཞིང་བརྩེ་བས་རྗེས་སུ་བཟུང་སྟེ། རྒྱལ་དབང་རིན་པོ་ཆེ་ དང་མཉམ་དུ་པེ་ཅིན་ལ་ཕེབས་ཏེ་རྒྱལ་མོ་ཚི་ཞི་ཐེ་ཧུའུ་དང་ཞོན་ཐུན་ རྒྱལ་པོ་བཅས་ལ་མཇལ་འཕྲད་ཐོབ། དེ་ལྟར་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགུང་ལོ་བཅུ་དགུ་པར་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་བཅུ་གཅིག་པ་ཡིན་ནོ། ། སྟོང་འཁོར་བློ་བཟང་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྟོང་འཁོར་མཁར་དུ་བོད་པ་རྡོ་རིང་པའི་རུས་སུ་སྐུ་འཁྲུངས་ རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་སྟོང་འཁོར་བློ་ བཟང་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་བྱས་ ཧོར་ཆེན་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ལས་རབ་བྱུང་བསྒྲུབས་ཤིང་ མདོ་སྔགས་ཆོས་ཀྱི་དབང་ལུང་གསན། འགྲོ་བའི་བསོད་ནམས་དམན་ པས་སྐུ་ཚེ་མཐར་མ་འཁྱོལ་བར་དགུང་ལོ་བཅུ་གཅིག་པར་དགོངས་པ་ ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་བཅུ་གཉིས་ པ་ཡིན་ནོ། ། སྟོང་འཁོར་བློ་བཟང་བསྟན་པའི་ཉི་མ།། [778] ལོར་ཅོང་པེ་སུའི་ཧོར་ཤོར་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་སྐུ་གོང་མ་སྟོང་འཁོར་ཐུབ་བསྟན་འཇིགས་མེད་རྒྱ་ མཚོའི་སྤྲུལ་སྐུར་ངོས་འཛིན་བྱས། ཤིང་བཟའ་བློ་བཟང་བསྟན་པའི་ དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་རབ་བྱུང་བསྒྲུབས་ཏེ་དུས་ འཁོར་ཆེན་མོའི་དབང་ཆེན་གསན། འགྲོ་བའི་བསོད་ནམས་དམན་ པས་སྐུ་ཚེ་མཐར་མ་འཁྱོལ་བར་དགུང་ལོ་བརྒྱད་ཀྱི་སྟེང་ནས་དགོངས་ པ་ཆོས་དབྱིངས་སུ་འཐིམས། སྐུ་གདུང་ལ་གཞོན་ཤ་ཆགས་ཤིང་ འཕེལ་གདུང་སྐྲ་སེན་སྐྱེས་པ་སོགས་ངོ་མཚར་ཆེ་བ་ཞོན་ཐུན་ཁྲི་ལོ་དང་ པོ་སྟེ་སྤྱི་ལོ་་ལོའི་བར་དུ་དད་ལྡན་རྣམས་ཀྱིས་མངོན་སུམ་དུ་ མཇལ་བར་གྲགས། ཁོང་ནི་སྟོང་འཁོར་སྐུ་ཕྲེང་བཅུ་པ་ཡིན་ནོ། ། སྟོང་འཁོར་བློ་བཟང་བྱང་ཆུབ་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དཔའ་རིས་ཆུ་བཟང་ལུང་བར་སྔོ་ཁོ་ཚ་རྒྱུད་དུ་ཡབ་བསམ་གྲུབ་ཚེ་ རིང་དང། ཡུམ་ཨ་མ་སྐྱིད་མོ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་གར་ཀ་ ལོན་སྦུག་ཏུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་ མ་སྟོང་འཁོར་བློ་བཟང་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་རྒྱ་མཚོའི་ སྤྲུལ་སྐུར་ངོས་འཛིན་བྱས། དགུང་ལོ་བདུན་པར་སྟོང་འཁོར་དགོན་དུ་གདན་འདྲེན་ཞུས་ཤིང། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་ [779] དེ་ནས་སྐུ་ འབུམ་དགོན་གྱི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་ བསམ་མཛད་ཅིང་རིགས་ལམ་ལ་མཁས་པའི་གྲགས་པ་ཐོབ། ཐུན་ མོང་རིག་གནས་ཀྱི་སྐོར་ལ་ཡང་སྦྱངས་པ་དཔྱིས་ཕྱིན་པ་མཛད་ དགུང་ལོ་ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས། དེའི་ཕྱི་ ལོ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་ཁྲི་འདོན་གྱི་མཛད་སྒོ་ ལ་ཞུགས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། དགུང་ལོ་སོ་ གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོ་ ནས་ལོ་ངའི་རིང་དུ་སློབ་བུ་བསྐྱངས། མཆོད་རྟེན་ཐང་གི་འདུ་ཁང་ ཆེན་མོ་ཞིག་གསོ་བྱ་རྒྱུར་ཐུགས་ཁུར་མཛད་ཅིང་ལས་སྣེ་བསྐོ་བཞག་ གནང། རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ པེ་ཅིན་དང། ནང་སོག་ཏུང་པིན་སོགས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ གྲུབ་འབྲས་གསར་བར་གཟིགས་སྐོར་དུ་ཕེབས། དགུང་ལོ་སོ་བདུན་ པ་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱ་གར་དུ་ གནས་མཇལ་ཞིང་དེ་ནས་ཀ་ལོན་སྦུག་ཏུ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་ རྒྱ་ཆར་བསྐོར། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཕྲན་གྱི་སློབ་དཔོན་ཨ་ལགས་དོར་ཞི་ གདོང་དྲུག་སྙེམས་བློ་སོགས་མང་དུ་བྱོན། ཁོང་ནི་སྟོང་འཁོར་སྐུ་ ཕྲེང་བཅུ་གསུམ་པ་ཡིན་ནོ།། [780] སྟོང་འཁོར་ཟླ་བ་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་ཕོ་སྤྲེལ་ལོ་སྟེ་་ལོར་བར་ ཁམས་སྟོང་འཁོར་ཙར་ངོས་རོང་བུ་ལུང་དུ་སྤྲང་པོའི་ཁྱིམ་ཚང་དུ་སྐུ་ འཁྲུངས། རབ་བྱུང་དགུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འདུལ་འཛིན་གྲགས་པ་ རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་བྱས། དེ་ནས་སེམས་དཔའ་བཀྲ་ ཤིས་རྒྱལ་མཚན་སོགས་ལ་བསྟེན་ཏེ་རབ་བྱུང་བསྒྲུབས་ཤིང་འདུལ་བའི་ ཆོས་སྐོར་བཅས་ལ་ཐོས་བསམ་མཛད། མི་ཉག་རབ་སྒང་ཕྱོགས་སུ་ ཕེབས་ཏེ་སློབ་གཉེར་མཛད་ཅིང་ནག་འཇིགས་སྐོར་གསུམ་དང་དམག་ ཟོར་གཙོ་བོར་བསྟེན། དེ་ནས་དབུས་སུ་ཕེབས་ཏེ་སེར་སྨད་དུ་ཞུགས་ ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཛད། རང་ཡུལ་དུ་ བྱོན་ནས་སྔོན་གྱི་བོན་པོའི་དགོན་གནས་བོན་ཁང་སྒང་བ་ཞེས་པར་ སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་བཏབ་ཅིང་སྐུ་གསུང་ཐུགས་ རྟེན་མང་དུ་བཞེངས། གཞི་གསུམ་གྱི་ཕྱག་ལེན་དང་མདོ་སྔགས་ཀྱི་ འཆད་ཉན་བཙུགས། ལྕམ་སྲིང་ཆོས་སྐྱོང་བྲན་དུ་བཀོལ་ནས་བཀའ་ སྲུང་དུ་བསྐོས་ཏེ་གཡང་ལ་མཆོངས་པའི་ནུས་མཐུ་ལྡན་པས་སྙན་ གྲགས་ཤིན་ཏུ་ཆེའོ། ཁོང་གི་མཚན་གཞན་ལ་བྱང་སེམས་ཟླ་བ་རྒྱལ་ མཚན་ཞེས་ཞུའོ། ཁོང་ནི་སྟོང་འཁོར་སྐུ་ཕྲེང་དང་པོ་ཡིན་ནོ།། སྟོང་འཁོར་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ བར་ཁམས་ཝ་ཏོ་བཧོ་ཞེས་པར་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་མོ་ [781] ཁོང་དགུང་ལོ་ཆུང་ངུའི་ དུས་ནས་སྐུ་གོང་མ་སྟོང་འཁོར་ཟླ་བ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་ འཛིན་ཞུས། དགུང་ལོ་བརྒྱད་པར་མཁན་ཆེན་དཀོན་མཆོག་རྒྱལ་ མཚན་ལས་རབ་བྱུང་བསྒྲུབས། དཀའ་བཅུ་བསོད་ནམས་དོན་གྲུབ་ སོགས་ལས་བཀའ་ཆོས་མང་དུ་གསན། དེ་ནས་རྫ་བཀྲ་ཤིས་བསམ་ གླིང་དང། རྟེ་ཤོད། སྤོ་མདའ། འབུམ་གླིང། རོང་བོ་ཀིརྟི་ དགོན། དྭ་ཚང་དགོན། དམུ་དགེ་དགོན། ཟུང་ཆུ་དགོན་སོགས་ སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་བསྒྲུབས། དེ་ནས་མཛོ་དགེའི་ ཕྱོགས་སུ་བྱོན་ཏེ་ར་རོང་ཆོས་གྲགས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་ གསན། ཅོ་ནེ་དཔོན་ཁག་གིས་གདན་ཞུས་ལྟར་ཕེབས་ཏེ་བཀའ་ཆོས་ མང་དུ་གནང། དེ་ནས་བྱམས་པ་འབུམ་གླིང་དང། ཧན་སྟག་ལུང་ ཁ་གྱ། རྒན་གྱ། ཐོའུ་ཇུ། ཚ་རྡོ། ཁུ་ཤ་ཁྲ་བོ་སོགས་སུ་ཕེབས་པ་ དང་སྟག་ཚང་ལྷ་མོའི་གནས་སྒོ་ཕྱེས། དགུང་ལོ་ཉེར་གསུམ་པར་རྒྱལ་ བ་བསོད་ནམས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཨལ་ཐན་ གྱི་མཆོད་གནས་སུ་ལོ་འགའ་བཞུགས། རྒྱལ་བ་རིན་པོ་ཆེའི་བཀའ་ ལྟར་ཆ་ཧར་དུ་ཕེབས་ནས་མཛད་འཕྲིན་སྤེལ། རབ་བྱུང་བཅུ་པའི་ཆུ་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དབུས་སུ་ཕེབས་ཤིང་སེ་འབྲས་དགེ་ གསུམ་དང། བཙུན་མོ་ཚལ། ཡེར་བ་སོགས་དགོན་སྡེ་ཆེ་ཕྲ་དུ་མར་ མང་འགྱེད་དང། སྡེ་བ་སྐྱིད་ཤོད་པ་དཔོན་གཡོག་ལ་རྡོར་ཕྲེང་གི་ དབང་གནང། སེ་རའི་མཁན་ཁྲིར་ལོ་ཤས་བཞུགས། དེ་ནས་འབྲི་ གུང་ཏུ་ཕེབས་ཏེ་རྗེ་དྲུང་ཤེས་རབ་དབང་བོར་ཆོས་འབྲེལ་ཞུས་ཤིང་ [782] དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་སུམ་ཅུ་སོ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་ ཁོང་གི་གསུང་རྩོམ་ནི་ སྟོན། ཁོང་ནི་སྟོང་འཁོར་སྐུ་ཕྲེང་གཉིས་པ་ཡིན་ནོ།། སྟོད་སྟོན་དཀོན་མཆོག་སྐྱབས།། ཁོང་ནི་རོག་སྟོན་དཀོན་མཆོག་སྐྱབས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། སྟོད་ལུང་བ་དཀོན་མཆོག་ཆོས་བཟང།། ཁོང་གི་འཁྲུངས་པའི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་ སྟོད་ལུང་ཡིན། རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ཐོག་མར་ཆུ་བཟང་དགོན་གྱི་ཆོས་སྒོར་ཞུགས་ ནས་ཐུན་མོང་གི་རིག་གནས་བཅས་ལ་བྱང་བར་མཛད། དེ་ནས་ དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་ཀྱི་བཀྲ་ཤིས་སྒོ་མང་གྲྭ་ ཚང་གི་ཆོས་སྒོར་ཞུགས་ཤིང་འདུལ་བ་དང། མངོན་པ་གོང་འོག་ དབུ་མ། ཕར་ཕྱིན་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། རྒྱུད་ སྟོད་དུ་ཞུགས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་ཆོ་ག་ཕྱག་ ལེན་དང་བཅས་པར་སློབ་གཉེར་རྨད་དུ་བྱུང་བ་མཛད། རྒྱུད་པ་དང་ ཤར་རྩེ་སོགས་ཀྱི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ས་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཁོར་ལོ་ བསྐོར། ཁྲི་ཟུར་ནས་རིན་ཆེན་གླིང་དང། གསང་སྔགས་མཁར་ [783] དགུང་ལོ་གྱ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་ དངུལ་གདུང་ཆོ་འཕྲུལ་མཆོད་རྟེན་བཞེངས་ཏེ་ལི་མ་ལྷ་ཁང་ཤར་གྱི་ གཙོ་བོའི་གཡོན་དང་པོར་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་དགུ་པ་ཡིན་ནོ།། སྟོད་ལུང་བ་ངག་དབང་ཆོས་གྲགས།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྟོད་ལུང་མདའི་དངོས་གཞིར་སྐུ་འཁྲུངས། རབ་བྱུང་དགུ་པའི་ ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ དགུ་པར་རབ་ཏུ་བྱུང་ཞིང་བཅུ་དགུ་པར་བསྙེན་པར་རྫོགས། མདོ་ སྔགས་རིག་གནས་ལ་མཁས་པར་གྱུར་པས་རྒྱུད་སྟོད་པའི་འཆད་ཉན་ དང། ཤར་དུ་ལོ་བཅུ་གཉིས་བཞུགས། དགུང་ལོ་བཞི་བཅུ་ཞེ་ བརྒྱད་པ་རབ་བྱུང་དགུ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བཞིའི་རིང་དུ་གསེར་ཁྲི་བསྐྱངས་ ཤིང་ཟབ་རྒྱས་ཆོས་ཀྱི་འཆད་ཉན་ལེགས་པར་མཛད། དངུལ་གདུང་ རིན་པོ་ཆེའི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཉི་མའི་གཟི་བྱིན་ འཕྲོག་ནུས་པ་བཞེངས། དགུང་ལོ་ལྔ་བཅུ་ང་གཅིག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ ཁྲི་རབས་བཅུ་དགུ་པ་ཡིན་ནོ།། སྟོད་ལུང་བ་དཔལ་འབྱོར་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ [784] རབ་ བྱུང་བཅུ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུའི་དུས་ནས་མཁས་པའི་ཕུལ་དུ་ཕྱིན་པས་ར་བ་སྟོད་ཀྱི་འཆད་ ཉན་པ་མཛད་མུས་རྒྱུད་སྟོད་པའི་བླ་མ་དང། འཁོར་ཚོགས་རྒྱ་མཚོས་ བསྐོར་བའི་དབུས་སུ་མངོན་པར་མཐོ་བ་དང་བཅས་འོལ་དགར་ ཕེབས། དགའ་ལྡན་ཤར་དང་རྒྱུད་སྤྲེལ་བའི་བླ་མ་མཛད། དགུང་ལོ་ ལྔ་བཅུ་ང་བདུན་པ་རབ་བྱུང་བཅུ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། གཟིམས་ཁང་ ཆེན་མོའི་ཞིག་གསོ་དང་ལྡེབས་བྲིས་གནང། ལྷ་ས་སྨོན་ལམ་ཆེན་ མོའི་གྲལ་དབུ་རྒྱུན་དུ་མཛད། དགུང་ལོ་དྲུག་ཅུ་རེ་བཞི་པར་རྒྱལ་ ཁང་རྩེར་ཟུར་བཞུགས་མཛད་པས་ཆོས་རྗེ་རྒྱལ་ཁང་རྩེ་བར་འབོད་ དེ་ནས་སོག་ཡུལ་དུ་ཕེབས་ཏེ་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་ ལེགས་པར་བསྐོར། ཆོས་སྡེ་ཆེན་པོ་སྐྱོར་མོ་ལུང་དང། ཕག་མོ་ཆོས་ སྡེ། འབར་ཚག་ཆོས་སྡེ། དཔལ་འབར། ཐང་སྐྱ། རིན་ཆེན་གླིང་ སོགས་ཀྱི་ཞལ་འཛིན་མཛད། དགུང་ལོ་བདུན་ཅུ་དོན་བཞི་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་ དངུལ་གྱི་ལྷ་བབས་མཆོད་རྟེན་བཞེངས་ཏེ་ལི་མ་ལྷ་ཁང་ཤར་གྱི་གཙོ་ བོའི་གཡས་དང་པོར་བཞུགས་ཤིང་དུས་མཆོད་ཀྱང་ཚུགས་སོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ཉི་ཤུ་རྩ་ལྔ་པ་ཡིན་ནོ།། སྟོད་ལུང་པ་རིན་ཆེན་སྙིང་པོ།། [785] སྐུ་འཁྲུངས། རབ་བྱུང་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ལ་སོགས་པའི་དགེ་ བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ལྷག་པར་དུ་བཀའ་ གདམས་པའི་ཆོས་སྐོར་ཐམས་ཅད་ལ་ཤིན་ཏུ་བྱང་བར་གྱུར་ནས་ཀུན་ གྱི་དགེ་བའི་བཤེས་གཉེན་དུ་གྱུར། ཁོང་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ ཏི་ལ་ཤམ་ཐབས་ཀྱི་ཁྲལ་ཡང་འཇལ་མྱོང་ཞིང་ཆོས་ཀྱང་མང་དུ་ གསན། བྱ་ཡུལ་བ་ཆེན་པོ་གཞོན་ནུ་འོད་ནི་ཐོག་མར་ཁོང་གི་སློབ་མ་ ཡིན་ཡང་རྗེས་སུ་ཁོང་གི་སློབ་དཔོན་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་ཉེ་ གནས་སུ་ཕུལ་བར་མཛད། དུས་ཕྱིས་སུ་ཁོང་གིས་སྟོད་ལུང་བཙན་ འགྲོ་དགོན་པ་གསར་འདེབས་མཛད་ཅིང་དགེ་འདུན་མང་པོའི་ཚོགས་ པ་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ ཁོང་གིས་ཚོགས་པ་བསྐྱངས་སྐབས་ཕྱོགས་སོ་སོའི་དགེ་འདུན་པ་སུམ་ བརྒྱ་ཙམ་རེ་འདུས་པས་བཤད་སྒྲུབ་ཀྱི་བསྟན་པ་ཤིན་ཏུ་དར་བར་ མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ བཀའ་གདམས་པའི་དགེ་བཤེས་སྙན་གྲགས་ཅན་ཞིག་ཡིན་ནོ།། སྟོབས་ར་ཤིབ་ཤང།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཨེ་ཤོ་ལེགས་ཀྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ།། [786] ཐང་དཀར་བློ་བཟང་ཆོས་འཛིན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་དུ་ཡབ་སྒོམ་པ་བྱམས་དང། ཡུམ་བོ་ཅོག་ སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཨ་ཁྱུང་ཞབས་དྲུང་གི་མདུན་ ནས་རབ་བྱུང་བསྒྲུབས། དགུང་ལོ་བཅོ་ལྔ་པར་དབུས་གཙང་དུ་བྱོན་ ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭར་ཞུགས་ཤིང་ཨ་རིག་ དགེ་བཤེས་དགེ་ལེགས་བཟང་པོ་དགེ་རྒན་དུ་བསྟེན། གཞུང་བཀའ་ པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་གླིང་བསྲེའི་དཀའ་ བཅུར་ཐོན། འཛིན་གྲྭའི་སྐྱོར་དཔོན་ཡང་མཛད། དགུང་ལོ་ཉེར་ གཉིས་པར་བླ་མ་བྱམས་པ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་ གཉིས་པར་བླ་མ་བྱམས་པ་ལས་བསྙེན་པར་རྫོགས། དགུང་ལོ་སོ་ བདུན་པར་ལྷ་རམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་བརྒྱད་པར་ ལྕགས་རྭ་བདེ་ཆེན་དཔལ་འབར་གྱི་མཁན་པོར་ཕེབས། དགུང་ལོ་ཞེ་ གསུམ་པར་རྒྱལ་རོང་རྩེ་ལྷ་སྒྲུབ་ཁང་དུ་ལོ་གསུམ་ལ་མཚམས་བཞུགས་ དེ་ནས་མདོ་སྨད་དུ་ཕེབས་ཏེ་རྒན་གྱའི་བྲག་དཀར་ཁྲི་ལ་ལོ་གསུམ་ [787] རབ་བྱུང་བཅུ་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཅིག་ཏུ་ གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་ བཅས་ལ་དོ་དམ་གང་ལེགས་མཛད། ཁྲི་ཟུར་ནས་རང་དགོན་རུ་ངར་ ཐོས་བསམ་དར་རྒྱས་གླིང་དུ་ཐུགས་དམ་ལ་གཞོལ་མུས་དགུང་ལོ་དོན་ དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་གདན་རབས་ཞེ་དྲུག་པ་ཡིན་ནོ།། ཐང་སྟོང་རྒྱལ་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་གཙང་ལ་སྟོད་གཡས་རུ་བྱང་པའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་ སྡིངས་ ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས་ སུ་ཡབ་རྡོ་རྗེ་རྒྱལ་མཚན་ དང། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བརྒྱད་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་གཙང་སྟོད་རི་བོ་ ཆེར་ ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས་ སྐུ་གཤེགས། ཁོང་གི་བྱིས་ པའི་མིང་ལ་ཁྲོ་བོ་དཔལ་ལྡན་དུ་འབོད། ཡབ་ཡུམ་གཉིས་ཀྱིས་ཁོང་ དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེའི་འབྲི་ཀློག་ སློབ་པས་ལེགས་པར་མཁྱེན། ཉི་མ་སེང་གེ་ལས་རབ་ཏུ་བྱུང། མདོག་ སྟོད་སྐྱ་རའི་དགོན་པའི་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་ བསྙེན་པར་རྫོགས་ཏེ་མཚན་ལ་བརྩོན་འགྲུས་བཟང་པོ་གསོལ། ངམ་ རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་ལས་སྡེ་སྣོད་ཀྱི་རིགས་ལམ་མང་ པོ་གསན་ཏེ་ས་སྐྱར་དཀའ་བཞིའི་གྲྭ་སྐོར་བྱོན། དེ་ནས་ཀུན་སྤངས་ [788] རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་ བ་སོགས་ལས་གསང་སྔགས་གསར་རྙིང་དང། མེ་རླུང་གི་སྒོམ་ཐབས་ གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་ བཞུགས། དེ་ནས་ཁོང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་མཛད་ དེ་སྤྱིར་མདོ་དབུས་ཁམས་གསུམ་དང། སྒོས་སུ་ཀོང་པོ་དང། ཀློ་ ཡུལ། མོན་ཡུལ། པ་གྲོ་སོགས་ལ་ཕེབས་ཏེ་ལྕགས་ཀྱི་སློང་མོ་དང་ ལྕགས་ཁ་སྔོག་འདོན། ལྕགས་བཞུ་རྡུང་དང་འདྲེན་པ་སོགས་ཐབས་ ཤེས་ཡོད་རྒུའི་སྒོ་ནས་སྐྱིད་ཆུ་དང། གངས་ལ་ཀློང་ཁ། དཔལ་ཆུ་བོ་ རི། དཔལ་རི་བོ་ཆེ། འཇད་བཀྲ་ཤིས་རྩེ། གཙང་སྟོད་ཡོངས་རུ་ སྟོད་ལུང། ཉ་མགོ་གྲུ་ཁ། འབྲི་གུང་ཆོས་འཁོར་སྒང། གཞུ་སྣ་ མོན་ཡུལ་འཛོམས་དང། བག་གྲོང། འབྲི་ཆུ། རྫ་ཆུ། ཉག་ཆུ་ སོགས་ཆུ་ཀླུང་རྦ་རླབས་འཁྲུག་པའི་སྟེང་དུ་ལྕགས་ཟམ་ལྔ་བཅུ་ང་ བརྒྱད། ཤན་ཆེན་དང་གྲུ་འདྲིས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་ དྲུག་ཅུ་ཐམ་པ་བཙུགས་ཡོད། ད་དུང་ཁོང་གིས་སྔོན་ཆད་བོད་རིགས་ ཀྱི་སྲོལ་རྒྱུན་ཟློས་གར་དང་ཟློས་གར་འཁྲབ་གཞུང་ལ་སློབ་སྦྱོང་དང་ཁ་ སྐོང་བྱས་པར་མ་ཟད། སྤོབས་པ་ཆེན་པོས་སྔོན་ཆད་དགོན་པ་ནང་ ནས་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་དེ་ཉིད་ལས་བརྒལ་ཏེ། རྒྱ་ཆེ་ བའི་ངལ་རྩོལ་མི་དམངས་ཀྱི་ཁྲོད་དུ་དར་སྤེལ་དང་ཁྱབ་གདལ་དུ་ བཏང་བ་རེད། ལྕགས་ཟམ་འཛུགས་སྐྲུན་ལ་མཐུན་རྐྱེན་སྒྲུབ་པའི་ ཆེད་དུ་ཡུལ་ལུང་སོ་སོ་ལ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་མི་སེམས་ ཐམས་ཅད་གཅིག་ཏུ་སྒྲིལ་ཏེ་ངལ་རྩོལ་གྱི་འབྱུང་ཁུངས་རྙེད་པ་རེད་ [789] ། མཁས་པ་ལ་ལས་ཁོང་སྤྱི་ལོ་་ལོར་འཁྲུངས་པ་དང། སྤྱི་ལོ་ ་ལོར་འདས་པར་འདོད་པས་ད་དུང་དཔྱད་དགོས་ ཐར་པ་ཀླུ་ཡི་དཔལ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་མཆོང་ རྒྱས་ཡུལ་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་བློན་ བཙན་པོ་དྲུག་གི་ཡ་གྱལ་ཞིག་ཡིན་ནོ།། ཐར་མི་ཆི་བློ་བཟང་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཙ་ཡུས་དཔོན་བརྒྱུད་དུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་བཅོ་ལྔ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁྲི་རྒན་ངག་དབང་བཀྲ་ ཤིས་ལས་རབ་ཏུ་བྱུང་ཞིང་ཆོས་གྲྭར་ཞུགས། བསྡུས་གཞུང་དང་ གཞུང་བཀའ་པོད་ལྔ་ལ་ལེགས་པར་སྦྱངས། དགུང་ལོ་ཉི་ཤུ་ཐམ་ པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལས་བསྙེན་པར་ རྫོགས་ཤིང་མི་ཏྲའི་དབང་ཆེན་གསན། རྔ་བ་ཆོས་སྐྱོང་དང་ཁྲི་ཆེན་ རྒྱལ་མཚན་སེང་གེ། མཚོ་བཞི་བློ་བཟང་དར་རྒྱས། སྡེ་ཁྲི་བློ་བཟང་ དོན་གྲུབ་སོགས་ལས་ལམ་རིམ་དང། སྔགས་རིམ། རིམ་ལྔ་གསལ་ སྒྲོན། ལེགས་བཤད་སྙིང་པོ་བཅས་མཐའ་ཡས་པ་གསན། དགུང་ལོ་ ང་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་གླིང་གསར་འདེབས་མཛད་ [790] སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ ལོ་ངོ་ཉི་ཤུའི་རིང་དུ་གདན་ས་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ ཉན་ལེགས་པར་མཛད། དགུང་ལོ་དོན་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁ་གྱའི་ཁྲི་པ་ངག་ དབང་མཆོག་ལྡན་དང། གྲྭ་ཚ་དཔལ་འཛིན། དཔོན་སློབ་ངག་ དབང་སངས་རྒྱས། བདེ་ཐང་བློ་བཟང་ཡོན་ཏན་བཅས་ཡིན་ནོ།། ཐར་ལོ་ཉི་མ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་བསྟན་པའི་ཆོལ་སྒོར་ཞུགས་ཏེ་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་བལ་ཡུལ་དང་རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་མང་པོ་ཞིག་ཐར་བ་གླིང་དུ་བཞུགས་ཤིང་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ ལོ་བསྐོར་བའི་མདོ། ལྔའི་ཕན་ཡོན་གྱི་མདོ། རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་བཏུལ་བའི་མདོ། [791] ཆེན་པོའི་མདོ། ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པའི་རབ་ བྱེད་དང་པོ། བརྒྱད་པ། བཅུ་ང་གཉིས་བཞུགས་སོ།། ཐར་ཤུལ་དཀོན་མཆོག་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རྩེ་གཞུང་དུ་ཡབ་ཐར་ཤུལ་ངག་དབང་བཀྲ་ ཤིས་དང། ཡུམ་ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་གུང་ཐང་འཇམ་པའི་དབྱངས་ ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ཐག་བཅད་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་ གྱི་གདན་སར་བཀོད་ཅིང་རབ་བྱུང་བསྒྲུབས། གཡག་ཤུལ་ཆོས་བཟང་ དར་རྒྱས་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་བཅས་ལ་ ལེགས་པར་སྦྱངས། དགུང་ལོ་བཅུ་གཅིག་པར་ཆོས་གྲྭར་ཞུགས་ནས་ བསྡུས་གཞུང་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་ མཛད་དེ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། གུང་ ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་ནམ་མཁའ་སྒོ་ [792] གཞན་ཡང་ཀུན་མཁྱེན་འཇམ་བཞད་ དང། སྡེ་ཁྲི་འཇིགས་མེད་རིགས་པའི་སེང་གེ་གླིང་དཀོན་མཆོག་ དགྱེས་པའི་བློ་གྲོས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་ བཅས་ལས་བཀའ་ཆོས་ཅི་རིགས་གསན་པར་མཛད། རྡོ་རམས་པའི་ མཚན་བཏགས་བཞེས། དགུང་ལོ་སོ་བཞི་པར་བདེ་མོ་ཐང་དགའ་ ལྡན་ཆོས་འཁོར་གླིང་གི་ཁྲི་ལ་ཕེབས་ཏེ་འཆད་ཉན་དང་གཏོང་སྒོ་ གང་གི་ཐད་ནས་ཀྱང་གྲྭ་ཟུར་མ་ཉམས་པ་བསྐྱངས། དགུང་ལོ་ཞེ་ གཅིག་པར་དབུས་སུ་ཕེབས་ཏེ་རྩེ་ཤོད་དང། བྲག་ཡེར་བ། ལ་མོ་ རྫིང་ཕྱིས། གདན་ས་མཐིལ། ཟངས་རི་མཁར་དམར། མངའ་ རིས་གྲྭ་ཚང། ཡར་ལུང་རྟེན་གསུམ་གནས་གསུམ། རྣམ་རྒྱལ་ལྷ་ ཁང། བསམ་ཡས། རྒྱང་རྩེ། བཀྲ་ཤིས་ལྷུན་པོ། ས་སྐྱ། རོང་ བྱམས་ཆེན། སྙེ་ཐང་སོགས་ཀྱི་གནས་རྟེན་རྣམས་ལ་ཞིབ་མཇལ་དང་ མཆོད་འབུལ་མཛད། དགུང་ལོ་ཞེ་གཉིས་པར་མདོ་སྨད་དུ་ཕེབས་ཏེ་ ཨུརྒེའི་ཁྲི་ལ་བཞུགས། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་བཞི་པའི་ ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཁྲི་ཟུར་ནས་དམུ་དགེ་ དགོན་དང། ཨ་མཆོག་དགོན། བྲག་རྭ་དགོན། སྨྲ་སེང་གླིང་ བཅས་ཀྱི་ཁྲི་ལ་བཞུགས་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། རྔ་ བ་དང། མཛོད་དགེ་ཉིན་སྲིབ། དབལ་ཤུལ། སོག་པོ་མདའ་ བཅུ་གཅིག་ཧོར་བོད། རོང་ཚོ་ཆེན་བཅོ་བརྒྱད་སོགས་སུ་ཕེབས་ཏེ་ [793] དེ་ ལྟར་འགྲོ་དོན་རེ་ཞིག་རྫོགས་ནས་དགུང་ལོ་རེ་དགུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ རབས་ཞེ་གཅིག་པ་ཡིན་ནོ།། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཙོང་ཁའི་རི་རྒྱུད་རེབ་ཀོང་ཆ་ཇིའི་ཀླུ་མཁར་དུ་ཡབ་རྡོ་ རྗེ་རབ་བརྟན་དང། ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་ བདུན་པར་དགེ་འདུན་ཡར་འཕེལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་ སྡོམ་པ་དཀྱུས་གཅིག་ཏུ་བཞེས། མཚན་ལ་དགེ་འདུན་ཆོས་སྐྱོང་རྒྱ་ མཚོ་ཞེས་གསོལ། དགུང་ལོ་བཅུ་བཞི་པར་བདེ་ཆེན་དགེ་ཚོགས་གླིང་ གི་ཆོས་གྲྭར་ཞུགས། ཕྱི་ནང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་ཉི་ཤུ་ཐམ་པར་ རྗེ་ངག་དབང་བསྟན་འཛིན་ལས་དགེ་སློང་གི་སྡོམ་པ་བཞེས། དགུང་ ལོ་ཉེར་གཅིག་པར་མགུར་དགོན་རྣམ་རྒྱལ་གླིང་གི་གདན་ཁྲིར་ཕེབས་ དགོན་པའི་ཀུན་སྤྱོད་དང། ཆོ་ག་ཕྱག་ལེན་ཚང་མར་ཉམས་པ་སོར་ ཆུད་དང་མི་ཉམས་གོང་འཕེལ་སྒོ་ནས་ལེགས་པར་བསྐྱངས། དགུང་ ལོ་ཉེར་བཞི་པར་རང་ཉིད་ཀྱི་གདན་ས་བདེ་ཆེན་ཆོས་གླིང་དུ་ཕེབས་ ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པས་གྲྭ་ཚོགས་རྒྱས་ཤིང་ [794] དགུང་ལོ་ཉེར་བརྒྱད་ནས་སོ་ བརྒྱད་བར་ལོ་བཅུའི་རིང་དབེན་པར་ཉམས་ལེན་གཙོ་བོར་མཛད་ དགུང་ལོ་སོ་དགུ་པར་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ནས་ རྒྱལ་པཎ་རྣམ་གཉིས་མཇལ་ཞིང་ཆོས་འབྲེལ་ཞུས། དེ་ནས་མི་རིང་ བར་མདོ་སྨད་དུ་ཚུར་བྱོན། སྔ་རྗེས་སུ་བྲག་དཀར་གྱི་འདུ་ཁང་ བདེ་ཆེན་ཆོས་གླིང་གི་འདུ་ཁང། རོང་བྲག་རྡོ་རྗེ་རྫོང་གི་འདུ་ཁང་ རྭ་རྒྱ་དགོན་གྱི་འདུ་ཁང། ལྷ་རི་བསམ་གཏན་གླིང་གི་འདུ་ཁང་བཅས་ གཙུག་ལག་ཁང་ཉི་ཤུ་ཙམ་གསར་བཞེངས་མཛད། བླ་བྲང་བཀྲ་ཤིས་ འཁྱིལ་དུ་ཐེངས་གསུམ་ཕེབས་ཏེ་རྗེ་ཤེས་རབ་རྒྱ་མཚོ་ལས་དབང་ ལུང་མན་ངག་མང་དུ་གསན། དགུང་ལོ་ང་བརྒྱད་པར་འཇམ་མོའི་གྲྭ་ ཚང། ཅོག་རོང་གྲྭ་ཚང། ཧོར་རྒྱའི་གྲྭ་ཚང། མི་ཉག་གྲྭ་ཚང་ བཅས་གྲྭ་ཚང་ལྔའི་འདུ་ཁང་བཞེངས། དགུང་ལོ་དྲུག་ཅུ་པ་ནས་ བཟུང་རང་དགོན་དུ་གཙོ་བོ་བཞུགས་ཐོག་ཉེ་འཁོར་གྱི་དགོན་སྡེ་ཁག་ ལ་དམ་ཆོས་བསྩལ། དགུང་ལོ་དོན་ལྔ་པར་མཁར་སྔོན་ཧུ་ཐོག་ཐུའི་ སྤྲུལ་སྐུར་རབ་བྱུང་གི་སྡོམ་པ་གནང་ནས་མཚན་ལ་དགེ་འདུན་བསྟན་ པ་ཕུལ་བྱུང་ཞེས་གསོལ། ཁོང་ནི་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་ཕྲེང་ བཞི་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཤིང་བཟའ་སྤྲུལ་སྐུ་བློ་ བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། ཁྲི་ཆེན་བློ་ གྲོས་རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ། ལ་མོ་ཞབས་ དྲུང་དཀར་པོའི་སྤྲུལ་སྐུ་དགེ་འདུན་བསྟན་འཛིན་ནོར་བུ། རྒྱ་ལུ་ཧུ་ ཐོག་ཐུའི་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་དར་བཅས་ཡིན། ཁོང་གི་ [795] ཁྲིད་ཡིག་བསླབ་བྱ། ཆབ་ཤོག་སྒྲུབ་ ཐབས་བཅས་ཆོས་ཚན་སོ་གཅིག་གིས་པོ་ཏི་གཅིག་ཏུ་བསྡུས་པ་ཐར་ ཤུལ་དགོན་དུ་ཤིང་པར་བཞུགས་སོ།། ཐི་ཤོ་ལེགས།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་ པོ་འབྲོང་ཞི་ལེགས་དང། ཡུམ་མཚོ་སྨན་འབྲོང་མོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། ཁོང་གིས་དབོན་གསས་ཕུ་ལུ་གྲུ་འཛིན་བསྟེན་ཞིང་ལྷ་ བོན་སེག་གཤེན་བདུད་འདུལ་གྱིས་མཛད། སྐུ་མཁར་རྩེ་མ་ཁྱུང་རྒྱལ་ བཞེངས་ཏེ་བཙུན་མོ་ས་སྨན་བུ་མོ་ཁབ་ཏུ་བཞེས་ཤིང་རིགས་སྲས་ཨི་ཤོ་ ལེགས་སྐུ་འཁྲུངས། ཁོང་གི་བང་སོ་གཡའ་སྤང་མཚམས་སུ་བཏབ་ ཁོང་ནི་བར་གྱི་ལེགས་དྲུག་ནང་གི་ལྔ་བ་ཡིན་ནོ།། ཐུགས་རྗེ་དཔལ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ དཔལ་ཨེའི་དགོན་དུ་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀར་ སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཁས་པ་ཆེན་པོར་གྱུར། ལེགས་ སྦྱར་གྱི་སྐད་ཡིག་ལ་བྱང་བར་མཛད་ནས་བསྟན་བཅོས་གཅིག་ཙམ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་གསུང་རྩོམ་ནི་ འགྲེལ་བ་ལུང་གི་མཚན་གསལ་བྱེད་ཡིད་བཞིན་ནོར་བུ། བསྒྱུར་ རྩོམ་ནི་ [796]། ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ལྷོ་ཁ་གྲྭ་ནང་རྫོང་དུ་ཡབ་བཀྲ་ཤིས་དབང་འདུས་དང། ཡུམ་གཡུ་ སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཤིང་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་རྣམ་རྒྱལ་དོན་གྲུབ་ཅེས་ཞུའོ། དགུང་ལོ་ཆུང་ངུའི་དུས་ནས་ ལྷོ་ཁ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་མཚན་ལ་ཐུབ་བསྟན་ལྷུན་ གྲུབ་ཅེས་གསོལ། དེ་ནས་ལྷ་སར་ཕེབས་ཏེ་སྨན་རྩིས་ཁང་དུ་བཞུགས་ ཤིང་མཁས་དབང་མཁྱེན་རབ་ནོར་བུ་དང། བཀྲས་ཁང་སྤྱི་ཁྱབ་ མཁན་པོ་བྱམས་པ་ཐུབ་དབང། འཇམ་དཔལ་རོལ་བའི་བློ་གྲོས་ བཅས་ཀྱི་ཞབས་ལ་གཏུགས་ནས་གསོ་རིག་དང་རྩིས་རིག་ལ་སྦྱངས་པ་ ཕུལ་དུ་ཕྱིན་པ་མཛད། རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་ ཚབ་མཛད་སྐབས་ཁོང་ལ་རྩེ་དྲུང་ལས་ཚན་གནས་ལྔ་པའི་གོ་གནས་ གསོལ་རས་བསྩལ། དེ་ནས་བཟུང་སྨན་རྩིས་ཁང་གི་རིག་གནས་སྐོར་ གྱི་སློབ་ཁྲིད་འགན་ཁུར་རྒྱུན་དུ་ཕྱག་ལས་གནང། སྟག་བྲག་ངག་ དབང་གསུང་རབ་མཐུ་སྟོབས་རྒྱལ་ཚབ་མཛད་སྐབས་ཁོང་ལ་རྒྱལ་བ་ བསྟན་འཛིན་རྒྱ་མཚོའི་བླ་སྨན་དང་མཁན་ཆུང་གི་གོ་གནས་གནང་ དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་བཅར་བླ་སྨན་གྱི་འགན་ ཁུར་བཞེས་ཏེ་པེ་ཅིན་དུ་ཕེབས། དགུང་ལོ་ལྔ་བཅུ་ཐམ་པར་དགོངས་ [797]། ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་བཞི་ ཙམ་ལ་ཕེབས་དུས་དགོན་ལུང་དགོན་གྱི་གྲྭ་རིགས་རྣམས་ཀྱིས་ཐུའུ་ བཀྭན་བློ་བཟང་རབ་བརྟན་གྱི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ དགོན་ལུང་བྱམས་པ་གླིང་དུ་གདན་དྲངས། ལྕང་སྐྱ་ངག་དབང་ཆོས་ ལྡན་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་ངག་དབང་ཆོས་ཀྱི་རྒྱ་ མཚོ་ཞེས་གསོལ། དུས་དེ་ནས་བཟུང་ལྕང་སྐྱ་ངག་དབང་ཆོས་ལྡན་ ལས་མཚན་ཉིད་ཐེག་པའི་གཞུང་དང་དབང་ལུང་རྗེས་གནང་བཅས་ པའི་ཆོས་སྐོར་མང་དུ་ཞུས། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་ སྒོ་མང་གྲྭ་ཚང་དུ་ཞུགས། འཇམ་དབྱངས་བཞད་པའི་རྡོ་རྗེ། རྒྱལ་ སྲས་འཇིགས་མེད་གྲགས་པ། མཁན་པོ་བློ་བཟང་སྦྱིན་པ་སོགས་ལས་ ཕྱི་ནང་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པ་སྦྱངས། པཎ་ཆེན་ དཔལ་ལྡན་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་རང་ ཡུལ་དུ་ཕེབས། དགུང་ལོ་ཉེར་ལྔ་པར་དགོན་ལུང་གི་མཁན་ཁྲིར་ བཞུགས། ཁྲི་ཐོག་ཉེར་བཞི་པ་ཡིན། གདན་ཁྲིར་བཞུགས་རིང་ འཆད་ཉན་དང་ཀུན་སྤྱོད་ལེགས་པར་དམ་བཟུང་མཛད། དགུང་ལོ་ བཞི་བཅུ་ཙམ་ལ་གོང་མ་བདེ་སྐྱིད་རྒྱལ་པོས་པེ་ཅིན་དུ་གདན་དྲངས་ དགུང་ལོ་ཞེ་གཅིག་པར་གོང་མས་རྒྱལ་བ་སྐུ་ཕྲེང་བདུན་པ་ཁྲིར་འགོད་ [798] དབུས་ནས་མཛད་སྒོ་ཐམས་ ཅད་ཡོངས་སུ་གྲུབ་ནས་པེ་ཅིན་དུ་ཕྱིར་ཕེབས། གོང་མ་ཡུང་ཊིང་ གིས་མཇལ་འཕྲད་མཛད་ནས་ཐམ་ཀ་བླ་མའི་གོ་གནས་གནང། དེ་ ནས་མཚོ་སྔོན་དུ་དམག་འཁྲུག་ལངས་པས་རྒྱ་དམག་རྣམས་ཀྱིས་དགོན་ པ་མང་པོ་མེ་ལ་བསྲེགས། བསྟན་འཛིན་སྐྱེས་བུ་མང་པོ་བཀྲོངས། དེ་ རྗེས་ལྕང་སྐྱ་རོལ་བའི་རྡོ་རྗེ་ཁོང་གཉིས་བགྲོས་ཐོག་ཐབས་མཁས་ཀྱིས་ གོང་མར་ཞུས་པས་དགོན་རྣམས་གསར་བཞེངས་ཆོག་པའི་བཀའ་ལུང་ ཐོབ། འགྲོ་སོང་རྣམས་ཀྱང་རྒྱལ་པོའི་མཛོད་ནས་བཏང། བླ་གྲྭ་ རྣམས་ལ་གོང་མའི་མཛོད་ནས་ཕོགས་སྐལ་གནང། གོང་མས་ཇིང་ ཟིའུ་ཆན་ཞི་སྟེ་རྣམ་དག་བསླབ་ལྡན་བསམ་གཏན་གྱི་སློབ་དཔོན་ཞེས་ པའི་ཆོ་ལོ་དང་ཐམ་ཀ་བཅས་གནང། དགུང་ལོ་ལྔ་ལྔ་པར་གོང་མ་ལ་ གནང་བ་ཞུས་ནས་རང་ཡུལ་དུ་ཕེབས། དགོན་ལུང་གཙོས་པའི་མདོ་ སྨད་ཀྱི་དགོན་ཆེ་ཆུང་ཚང་མར་མང་འགྱེད་དང་སྤྱི་འཇོག་བླ་མ་ལས་ སྣེ། མཚོ་སྔོན་གྱི་དཔོན་ཁག་ཐམས་ཅད་ལ་གནང་སྐྱེས་ཕུན་སུམ་ ཚོགས་པར་བསྩལ། དགོན་ལུང་དགོན་པའི་རྒྱབ་རི་ལ་རི་ཁྲོད་ཅིག་ གསར་དུ་བཏབ་ནས་སྐུ་ཚེ་མཐའ་མའི་བཞུགས་གནས་མཛད། ཁོང་ གི་གསུང་རྩོམ་ནི་ ལྔའི་དཔེར་བརྗོད། བཞུགས་སོ།། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།། [799] ལོར་མདོ་སྨད་ཕོ་རོད་ལང་གྲུའི་ཕུན་ཚོགས་ལུང་པར་པྲ་སྟིའི་རིགས་སུ་ གྱུར་བའི་ཡབ་དཔུང་སྐྱབས་རྒྱལ་དང། ཡུམ་བ་རི་བཟའ་ཆོས་མཚོ་ སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པའི་སྟེང་ དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་ དབང་པོས་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་སྐུ་ཕྲེང་དུ་ངོས་ འཛིན་མཛད་དེ་དགོན་ལུང་དགོན་དུ་གདན་འདྲེན་ཞུས། བདེ་རྒུ་ ངག་དབང་དགེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་བསྙེན་བསྒྲུབས། དམར་ གཙང་དཔོན་ཆུང་བློ་བཟང་ཆོས་འཛིན་ལས་ཡི་གེ་བསླབས། སུམ་པ་ ཡེ་ཤེས་དཔལ་འབྱོར་ལས་རབ་ཏུ་བྱུང། དགོན་ལུང་གི་ཆོས་གྲྭར་ ཞུགས། དགུང་ལོ་བཅུ་གསུམ་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་དགེ་ ཚུལ་བསྒྲུབས། དགུང་ལོ་བཅུ་དགུ་བར་དབུས་སུ་ཕེབས་ནས་འབྲས་ སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཁོང་གིས་པཎ་ཆེན་དཔལ་ལྡན་ཡེ་ ཤེས་དང། ཀུན་མཁྱེན་འཇིགས་མེད་དབང་པོ། ཕུར་ལྕོག་བྱམས་པ་ རིན་པོ་ཆེ། ལྕང་སྐྱ་རོལ་པའི་རྡོ་རྗེ། ས་སྐྱ་བདག་ཆེན་ཀུན་དགའ་བློ་ གྲོས་སོགས་སློབ་དཔོན་བཅུ་ཕྲག་གསུམ་ལྷག་ལ་བསྟེན་ནས་མདོ་སྔགས་ རིག་གནས་ཀྱི་གཞུང་ལུགས་ལ་གསན་སྦྱོང་མཐར་ཕྱིན་པར་མཛད་ དགུང་ལོ་ཉེར་གསུམ་པར་གཞུང་ནས་ཞྭ་ལུ་མཁན་པོར་བསྐོས། དགུང་ ལོ་ཉེར་ལྔ་བར་དགོན་ལུང་དགོན་པའི་མཁན་པོ་མཛད་པས་མཁན་ རབས་སོ་བཞི་བ་ཡིན། དགུང་ལོ་ཉེར་བདུན་པར་གོང་མའི་བཀའ་ [800] གོང་མས་ཧོ་ཐོག་ཐུའི་གོ་ས་དང་ཆན་ཞིའི་ལུང་ ལས་གནང། ཁོང་གི་དཔོན་འབངས་ལ་བཀའ་ཆོས་གསུངས་པས་ འཕྲིན་ལས་ཀྱིས་ས་སྟེང་ཁྱབ། དགུང་ལོ་སོ་གཉིས་པར་རང་དགོན་ དུ་ཕེབས། དགུང་ལོ་སོ་བདུན་པར་གོང་མའི་བཀའ་བཞིན་སླར་པེ་ ཅིན་དུ་ཐེངས་གཉིས་པ་ཕེབས་པས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ མཛད། སྐུ་ཚེ་སྨད་དུ་དགོངས་པ་ཞུས་ཏེ་རང་དགོན་དུ་ཕེབས་ དགུང་ལོ་ང་གསུམ་པར་སྐུ་འབུམ་དགོན་པའི་ཁྲི་བ་མཛད་ནས་འཆད་ མཉན་གྱིས་དུས་འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི་རྣམ་ ཐར་དང་རྟོགས་བརྗོད་སྣ་ཚོགས། རྩིས་རིག་སྙན་ངག་ཆབ་ཤོག་ གྲུབ་མཐའ། གསང་སྔགས་ཀྱི་སྐོར་བཅས་བསྟན་བཅོས་ལྔ་བརྒྱ་ཙམ་ ཡོད་པ་པོ་ཏི་བཅོ་ལྔར་བསྡུས་ཏེ་དགོན་ལུང་དུ་ཤིང་པར་བརྐོས་ཡོད་ ཐུའུ་བཀྭན་བློ་བཟང་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་པྲ་ཏི་ཞྭ་དམར་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་འཇམ་དབྱངས་བཞད་ པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་དགེ་བསྙེན་དང་ རབ་བྱུང་བསྒྲུབས། དགུང་ལོ་བཅུ་གསུམ་པར་སྐུ་འབུམ་དགོན་དུ་ ཕེབས་ཏེ་སྐྱབས་རྗེ་ཆེ་ཤེས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་སྒོར་ཞུགས་ ཤིང་མཚན་ཉིད་གཙོ་མཛད་པའི་ཆོས་བཀའ་མང་དུ་གསན། དགུང་ ལོ་བཅོ་ལྔ་པར་གསེར་གྱི་རྒྱལ་ཁབ་ཆེན་མོར་བྱོན་ཏེ། གོང་མ་ཞན་ [801] པོས་སྐུ་ཚེ་སྔ་མའི་འཇའ་ས་བཀའ་དྲིན་དུ་བསྩལ། དགུང་ལོ་བཅོ་ བརྒྱད་པར་རང་ཡུལ་དུ་ཕེབས་ཏེ་སྐུ་འབུམ་དགོན་དུ་ཆིབས་བསྒྱུར་ མཛད་ནས་ཆོས་འབྲེལ་གྱི་བཀའ་དྲིན་གནང། དེ་ནས་དགོན་ལུང་དུ་ བྱོན་ཏེ་བཀའ་པོད་ལྔའི་གཞུང་ལ་ཐོས་བསམ་ནང་བྱན་ཆུད་པ་མཛད་ ཁོང་གིས་ལྷག་པར་དུ་སུམ་པ་མཁན་ཆེན་དང། སྡེ་ཁྲི་འཇམ་དབྱངས་ ཐུབ་བསྟན་ཉི་མ། ཡོངས་འཛིན་ཞང་ལ་རབ་འབྱམས་པ་བསྟན་པ་རྒྱ་ མཚོ་སོགས་ལ་བསྟེན་ནས་སྔ་ཕྱི་ལན་དུ་མར་མདོ་སྔགས་ཀྱི་ཆོས་རྒྱུན་ མང་པོས་ཐུགས་ཀྱི་བང་མཛོད་ཡོངས་སུ་གང། ལྷག་པ་ཚུལ་ཁྲིམས་ ཀྱི་བསླབ་པའི་གཞི་རྩ་ཡོངས་སུ་བརྟན་པའི་སྒོ་ནས་ཏིང་ངེ་འཛིན་དང་ ཤེས་རབ་ཀྱི་བསླབ་པ་ལ་ཐུགས་དམ་ཉམས་བཞེས་ནན་ཏན་དུ་མཛད་ གོང་མའི་ཕོ་བྲང་དུ་ལན་དུ་མར་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་སྤེལ་ བ་དང། གོང་མའི་ཆབ་སྲིད་ལ་སྨན་པའི་མཛད་འཕྲིན་ལེ་ཤོར་མེད་ པར་བསྐྱངས། རང་དགོན་དུ་སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་ དང་བཅས་པ་ལན་དུ་མར་བཞེངས་པ་སོགས་ཆོས་སྲིད་ཀྱི་བཀའ་དྲིན་ ཚད་མེད་པ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ ནས་བརྩིས་པའི་ཐུའུ་བཀྭན་གྱི་སྐུ་ཕྲེང་ལྔ་པ་ཡིན་ནོ།། ཐུའུ་བཀྭན་བློ་བཟང་རབ་བརྟན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ མཚོ་སྔོན་ཐུའུ་བཀྭན་གྱི་རིགས་སུ་སྐུ་འཁྲུངས། ཁོང་གཞོན་ནུའི་ [802] དགོན་ལུང་དུ་བྱོན་ཏེ་རབ་བྱུང་བསྒྲུབས། དེ་ནས་གཙང་དུ་ཕེབས་ཏེ་ བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ཤིང་པཎ་ཆེན་བློ་བཟང་ཆོས་རྒྱན་ གྱི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ གསན། དེ་དུས་བཀྲ་ཤིས་ལྷུན་པོར་རྗེ་འདི་བ་གཞུང་ལུགས་རབ་ འབྱམས་སྤྱི་དང། ཁྱད་པར་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་ཕུལ་ དུ་ཕྱིན་པར་ཀུན་ལ་གྲགས། རྒྱལ་སྲས་བློ་བཟང་བསྟན་འཛིན་གྱིས་ ཀྱང། མང་དུ་ཐོས་པའི་གདེངས་ཀ་རབ་མཛེས་ཤིང། ལུང་རྟོགས་ རྒྱ་མཚོ་ཆེ་ལ་དབང་འབྱོར་བ། སྨྲ་བའི་དབང་ཕྱུག་དམ་པ་ཀླུ་ཡི་ དབང། བློ་བཟང་རབ་བརྟན་ཞབས་ལ་གསོལ་བ་འདེབས་ཞེས་ བསྔགས་བརྗོད་མཛད། དེ་ནས་མདོ་སྨད་དུ་བྱོན་ཏེ་ཐོག་མར་ཏས་ ཐུང་དགོན་པ་ཆེ་བའི་བླ་མ་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ ལ་ཕེབས་ནས་ཆོས་སྲིད་ཟུང་འབྲེལ་གྱིས་ཚོགས་པ་བསྐྱངས། མཚོ་ སྔོན་པོའི་དཔོན་ཁག་འགའ་ཞིག་ཀྱང་སྦྱིན་བདག་ཏུ་གྱུར། དེ་ནས་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་ རབས་བཅུ་བདུན་པ་ཡིན་ནོ།། ཐུར་མ་འཇམ་དབྱངས་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཧ་རོལ་ཅིན་དུ་སྐུ་འཁྲུངས། གདུང་རུས་ [803] རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གིས་བློ་བཟང་བླ་མ་ལས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་སྤྱོད་བཅས་ལ་ལེགས་པར་བསླབས། ཐར་མི་ཆི་ ལས་རབ་བྱུང་བསྒྲུབས། ལྷ་མོ་དབྱངས་ཅན་མ་བསྒྲུབས་པས་ཤེས་རབ་ འཕེལ། བླ་བྲང་གི་ཆོས་གྲྭར་ཞུགས་ཏེ་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་ དང། སྒྲ། སྙན་ངག་རྩིས་དཀར་ནག་ལ་སྦྱངས་པས་མཁས་གྲགས་ རྒྱས། རིས་མེད་ཀྱི་མན་ངག་མང་པོ་རྩལ་འདོན་དང། རབ་གནས་ སྦྱིན་སྲེག་སྨན་དཔྱད་སྣ་ཚོགས། གཏོར་མའི་བཅའ་བཟོ། ལས་ རིམ། གཟུངས་གཞུག་བཟོའི་འཕྲུལ་དུ་མ། འཁོར་ལོ་བྲི་ལྟེབས་ སོགས་ལས་ཚོགས་རབ་འབྱམས་ལ་མངའ་བརྙེས། དགུང་ལོ་ལྔ་བཅུ་ པར་གྲྭ་ཚང་གི་དགེ་བསྐོས་ལ་བཞུགས་ཤིང་འགྲིག་ལམ་ཀུན་སྤྱོད་ བཅས་ལ་དོ་དམ་གང་ལེགས་མཛད། དགུང་ལོ་དོན་གཉིས་པ་རབ་ བྱུང་བཅུ་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་ རིང་དུ་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་ཡར་ལྡན་དུ་ བསྐྱངས། ཁྲི་ཟུར་ནས་ཐུགས་དམ་ཉམས་བཞེས་མུར་དགུང་ལོ་གྱ་ གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བརྒྱད་པ་ཡིན་ནོ།། ཐུར་ལ་བ་ཚུལ་ཁྲིམས་སྐྱབས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན། ཁོང་གིས་བྱ་ཁང་བ་ [804] དཔྱིས་ཕྱིན་པ་སྦྱངས་པས་ཆོས་རིམ་ལྔའི་མན་ངག་དང་བཅས་པ་ ཐུགས་སུ་ཆུད། དེ་ནས་ལོ་ངོ་བཅུ་གཉིས་རིང་དུ་ཤམ་ཐབས་མ་གྱོན་ པར་སྟན་ཐོག་གཅིག་ཏུ་བསྒོམས་པས་གྲུབ་པ་བརྙེས་ཏེ་བསྐྱེད་རིམ་ལ་ བརྟན་པ་ཐོབ་པས་ལྷ་དངོས་སུ་ཞལ་གཟིགས། རྫོགས་པའི་རིམ་པ་ལ་ རྟགས་ཐོན་ཞིང་ངག་རྡོ་རྗེའི་བཟླས་པ་འབྱོངས། སྣང་བ་ཐམས་ཅད་ སྒྱུ་མར་ཤར། ཐུགས་འོད་གསལ་གྱི་ངང་ལ་བཞུགས། ཟུང་འཇུག་ གི་ཏིང་ངེ་འཛིན་ལ་གནས་ནས་ཐ་དད་ཀྱི་རྟོག་པ་ཐམས་ཅད་བཅོམ་ སངས་རྒྱས་དང་འདྲ་བ་ཞིག་བཞུགས་པ་ཡིན། ཁོང་གི་སློབ་མ་མཆོག་ ཏུ་གྱུར་པ་ནི་ཐང་བེ་བ་འཕགས་པ་སྐྱབས་ཡིན།། ཐེ་བུད་དཀོན་མཆོག་ཕུན་ཚོགས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཨ་བར་ཐེ་བུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་ དང། ཕར་ཕྱིན། དབུ་མ། མཛོད། རྣམ་འགྲེལ། འདུལ་བ་ བཅས་ལ་སྦྱངས་པ་ཕུལ་དུ་ཕྱིན་ཞིང་མཁས་པའི་སྙན་གྲགས་རྒྱས། དེ་ ནས་བྲག་དཀར་ཁྲི་ལ་བཞུགས་ཤིང་མདོ་སྔགས་ཀྱི་འཆད་ཉན་ཡུན་ རིང་དུ་བསྐྱངས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཤིང་ མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ ཚང་གི་ཁྲི་ལ་བཞུགས་ཏེ་ལོ་ངོ་བཞིའི་རིང་དུ་འཆད་ཉན་དང་གཏོང་སྒོ་ [805] དགུང་ལོ་རེ་ལྔ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་གསུམ་པ་ཡིན་ནོ།། ཐེ་བོ་བློ་བཟང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་རྗེ་མཁས་ གྲུབ་བསྟན་འཛིན་ལས་རབ་ཏུ་བྱུང། རྗེ་བློ་བཟང་རྒྱལ་མཚན་ལས་ རིག་པའི་གནས་དུ་མར་མཁས་པར་སྦྱངས། དགུང་ལོ་བཅོ་བརྒྱད་ པར་དགོན་གསར་རབ་རྒྱས་གླིང་གི་རྒྱུད་གྲྭ་འགྲིམས་ཏེ་ཆོ་ག་ཕྱག་ལེན་ གྱིས་མཚོན་རྒྱུད་དོན་གྱི་གདམས་པ་ལ་བྱང་ཆུབ་པར་མཛད། ཡབ་རྗེ་ དཧྭ་ཛ་ལས་སྤྱི་ཆོས་དང་ཟུར་ཆོས་གང་གནང་གསན་ཞིང་སྐུ་ཚེ་དང་ སྙོམས་པར་བསྟེན། ཀུན་མཁྱེན་འཇིགས་མེད་དབང་པོ་དང། སྡེ་ ཁྲི་བློ་བཟང་དོན་གྲུབ། གུང་ཐང་འཇམ་པའི་དབྱངས། གླིང་དཀོན་ མཆོག་དགྱེས་པའི་བློ་གྲོས། བཀའ་འགྱུར་བ་དཀོན་མཆོག་དཔལ་ འཛིན། ཁྲི་ཆེན་དཀོན་མཆོག་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་ གསན། རྗེ་རི་ཁྲོད་དབང་པོ་ལས་དགེ་སློང་གི་སྡོམ་པ་མནོས་ཏེ་ཚུལ་ ཁྲིམས་མིག་འབྲས་ལྟར་དུ་བསྲུངས། གུང་ཐང་རིན་པོ་ཆེའི་ ཐར་ཆོས་དུང་དཀར་པོའི་སྒྲ་དབྱངས། པའི་དཀར་ཆག་བྱང་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས། ལམ་རིམ་ཟིན་བྲིས། དགེ་ལྡན་བསྟན་འབར་མ་རྣམས་ཀྱི་དཔར་ [806] དོན་གཉེར་ཅན་མང་པོ་ལ་མདོ་སྔགས་རིག་གནས་ཀྱི་ བཤད་རྒྱུན་སྤེལ། དགུང་ལོ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་ཐེ་བོ་རབ་འབྱམས་པ་དཔལ་ལྡན་སེང་གེའི་སྐུ་ ཕྲེང་གསུམ་པ་ཡིན་ནོ།། ཐེ་བོ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དགའ་ལྡན་ ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་ སློབ་གཉེར་མཛད། དགུང་ལོ་སུམ་ཅུ་སོ་བཞི་པ་རབ་བྱུང་བཅུ་བཞི་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་གཞུང་ས་ཆེན་མོའི་བཀའ་ བཞིན་མདོ་སྨད་ཡུལ་གྲུ་ཁག་ལ་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་ མཚོའི་གསེར་སྡོང་བཞེངས་རྒྱུའི་ཆེད་དུ་འབུལ་སྡུད་མཁན་པོར་ཕེབས་ འདུག་དགུང་ལོ་བཞི་བཅུ་ཞེ་གཅིག་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི། ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས། ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ་དང་ རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་རྣ་བའི་ བཅུད་ལེན། བ་གདུང་སེལ་ག་བུར་གསར་པའི་ཆུ་རྒྱུན། པའི་པོད་གཅིག་བཞུགས་སོ།། [807] ཐེ་བོ་ལུང་བཟང་ནང་པ་བློ་བཟང་བསམ་གཏན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཐེ་བོ་སྟོད་མ་དྲེད་ལུང་ཡ་རེ་བྱ་བའི་གྲོང་དུ་དཔལ་ཚའི་རིགས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་འམ་སྤྲུལ་ལོ་ སྟི་སྤྱི་ལོ་ ་ ལོར་སྐུ་གཤེགས་པ་འདྲའོ། དགུང་ ལོ་བཅུ་གཉིས་པར་བྲག་དགོན་བླ་མ་བསྟན་པ་དར་རྒྱས་ལས་རབ་བྱུང་ དང་དགེ་ཚུལ་བསྒྲུབས། དགུང་ལོ་ཉི་ཤུ་ཐམ་པར་ཆས་པ་བློ་བཟང་ འཕྲིན་ལས་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་བརྒྱད་པར་ དབུས་མཇལ་དུ་ཕེབས། པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་ཞུས། རྗེ་དཀོན་མཆོག་བཀྲ་ཤིས་ ལས་འཇམ་དཔལ་ཞལ་ལུང་གི་ཁྲིད་གསན། རྒྱལ་དབང་སྐུ་ཕྲེང་བདུན་ པ་བསྐལ་བཟང་རྒྱ་མཚོ་མཇལ་ནས་ཆོས་འབྲེལ་ཞུས། དགུང་ལོ་ སུམ་ཅུ་བར་ཕྱིར་མདོ་སྨད་དུ་ཕེབས་ཤིང་ཨང་སྨོན་དཔོན་སློབ་དྲུང་དུ་ བྱོན་ནས་བླ་མའི་གཙོ་བོར་བསྟེན། གདམས་པ་མཐའ་དག་ཞུས། དེ་ ནས་ཁྱ་དགེ་དཔོན་སློབ་དང། རྗེ་བློ་བཟང་ཆོས་དཔལ། པཎ་ པཎྜྀ་ཏ་བློ་བཟང་སྦྱིན་པ། ཅོ་ནེ་གྲགས་པ་བཤད་སྒྲུབ། བྲག་དགོན་ བླ་མའི་སྤྲུལ་སྐུ། བཀའ་འགྱུར་པ་བློ་བཟང་ཉི་མ་སོགས་དགེ་བའི་ བཤེས་གཉེན་དུ་མར་བསྟེན་ནས་སློབ་གཉེར་ལ་དཀའ་སྤྱད་རྒྱ་ཆེར་ མཛད་དེ་བློ་གྲོས་ཀྱི་གཏེར་བརྡོལ་པས་སློབ་གཉེར་གྱི་རྩེ་མོར་སོན་ དགུང་ལོ་སོ་དྲུག་ཏུ་ཕེབས་པར་ལུང་བཟང་རི་ཁྲོད་དུ་དགའ་ལྡན་བྱང་ ཆུབ་ཆོས་འཕེལ་གླིང་བཏབ། དགུང་ལོ་ང་བརྒྱད་པར་རི་ཁྲོད་དུ་ [808] ཁོང་གི་གསུང་རྩོམ་ནི་ ལོང། བསླབ་བྱ། སྒྲུབ་ ཐབས། དཀར་ཆག་བཅའ་ཡིག་བཅས་ཁྱོན་བསྡོམས་ལེ་ཚན་བཞི་ བཅུར་ཉེ་བ་པོ་ཏི་གསུམ་དུ་བགྱིས་ནས་བཞུགས་སོ།། ཐོ་ཡོན་འཇམ་དབྱངས་འཕྲིན་ལས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ ཆོས་སྤྱོད་བཅས་ལ་བྱང་བ་མཛད། དགེ་བསྙེན་དང། རབ་བྱུང་ དགེ་ཚུལ་བཅས་ཀྱི་སྡོམ་པ་མནོས་ཤིང་ཚུལ་ཁྲིམས་མིག་འབྲས་བཞིན་ དུ་བསྲུངས། དེ་ནས་དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར་ ཏེ་གྲྭ་ས་ཆེན་པོ་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། རབ་བྱུང་བཅོ་ ལྔ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རང་གི་རྩ་བའི་བླ་མ་ཡེ་ ཤེས་དོན་གྲུབ་ཀྱི་རྣམ་ཐར་བརྩམས། མདོར་མ་སྐུ་ཚེ་གང་བོར་མཁས་ པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་མཛད་དོ། །ཁོང་ གི་གསུང་རྩོམ་ནི་ རྩ་བའི་དཀྱིལ་འཁོར། པ། རེད་མདའ་བའི་གསུང་ངག་དྲིས་ལེན། [809] རྟོགས་བརྗོད་དཔག་བསམ་འཁྲི་ཤིང། བཅུ་རེ་བདུན་ལོངས་པའི་པོད་དགུ་བཞུགས་སོ།། ཐོ་ཡོན་བློ་བཟང་ཆོས་འཛིན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། མཚོ་སྔོན་ པོའི་ཕྱོགས་ཀྱི་ཙུལ་གེ་ཇ་སག་བསོད་ནམས་དབང་རྒྱལ་གྱི་སྲས་སུ་སྐུ་ འཁྲུངས། ཁོང་ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རབ་རྒྱས་ཀྱི་ མདུན་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། སྐུ་འབུམ་དགོན་དུ་ ཕེབས་ཏེ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང་མཚན་ ཉིད་ཀྱི་རིགས་ལམ་ལེགས་པར་སྦྱངས། དེ་ནས་དཔལ་ལྡན་གསང་ སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་འདོན་ཆོ་ག་རྣམས་བློར་ འཛིན་དང་གར་ཐིག་དབྱངས་གསུམ་གྱིས་མཚོན་པའི་ཕྱག་ལེན་མན་ ངག་གི་སྐོར་ལ་སློབ་སྦྱོང་ཞིབ་རྒྱས་མཛད། གསུང་སྐད་བཟང་བས་ རྒྱུད་གཞུང་བྱང་འདྲེན་དང་བླ་མ་བྱང་འདྲེན་གཉིས་ཀར་བཞུགས་ དགུན་ཆོས་རྗེས་མའི་སྟེང་དུ་གྲྭ་ཚང་དུ་སྔགས་ཀྱི་དམ་བཅའ་བཞག་སྟེ་ ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྔགས་རམས་པའི་མིང་བཏགས་འཛིན་ རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས། རབ་བྱུང་བཅུ་བཞི་པའི་ ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་གང་ཡོད་མ་ཉམས་ གོང་འཕེལ་དུ་མཛད། སྐུ་ན་སྨིན་པའི་དབང་གིས་སྤྱན་མི་གསལ་ [810] གནང་ངོས་ཞི་བར་གཤེགས་སོ། ཁོང་ནི་སྐུ་འབུམ་དུས་འཁོར་དཔོན་ སློབ་ཀྱི་ཁྲི་རབས་བཅུ་བདུན་པ་དང། སྨན་པ་དཔོན་སློབ་ཀྱི་ཁྲི་ རབས་བཞི་བཅུ་ཞེ་གཉིས་པ་ཡིན་ནོ།། ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་འཛིན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སོག་ཡུལ་དུ་ཡབ་དཔལ་མཆོག་དང། ཡུམ་དཔལ་མོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་བྱིས་པའི་མིང་ལ་ འཇམ་དཔལ་རྡོ་རྗེ་ཞེས་ཞུ། དགུང་ལོ་བདུན་ནས་སོག་ཡིག་དང་ མན་ཇུའི་ཡི་གེ་བསླབས་ཤིང་མཁས་པར་མཁྱེན། དགུང་ལོ་བཅུ་དྲུག་ པར་ཨམ་བན་གྱི་ཞབས་ཕྱི་ཞུས་ཤིང་རྗེས་སུ་ནང་བློན་བྱས། དགུང་ ལོ་བཅུ་དགུ་པར་ཁྱིམ་ཐབ་བསུས་ཏེ་སྲས་གཉིས་བཙས། དགུང་ལོ་ ཉེར་གསུམ་པར་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་ཀྱི་ཞབས་ དྲུང་ནས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས་པས་ཡིད་འགྱུར་གྱི་མྱོང་བ་ ཐོན་ཞིང་ཐུགས་ཕྱུང། དགུང་ལོ་ཉེར་ལྔ་པར་འཁོར་བ་ལ་ངེས་འབྱུང་ སྐྱེས་ཏེ་རྩིས་ཐང་མཁན་ཆེན་གྱི་ཞབས་དྲུང་དུ་སྐྲ་ཕུད་ཕུལ་ཞིང་དགེ་ བསྙེན་བསྒྲུབས། གྲུབ་པའི་དབང་ཕྱུག་བློ་བཟང་ཚེ་འཕེལ་དང་སྒོ་ མང་མཁན་པོ་མཐུ་སྟོབས་ཉི་མ་སོགས་ཀྱི་དྲུང་ནས་རྒྱལ་བའི་བཀའ་ དང་བསྟན་འགྱུར་ནས་བཟུང་སྟེ་པོ་ཏི་སུམ་བརྒྱ་དང། དབང་ཁྲིད་ བརྒྱ་ཚར་བཅས་ཀྱི་ལུང་རྒྱུན་གསན། དགུང་ལོ་ཉེར་བདུན་པར་གཙང་ དུ་ཕེབས་ཏེ་ལྷ་རྩེ་བ་ཡེ་ཤེས་བསྟན་འཛིན་གྱི་དྲུང་ནས་དགེ་ཚུལ་གྱི་ [811] མཚན་ལ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ ཞེས་གསོལ། དགུང་ལོ་ཉེར་བརྒྱད་པར་འབྲས་སྤུངས་སྒོ་མང་གྲྭ་ཚང་ གི་ཆོས་སྒོར་ཞུགས་ནས་ལོ་གཉིས་ཀྱི་རིང་དུ་གཞུང་ཆེན་དག་ལ་སྦྱངས་ པར་མཛད། དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་ ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་གུང་ཐང་བསྟན་པའི་ སྒྲོན་མེ་དང། དངུལ་ཆུ་བླ་མ་དབང་ཕྱུག་ཆོས་བཟང། གསེར་ཁང་ བློ་བཟང་བསྟན་འཛིན་རྒྱ་མཚོ། དབལ་མང་དཀོན་མཆོག་རྒྱལ་མཚན་ སོགས་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ཏེ་ དབང་ལུང་མན་ངག་མང་དུ་གསན། དེ་ནས་རི་བོ་རྩེ་ལྔ་དང་ གཙང། ས་སྐྱ། ངོར་དགོན། ཞྭ་ལི། སྟོད་ལུང། འཕན་པོ་ སྟག་ལུང། ཡེར་པ་ལྷ་རི་སོགས་སུ་ཕེབས་ཏེ་གནས་མཇལ་མཛད་ དགུང་ལོ་ལྔ་བཅུ་ང་ལྔ་ནས་དྲུག་ཅུ་རེ་གཅིག་བར་འབྲས་སྤུངས་ནས་ བཀའ་ཆོས་གནང། དགུང་ལོ་དྲུག་ཅུ་རེ་གཉིས་པར་ཁམས་འདུ་བིར་ ཕེབས་ནས་ཆོས་འཁོར་བསྐོར། དགུང་ལོ་དྲུག་ཅུ་རེ་གསུམ་པར་འབྲས་ སྤུངས་ནས་བཀའ་ཆོས་གསུངས། དགུང་ལོ་དྲུག་ཅུ་རེ་བཞི་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི་ དང། བསམ་འཁྲི་ཤིང། པོད་གཉིས་བཞུགས་སོ།། ཐོག་ཁ་བ་རིན་ཆེན་སེང་གེ་ [812] འདན་སྟོད་གྲོང་ཁྱེར་ཙོང་ངུར་ཡབ་རྡོ་རྗེ་སེང་གེའི་སྲས་སུ་སྐུ་ འཁྲུངས། གདུང་རུས་ནི་སྐྱུ་ར་ཡིན། རབ་བྱུང་ལྔ་པའི་ཤིང་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་དགུ་ པར་གཅུང་རྡོ་རྗེ་གྲགས་པ་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་རིན་ ཆེན་སེང་གེ་ཞེས་གསོལ། དེ་ནས་བཀའ་བརྒྱུད་གོང་མའི་གདམས་ ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཆོས་རྗེ་བླ་མའི་ གཟིམས་ཁང་ཐོག་ཁ་གསེར་ཁང་དུ་ལོ་བདུན་གྱི་རིང་དུ་འདག་སྦྱར་ སྨྲ་བཅད་མཛད་ཅིང་གྲུབ་པ་ཐོབ། དགུང་ལོ་ང་གསུམ་པར་འབྲི་གུང་ བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ ནས་གདན་ས་བསྐྱངས། དེའི་རིང་དུ་གཙུག་ལག་ཁང་དང་སྐུ་གསུང་ ཐུགས་རྟེན་མང་དུ་བཞེངས་པ་དང། དགེ་འདུན་རྣམས་ལ་བསྙེན་ བཀུར་ཕུན་སུམ་ཚོགས་པ་ཞུས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་ རབས་ལྔ་པ་ཡིན་ནོ།། ཐོག་ག་ཞབས་དྲུང་དཀོན་མཆོག་དགེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བསང་གཞུང་དར་ཅོག་ཐང་དུ་ཡབ་ཡུམ་སྐྱབས་དང་ ཡུམ་ཙ་ཡུས་ཨ་གནམ་བཟའ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བཞི་པར་སུམ་ར་མའི་ [813] ཁྲི་ ཆེན་བསོད་ནམས་དབང་རྒྱལ་ལས་རབ་ཏུ་བྱུང། མཚན་ལ་ངག་ དབང་བསྟན་པ་རབ་རྒྱས་ཞེས་གསོལ། དགུང་ལོ་བདུན་པར་དགེ་ སློང་བསྟན་འཛིན་རྒྱ་མཚོ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་ བཅས་ལ་བྱང་བར་སྦྱངས། རྗེ་འཇིགས་མེད་རིགས་པའི་སེང་གེ་ དང། རྒྱལ་མཁན་ཆེན། མཚམས་པ་བློ་བཟང་དཀོན་མཆོག་བཅས་ ལས་འཇིགས་བྱེད་ཀྱི་དབང་དང། ལམ་རིམ་ཆེན་མོའི་བཤད་ལུང་ སོགས་གསན། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་མཛད། དགུང་ ལོ་ཉི་ཤུ་ཐམ་པར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་ རྫོགས། དགུང་ལོ་སོ་བརྒྱད་པར་སྨོན་ལམ་རབ་འབྱམས་པའི་མཚན་ བཏགས་བཞེས་ཤིང་ལས་ཁའི་ཁྲི་བ་མཛད། དགུང་ལོ་བཞི་བཅུ་ ཐམ་པར་དུར་བེད་ཀྱི་གདན་འདྲེན་འབྱོར་ཏེ་སྐུ་འབུམ་བརྒྱུད་ནས་ ཕེབས་ཤིང་ཅུང་གར་དགོན་བདེ་ཆེན་རབ་རྒྱས་གླིང་དུ་གཞི་གསུམ་གྱི་ ཕྱག་ལེན་བཙུགས། དགུང་ལོ་ཞེ་དྲུག་པར་གདན་སར་ཕྱིར་ཕེབས་ ཏེ་བླ་གྲྭ་རྣམས་ལ་མཆོད་འབུལ་རྒྱ་ཆེར་མཛད། དགུང་ལོ་ང་ལྔ་པར་ བླ་བྲང་སྨན་པའི་ཁྲི་ལ་ལོ་གསུམ་བཞུགས། དགུང་ལོ་ང་བརྒྱད་པར་ དབལ་ཤུལ་ཁྲོ་ཁོའི་བླ་མར་པེཧྦྶ། དགུང་ལོ་རེ་གཉིས་པར་བདེ་མོ་ ཐང་གི་ཁྲི་ལ་ཕེབས་ཏེ་ལོ་ལྔ་བཞུགས། དགུང་ལོ་རེ་བདུན་པར་བླ་ བྲང་རྒྱུད་པའི་ཁྲི་བ་མཛད་ཅིང་གྱོད་གཞི་ཐམས་ཅད་ལེགས་པར་ བསྡུམས། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ [814] ཁྲི་ཟུར་ནས་ སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་ཏེ་དགུང་ལོ་བརྒྱད་ཅུར་ཉེ་ སྐབས་སྐུ་ཡི་བཀོད་པ་བསྡུས་སོ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ གདན་རབས་ཞེ་གཉིས་པ་ཡིན་ནོ།། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་ལྷ་ཁང་ཆེན་མོའི་ཤར་དུ་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་ དང། ཡུམ་མ་གཅིག་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བདུན་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་དྲུག་ པར་རབ་ཏུ་བྱུང། དེ་ནས་སློབ་དཔོན་ཆོས་ཀྱི་སེང་གེ་ལས་ཚད་མ་ སྡེ་བདུན་གསན། དགུང་ལོ་ཉེར་གཅིག་པར་དགེ་སློང་གི་སྡོམ་པ་ མནོས། བདག་ཉིད་ཆེན་པོ་ལས་སེམས་བསྐྱེད་དང། རྡོ་རྗེ་ཕུར་པ་ གཤེད་དམར། དུས་འཁོར་སོགས་ཀྱི་སྒྲུབ་ཐབས་དང་དབང་ལུང་མན་ ངག་རྗེས་གནང་དང་བཅས་པར་གསན། ཀུན་དགའ་རིན་ཆེན་དང་ ཆོས་རྗེ་མ་ཏི་པཎ་ཆེན་སོགས་ལས་ཀྱེ་རྡོར། གསང་འདུས། བདེ་ མཆོག་གསུང་ངག་རིན་པོ་ཆེ་དང་འབྲེལ་གདམས་པ་ཟབ་མོ་རྣམས་ ཐུགས་སུ་ཆུད་པར་མཛད། དེ་ནས་གནས་ངེས་མེད་དང་དགོན་ ཁག་སོ་སོར་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་དྲུག་ ཅུ་ཐམ་པར་གོང་མ་ཏཱ་མིང་རྒྱལ་པོས་ཕོ་བྲང་ཆེན་པོར་གདན་འདྲེན་ ཞུས་པ་ལྟར་ཕེབས་ནས་ལོ་ངོ་གཉིས་ཀྱི་རིང་དུ་བཞུགས་ཏེ་རྒྱལ་བློན་ [815] ཏེ་ཁོང་ལ་ཀུན་མཁྱེན་ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་ པོ། ནུབ་ཕྱོགས་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ ཆེན་པོའི་སངས་རྒྱས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་གསོལ་ ནས་གསེར་གྱི་འཇའ་ས་དམ་ཁ་ཁྱད་པར་ཅན་གནང། དེ་ནས་བོད་ དུ་ཕེབས་ཏེ་དཔལ་ལྡན་ས་སྐྱའི་གདན་སར་བཞུགས་ཏེ་འཆད་རྩོད་ རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་བླ་ཆེན་ཀུན་དགའ་རྒྱལ་མཚན་དང། བློ་ གྲོས་རྒྱལ་མཚན། འབྲི་གུང་རིན་པོ་ཆེ། ཐེལ་སྤྱན་སྔ་བ། སྟག་ ལུང་ཆོས་རྗེ། ཆོས་རྗེ་རཏྣ་ཀ་ར། ཚལ་པ་རིན་པོ་ཆེ་བཅས་ཡིན་ ཁོང་གི་གསུང་རྩོམ་ནི་ ལྡན་སྙེ་མ། འཁོར་ཡོངས་རྫོགས། ཡིག། བའི་གནས་ཀྱི་དྲིས་ལན། བཅས་ཤིན་ཏུ་མང་པོ་བཞུགས་སོ།། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྨད་ཐོན་པའི་ཞལ་ངོར་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་ མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་འབྲས་སྤུངས་སུ་ ཕེབས་ཏེ་སློབ་དཔོན་དཔལ་བློ་དང། ཡེ་ཤེས་བཟང་པོ་སོགས་ལ་ [816] ཕར་ཕྱིན། འདུལ་བ། མངོན་པ་གོང་ འོག་ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ཅིང་པོ་ཏི་བཅུ་ལྷག་གི་གྲྭ་སྐོར་མཛད། བ་སོ་ཆོས་ཀྱི་རྒྱལ་མཚན་ལས་ རྒྱུད་སྡེའི་སྐོར་གྱི་དབང་ལུང་མན་ངག་མང་དུ་ཞུས། རྒྱུད་པ་སྦྱིན་པ་ དཔལ་བ་དང་གྲགས་པ་བཟང་པོ་གཉིས་ལས་བསྙེན་པར་རྫོགས་ཤིང་ བཀའ་ཆོས་གསན། ཤར་རྩེ་ཤེར་འབྱུང་བློ་གྲོས་ལས་འགྲེལ་བ་བཞི་ སྦྲགས་སོགས་གསན་ཏེ་ལྷ་རིར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་ རབ་བྱུང་དགུ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་འབྲས་སྤུངས་ཀྱི་ གདན་སའི་ཁྲི་ལ་ཕེབས་ཏེ་ལོ་ངོ་བཅུ་གསུམ་གྱི་རིང་དུ་འཆད་ཉན་ མཛད། ཁྲི་ཟུར་ནས་སླར་ཡང་ལྷ་རིར་བྱོན་ཏེ་སྒྲུབ་པ་ཉམས་ལེན་ མཛད་ཅིང་ཐན་སྙེའི་ཆོས་སྡེ་རྒྱལ་བྱེད་ཚལ་ཕྱག་འདེབས་མཛད་དེ་ འཆད་ཉན་དར་ཞིང་སློབ་མ་མང་དུ་འདུས། དགུང་ལོ་དོན་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་མཁས་ བཙུན་ཡོན་ཏན་རྒྱ་མཚོ་ཞེས་ཞུའོ། ཁོང་ནི་འབྲས་སྤུངས་གདན་ སའི་མཁན་རབས་དགུ་པ་ཡིན་ནོ། ། ཐོན་མི་སམ་བཧོ་ཊ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་ས་ཆར་བློན་པོ་ ཐོན་མི་ཨ་ནུ་ར་ག་ཏའི་སྲས་སུ་སྐུ་འཁྲུངས། འཁྲུངས་ལོ་ལ་ད་དྲུང་ དཔྱད་དགོས། འདས་ལོ་མི་གསལ། ཁོང་ནི་རྗེ་བཙུན་འཇམ་ པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་གྲགས་པས་ཤེས་རབ་ཤིན་ཏུ་རྣོ་ལ་ [817] དགུང་ལོ་བཅོ་ལྔ་པར་རྒྱ་གར་ དུ་ཕེབས་ནས་ལོ་ངོ་བདུན་གྱི་རིང་དུ་བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་ པའི་སེང་གེ་བཅས་པཎྜི་ཏ་མང་པོར་བསྟེན་ནས་ཕྱི་ནང་ཐུན་མོང་གི་ རིག་གནས་དང། ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་བཅས་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བོད་དུ་ཕེབས། སྐུ་མཁར་མ་རུར་ དཔེ་མཚམས་བཞུགས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་ལས་བོད་ཡིག་སུམ་ ཅུ་གཏན་དུ་ཕབ་སྟེ་གངས་ཅན་བོད་ཀྱི་ཡི་གེ་གསར་བཅོས་ལེགས་པར་ མཛད། རྒྱལ་བློན་ཐམས་ཅད་ཞལ་འཛོམས་དགྱེས་སྟོན་མཛད་སྐབས་ རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བྱ་དཀའ་བའི་ལམ་ནས་དྲངས་པའི་ཡིག་ ཕུད་ཐོག་མར་ཕུལ། དེ་ནས་བློན་པོ་མགར་གྱི་རོགས་སུ་བལ་ཡུལ་ དུ་ཕེབས་ནས་བལ་བཟའ་ཁྲི་བཙུན་བོད་དུ་གདན་འདྲེན་ཞུས། རྒྱ་ ནག་ཏུ་ཕེབས་ནས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་ཞུས། ཁོང་ ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་གཙོ་བོ་ཞིག་ཡིན་ལ་མཛངས་མི་ མི་བདུན་ནང་གི་བཞི་པ་ཡིན། ཁོང་གི་གསུང་རྩོམ་ནི་ དང། མིའི་མདོ་རྫིའི་སྒྲ་མདོ། བསྒྱུར་རྩོམ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་ མདོ་ཏིང་ངེ་འཛིན་རྒྱལ་པོ། པ་ཏོག་དཀར་གྱི་མདོ། སྟོང་ཕྲག་བརྒྱ་བ། [818] ། ཐོས་པ་དགའ།། ཁོང་ནི་རྗེ་བཙུན་མི་ལ་རས་པ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། མཐའ་བཞི་དར་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་ ལེགས་པར་སྦྱངས་ཤིང་མཁས་པར་མཁྱེན། དེ་ནས་གསོ་བ་རིག་པ་ ལ་དད་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་དཔྱིས་ཕྱིན་ པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ ་ གྱིས་བླ་སྨན་དུ་དབང་བསྐུར། གོང་སྨན་དཀོན་ མཆོག་འཕན་དར་གྱིས་མཛད་པའི་ འབྱུང། ཐོར་ དཔྱད་མུ་ཏིག་ཕྲེང་སོགས་མཐའ་བཞིའི་ལུགས། ཁོང་གི་མཚན་གཞན་ལ་མཐའ་བཞི་རིན་ཆེན་ཞེས་ཞུའོ། །ཁོང་ནི་ བོད་སྨན་མཁས་པ་མི་དགུའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་གསུང་ རྩོམ་ནི་ བ། ། མཐིང་གི་བྱང་ཆུབ་མཆོག་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་འཇད་ [819] རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་བློན་དྲུག་ གི་ཡ་གྱལ་ཞིག་ཡིན་ནོ། ། [820] དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཏུ་མི་གསལ་ཡང་རབ་ བྱུང་བཅུ་གཅིག་པའི་ནང་དུ་ སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་ སྟོད་ཙམ་ གཡོན་རུ་དར་མོའི་ཡུལ་དུ་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་ སུ་སྐུ་འཁྲུངས་པར་ངེས། ཁོང་གིས་གླིང་སྟོད་ཉི་ཐང་བློ་བཟང་རྒྱལ་ མཚན་དང། དྲང་སྲོང་བསྟན་འཛིན་དར་རྒྱས་གཙོས་རྒྱ་བོད་སློབ་ དཔོན་བཅུ་ཕྲག་བཞི་ལྷག་ལ་བསྟེན་ནས་གསོ་བ་རིག་པའི་སྤྱི་དོན་གྱི་ ཁོག་ཕུག་དང། གཞུང་དོན་མཐའ་བཅད། མན་ངག་ལག་ལེན་གྱི་ གནད་དང་བཅས་པ་མཐའ་དག་ཁོང་དུ་ཆུད་པར་གསན་ནས་མཁས་ པའི་ཡང་རྩེར་སོན་པར་གྱུར། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་ བཟང་རྒྱ་མཚོའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་གི་སློབ་གྲྭ་གཉེར་ནས་སྐུ་ཚེ་ཧྲིལ་ པོར་གསོ་བ་རིག་པའི་དགོངས་དོན་འཆད་རྩོད་རྩོམ་གྱིས་དུས་འདའ་ བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མེར་མོ་བ་བློ་བཟང་ ཆོས་འཕེལ་དང། ལ་ར་བ་བློ་བཟང་དོན་ལྡན་གཉིས་ཡིན། ཁོང་ [821] གི་གསུང་རྩོམ་ནི། དཀའ་འགྲེལ་ལེགས་བཤད་གསེར་རྒྱན། མན་ངག་གི་དཀའ་གནད་རྡོ་རྗེའི་མདུད་བཀྲོལ། སྡོང་འགྲེམས་འབྲུ་འགྲེལ་ལེགས་བཤད་གསེར་གྱི་ཐུར་མ། ལེགས་བཤད་རྨད་དུ་བྱུང་བ་སྣ་ཚོགས་བཞུགས་སོ། ། དར་ཚང་བློ་བཟང་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཚེར་ཕུག་ཏུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྲུང་དགོན་པའི་ཆོས་སྒོར་ཞུགས་ཏེ་ར་ ཚ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་ཨུ་ཤི་དགེ་བཤེས་ཞབས་དྲུང་ གཉིས་ལ་བསྟེན་ནས་གཞུང་གསར་རྫོགས་པར་གསན། གསེར་ཁང་ བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་བྱུང་བསྒྲུབས། དེ་ནས་ དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཛད། རྒྱལ་བ་མཁས་ གྲུབ་རྒྱ་མཚོ་དང་ཚ་རྡོར་ངག་དབང་ཚུལ་ཁྲིམས་རྣམ་པ་གཉིས་དང་ མཇལ་ཞིང་ཆོས་འབྲེལ་ཞུས། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ པཎ་ཆེན་བསྟན་པའི་ཉི་མ་དང་མཇལ་ཞིང་ཆོས་འབྲེལ་ཞུས། ཐར་ ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དང་མཉམ་དུ་ཨ་མདོར་ཕེབས་ བྱ་ཁྱུང་དགོན་ནས་དབུ་ཕར་གྱི་དམ་བཅའ་གཞག་ཅིང་རྒྱུད་པའི་ཁྲི་ལ་ བཞུགས། རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ [822] ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ ལེན་བ་བརྩོན་ནས་དུས་འདའ་བར་མཛད། ཁོང་ནི་བྱ་ཁྱུང་དགོན་ པའི་གདན་སའི་མཁན་རབས་བདུན་ཅུ་དོན་བརྒྱད་པ་ཡིན་ནོ། ། དར་བཟའ་མ།། ཁོང་མོ་ནི་གདགས་ལྷ་དཀར་མོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། དིང་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་ པོ་མུ་ཁྲི་བཙན་པོ་དང། ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོའུ་སྨིན་དཀར་གྱིས་མཛད། གསས་ མཁར་ཁོ་མ་ཡོངས་རྩེ་བཞེངས་ཤིང་བཙུན་མོ་སོ་ཐམ་ཐམ་མ་ཁབ་ཏུ་ བཞེས་ཏེ་རིགས་སྲས་སོ་ཁྲི་བཙན་པོ་འཁྲུངས་སོ། ཁོང་གི་བང་སོ་ གནམ་ལ་བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་གསུམ་པ་ཡིན་ ནོ། ། དིང་རི་ཆོས་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་འགའ་ [823] ཡང་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། པོའི་བསྟོད་པ། ཡང། བསྟོད་པ། ། དུས་འཁོར་ངག་དབང་ཕུན་ཚོགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་བསྡུས་གཞུང་དང། གཞུང་བཀའ་ པོད་ལྔ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་རྡོ་རམས་པའི་ མཚན་བཏགས་བཞེས། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་ཀྱི་ ཐུགས་འགན་བཞེས་ནས་དཔོན་སློབ་ཡོངས་ཀྱི་ཐུགས་ཟིན་ངེས་བྱུང་ དུས་འཁོར་རྡོ་རྗེ་འཛིན་པར་ལོ་ཁ་ཤས་བཞུགས། དེ་ནས་དུས་འཁོར་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཤིང་ཆོས་འཆད་ཉན་དང་འགྲིག་ལམ་ ཀུན་སྤྱོད་བཅས་ལ་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་ཨ་རུ་ ཧོར་ཆེན་རྟག་བརྟན་པཱེ་ལིས་མཆོད་གནས་ཀྱི་བླ་མ་ཞིག་དགོས་ཚུལ་ ཞུས་པར་བརྟེན། ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་ལྟར་ དེ་ཕྱོགས་སུ་ཕེབས་ཏེ་ལོ་ཁ་ཤས་བཞུགས་ནས་མཛད་འཕྲིན་ཤིན་ཏུ་ རྒྱས་པ་བྱུང། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་གྲྭ་ཚང་སྤྱི་ སྒེར་ཐམས་ཅད་ལ་རྙེད་པ་དང་བཀུར་སྟིས་ཡང་དག་པར་མཆོད་དེ་ ཐུགས་དམ་གོང་འཕེལ་དུ་བཞུགས་པ་ལས་སླར་ཡང་རྟག་བརྟན་པཱེ་ [824] ལིས་ནན་གྱིས་སྤྱན་དྲངས་ཏེ་མཆོད་གནས་སུ་བཞུགས་ནས་འགྲོ་དོན་ མཛད། འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་ཞུ། ཁོང་ ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ བདུན་པ་ཡིན་ནོ། ། དུས་འཁོར་བ་ཡེ་ཤེས་རིན་ཆེན།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ལྡན་ས་སྐྱའི་བླ་བྲང་ཤར་དུ་ཕྱུག་པོ་རྗེ་བཙུན་སྐྱབས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རི་ བོ་རྩེ་ལྔར་སྐུ་གཤེགས། སྐུ་གཞོན་ནུའི་དུས་ནས་ས་སྐྱའི་ཆོས་ལུགས་ ཐམས་ཅད་ཐུགས་སུ་ཆུད་ཞིང་འཆད་ཉན་ཡང་མཛད་ཐུབ་པ་བྱུང་ འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཡིན་ཞིང་དུས་འཁོར་རྩ་ རྒྱུད་ལ་ཤིན་ཏུ་མཁས། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཤིང་ཀུན་ ན་བཞུགས་དུས་གདན་འདྲེན་ཞུ་མཁན་དུ་ས་སྐྱ་པ་ཐུན་མོང་ གི་ཚབ་མཛད་ནས་ཤིང་ཀུན་ཏུ་ཕེབས་པ་ཡིན། དེ་ནས་འགྲོ་མགོན་ ཆོས་རྒྱལ་འཕགས་པ་དང་འགྲོགས་ཤིང་གནམ་བསྐོས་གོང་མ་ཆེན་པོའི་ ཕོ་བྲང་དུ་ཕེབས། ཁོང་ནི་ས་སྐྱ་པ་འཁོན་གྱི་གདུང་བརྒྱུད་མིན་ཡང་ གོང་མ་ཆེན་པོ་སེ་ཆེན་རྒྱལ་པོའི་དད་པ་ཤིན་ཏུ་ཆེ་བས། ཕྱིས་སུ་སེ་ ཆེན་རྒྱལ་པོས་དབུས་བླ་སྟེ་ཊཱི་ཤྲཱིའི་གོ་གནས་གནང་ཞིང་བཀུར་བསྟི་ཆེན་ པོ་མཛད། སྤྱི་ལོ་་ལོ་ནས་སྤྱི་ལོ་་ལོའི་བར་དུ་ཏཱི་ཤྲཱིའི་ འགན་ཁུར་བཞེས། ཁོང་ནི་གནམ་བསྐོས་གོང་མ་ཆེན་པོ་སེ་ཆེན་ རྒྱལ་པོའི་དབུ་བླ་སྟེ་ཏཱི་ཤྲི་བཞི་པ་ཡིན། ། [825] དུང་མཚོ་རས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་དུ་ ཡར་ཀླུང་གཡག་མཁར་སྔོན་པོར་ཡབ་ཞང་སྒོམ་འབྱུང་གནས་འོད་དང་ ཡུམ་ཁུ་མོ་ཁྱེར་འདྲེན་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་ མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གཞོན་ནུ་དུས་ནས་སྤྱན་སྔ་གསེར་ ཐོག་པ་ ་ ཡི་ཞབས་ལ་གཏུགས་ནས་རབ་ཏུ་བྱུང་ ཞིང་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། དེ་ནས་ཁ་རག་ལྷ་ མཚོར་ཕེབས་ཏེ་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ ཞུས། དེ་ནས་བལ་ཡུལ་དུ་ཕེབས་ཏེ་གཏེར་གྱི་ཁ་བྱང་བླངས་ཤིང་ དྭགས་ལྷ་སྒམ་པོར་བྱོན། རིན་པོ་ཆེ་རྡོར་བློ་བ་ལས་བསྙེན་པར་ རྫོགས་ཤིང་མཚན་ལ་རིན་ཆེན་བཟང་པོ་ཞེས་གསོལ། དེ་ནས་ཆོས་ གཏེར་བཏོན་ཏེ་སེམས་ཁྲིད་ཀྱི་བརྒྱུད་པ་སྤེལ། ཀཱ་ལ་དུང་མཚོར་ སྤྱིལ་བུ་བརྩིགས་ནས་ཆས་བསགས་ཏེ་ལོ་སྒྲུབ་ལ་བཞུགས། གནས་ སྐོར་བའི་རི་བ་བརྒྱད་བརྒྱ་ཙམ་འདུས། འགྲོ་མགོན་རིན་ཆེན་མཛེས་ ལ་གཏེར་ཆོས་ཟབ་མོའི་ཁྲིད་བཏབ་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ ལ་སྐྱེས། དེ་ནས་རས་པ་བརྒྱད་བརྒྱ་འདུས་པ་ལ་གཏེར་ཆོས་ཀྱི་ཁྲིད་ བཏབ། ཕྱིས་ལྷོ་གཉལ་ལ་སོགས་པའི་ཡུལ་མང་པོར་འགྲོ་དོན་ མཛད། མཐར་གྲང་མོའི་རྫ་ཆུ་དར་མོར་ཡུན་རིང་དུ་བཞུགས་ཏེ་ བསྟན་འགྲོའི་དོན་ཆེན་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བླ་ མ་འཁྲུལ་ཞིག་སྣའུ་བ་དང། ཙ་རི་རས་པ། བྱེ་མ་རས་པ་ དོམ་ཚང་རས་པ། སྒྲོད་ལུང་པ། སྟག་ཚང་རས་པ་བཅས་ཡིན། ། [826] དེ་ཁྲི་བཙན་པོ།། ཁོང་ནི་མེར་ཁྲི་བཙན་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། དེ་བ་ཙན་དྲ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་ བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། གསུམ་དང་ལེའུ་ལྔ་བ། བརྒྱ་བ། པ་བཅུ་བ། པ། ། དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ས་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ དེ་མོ་ལྷ་དབང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་ གནང་ཞིང་ཁྲི་འདོན་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་ དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་སོགས་ཡོངས་སུ་གྲགས་པའི་ དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། རབ་བྱུང་བཅུ་ [827] གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་ལྔ་པ་ངག་ དབང་བློ་བཟང་རྒྱ་མཚོ་ཆེན་གོང་མ་རང་ཀྲི་ཡིས་གདན་འདྲེན་ཞུས་པ་ ལྟར་པེ་ཅིན་དུ་ཕེབས་སྐབས་ཁོང་ཡང་ལྔ་བ་ཆེན་པོའི་ཕྱག་རོགས་སུ་ བྱོན་ཏེ་མཛད་སྒོ་ཐམས་ཅད་ལེགས་པར་གྲུབ། དེའི་ཕྱི་ལོ་ལྔ་བ་ཆེན་ པོ་དང་མཉམ་དུ་མཚོ་སྔོན་པར་ཕེབས་ནས་ཁམས་ཕྱོགས་སུ་ཆིབས་ བསྒྱུར་མཛད། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་ སོ། ཁོང་ནི་དེ་མོ་སྐུ་ཕྲེང་ལྔ་པ་ཡིན་ནོ། ཁོང་གི་གསུང་རྩོམ་ནི་ ནག་པོའི་ཁ་སྦྱོར་དབྱེ་བའི་འདོན་ཆ། པོའི་གཏོར་ཆེན་དྲུག་ཅུ་པའི་རྣམ་གཞག་གནམ་ལྕགས་འབར་བ། རྩིའི་ཟ་མ་ཏོག། རྟེན་སྒྲུབ་པའི་ཆོ་ག་དགེ་ལེགས་གཟི་འབར། ལོངས་པའི་བྲིས་མ་པོད་གཅིག་བཞུགས་སོ། ། དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ།། ཁོང་གི་འཁྲུངས་ལོ་དང་འཁྲུངས་ཡུལ་མི་གསལ། རབ་བྱུང་ བཅུ་གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བརྒྱད་པའི་ ཚེས་བཅོ་ལྔ་ཉིན་ལྷ་ལྡན་བསྟན་རྒྱས་གླིང་དུ་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་དེ་མོ་ངག་དབང་ནམ་མཁའ་འཇམ་ དབྱངས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་དེ་མོ་དགོན་གྱི་གདན་སའི་ ཁྲི་ལ་བཀོད། དེ་ནས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ [828] རྣམས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད། རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་ལོ་སྟེ་ སྤྱི་ལོ་་ལོའི་ཧོར་ཟླ་བཞི་པའི་ཚེས་བརྒྱད་ཉིན་གོང་མ་ཆན་ལུང་ གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཞིང་དུ་ཕེབས་རྗེས་རྒྱལ་ཚབ་སྲིད་ སྐྱོང་དུ་བསྐོ་བཞག་མཛད་ཅིང་ལོ་ངོ་ཉེར་གཅིག་གི་རིང་དུ་བོད་ཀྱི་ཆབ་ སྲིད་བསྐྱངས། རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གོང་མ་ཆན་ལུང་གིས་བོད་ཀྱི་ལས་དོན་འཁུར་འཛིན་ཞྭ་སེར་ བསྟན་པ་འཛིན་བྱེད་དཔལ་ལྡན་ནོ་མིན་ཧན་གྱི་ཐམ་ག་ཞེས་པའི་ འཇའ་ས་གནང་ཞིང་དེ་ནས་བཟུང་བོད་དུ་རྒྱལ་ཚབ་སྲིད་སྐྱོང་བསྐོ་ བའི་ལམ་ལུགས་ཚུགས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་ སྤྱི་ལོ་་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་ཉིན་རྒྱལ་དབང་སྐུ་ཕྲེང་ བརྒྱད་པ་འཇམ་དཔལ་རྒྱ་མཚོ་རྩེ་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ་ དེ་ལྟར་བཀའ་ཤག་སྲིད་གཞུང་ལ་ཞབས་ཏོག་ལེགས་པར་མཛད་ནས་ དགོངས་པ་གཞན་དུ་གཏད་དོ། ཁོང་ནི་བོད་ཀྱི་རྒྱལ་ཚབ་སྲིད་སྐྱོང་ དང་པོ་ཡིན་ལ། དེ་མོ་ཧོ་ཐོག་ཐུའི་སྐུ་ཕྲེང་བདུན་པ་ཡིན་ནོ། ། དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་ལྷ་ལྡན་བསྟན་རྒྱས་གླིང་དུ་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་དེ་མོ་ངག་དབང་འཇམ་དཔལ་བདེ་ ལེགས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་རང་གི་གདན་ [829] སའི་ཁྲི་ལ་མངའ་གསོལ། རབ་བྱུང་དང། དགེ་ཚུལ། དགེ་སློང་ གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་གཙོས་ གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐུགས་ གཉེར་མཛད། སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་ རྒྱ་མཚོ་སོགས་ལ་བསྟེན་ཏེ་བཀའ་ཆོས་མང་དུ་གསན། དེ་ནས་རྒྱལ་ དབང་སྐུ་འཕྲེང་དགུ་པ་བློ་བཟང་བསྟན་པའི་འབྱུང་གནས་ལུང་རྟོགས་ རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་ བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བཞི་པའི་ཚེས་ བཅུ་གཅིག་ཉིན་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་དུ་བཞུགས་ གོང་མ་ཅཱ་ཆིན་གྱིས་ཨེར་ཏེ་ནི་ནོ་མིན་ཧན་གྱི་ཆོ་ལོ་དང། སྲིད་སྐྱོང་ རིམ་པའི་དངུལ་ཐམ་ཆེན་མོ། དེ་མོ་སྐུ་གོང་མའི་རྒྱ་ཐམ་ཧོར་ཡིག་ གླིང་དྲུག་མ། སེལ་དམ་རྟགས་དམ་རང་འཇགས་གནང། རྒྱལ་ དབང་ལུང་རྟོགས་རྒྱ་མཚོ་དགོངས་པ་རྫོགས་རྗེས། རབ་བྱུང་བཅུ་ བཞི་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བཅུ་པའི་ཚེས་ གཉིས་ཉིན་གོང་མ་ཅཱ་ཆིན་གྱིས་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་རྒྱལ་ དབང་སྐུ་ཕྲེང་དགུ་པའི་ཡང་སྲིད་བརྩད་གཅོད་བཅས་ལ་ཐུགས་ཁུར་ ལེགས་པར་མཛད་ཀྱང་དགུང་ལོ་ཞེ་གཉིས་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་ནི་དེ་མོ་སྐུ་འཕྲེང་བརྒྱད་པ་ཡིན་ཞིང་ ཡོངས་གྲགས་སུ་དེ་མོ་རྒྱལ་ཐོག་གཉིས་པ་ཞེས་ཞུའོ། ། དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ [830] ལོར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་དེ་མོ་ ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྤྲུལ་སྐུར་ངོས་ འཛིན་བྱས་ཏེ་གདན་སའི་ཁྲི་ལ་མངའ་གསོལ། དེ་ནས་ཡོངས་སུ་གྲགས་ པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་གཉིས་པ་ རབ་བྱུང་བཅོ་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་པའི་ ཚེས་བཅུ་གསུམ་ཉིན་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཀྱི་ ཁྲི་ལ་བཞུགས་ནས་བོད་ཀྱི་ཆབ་སྲིད་བསྐྱངས། རབ་བྱུང་བཅོ་ལྔ་པའི་ མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་མདའ་དཔོན་ལྷ་ལྡིངས་སྲས་སོགས་ བོད་དམག་ལྔ་བརྒྱ་ལྷག་ཙམ་མངགས་ནས་དབྱིན་ཇི་བཙན་འཛུལ་ དམག་ལ་ཕར་རྒོལ་བྱས། སྤྱི་ལོ་་ལོར་ཆིན་གོང་མས་བཙན་ འཛུལ་པ་ལ་མགོ་འདོགས་བྱེད་པའི་སྲིད་ཇུས་ལག་བསར་བྱེད་མཁན་ བོད་སྡོད་ཨ་བན་ཧྲེང་ཐད་རྒྱ་གར་དུ་མངགས་ཏེ་དབྱིན་ཇིའི་མཐུས་ ཚབ་དང་མཉམ་དུ་ཆིངས་ཡིག་དོན་ཚན་བརྒྱད་བཞག་ནས་བོད་སྡོད་ ཨམ་བན་ཕྱིར་ལོག་སྤྱི་ལོ་་ལོར་བོད་སྡོད་ཨམ་བན་ཞུའེ་ཧོན་ དང་དབྱིན་ཇིའི་མཐུས་ཚབ་སྤའོ་ཡེར་དང་མཉམ་དུ་ཆིངས་ཡི་དོན་ ཚན་དགུ་བཞག་པ་རེད། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ ལོ་་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་རྒྱལ་དབང་སྐུ་ཕྲེང་ བཅུ་གསུམ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་འཛིན་ནས་དེ་མོ་བ་ རྒྱལ་ཟུར་དུ་བཞུགས། དེ་ནས་དེ་མོ་རྒྱལ་ཟུར་གྱི་དོན་རྐྱེན་ རྒྱལ་བ་ལ་ [831] ངན་སྔགས་བསྒྲུབས་པ་ བྱུང་བར་བརྟེན་དགུང་ལོ་ཞེ་ལྔ་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་དེ་མོ་སྐུ་འཕྲེང་དགུ་པ་ཡིན་ནོ།། དེ་ཤོ་ལེགས།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་ རྒྱལ་པོ་ཨེ་ཤོ་ལེགས་དང། ཡུམ་དམུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། དེ་ཡང། སྐུ་གཤེན་མི་མོ་ཆུང་གིས་མཛད་ཅིང། གསས་ཁང་ཁོ་མ་ཡང་རྩེ་ བཞེངས། ཞེས་དང། སྐུ་མཁར་རྒོད་རྩེ་བཞེངས་ནས་བཙུན་མོ་ཀླུ་ སྨན་མེར་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་གུ་རུ་ལེགས་སྐུ་འཁྲུངས་ ཁོང་ནི་བང་སོ་གཡས་སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་ དྲུག་ནང་གི་གཉིས་པ་ཡིན་ནོ། ཡི་ཕྲེང་བ། ལྷ་བོན་ཅོ་ སྟག་ཀླུ་གསས་ཀྱིས་བྱས།ཞེས་འཁོད་འདུག་ དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་གོ་འཇོའི་ཡུལ་དུ་སྨན་རྗེ་བི་རྗིའི་གདུང་རྒྱུད་དུ་སྐུ་འཁྲུངས་ པའི་མི་ཞིག་ཡིན། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ ལོ་བརྒྱད་པར་ཡབ་མེས་གོང་མ་རྣམས་ཀྱིས་མཛད་སྲོལ་ཤུལ་རྒྱུན་ འཛིན་པའི་ཕྱིར་དུ་གསོ་བ་རིག་པའི་གཞུང་ལུགས་ཕལ་མོ་ཆེ་ལ་སྦྱངས་ པར་མཛད། དགུང་ལོ་བཅུ་བདུན་པར་བཀའ་རྒྱུད་བླ་མ་ངག་དབང་ ཀུན་དགའ་བསྟན་འཛིན་ལས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཡོངས་རྫོགས་ [832] གསན། གཏེར་བདག་གླིང་པའི་གདུང་རྒྱུད་སྲས་པདྨ་དབང་རྒྱལ་ལས་ རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་སོགས་རྫོགས་པ་ཆེན་པོའི་ཆོས་སྐོར་ རྣམས་གསན། སེ་ར་ཐེག་ཆེན་གླིང་དུ་ཞུགས་ནས་བཀའ་གདམས་ གསར་མའི་ཡིག་ཆ་ཁག་དང། གཞུང་བཀའ་པོད་ལྔར་དཔྱིས་ཕྱིན་པར་ གསན་སྦྱོང་མཛད་ནས་དགེ་བཤེས་ཆེན་པོའི་མཚན་རྟགས་བཞེས་ ཁམས་གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་གསར་འདེབས་མཛད་ ནས་སྐལ་ལྡན་གྱི་སློབ་མའི་ཚོགས་རྣམས་བསྐྱངས་ཏེ་གཞན་གྱི་ལོག་ རྟོག་འཇོམས་པའི་རྩོད་པ་དང། གདུལ་བྱ་རྗེས་སུ་འཛིན་པའི་འཆད་ པ། བསྟན་པ་གསལ་བར་བྱེད་པའི་རྩོམ་པ་བཅས་ཀྱི་སྒོ་ནས་བསྟན་ པའི་རྒྱལ་མཚན་མཁའ་ལ་བསྒྲེངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ དང། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྫ་སྟོད་ལྷ་ཆེན་པ་ དྷརྨ་མངྒ་ལཾ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཐུན་མིན་གྱི་ཕྱག་ ཆེན་ཁྲིད་ཡིག་གི་སྐོར་དང། ཐུན་མོང་རིག་གནས་ཀྱི་སྐོར། ཁྱད་ པར་དུ་གོས་རིག་སྨན་གྱི་སྐོར་ལ་རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར། བསྡུ་པོད་བདུད་རྩིའི་གཏེར་སྒྲོམ། གསལ་སྣང་མཛོད། བཙའི་གདམས་པ་རྒྱས་སྤྲོས་ཤེལ་དཀར་མེ་ལོང། ལྷག་ཙམ་མཛད། ། [833] དོ་པ་དར་མ་ཤེས་རབ།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དོ་ རར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་སངས་རྒྱས་ཡར་བྱོན་གྱི་ཞབས་ལ་གཏུགས་ ནས་བཀའ་བརྒྱུད་ཀྱི་གདམས་པའི་ཟབ་ཆོས་དང། བཀའ་གདམས་ ལམ་རིམ་བཅས་ལེགས་པར་གསན། ཁོང་ནི་ཕྱག་རྒྱ་ཆེན་པོའི་ལམ་ ལ་མངའ་བརྙེས་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ཏེ། བཀའ་ལུང་ཙམ་ གྱིས་ཆོས་སྐྱོང་བསྐུལ་བར་ནུས་པས། ཨ་ཙ་ར་པ་ཤིས་འདམ་དུ་ སླེབས། རྟ་གཡོག་བསྐུལ་བ་ལ་སྤྲེའུ་མང་པོ་རྟག་གཡོག་བཀྱེ། དང་ པོར་སངས་རྒྱས་དབོན་གྲགས་པ་དཔལ་ཁོ་ནར་དད་པས་འབུལ་བ་ རྣམས་ཀྱང་རི་བོ་ཆེར་སྐྱེལ། མངྒལ་གུ་རུ་ལ་ཅུང་མི་དད། དུས་ཕྱིས་ སུ་འདི་བ་ཡང་གྲུབ་ཐོབ་ཏུ་འདུག་གསུངས་ནས་འབུལ་བ་སྔ་ཕྱི་མང་དུ་ མཛད། དགུང་ལོ་དྲུག་བཅུ་རྩ་གཅིག་པ་རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་ སྟེ་སྤྱི་ལོ་་ལོར་སྐོང་དགོན་གསར་འདེབས་མཛད་ཅིང་དགེ་ འདུན་གྱི་ཚོགས་པ་བསྐྱངས་ནས་བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་ དང་སྒོམ་སྒྲུབ་ཀྱིས་དར་བར་མཛད། དགུང་ལོ་བརྒྱད་ཅུ་རྩ་གསུམ་ པར་དག་པ་མཁའ་སྤྱོད་དུ་ཞི་བར་གཤེགས་སོ།། དོག་མེར་མེར།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་ འཁྲུངས། རྒྱལ་པོ་སོ་ཁྲི་བཙན་པོའི་བཙུན་མོ་དང་རྒྱལ་པོ་མེར་ཁྲི་ བཙན་པོའི་མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ལ་སེ་བཟའ་སྨན་ [834] མོ་ཞེས་ཞུའོ། ། དོར་ཤུལ་ངག་དབང་སྦྱིན་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་དུ་ མདོ་སྨད་དཔའ་རིས་སུ་སྐུ་འཁྲུངས། ཁོང་རབ་བྱུང་བཅོ་ལྔ་པའི་ ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པོའི་གདན་སའི་ མཁན་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས་ ཁོང་གིས་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་ཉེར་གཅིག་པ་མེ་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ ་ བྱ་ཁྱུང་དགོན་པར་གདན་དྲངས་ཏེ་གཞི་བྱེས་ བླ་གྲྭ་ཉིས་སྟོང་ཙམ་ལ་འཇིགས་བྱེད་དཔའ་གཅིག་དང། ལཱུ་ཨི་ལུགས་ ཀྱི་བདེ་མཆོག་གདུགས་དཀར། འཁོར་ཆེན་སྤྱི་བཀའ་རྣམས་ཀྱི་ དབང་ཆེན་གནང་བ་མཛད་དུ་བཅུག་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་ རྙེད་པས་ཤིན་ཏུ་ཕངས་སོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་བརྒྱད་ཅུ་གྱ་གཉིས་པ་ཡིན་ནོ།། དོར་ཤུལ་སྙན་གྲགས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་ མདོ་སྨད་དཔའ་རིས་དོར་ཤུལ་ཁྱུང་གཤོག་ཏུ་སྐུ་འཁྲུངས། ཁོང་གིས་ ཨ་ལགས་གཅན་ཚ་བློ་བཟང་སྙན་གྲགས་རྒྱ་མཚོར་བླ་མར་བསྟེན་ནས་ མདོ་སྔགས་རིག་གནས་བཅས་ལ་མཁས་པར་སྦྱངས་པས་སྐུ་ཡོན་ཤིན་ ཏུ་རྒྱས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ [835] བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་ རིང་དུ་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། གསེར་གདུང་ཆེན་ མོར་བཟང་གོས་ཀྱི་ན་བཟའ་དང། གཞུང་ལ་འཆམ་ལྭ་དང་ཀ་ འཕན་སོགས་སྤྱི་འཇོག་དང། དགེ་འདུན་མང་ཚོགས་ལ་བསྙེན་བཀུར་ གང་ལེགས་མཛད། དེ་ནས་ཁྲི་ལ་བཞུགས་བཞིན་པ་རབ་བྱུང་བཅུ་ དྲུག་པའི་ཐོག་མའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ རབས་བརྒྱ་དང་བཞི་པ་ཡིན་ནོ། ། དོལ་པོ་པ་ཤེས་རབ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་མངའ་རིས་དོལ་པོ་གྲུ་གསུམ་གྱི་ནང་ཚན་སྤུ་མདོར་ཡབ་ ནམ་སྟོན་ཡེ་ཤེས་དབང་ཕྱུག་དང། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ཤེས་རབ་མགོན་ ཞེས་གསོལ། སྐུ་གཞོན་ནུའི་དུས་ནས་ཡབ་ཡུམ་གྱི་མདུན་ལས་ཡི་གེའི་ འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་བར་གསང་སྟབས་ཀྱིས་སྐྱི་ སྟེངས་དགོན་དུ་ཕེབས་ཏེ་མཁན་པོ་ཚུལ་ཁྲིམས་སྙིང་པོ་ལས་རབ་བྱུང་ ཞུས་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། སྐྱི་སྟོན་འཇམ་ དབྱངས་ལས་གསང་སྔགས་ཀྱི་སྡོམ་པ་བླངས་ཤིང་དབང་ལུང་ཡང་མང་ པོ་ཞུས། མཁས་ཆེན་བྱང་ཆུབ་སེང་གེ་དང་སྟག་ཤམ་པ་ཚུལ་ཁྲིམས་ བཟང་པོ་གཉིས་ལས་རྙིང་ཆོས་མང་པོ་གསན། དགུང་ལོ་བཅུ་དགུ་པར་ [836] སྐུ་ངལ་ཆེན་པོ་མྱོང་ནས་གློ་བོ་བསམ་རྫོང་དུ་ཕེབས་ཏེ་སྐྱི་སྟོན་གྲགས་ པ་རྒྱལ་མཚན་ལས་ཟླ་གཅིག་རིང་གསན་སྦྱོང་མཛད། དེ་ནས་ས་སྐྱར་ ཕེབས་ནས་སློབ་དཔོན་ཤེས་རབ་བཟང་པོ་དང་ཉི་ཕུ་པ་གཞོན་ནུ་ བཟང་པོ་གཉིས་ལས་ཚད་མ་དང། མཁན་པོ་བློ་གྲོས་བསྟན་པ་ལས་ ཕར་ཕྱིན། བླ་མ་འཇམ་པའི་དབྱངས་ལས་བྱམས་ཆོས་སྡེ་ལྔ། དབུ་ མ་རིགས། བསྟོད་ཚོགས། གཏམ་ཚོགས། དབང་ལུང་རྗེས་ གནང་བཅས་ལོ་བཞི་རིང་འབད་པ་ཆེན་པོས་སྦྱངས་པས་མདོ་སྔགས་ ཀྱི་གཞུང་ལུགས་མང་པོ་ཐུགས་སུ་ཆུད། དགུང་ལོ་ཉེར་གསུམ་པར་ དབུས་གཙང་དུ་གྲྭ་སྐོར་ཕེབས། མཁན་པོ་བསོད་ནམས་གྲགས་པ་ ལས་དགེ་སློང་གི་སྡོམ་པ་མནོས། རྣལ་འབྱོར་པ་ནག་འབུམ་ལས་ཞི་ བྱེད་དང་གཅོད། རྫོགས་ཆེན་སྙན་བརྒྱུད་སོགས་ཞུས། དགུང་ལོ་སོ་ གཅིག་པར་ཇོ་ནང་དུ་ཕེབས། ཆོས་རྗེ་ཡོན་ཏན་རྒྱ་མཚོ་ལས་དུས་ འཁོར་སོགས་ཟབ་ཆོས་མང་དུ་ཞུས། དགུང་ལོ་སོ་བཞི་པར་ཇོ་ནང་ པའི་གདན་སར་ཕེབས། མདོ་སྔགས་ཀྱི་འཆད་ཉན་མཛད་དེ་ཇོ་ནང་ པའི་ལྟ་བའི་གཞི་བཏིངས། དགུང་ལོ་སོ་དགུ་པར་མཆོད་རྟེན་ཆེན་པོ་ དཔལ་ཡོན་ཅན་རྨང་བཏིང་ནས་ལོ་བཞིའི་རིང་ལེགས་པར་གྲུབ་སྟེ་ རབ་གནས་མཛད། དགུང་ལོ་ཞེ་ལྔ་པར་ས་སྐྱ་དང། ཆུ་བཟང་ ལྷ་རྩེ་རྫོང། ཤངས། སྣར་ཐང་སོགས་སུ་ཕེབས་ནས་སྐུ་མཚམས་ བཞུགས་པ་དང་རྟེན་ངོ་མཚར་ཅན་མང་པོ་བཞེངས། དགུང་ལོ་ང་ གཅིག་པར་གོང་མས་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་ བདུན་པར་རྟ་ནག་རི་ཁུད་པས་གདན་དྲངས་པར་བརྟེན་རྟ་ནག་ཏུ་ ཕེབས་ཏེ་ལོ་གཅིག་རིང་འཆད་ཉན་མཛད། དེ་ནས་དབུས་སུ་ཕེབས་ ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། མདོར་ན་ཁོང་གི་སྐུ་ཚེ་གང་ བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཇད་དེ་མཁས་པའི་ གྲགས་པ་རྒྱ་བོད་ཡུལ་གྲུ་ཀུན་ཏུ་ཁྱབ། ཁོང་གི་གསུང་རྩོམ་ནི་དུས་ཀྱི་ འཁོར་ལོའི་སྐོར་ལ་བསྟན་བཅོས་སུམ་ཅུ་སོ་བརྒྱད། གྲུབ་མཐའ་སྐོར་ ལ་བསྟན་བཅོས་བཅུ་དྲུག་ཕར་ཕྱིན་སྐོར་ལ་བསྟན་བཅོས་བདུན་ གསོལ་འདེབས་སྐོར་ལ་ཉེར་ལྔ། རྡོ་རྗེ་ཕྲེང་བའི་སྐོར་ལ་གསུམ་ སྤྲིང་ཡིག་སྐོར་ལ་བརྒྱད། གདམས་ངག་དང་དྲིས་ལན་སྐོར་ལ་བཅུ་ གཉིས། རྣམ་ཐར་སོགས་ཀྱི་སྐོར་ལ་བཅུ་དྲུག། སྨོན་ལམ་སྐོར་ལ་ གསུམ། བཀྲ་ཤིས་སྐོར་ལ་བཞི་བཅས་ཁྱོན་བསྡམས་བསྟན་བཅོས་ ཆིག་བརྒྱ་བདུན་ཅུ་དོན་བཞི་ཡོད་པར་བཤད། འོན་ཀྱང་ད་ལྟ་མི་ རིགས་རིག་གནས་ཕོ་བྲང་དུ། གཏོགས་བཞུགས་མེད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལོ་ཙཱ་བ་བློ་ གྲོས་དཔལ་བཟང་དང། ས་བཟང་མ་ཏི་པཎ་ཆེན། དཀོན་མཆོག་ རྒྱལ་མཚན། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བཅས་ཡིན་ དོལ་བ་དམར་ཞུར་བ།། ཁོང་ནི་རོག་ཤེས་རབ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་གཉལ་བོང་སྙིང་ཡབ་རྒྱ་བ་སེ་རེ་དང་ཡུམ་ཚེ་ལྕམ་གཉིས་ཀྱི་སྲས་ [838] སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་ཁུ་བོ་དྭགས་པོ་ལྷ་རྗེ་ལས་རྒྱུད་ཀྱི་དབང་ལུང་ ཁྲིད་གསུམ་ལེགས་པར་སྒོམ་ཚུལ་ཁྲིམས་སྙིང་པོ་ལས་ཀྱང་གདམས་ངག་མན་དུ་ གསན། དེ་ནས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ ཏི་མདོ་སྔགས་རིག་གནས་ཀུན་ལ་སྦྱང་པ་དཔྱིས་ཕྱིན་པ་མཛད་དེ་ མཐའ་ཡས་པའི་ཡོན་ཏན་ཐུགས་ལ་མངའ་བ་ཞིག་ཡིན་ཏེ་དྭགས་ལྷ་ སྒམ་པའི་གདན་ས་ལོ་ངོ་གཉིས་ཀྱི་རིང་དུ་བསྐྱངས་མཛད། དགུང་ལོ་ བཞི་བཅུ་རྩ་བཞི་པར་དུ་འཚོ་བཞུགས་མཛད། སྐུ་གཤེགས་ནས་གདུང་ བཞུ་བའི་སྐབས་སུ་ཐུགས་ལྗགས་མ་ཚིག་པར་བྱོན་པ་ལ་སོགས་པའི་ མཛད་པས་ཀྱང་སེམས་ཅན་ཐམས་ཅད་སྨིན་པར་མཛད་དོ། ཁོང་ནི་ དྭགས་ལྷ་སྒམ་པའི་གདན་རབས་གསུམ་པ་ཡིན། ། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཉལ་བོང་སྙིར་ཡབ་དྭགས་པོ་ལྷ་རྗེའི་གཅེན་པོ་རྒྱ་བ་སེ་རེ་དང་ ཡུམ་ཚེ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ གཅིག་པར་དྭགས་པོ་ལྷ་རྗེ་དང་མཇལ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ འཁྲུངས། དགུང་ལོ་བཅུ་བདུན་པར་དགེ་བཤེས་མངའ་རིས་པ་ལས་ རབ་ཏུ་བྱུང། དེ་ནས་རྗེ་སྒམ་པོ་པས་སིན་དྷཱུ་རའི་དཀྱིལ་འཁོར་གྱི་ དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་ལེགས་པར་གནང་སྟེ་ [839] བསྒོམས་པས་ཕྱག་རྒྱ་ཆེན་པོ་སྒོམ་དུ་མེད་པའི་རྟོགས་པ་འཁྲུངས་ ཐབས་ལམ་ལ་ཡང་མངའ་བརྙེས། དགུང་ལོ་ཉི་ཤུ་པར་ཤབ་པ་གླིང་ ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་མཚན་ལ་ཚུལ་ཁྲིམས་སྙིང་པོ་ ཞེས་གསོལ། རྗེ་སྒམ་པོ་པ་ལས་གདམས་ངག་ཐམས་ཅད་རྫོགས་པར་ ཞུས་ཏེ་གཉགས་ལྷ་བྱར་མའི་གངས་དང། ལམ་ཕུག་ཤ་འུག་སྟག་སྒོ་ གཅན་ཆེན་སྲངས། གསེར་ལེན་ལ་སོགས་པའི་གནས་ཆེན་རྣམས་ སུ་ཞབས་ཀྱིས་བཅགས། དགུང་ལོ་སོ་ལྔ་པར་དྭགས་ལ་སྒམ་པའི་ གདན་སར་མངའ་གསོལ། དེ་ནས་རྗེ་སྒམ་པོ་བའི་གདུང་རྟེན་གསེར་ གྱི་བཀྲ་ཤིས་སྒོ་མང་བཞེངས་ཤིང། མཆོད་ཁང་རྙིང་མ་དང་སྒོམ་ སྡེའི་མཁར་ལས་ཀྱང་མཛད། སྟོད་ལུང་དུ་མཚུར་ འཚུར་ ལྷ་ལུང་གི་ དགོན་པ་གསར་འདེབས་མཛད། སྡེ་འཁྲུག་ལེགས་པར་བསྡུམས་ཏེ་ འགྲོ་དོན་ཆེན་པོ་མཛད་ཅིང། སློབ་མའི་ཚོགས་ལ་གསུང་རབ་འཆད་ པའི་སྨྲ་བའི་ཁྱུ་མཆོག་ཆེན་པོ་ཞིག་ཡིན། མཁས་པ་ཆེན་པོ་གཙང་ ནག་པས་ཀྱང། སྐལ་མེད་སྐྱེ་བོས་རིང་ནས་ངན་བརྗོད་ཀྱང་ མཐོང་དང་འདྲིས་པའི་སྐྱེ་བོ་དད་གྱུར་ལ། མངོན་རློམ་དྲེགས་པ་བརྒྱ་ དག་ཟིལ་གནོན་པའི། བསོད་ནམས་གཟི་ལྡན་སྐུ་ལ་སྐྱབས་སུ་མཆི། ཞེས་བསྟོད་པར་མཛད་དོ། ཁོང་ནི་དྭགས་ལྷ་སྒམ་པའི་གདན་རབས་ གཉིས་པ་ཡིན། ། དྭགས་པོ་ངག་དབང་གྲགས་པ།། ཁོང་ནི་རབ་བྱུང་བརྒྱད་པའི་མི་སྟེ་སྤྱི་ལོ་་ལོ་ཡར་མར་ ཙམ་ལ་འཁྲུངས་པར་མངོན། ཁོང་དགུང་ལོ་གཞོན་ནུའི་དུས་སུ་ [840] ཆབ་མདོར་བཞུགས་ཡོད་པ་དང། དགུང་ལོ་དར་མའི་དུས་སུའང་ ཆབ་མདོ་བྱམས་པ་གླིང་དུ་ཕེབས་པ་སོགས་ལ་དཔགས་ན་འཁྲུངས་ ཡུལ་ཆབ་མདོ་ཡིན་ནམ་སྙམ། དབུས་ལྷོ་ཁ་ཁུལ་གྱི་དགེ་ལུགས་དགོན་ ཆེན་དྭགས་པོ་གྲྭ་ཚང་ཕྱག་འདེབས་པ་པོ་དྭགས་པོ་བློ་གྲོས་བསྟན་པ་ དགའ་ལྡན་གསེར་ཁྲིར་ཕེབས་རྗེས། ཁོང་དྭགས་པོ་གྲྭ་ཚང་གི་འཆད་ ཉན་གྱི་མཁན་པོར་བསྐོས། དེ་ནས་བཟུང་ཡུན་རིང་པོར་དྭགས་པོ་ གྲྭ་ཚང་དུ་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་འཆད་ཉན་དང་ཉམས་ ལེན་མཛད། ཁོང་ནི་དགའ་ལྡན་ཁྲི་ཐོག་བདུན་པ་དྭགས་པོ་བློ་གྲོས་ བསྟན་པའི་སློབ་མ་ཡིན་པས་དེ་བ་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པའི་ ནང་དུ་དུས་ད་ལྟ་དྲུག་ཅུ་ཁ་རལ་དུས། ཚེ་ཚད་བཞིན་ཐུབ་པའི་ ངེས་པ་མེད། དེ་ཐུབ་ཀྱང་ཡུན་རིང་སྡོད་དབང་མེད། དུས་གཏན་གྱི་ འདུན་མ་བྱེད་རེ་རན་ཞེས་གསུངས་པར་བལྟས་ན་སྐུ་ཚེ་ཡུན་རིང་ བརྟན་པར་སྣང། སྐུ་ཚེའི་མཇུག་ཏུ་བྲ་མོ་ནགས་འདབ་པ་དང་ གངས་དཀར་ཕུ་གཡུ་ལུང་སྐྱིད་མོ་གཤོངས་ཀྱི་དབེན་གནས་སོགས་ གནས་ངེས་མེད་དུ་བྱོན་ནས་སྒྲུབ་པ་སྙིང་པོར་མཛད། ཁོང་གི་མཚན་ གྱི་རྣམ་གྲངས་ནི་ངག་གི་དབང་པོ། ངག་གི་དབང་ཕྱུག་གྲགས་པ་ དབང་ཕུག་བཙུན་པ་བློ་བདེ། བསོད་ནམས་ཡེ་ཤེས་དབང་པོ་ མེ་ཏྲི། གྲགས་པའི་བློ་གྲོས། མཁན་ཆེན་ངག་དབང་གྲགས་པ་ སོགས་སོ། ཁོང་གི་གསུང་རྩོམ་ནི་གསུང་མགུར་སྣ་ཚོགས། རྣམ་ཐར་ བསྟོད་པ། སྙན་ངག་དཔེར་བརྗོད། སྐུ་གཟུགས་ཐིག་ཚད། མི་ ཆོས་ཡ་རབས་ཀྱི་སྤྱོད་ཚུལ། ཇའི་བཤད་པ། མགྲོན་པོ་སྣེ་ལེན་བྱེད་ [841] ཚུལ་བཅས་ཆོས་ཚན་བཅུ་དགུར་བཞུགས་སོ། ། དྭགས་པོ་ངག་དབང་ཆེ་འཕེལ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་དྭགས་པོ་ཙ་རིའི་གཡག་ཞོལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་དགའ་ལྡན་རབ་བརྟན་གླིང་གི་ཆོས་སྒོར་ ཞུགས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་ མཛད་དེ་དྭགས་པོ་གྲྭ་ཙང་དུ་ཞུགས་ཤིང་བསྡུས་གཞུང་ནས་བཟུང་ གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད། མཁན་ཆེན་ ངག་དབང་བློ་བཟང་མཁས་བཙུན་ལས་བསྙེན་པར་རྫོགས་ཤིང་དབང་ ལུང་ཁྲིད་གསུམ་མང་དུ་ཞུས། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་ ལེགས་པར་སྦྱངས་པས་རྒྱུད་ཆེན་རྡོ་རྗེ་འཛིན་པར་གྱུར། དགུང་ལོ་ཞེ་ གཉིས་པར་དྭགས་པོ་གྲྭ་ཚང་གི་མཁན་ཁྲིར་ཕེབས། དེ་ནས་མི་རིང་ བར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་ཁྲིར་ ཕེབས་ཏེ་འཆད་ཉན་བསྐྱངས། རྗེ་དགེ་ལེགས་རྒྱ་མཚོ་དང་ཁྲི་ཆེན་ དགེ་འདུན་ཕུན་ཚོགས་སོགས་ལས་འཇམ་དཔལ་ཞལ་ལུང་དང་གསང་བདེ་ འཇིགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དགུང་ལོ་ རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཕྱི་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་གསུམ་གྱི་རིང་དུ་གསེར་ ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། ཁྲི་ཟུར་ནས་ཀྱང་ [842] བསྟན་འགྲོའི་དོན་ཆེན་འབའ་ཞིག་ལ་བརྩོན་མུར་དགུང་ལོ་རེ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་ དུ་དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས་ཏེ་གདན་ས་དགའ་ལྡན་ རབ་བརྟན་གླིང་དུ་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་ པའི་ཁྲི་རབས་ལྔ་བཅུ་ང་གཉིས་པ་ཡིན་ནོ། ། དྭགས་པོ་འདུལ་འཛིན།། ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་དྭགས་པོ་ཟེས་དཀར་དུ་བོན་པོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་ས་ཕོ་སྟག་ལོ་སྟེ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བཅུ་པར་དྭགས་པོ་ལྷ་རྗེ་ལས་སྒྲོལ་མ་དཀར་མོ་དང། མགོན་པོའི་ རྗེས་གནང། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་རྣམས་ལེགས་པར་ཞུས་ དེ་ནས་གནས་མཁར་དུ་སྣུབས་སྒོམ་ཆུང་ལས་རབ་ཏུ་བྱུང་ཞིང་བསྙེན་ པར་རྫོགས། མདོས་ཁར་བ་ལས་ཕར་ཕྱིན་གསན། ཤ་མི་འདུལ་ འཛིན་ཅན་ལས་འདུལ་བ་མཐའ་དག་མཁས་པར་བསླབས། དེ་ནས་ རྗེ་སྒམ་པོ་པའི་མདུན་དུ་ཕེབས་ཏེ་དམ་ཆོས་མ་ལུས་པའི་དབང་ལུང་ ཁྲིད་གསུམ་གསན་ནས་ཞབས་ཕྱི་ཡུན་རིང་མཛད། དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ་ལས་གདམས་ངག་མང་དུ་ཞུས། དེ་ནས་ ཡུན་རིང་མ་འགྲོ་བ་སྒོམ་ཆུང་པས་དྭགས་ལྷ་སྒམ་པོའི་གདན་སར་ མངའ་གསོལ་མཛད། སློབ་མའི་ཚོགས་པ་སྐྱོང་ནས་འདུལ་བའི་བཤད་ པ་རྒྱ་ཆེན་སྤེལ། ལོ་ངོ་བརྒྱད་ཀྱི་རིང་དུ་མཚམས་བསྡམས་ནས་ཐུགས་ དམ་རྩེ་གཅིག་ཏུ་མཛད་པས་རྟོགས་པའི་ཡོན་ཏན་གྱི་མངའ་བརྙེས་ [843] གཙུག་ལག་ཁང་ཀ་བ་བཞི་བཅུ་ཐམ་པའི་རྒྱ་ཁྱོན་ཅན་ཞིག་གསར་ བཞེངས་མཛད། བཤད་སྒྲུབ་གཉིས་ཀའི་བསྟན་པ་བསྐྱངས་ནས་དུས་ འདའ་བར་མཛད། རྗེ་འབྲི་གུང་པས་ཀྱང་ཁུ་དབོན་གསུམ་གྱི་ ཐུགས་ཀྱི་སྲས། བསླབ་པ་གསུམ་ལྡན་རྡོ་རྗེ་འཛིན། སྐྱེ་མེད་དོན་ རྟོགས་རྣལ་འབྱོར་པ། མཁན་པོ་དགེ་བའི་བཤེས་ལ་འདུད། བསྟོད་པར་མཛད་དོ། ཁོང་ནི་དྭགས་ལྷ་སྒམ་པོའི་གདན་རབས་བཞི་ པ་ཡིན། ། དྭགས་པོ་བསོད་ནམས་རིན་ཆེན།། ཁོང་ནི་རབ་བྱུང་དང་པོའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ དབུས་ལྷོའི་གཉལ་ཡུལ་དུ་ཡབ་རྙི་བ་སངས་རྒྱས་རྒྱལ་པོ་དང། ཡུམ་ ཤོ་མོ་ཟ་ཚེ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ ལ་དར་མ་གྲགས་ཞེས་འབོད། དགུང་ལོ་ལྔ་པར་ཡབ་ཀྱི་མདུན་ཡི་གེའི་ འབྲི་ཀློག་བསླབས། དགུང་ལོ་བདུན་པར་གསོ་རིག་སྦྱོང་བའི་དབུ་ བཙུགས། རྒྱ་གར་གྱི་སྨན་པ་སྐྱེ་མེད་དང། གཙང་པ་ལྷ་རྗེ་དབུ་ གསིལ། བལ་པོའི་སྨན་པ་བི་ཇི་སྨན་གཞོན་བཅས་ལ་ལོ་ཕྱེད་བརྒྱད་ བསྟེན་ནས་སྨན་དཔྱད་སྦྱངས། དེ་ནས་རྒྱ་ཁྱི་ཐན་གྱི་སྨན་པ་གཙུག་ ཕུད་ཅན་སོགས་སློབ་དཔོན་བཅུ་གསུམ་ལ་བསྟེན་ནས་ལོ་བཅུ་གསུམ་ རིང་གསོ་རིག་སྦྱངས་པས་མཁས་པའི་མཐར་སོན། རྙིང་མའི་བླ་མ་ འབར་རེ་ལས་རྙིང་མའི་ཆོས་སྐོར་གསན། ཤར་པ་ཡོན་ཏན་གྲགས་ ལས་བཀའ་གདམས་ཀྱི་ལམ་རིམ་གསན། དགུང་ལོ་བཅུ་དྲུག་པར་ [844] མཆིམས་ཇོ་སྲས་དར་མ་འོད་ཀྱི་བུ་མོ་ཁབ་ཏུ་བཞེས། དགུང་ལོ་ཉེར་ ལྔ་པར་རིག་མ་དང་སྲས་མིང་སྲིང་གཉིས་བཅས་འདས། དགུང་ལོ་ ཉེར་དྲུག་དགེ་བཤེས་བློ་ལྡན་ཤེས་རབ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ བཞེས་ཏེ་མཚན་དགེ་སློང་བསོད་ནམས་རིན་ཆེན་གསོལ། དགུང་ལོ་ ཉེར་བརྒྱད་པར་འགོང་སྟོན་དང་ལྷན་ཅིག་ཏུ་དབུ་རུ་བྱང་གི་ཕྱོགས་སུ་ ཕེབས། སྙུག་རུམ་པ་བརྩོན་འགྲུས་རྒྱལ་མཚན་ལས་བཀའ་གདམས་ པའི་ཆོས་སྐོར་མང་དུ་གསན། དགུང་ལོ་སོ་གཅིག་པར་རྗེས་བཙུན་མི་ ལ་རས་པ་དང་མཇལ། གདམས་ངག་མ་ལུས་པ་བུམ་པ་གང་བྱོའི་ ཚུལ་དུ་ཞུས། དཀའ་སྤྱད་སྙིང་རུས་ཆེན་པོས་སྒོམ་བསྒྲུབས་མཐར་ ཕྱིན་མཛད། ཉམས་རྟོགས་ཐུན་མོང་མིན་པ་ཐུགས་ལ་འཁྲུངས། རྗེ་མི་ ལའི་ཐུགས་སྲས་ཀུན་གྱི་གཙུག་གི་ཏོག་ལྟར་གྱུར། དེ་ནས་རྗེ་མི་ལ་ རས་པའི་བཀའ་ལྟར་དྭགས་ལྷ་སྒམ་པོར་དགོན་པ་བཏབ། དྭགས་པོ་ བཀའ་བརྒྱུད་གསར་གཏོད་མཛད། དེ་ནས་རིམ་བཞིན་བཀའ་བརྒྱུད་ པའི་བསྟན་པ་མདོ་དབུས་ཁམས་གསུམ་དུ་དར་རྒྱས་བྱུང་བ་མ་ཟད་ སོག་པོ། རྒྱ་ནག་བལ་པོ། འབྲུག་པ། འབྲས་ལྗོངས་སོགས་ རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དར་ཞིང་རྒྱས་པར་གྱུར། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་སྒམ་པོ་ཚུལ་ཁྲིམས་སྙིང་པོ་དང། གསལ་སྟོང་ཤྭོ་སྒམ་ ཁམས་སྟོན་ཕག་མོ་གྲུབ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འབའ་ རོང་དར་མ་དབང་ཕྱུག་ཞང་འགྲོ་བའི་མགོན་པོ་བཅས་ཡིན། ཁོང་ གི་གསུང་རྩོམ་ནི་རྣམ་ཐར་དང། ཚོགས་ཆོས། ཞུས་ལན། མགུར་ སྣ་ཚོགས་བཅས་པོ་ཏི་གཉིས་བཞུགས་སོ། ། [845] དྭགས་པོ་ལྷ་རྗེ།། ཁོང་ནི་དྭགས་པོ་བསོད་ནམས་རིན་ཆེན་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། དྷརྨ་ཀིརྟི་ཐུབ་བསྟན་ཆོས་ཀྱི་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་སྟོད་ཙམ་སྟེ་རབ་ བྱུང་བཅུ་བཞི་པའི་ནང་ནས་འཁྲུངས་པའི་ཁམས་སྡེ་དགེའི་ཡུལ་གྱི་ས་ སྐྱའི་བླ་མ་ཞིག་ཡིན། ཁོང་སྐུ་གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་ མཁས་དབང་དམ་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྩ་བའི་བླ་ མར་བསྟེན་ཅིང། དེ་མིན་གྱི་མཁས་དབང་དུ་མ་སློབ་དཔོན་དུ་བསྟེན་ ནས་རིག་པའི་གཞུང་ལུགས་རྣམས་ལ་ཐོས་བསམ་རྒྱ་ཆེར་མཛད་ ཁྱད་པར་དུ་འདུལ་བའི་བསླབ་གཞི་ཡོངས་རྫོགས་དང། བྱང་སེམས་ ཀྱི་སྡོམ་པའི་སྐོར་རྣམས་ཐུགས་སྦྱོང་ནན་སྨིན་མཛད། སྐུ་ཚེ་ཕལ་ཆེ་ བར་དགོན་སྡེ་དང་དབེན་པའི་གནས་སུ་བཞུགས་ནས་བྱང་ཆུབ་སེམས་ དཔེའི་སྤྱོད་པ་ལ་འཇུག་པར་ཉམས་ཞིབ་དང་ཉམས་ལེན་མཛད་ཅིང་ སོ་ཐར་གྱི་སྡོམ་པ་ཡང་མིག་འབྲས་ལྟར་བསྲུངས་ནས་ལྟུང་བའི་ཉེས་པ་ ཕྲ་མོས་ཀྱང་མ་གོས་པ་མཛད། ཁོང་གི་སྐུ་ཚེ་གང་བོར་སྒྲུབ་པ་ཉམས་ གཙོ་བོར་གྱུར་པ་ནི་འཇམ་དབྱངས་བློ་གཏེར་དབང་པོ་ཡིན། ཁོང་གཙོ་བོར་གྱུར་པ་ནི་འཇམ་དབྱངས་བློ་གཏེར་དབང་པོ་ཡིན། ཁོང་ནི་ གཙང་ངོར་དགོན་ནས་ཁམས་སྡེ་དགེ་དགོན་ཆེན་གྱི་བླ་མར་བསྐོས་ ནས་དགུང་ལོ་ཉེར་བརྒྱད་པར་ཕེབས་ཤིང། མི་རིང་བར་ཐུབ་བསྟན་ ཆོས་ཀྱི་གྲགས་པ་བླ་མར་བསྟེན་པས་ཐུགས་སྲས་སུ་གྱུར། ཁོང་གི་ [846] གསུང་རྩོམ་ནི་འདུལ་བ་དང། བློ་སྦྱོང། སྤྱོད་འཇུག་འགྲེལ་བ་ བཅས་ཆོས་ཚན་བཅུ་བཞི་ཡོད་པ་པོད་གསུམ་དུ་བསྡུས་ནས་ཤིང་པར་ བཏབ་སྟེ་སྡེ་དགེའི་པར་ཁང་དུ་བཞུགས་སོ། ། དྷརྨ་ཏཱ་ཤཱི་ལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང་རྟེན་རབ་བྱུང་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ སུ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་མཚན་གཞན་ལ་ ཆོས་ཉིད་ཚུལ་ཁྲིམས་ཞུའོ། ཁོང་གི་བསྒྱུར་རྩོམ་ནི། ལས་ གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ། པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། པས་བསྟན་པའི་མདོ། བསྟན་པའི་མདོ། པ་བསྟན་པའི་མདོ། པའི་མདོ། ལས། མེ་ཏོག་གི་ཚོགས། ། དྷརྨ་དྷཛ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ [847] ལོར་ས་སྐྱར་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང། ཡུམ་མ་གཅིག་ སྲས་སྐྱབས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱའི་གནས་མཆོག་བླ་བྲང་ཁང་གསར་དུ་ སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བདག་ཆེན་ཀུན་ དགའ་རིན་ཆེན་དང་ས་བཟང་མ་ཏི་པཎ་ཆེན་གཉིས་ལས་རབ་ཏུ་ བྱུང། ཆོས་རྗེ་གཟུངས་པ་ལས་ཡབ་མེས་ཀྱི་བཀའ་ཆོས་རྣམས་ལ་ ལེགས་པར་གསན། སློབ་དཔོན་བསོད་ནམས་དཔལ་བ་ལས་ཚད་མ་ རྣམ་འགྲེལ་གཙོ་བོར་མཛད་པའི་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ལ་ སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་གདན་ས་ཆེན་པོ་ནས་ཚོགས་ ཆོས་ཡང་ཡང་གསུངས། ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཧུན་ ཨུས་ཡོན་རྒྱལ་རབས་ཀྱི་ལུགས་སྲོལ་ལྟར་གུ་ཤྲཱིའི་ཆོ་ལོ་དང་གསེར་དམ་ གནང། དེ་ནས་ཁམས་ཕྱོགས་སུ་ཕེབས་ཏེ་གདུལ་བྱ་རྣམས་ལ་ཆོས་ ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བས་དད་ལྡན་ཕོ་མོ་མང་པོས་ཟང་ཟིང་གི་ འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་གདན་ས་ཆེན་པོར་ བསྣམས་ནས་སྐུ་གསུང་ཐུགས་རྟེན་བཞེངས་པའི་གྲོན་དུ་ཕུལ། དགུང་ ལོ་བཞི་བཅུ་ཞེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། དྷརྨ་ཨཱ་ལོ་ཀ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན། རབ་བྱུང་བསྒྲུབས་ཤིང་རྟེན་དགེ་སློང་ ཡིན། ཁོང་གི་བསྒྱུར་རྩོམ་ནི་ [848] དགུའི་འཁོར་ལོ། ཆེར་འགྲེལ་བ། བཅས་བཞུགས་སོ། ། དྲང་སྲོང་ལྡེ།། ཁོང་ནི་སྲོང་ངེ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ ཞུའོ། ། དྲང་སྲོང་བསོད་ནམས་རྒྱལ་མཚན།། ཁོང་ནི་ལྷ་བཙུན་བསོད་ནམས་ཡེ་ཤེས་རྒྱལ་མཚན་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། དྲུང་པ་བརྩོན་འགྲུས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ མངའ་རིས་ཆོས་རྒྱལ་བཟང་ལ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གཅིག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ལ་དྭགས་རྒྱལ་པོས་ཆོས་རྒྱལ་བཟང་ལ་རྒྱལ་པོའི་རྒྱལ་ས་ འཕྲོགས་ཤིང་དྲུང་པ་བརྩོན་འགྲུས་རྒྱལ་མཚན་ཡང་དབུས་གཙང་དུ་ ཕེབས་པའི་ལམ་ནས་ལ་དྭགས་དམག་གིས་བཟུང་ཡང་སྐུ་ཚེ་ལ་གནོད་ པ་མ་བཏང། དགུང་ལོ་ཉི་ཤུ་རྩ་བཞི་པར་སླར་ཡང་དབུས་གཙང་ དུ་བྱོན་ཏེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལས་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་བཞེས། དེ་ ནས་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་འཁོན་སྟོན་དཔལ་འབྱོར་ལྷུན་ གྲུབ་ལ་བསྟེན་ཞིང་གཞུང་ལུགས་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པར་ [849] མཛད། དེ་ནས་དྭགས་པོ་གྲྭ་ཚང་དུ་ཕེབས་ཏེ་དཀའ་ཆེན་བཞི་ལ་ ཐོས་བསམ་ནན་ཏན་དུ་མཛད། རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་ གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་པར་ཞིབ་ཏུ་སྦྱངས་ པས་མཁས་པ་ཆེན་པོར་གྱུར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ ལས་ལམ་རིམ་དང་དབེན་ས་སྙན་བརྒྱུད་ཞུས་ཏེ་གནས་ངེས་མེད་ དབེན་པའི་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ ཏན་ལ་མངའ་བརྙེས་སོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ གྱིས་ཤངས་མདོ་རྒོད་ཚང་དུ་སྤངས་པ་བསམ་གཏན་གྱི་སྡེ་གསར་ འཛུགས་མཛད་པའི་གདན་ས་བར་མངའ་གསོལ་ཏེ་སྐུ་ཚེའི་མཇུག་ཏུ་ རྒོད་ཚང་དང་ལྷ་ལྔ་བྲག་གཉིས་སུ་བཞུགས་ནས་བསྟན་པའི་བྱ་བ་ རྒྱ་ཆེར་མཛད། དགུང་ལོ་བརྒྱད་ཅུ་གྱ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཞི་ བཅུ་ཞེ་ལྔ་པ་ཡིན་ནོ། ། དྲེད་ཁོག་དགེ་བཤེས་བློ་བཟང་སྦྱིན་པ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་སྐུ་འབུམ་ལྷ་ སྡེ་དྲེད་ཁོག་འབྲོག་སྡེ་ཡིན། རབ་བྱུང་བཅོ་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ མཛད། དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཤིང་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལ་སྦྱངས་པ་དཔྱིས་ཕྱིན་ པ་མཛད། རྩ་བའི་བླ་མ་གྲུབ་དབང་རྡོ་རྗེ་འཆང་ཆེན་པོའི་མདུན་ [850] ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་བསྙེན་སྒྲུབ་ཀྱི་ མན་ངག་རྣམས་ལེགས་པར་མནོས་ཏེ་ལོ་གསུམ་གྱི་ཁོངས་སུ་བསྙེན་ཆེན་ སྦྱོར་དངོས་རྗེས་གསུམ་ཚང་བར་མཐར་ཐོན། རྒྱུད་པའི་བླ་མ་དབུ་ མཛད་ལོ་ཁ་ཤས་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ཡུལ་ དུས་ཀྱི་བབ་དང་བསྟུན་པའི་ལུགས་གཉིས་ཀྱི་འཛིན་སྐྱོང་བདག་གིར་ མཛད། ཁྲི་ཟུར་ནས་ཀྱང་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་ བར་མཛད་དོ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ བཞི་བཅུ་ཞེ་དྲུག་པ་ཡིན་ནོ། ། གདགས་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་ རྒྱལ་པོ་མེར་ཁྲི་བཙན་པོ་དང། ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོ་ན་མི་ཆེན་གྱིས་མཛད་ གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས་ཤིང་སྒྲིབ་ལྷ་སྔོན་མོ་ཁབ་ཏུ་ བཞེས་ཏེ་རིགས་སྲས་སྲིབ་ཁྲི་བཙན་པོ་སྐུ་འཁྲུངས། ཏོག་སྙིང་པོ་སྦྲང་རྩིའི་བཅུད། པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ། ཁོང་ གི་མཚན་གཞན་ལ་ འཁོད་འདུག་ཁོང་གི་བང་སོ་གནམ་ལ་བཏབ། ཁོང་ནི་གནམ་གྱི་ ཁྲི་བདུན་ལས་ཁྲི་དྲུག་པ་ཡིན་ནོ། ། གདགས་ལྷ་དཀར་མོ།། [851] ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ དགས་ དྭགས་ ཀྱི་གྲུབ་བཞིར་སྐུ་འཁྲུངས། རྒྱལ་པོ་མེར་ཁྲི་བཙན་ པོའི་བཙུན་མོ་ཡིན་ལ་རྒྱལ་པོ་གདགས་ཁྲི་བཙན་པོའི་མ་ཡུམ་ཡིན་ ཁོང་མོའི་མཚན་གཞན་ལ་དར་བཟའ་མ་ཞེས་ཞུའོ། ། གདོང་གཞུག་ངག་དབང་ཆོས་གྲགས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རེབ་སྐོང་རོང་བོའི་ཚེ་རུག་འོན་འཇའ་ཡིན། ཁོང་གཞོན་ནུའི་ དུས་སུ་བྱ་ཁྱུང་གདོན་པའི་ཆོས་སྒོར་ཞུགས་ནས་གཞུང་དང། སུམ་ རྟགས། སྙན་ངག་རྩིས་དཀར་ནག་བཅས་ལ་སྦྱངས་པར་མཛད་ དེ་ནས་དབུས་སུ་ཕེབས་ཤིང་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ བཀའ་བོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ ཆེན་མོའི་སྨོན་རམས་པ་མཛད། དེ་ནས་རང་དགོན་དུ་ཕེབས་ཏེ་རབ་ བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་ དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་དབུ་མ་འཇུག་པ་ཚོགས་ འདོན་དུ་བཙུགས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་ངོ་ལོག་བྱུང་སྐབས་བྱ་ ཁྱུང་དགོན་པ་ལ་དམག་སྐྱོན་ཕྲ་མོ་ཙམ་ཡང་མ་བྱུང། དེ་ལྟར་ལོ་ལྔའི་ རིང་དུ་གདན་ས་བསྐྱངས་ནས་འཆད་ཉན་འཕེལ་བ་དང། དོན་ གཉེར་བ་རྣམས་ལ་རྩིས་དཀར་ནག་སོགས་ཀྱི་དཔེ་ཁྲིད་དང། བྱམས་ ཁང་གི་སྐུ་བརྙན་ལ་ཞིག་གསོས་དང་རྒྱུན་གྱི་མཛད་སྦྱོད་ལེགས་པ་དང་ བཅས་པས་ཀུན་གྱིས་གཙུག་ཏུ་བཀུར། ཁྲི་ཟུར་ནས་མཚེར་མོ་ཆེའི་ [852] རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་མཛད་ནས་དུས་འདའ་བའོ། ཁོང་གི་ གསུང་རྩོམ་ནི་རྩིས་གཞི་གསར་སྦོས་དང། སྤྱི་སོའི་དེབ་ཡིག་སེམས་ བསྐྱེད་ཀྱི་བཤད་སྒྲིག་སྐྱེས་རིའི་བསང་ཡིག་བཅས་བཞུགས་སོ། ཁོང་ ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སུམ་ཅུ་སོ་གཉིས་པ་ ཡིན་ནོ། ། གདོང་གཞུག་ཞབས་དྲུང་བློ་བཟང་ཆོས་གྲགས།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རོང་བོ་སྐྱ་ཡིས་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཁན་ ཆེན་ངག་དབང་ཆོས་གྲགས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དེ་ནས་ བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་བསྡུས་གྲྭ་བཅས་ལ་སྦྱངས་པར་ མཛད། དེ་ནས་དབུས་སུ་ཕེབས་ཏེ་ཁྲི་ཆེན་ངག་དབང་མཆོག་ལྡན་ དང། རྗེ་བྱམས་པ། རྩེས་ཐང་མཁན་པོ་དཔལ་འབྱོར་གྲགས་པ་ སོགས་ལ་བསྟེན་ནས་ཆོས་རྒྱུན་མང་དུ་གསན། རང་ཡུལ་དུ་ཕེབས་ ནས་རྒྱུད་པའི་བླ་མ་དབུ་མཛད་དང་དཔོན་སློབ་སོགས་རིམ་གྱིས་ འགན་ཁུར་བཞེས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་གང་ ལེགས་གནང། ཆོས་ར་ཆེན་མོ་རྒྱ་བསྐྱེད་པ་དང། རྟེན་བཞེངས་ ཚོགས་གསོག་རྒྱ་ཆེན་མཛད་ཅིང་གདན་ས་ལོ་བཞིའི་རིང་དུ་བསྐྱངས་ པར་མཛད་དོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ བཞི་བཅུ་ཐམ་པ་ཡིན་ནོ། ། [853] བདག་ཆེན་ཀུན་དགའ་རིན་ཆེན།། ཁོང་ནི་ཏཱ་དབེན་ཀུན་དགའ་རིན་ཆེན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། བདག་ཉིད་ཆེན་པོ་དྷརྨ་པཱ་ལ་རཀྵི་ཏ།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ལྡན་ས་སྐྱའི་གནས་དྲུག་ལྷ་ཁང་དུ་ཡབ་འགྲོ་མགོན་ཕྱག་ན་རྡོ་རྗེ་ དང། ཡུམ་མཁའ་འགྲོ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་ལྔ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་མདོ་ཁམས་པྲེ་མཎྚལ་དུ་ སྐུ་གཤེགས། དགུང་ལོ་དགུ་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ རྒྱ་ཡུལ་ནས་ཡར་བྱོན་པ་དང་སྟབས་ལེགས་པར་འགྲིགས་ཏེ་དབང་ རྒྱུད་མན་ངག་ལ་སོགས་པ་དུ་མ་གསན་ནས་ཐུགས་སུ་ཆུད་པར་མཛད་ དགུང་ལོ་བཅུ་གཅིག་པར་བརྟག་གཉིས་གསུངས་ཤིང་ཚོགས་སུ་ཐུགས་ བསྐྱེད་གནང་བས་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་དགུང་ལོ་ བཅུ་གསུམ་པར་ས་སྐྱའི་གདན་སའི་འགན་ཁུར་བཞེས། འཕགས་པ་ རིན་པོ་ཆེ་ཞི་བར་གཤེགས་པའི་ཐུགས་དགོངས་རྫོགས་ཐབས་གསོལ་ འདེབས་དང་ཆོས་འཁོར་ཆེན་མོ་གནང་དུས་ཚོགས་ཆོས་གསུངས་པས་ ངོ་མཚར་དུ་གྱུར། ནང་རྟེན་ལྷ་ཆེན་དཔལ་འབར། ཕྱི་རྟེན་གསེར་ འབུམ་ཆེན་མོ། ལྷ་ཁང་འདེབས་བྲིས། བླ་བྲང་སོ་སོར་སྐུ་འདྲ་དུ་མ་ དང། སྐུ་ཚད་བཅུ་གསུམ་སོགས་མང་དུ་བཞེངས། དུས་མཆོད་ རྒྱུན་མ་ཆད་པར་འཛུགས་པ་ལ་སོགས་པ་བྱ་བ་རྒྱ་ཆེན་པོ་མཛད་ དགུང་ལོ་བཅུ་བཞི་པར་གནམ་བསྐོས་གོང་མ་ཆེན་པོ་སེ་ཆེན་རྒྱལ་པོའི་ [854] ཕོ་བྲང་དུ་ཕེབས་ནས་གོང་མ་ཆེན་པོ་ལ་ཆོས་དང་མཐུན་པའི་གསུང་ གླེང་མང་དུ་མཛད་པས་རྒྱལ་པོ་ཡང་ཤིན་ཏུ་མཉེས་ཏེ་དད་པར་གྱུར་ གོང་མ་ཆེན་པོས་ཏཱི་ཤྲཱིའི་གོ་གནས་གནང་སྟེ་ལོ་ལྔའི་རིང་གོང་མའི་ཕོ་ བྲང་དུ་བཞུགས། དེའི་རིང་འཕགས་པ་རིན་པོ་ཆེའི་གདུང་རིང་ བསྲེལ་བཞུགས་པའི་ནང་རྟེན་ཤེལ་གྱི་མཆོད་རྟེན་ཆེན་པོ་བཞེངས་ མེ་ཏོག་ར་བར་ཤེལ་གྱི་མཆོད་རྟེན་དེ་ཉིད་བཞུགས་པའི་གཙུག་ལག་ ཁང་ཆེན་པོ་ཡང་བཞེངས། བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད་ནས་ བོད་དུ་གདན་བཏེགས་ཏེ་མདོ་ཁམས་སུ་ཕེབས་པ་ན་སྟབས་མ་ལེགས་ པར་ཕྱོགས་དེར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཁོང་ནི་ ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོ་སེ་ཆེན་རྒྱལ་པོའི་དབུ་བླ་སྟེ་ཏཱི་ཤྲཱི་ གསུམ་པ་ཡིན། ། བདག་ཆེན་ངག་དབང་ཀུན་དགའ་དབང་རྒྱལ།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་ཡུམ་ བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ པའི་ལྕགས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་གཞི་ཐོག་བླ་བྲང་དུ་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ སུམ་རྟག་དག་གསུམ་ལ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་ མཛད། དེ་ནས་འཇམ་དབྱངས་སྐུ་མཆེད་དང། ཐར་རྩེ་ནམ་ མཁའ་དཔལ་བཟང་སོགས་ལ་བསྟེན་ནས་ཡབ་མེས་ཀྱི་བཀའ་ཆོས་དང་ མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་གསན་པར་ [855] མཛད། བདེ་ཀྱེ་ཕུར་པ་སོགས་ཀྱི་དུས་དང་གྲངས་ཀྱི་བསྙེན་པ་མཐར་ ཕྱིན་པས་མཚན་མ་ངོ་མཚར་ཅན་མང་དུ་བྱུང། དགུང་ལོ་ཉི་ཤུ་རྩ་ དྲུག་པ་རབ་བྱུང་བཅུ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་དཔལ་ ལྡན་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ལོ་ངོ་གསུམ་གྱི་རིང་ དུ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དགུང་ལོ་ཉི་ཤུ་ རྩ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ གདན་ས་ཆེན་པོའི་ཁྲི་རབས་ཉི་ཤུ་རྩ་ལྔ་པ་ཡིན་ནོ། ། བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས།། ཁོང་ནི་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་ རྒྱལ་མཚན་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། བདག་ཆེན་ངག་དབང་གྲགས་པ་རྒྱལ་མཚན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཡབ་ནམ་ མཁའ་བཀྲ་ཤིས་རྒྱལ་མཚན་དང་ཡུམ་མ་གཅིག་ཧོར་མོ་ཚེ་བརྟན་ གཉིས་ཀྱི་སྲས་སུ་རྩེ་གདོང་དུ་སྐུ་འཁྲུངས་ཏེ། ས་ལོ་འཇམ་དབྱངས་ ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ ་ གྱི་གཅུང་པོ་ཡིན། ཁོང་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ་གཅེན་པོ་ རྒྱས་རིན་ཆེན་སོགས་མཁས་གྲུབ་མང་པོར་བསྟེན་ཏེ་ཡབ་མེས་ཀྱི་ བཀའ་ཆོས་དང། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པར་མཛད། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལས་ བསྙེན་རྫོགས་མཛད་ཅིང་དབང་ལུང་མན་ངག་མང་དུ་ཞུས། དེ་ནས་ [856] ཐུབ་བསྟན་རྣམ་རྒྱལ་གླིང་དང་དཔལ་རྣམ་དགའ་བ་གདོང་གི་གདན་ ས་གཉིས་འཛིན་མཛད་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་དང་དགོན་ པའི་མངའ་ཐང་བཅས་ཤིང་ཏུ་དར་བར་མཛད། བཞུགས་འབུལ་ཚུལ། གསུང་རྩོམ་ཡང་འགའ་ཞིག་མཛད། མདོར་ན་སྐུ་ཚེ་ཧྲིལ་བོར་བསྟན་ པ་དང་སེམས་ཅན་གྱི་དོན་འབའ་ཞིག་གིས་དུས་འདའ་བར་མཛད་དོ།། བདག་ཆེན་ཆོས་ཀྱི་རྒྱལ་མཚན།། ཁོང་གི་རབ་བྱུང་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཝང་གྲགས་པ་རྒྱལ་མཚན་དང། ཡུམ་མ་གཅིག་སྲས་ འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་སྦྲེལ་ ལོ་སྟེ་སྤྱི་ལོ་་ལོར་གཡས་རུ་སྲིན་པོ་རིའི་རྣམ་རྒྱལ་སྒང་གི་ གཟིམས་ཁང་དམར་མོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་ཡབ་ མེས་ཀྱི་བཀའ་ཆོས་དང། གཞན་ཡང་ཕར་ཕྱིན། མངོན་པ། ཚད་ མ། གསང་སྔགས་གསར་རྙིང། ཁྱད་པར་དུ་དུས་ཀྱི་འཁོར་ལོ་ལ་ སོགས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཐུགས་སུ་ཆུད་པར་ མཛད། བླ་མ་དམ་པས་ས་སྐྱའི་རིན་ཆེན་སྒང་བླ་བྲང་དང་སེང་གེ་ སྒང་གི་གདན་སར་བསྐོས། ལྷག་པར་དུ་ཡང་གདུང་རྒྱུད་གཞན་ལ་ མེད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་ཞྭ་དང། ཤེས་དམ་ གླིང་དྲུག་མ། ཏཱི་ཤྲཱི་ཀུན་དགའ་བློ་གྲོས་ཀྱི་ཤེལ་དམ། འགྲོ་མགོན་ ཕྱག་ནའི་གསེར་དམ་འཁོར་དང་བཅས་པ་ཐམས་ཅད་བདག་ཆེན་འདི་ [857] ཉིད་ལ་ཡོད་པར་བཤད་ཅིང། གཞན་ཡང་འཇིག་རྟེན་གྱི་བྱ་བ་ལ་ ཐུགས་མི་འཇུག་པར་ཐུགས་དམ་ཁོ་ན་ལ་ཐུགས་གཞོལ་བ་དང། ཁྱད་ པར་སྦྱོར་བ་ཡན་ལག་དྲུག་པ་ལ་མངའ་བརྙེས་པས་སྦོས་ཞལ་ལ་ཕྱག་ ཕྲེང་གི་རྗེས་དོད་པ་སོགས་གྲུབ་རྟགས་མང་དུ་བསྟན་ཞིང་གཞན་ཕན་ དང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་རྣལ་འབྱོར་བ་ཞིག་ཡིན་ དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། བདག་ཆེན་ནམ་མཁའ་ལེགས་པ།། ཁོང་ནི་མཁས་བཙུན་ནམ་མཁའ་ལེགས་པའི་རྒྱལ་མཚན་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། བདག་ཆེན་བློ་གྲོས་རྒྱལ་མཚན།། ཁོང་ནི་རྒྱ་དཀར་བློ་གྲོས་རྒྱལ་མཚན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། བདག་ཆེན་བཟང་པོ་དཔལ་བ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བོ་ དོང་ཨེར་ཡབ་སློབ་དཔོན་ཡེ་ཤེས་འབྱུང་གནས་དང། ཡུམ་ཇོ་མོ་ འབུམ་མེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ཁོང་དགུང་ ལོ་བཅུ་དྲུག་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཇལ་ཏེ་པ་ སྐུ་གཤེགས་ནས་གདན་སར་དྷརྨ་པཱ་ལ་བཞུགས། དགུང་ལོ་འཕགས་པ་ གཅིག་པར་གསང་སྟབས་ཀྱིས་ཡོན་གོང་མའི་ཕོ་བྲང་དུ་ཕེབས་ཀྱང་ [858] འགའ་རེས་གོང་མ་ལ་སྙན་ཕྲ་ཞུས་པའི་རྐྱེན་གྱིས་གོང་མས་རེ་ཞིག་ བརྟག་པའི་ཕྱིར་དུ་སྨན་རྩེར་བརྫངས་ཤིང། དེར་བཞུགས་པའི་ སྐབས་སུ་རྒྱ་མོ་ཞིག་དང་འགྲོགས་པས་དབང་བསོད་ནམས་བཟང་པོ་ འཁྲུངས། དགུང་ལོ་ཉེར་བདུན་པར་དྷརྨ་པཱ་ལ་སྐུ་གཤེགས་ནས་ས་ སྐྱའི་གདུང་བརྒྱུད་ཆད་ལ་ཉེ་བའི་སྐབས་དེར་ཡར་འབྲོག་གི་དཔོན་ ཆེན་ཨང་གླེན་དང། ཁམས་པ་དབོན་ནག་གཉིས་ཀྱི་གཙོས་པའི་ས་ སྐྱའི་བཀའ་གྲོས་པ་དང་ལྷན་དུ་ཏཱི་ཤྲཱི་གྲགས་པ་འོད་ཟེར་གོང་མའི་ཕོ་ བྲང་དུ་བཞུགས་ཡོད་པ་ལ་ཞུ་ཡིག་ཕུལ་བས་ཏཱི་ཤྲཱི་གྲགས་པ་འོད་ཟེར་ དང། གུ་ཤྲཱི་ཤེས་རབ་དཔལ། མི་ཆེན་ཨོ་བུ། སྒ་ཨ་གཉན་དམ་པ་ སོགས་ཀྱིས་གོང་མ་ཆེན་པོ་ལ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་ ས་སྐྱའི་གདུང་རྒྱུད་སྤེལ་ཆོག་པའི་སྙན་སྒྲོན་ཕུལ་བས་གོང་མ་ཆེན་པོའི་ ཐུགས་འགྱུར་བདག་ཆེན་བཟང་པོ་དཔལ་གྱིས་ས་སྐྱའི་གདུང་རྒྱུད་སྤེལ་ ཆོག་པའི་བཀའ་ལུང་བསྩལ་ཏེ་སྨན་རྩེ་ནས་ཕོ་བྲང་དུ་གདན་དྲངས་ཏེ་ དབུ་བླར་གྱུར། དགུང་ལོ་སོ་ལྔ་པར་གོང་མ་ཆེན་པོས་སྲས་མོ་ཞིག་ ཀྱང་བཙུན་མོར་གནང། དགུང་ལོ་སོ་བདུན་པར་བོད་དུ་ཕེབས་ཏེ་ མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་མཐར་ཕྱིན་པར་ མཛད། དགུང་ལོ་ཞེ་ལྔ་པར་ཡབ་མེས་ཀྱི་གདན་ས་ལ་བཞུགས་ནས་ ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དགུང་ལོ་ལྔ་བཅུ་ང་ གཉིས་པར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་མཚན་ལ་ཨ་མོ་གྷ་དཧྭ་ ཤྲཱི་པ་ཞེས་གསོལ། འདི་ཡན་ལ་རྒྱ་མོ་མུ་དཧན་གན་དང། དབུས་གཙང་ སོགས་ནས་བཙུན་མོ་བདུན་བཅས་ཁབ་ཏུ་བཞེས་ཏེ་སྲས་པོ་སྲས་མོ་ [859] མང་དུ་འཁྲུངས་པས་བླ་བྲང་ཁག་བཞིར་གྱེས་སོ། དགུང་ལོ་དྲུག་ཅུ་ རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ གདན་སའི་ཁྲི་རབས་བཅུ་པ་ཡིན་ནོ། ། བདག་ཆེན་ཤེས་རབ་རྒྱལ་མཚན།། ཁོང་ནི་རྒྱ་གར་ཤེས་རབ་རྒྱལ་མཚན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། བདག་མེད་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ ཡབ་གསེར་སྡིངས་པ་གཞོན་ནུ་འོད་དང་ཡུམ་མགར་བཙུན་མ་ཤེས་ རབ་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ལྔ་པར་ཡི་ གེའི་སྦྱོར་ཀློག་ལེགས་པར་མཁྱེན། འགྲོ་བའི་མགོན་པོ་འཕགས་པ་ ལས་མངོན་པར་འགྱུར་གྱི་ཆོས་རྣམས་གསན་ནས་བློ་སྐྱོར་མཛད་ཐུབ་ པས་མི་ཀུན་ཧ་ལས་ཏེ་འདི་ནི་སྤྲུལ་པའི་སྐུ་ཆེན་པོ་ཞིག་གོ་ཞེས་གླེང་ པར་བྱས། དེ་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་འོད་ཟེར་ཞེས་ གསོལ་ཞིང་འགྲོ་བའི་མགོན་པོ་འཕགས་པས་ཀྱང་ཆོས་སྐུ་འོད་ཟེར་དུ་ མཚན་གསོལ། ཁོང་ཆོས་ཀྱི་གྲྭ་ས་དང་གང་དུ་བྱོན་པའི་ཚེ་ཆོས་ཐམས་ ཅད་ལན་རེས་འཛིན་པར་ནུས་པའི་ཤེས་རབ་ཤིན་ཏུ་ཆེ་བ་ཞིག་ཡིན་ ཁོང་གི་སློབ་མའི་མཆོག་ནི་ཀུན་མཁྱེན་འཕགས་འོད་ཡིན། ། བདེ་ཁང་བ་བློ་བཟང་རབ་བྲན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཙོང་ཁའི་སྐྱེས་རིའི་གཡས་འདས་བས་ཚེར་ཕུག་ཏུ་ཡབ་གནམ་ལྷ་ [860] འབུམ་དང། ཡུམ་པདྨ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བཅུ་ཐམ་པར་སྒོམ་ཆེན་དགེ་འདུན་བདེ་ལེགས་པའི་ དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་རབ་བརྟན་དུ་གསོལ་ དགུང་ལོ་བཅུ་གསུམ་པར་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་ མཁྱེན་བརྩོན་ཆེ་བས་འཕྲལ་དུ་སྐྱོར་དཔོན་བསྐོས། དགུང་ལོ་བཅོ་ བརྒྱད་པར་སྐུ་འབུམ་དུ་ཕེབས་ནས་དམ་བཅའ་བཞག་པས་ཚང་མ་ ཐུགས་མཉེས་པོ་བྱུང། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ ནས་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ བྱང་བར་མཛད། དགུང་ལོ་ཉེར་དགུ་པར་སྒྲུབ་ཁང་རིན་པོ་ཆེ་ལས་ བསྙེན་རྫོགས་བསྒྲུབས་ཤིང་འཇམ་དཔལ་ཞལ་ལུང་གི་ཁྲིད་རྫོགས་པར་ ཞུས། དགུང་ལོ་སོ་གཉིས་པར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་གསང་ སྔགས་ཀྱི་གཞུང་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་ལྔ་ པར་རང་དགོན་དུ་ཕེབས་ནས་དམ་བཅའ་བཞག་པས་མཁས་པའི་མིག་ རྒྱན་དུ་གྱུར། དེ་ནས་ལུང་གཡོན་རི་ཁྲོད་དུ་ཕེབས་ཏེ་ལོ་གསུམ་གྱི་ རིང་དབེན་པར་བཞུགས། དགུང་ལོ་ལྔ་བཅུ་ཐམ་པ་རབ་བྱུང་བཅུ་ གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་ སའི་ཁྲི་ལ་བཞུགས་ནས་ལོ་བཅུའི་རིང་དུ་གདན་ས་བསྐྱངས། དེའི་ རིང་ལ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་གསར་དུ་བཙུགས་ཤིང་ མཆོད་རྟེན་ཆེ་ཆུང་དྲུག་ཅུ་རྩ་བདུན་བཞེངས་པར་མཛད། ཁྲི་ ཟུར་ནས་དགུང་ལོ་དོན་བཞི་པར་ཏན་ཚིག་དགོན་པར་ཕེབས་ཤིང་ [861] རྟེན་གསུམ་འགངས་ཅན་རྣམས་ལ་མཆོད་འབུལ་དང། དགེ་འདུན་ རྣམས་ལ་མང་འགྱེད་བཅས་ཀྱི་མཛད་འཕྲིན་སྤེལ། ཁོང་གི་གསུང་ རྩོམ་ནི་པོད་གཅིག་བཞུགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཁན་ ཆེན་ངག་དབང་དོན་གྲུབ་དང། མཁན་པོ་ངག་དབང་མཁས་གྲུབ་རྒྱ་ མཚོ། རྗེ་བློ་བཟང་བསྟན་འཕེལ། རྭ་ལོ་སྤྲུལ་སྐུ། ཚོ་ཏན་སྤོའུ་ མཁན་པོ་དཔལ་ལྡན་རྒྱ་མཚོ། དན་ཚིག་ཞབས་དྲུང་འཇམ་དབྱངས་ གྲགས་པ། རྗེ་ཆོས་གྲགས་དར་རྒྱས་བཅས་ཡིན། ཁོང་ནི་བྱ་ཁྱུང་ དགོན་པའི་གདན་སའི་མཁན་རབས་སུམ་ཅུ་སོ་ལྔ་པ་ཡིན་ནོ། ། བདེ་རྒུ་ཀུན་དགའ་རྒྱལ་མཚན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་ནི་བདེ་རྒུ་ བླ་མ་ཆུང་བ་ཡིན་ཞིང། བྱང་ཆུབ་སེམས་དཔའ་སྦྱོར་ལམ་པར་གྲགས་ གཞོན་ནུ་ནས་བྱ་བཏང་གི་རྣལ་འབྱོར་བ་མཛད་ཅིང། རྡོ་རྗེ་རི་ དང། དྲག་མོ་རྒྱལ། བྱང་ཆུབ་གླིང་སོགས་སུ་བཞུགས་གནས་བྲག་ ཕུག་འཚོ་བ་བསོད་སྙོམས་སོགས་སྦྱངས་པའི་ཡོན་ཏན་ལ་གནས་པ་ ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་བརྒྱད་ཀྱི་ རིང་དུ་གདན་ས་བསྐྱངས། ཐུགས་རང་བཞིན་ཤིང་ཏུ་དྲངས་པས་ཐ་ མལ་བ་ཞིག་ཡིན་ན་སྙིགས་དུས་ཀྱི་སྡེ་དགོན་གྱི་ཁྲི་ནོན་རེ་མེད་ཀྱང་ བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་འཆད་ཉན་སོགས་ས་དར་རྡོ་དར་དུ་ བྱུང་འདུག། ཚུལ་ཁྲིམས་ལེའུ་རྣམ་བཤད་ལས་གསུངས་བ་ལྟར་གྱི་ བྱང་སེམས་ཀྱི་སྡོམ་པའི་འབོག་ཆོག་ཀྱང་མཛད་པ་རྗེ་ངག་དབང་ཆོས་ [862] རྒྱམ་པ་སོགས་ཀྱིས་གསན་འདུག་སེམས་ཅན་གཞན་སྡུག་བསྔལ་གྱིས་ མནར་བ་གཟིགས་པ་དང་གསན་པ་བྱུང་ཚེ་སྐྱོ་ཤས་མི་བཟོད་པའི་སྙིང་ རྗེ་ཆེན་པོས་སྤྱན་ཆབ་རང་དབང་མེད་པར་འཆོར་ཞིང། ཐུགས་དམ་ གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང། གཅོད་ཀྱི་གདམས་པ་ལ་མཛད་ པ་ཞིག་ཡིན། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་ རབས་ཉི་ཤུ་རྩ་གཉིས་པ་ཡིན་ནོ། ། བདེ་རྒྱ་ངག་དབང་དགེ་ལེགས་རྒྱ་མཚོ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་ཤར་ཡུ་གུར་ཡིན། ཁོང་དགུང་ལོ་བརྒྱད་པར་བདེ་དགུ་ཆེ་བ་དཔལ་ ལྡན་རྒྱ་མཚོའི་སྐུ་ཕྲེང་གསུམ་པར་ངོས་འཛིན་ནས་དགོན་ལུང་བྱམས་ པ་གླིང་དུ་གདན་དྲངས་ཏེ་སྐུ་གོང་མའི་གདན་སར་འཁོད། ཐུའུ་ བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ལས་རབ་ཏུ་བྱུང་བ་དང། ཆུ་བཟང་ བློ་བཟང་བསྟན་པའི་རྒྱལ་མཚན་ལས་བསྙེན་རྫོགས་མཛད། དགོན་ ལུང་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་རྣམས་ལ་ ཐུགས་གཉེར་ལེགས་པར་མཛད། སྟོང་འཁོར་བསོད་རྣམས་རྒྱ་མཚོ་ དང། རྒྱལ་སྲས་འཇིགས་མེད་གྲགས་པ་སོགས་བླ་མ་དུ་མ་ལས་ གདམས་པ་མང་དུ་གསན། ཆོས་འབྲེལ་ཐོབ་བའི་བླ་མ་རྣམས་ལ་དམ་ ཚིག་སྲོག་ལྟར་བསྲུངས་བ་དང། གཞན་གྱིས་གནོད་པ་བྱས་པ་ལ་ ཕན་འདོགས་པ་ལས་གནོད་བསྐྱལ་བའི་དགོངས་པ་གཏན་ནས་མི་ འདུག་ཐུགས་རྒྱུད་དུལ་ཞིང་ངང་ཚུལ་བཟང་བ་ཞིག་ཡིན། རབ་ བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ཁོང་རྒྱལ་སྲས་ [863] བློ་བཟང་ངག་དབང་འཇིགས་མེད་དགོན་ལུང་བྱམས་པ་གླིང་དུ་གདན་ འདྲེན་ཞུ་བ་དབུས་སུ་ཕེབས་ཀྱང་ཕོ་ལྷ་ཐས་ཇིས་དགོངས་པ་ཚུལ་ མཐུན་མ་སྟེར་བས་རྒྱལ་སྲས་རིན་པོ་ཆེ་སྐུ་ཚེ་འདི་ལ་མདོ་ཁམས་སུ་ ཕེབས་རྒྱུ་མ་བྱུང། རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་བཞུགས་ ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ནས་མཆོད་ རྟེན་ཐང་དང། མཱ་ཐི་ཟི། འདུལ་བ་དགོན། སྟོང་འཁོར་དགོན་ སོགས་ཀྱི་བླ་མ་ཡང་མཛད། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ གདན་སའི་མཁན་རབས་སུམ་ཅུ་ཐམ་པ་བ་ཡིན་ནོ། ། བདེ་ཆེན་འཇིགས་མེད་གྲགས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་ཐམ་པར་བདེ་ཆེན་པཎྜི་ ཏ་ཞེས་གཞུང་ས་དགའ་ལྡན་ཕོ་བྲང་ནས་གནང་བའི་འཇའ་ས་མཐོན་ པོ་བ་ངག་དབང་འཇམ་དབྱངས་དཔལ་ལྡན་པའི་སྤྲུལ་སྐུར་ངེས་པ་ རྙེད་ནས་རྗེ་གོང་མའི་ཁྲི་ཁར་བྱོན། དེ་ནས་ཐོས་བསམ་གླིང་དུ་ བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། རང་དགོན་དུ་ཕེབས་ནས་ཀུན་རིག་ཆོ་ག་ངོས་གཙང་ སྒྲུབ་པའི་སྲོལ་བརྩུགས་པ་དང། བླ་མ་ལྔ་བཅུ་བ་དང། ཐུན་དྲུག་ རྣལ་འབྱོར། སྡོམ་གསུམ་བསྔོ་བགྲང་བཅས་ཚོགས་འདོན་དུ་བརྩུགས་ དགུང་ལོ་སོ་དྲུག་པར་རོང་བོ་རྒྱུད་ཁྲིར་ཕེབས་ཤིང་ལོ་གསུམ་གྱི་རིང་དུ་ [864] འཆད་ཉན་བསྐྱངས། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་བཞི་ པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་ གླིང་གི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་གསུམ་གྱི་རིང་དུ་གདན་ས་ བསྐྱངས། འགྲིག་ལམ་ཀུན་སྤྱོད་དང། ཆོས་འཆད་ཉན། དཔེ་ འཛིན་སྐྱོར་སྦྱོང། ཚིག་རྒྱུགས་དོན་རྒྱུགས་ལེན་པ་སོགས་ལ་དོ་དམ་ གང་ལེགས་མཛད། ཁྲི་ཟུར་ནས་ཀྱང་བསྟན་འགྲོའི་བྱ་བ་འབའ་ཞིག་ བསྒྲུབས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རོང་བོ་ ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་སུམ་ཅུ་སོ་ གཅིག་པ་ཡིན་ནོ། ། བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཧོར་བདེ་ཆེན་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཨ་རོལ་ བློ་བཟང་ལུང་རིགས་རྒྱ་མཚོ་ལས་དགེ་བསྙེན་དང་དགེ་སློང་གི་སྡོམ་པ་ བཞེས། མཁན་པོ་འདི་དང་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་ པའི་དཔལ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་གྲགས་ པ་འཐོབ། ཁོང་ལ་བདེ་ཆེན་དཔོན་པོ་བསྟན་པ་དར་རྒྱས་ཀྱིས་གཟིམ་ ཁང་བཞེངས་ཤིང་ཁོང་གིས་དེ་ནས་སྨན་བླའི་དབང་གསུངས། དགུང་ ལོ་ཉེར་ལྔའི་སྟེང་དུ་འདུ་ཁང་རྟེན་བརྟེན་པ་རྣམས་བཞེངས་མཛད་ ནང་ཆེན་གྱི་ཚོམས་ཁང་དམར་མདངས་དང། ཀླུ་དབང་རྒྱལ་པོའི་ [865] ལྷ་ཁང། ལམ་རིམ་བླ་བརྒྱུད་ལྷ་ཁང་སོགས་བཞེངས། གདན་ས་ གསུམ་གྱི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ ནས་ལུགས་གཉིས་ཀྱིས་བསྐྱངས། སྐབས་ཤིག་ཏུ་རྩེ་འབལ་གཞུང་ གསུམ་གྱི་ནང་ཚན་རྒྱལ་པོ་གོ་ཆེན་གྱི་ལྷ་ཞོལ་དུ་བཤད་སྒྲུབ་དར་རྒྱས་ གླིང་ཕག་འདེབས་མཛད་དེ་ལོ་བཅུ་གཉིས་ཀྱི་རིང་དུ་ལུགས་གཉིས་ ཀྱིས་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བྱང་རྩེ་འཇམ་དབྱངས་ མཁས་བཙུན་རྒྱ་མཚོ་དང། བདེ་ཆེན་ཆུང་བ་བློ་བཟང་བསྟན་པ་ རབ་རྒྱས། ཁ་སོ་སྐུ་ཕྲེང་དྲུག་པ་བློ་བཟང་ཆོས་འབྱོར་རྒྱ་མཚོ་བཅས་ ཡིན། ཁོང་གི་གསུང་རྩོམ་ནི། མཛོད། ལེའུ་འགྲེལ་བ། བཞུགས་སོ། ། བདེ་ཆེན་ལྷོ་བྲག་པ་བློ་བཟང་ཆོས་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་སྟེ་ རབ་བྱུང་བཅུ་བཞི་པའི་ནང་ནས་འཁྲུངས་པའི་མི་ཞིག་ཡིན། ཁོང་གི་ རྩོམ་གྱི་ཚིག་སྦྱོར་ལ་བལྟས་ན་ཁམས་པའི་མི་ཞིག་ཡིན་པ་འདྲའོ། ཁོང་ གིས་རིས་མེད་གྲུབ་མཐའ་ཡོང་ཀྱི་མཁས་གྲུབ་དགེ་བའི་བཤེས་གཉེན་ སུམ་ཅུ་ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་བཅས་པར་གསན་ སྦྱོང་ལེགས་པར་མཛད། ཁྱད་པར་མདོའི་སྐོར་གྱི་སྡེ་སྣོད་གསུམ་ལ་ མཁས་པའི་རྩེ་མོར་སོན། བྱ་བྲལ་པ་མཛད་དེ་དབུས་ཀྱི་ལྷོ་བྲག་དང་ མདོ་ཁམས་ཀྱི་མཎྜལ། གསེར་ཆེན་སྟག་རྫོང་སོགས་དབེན་པའི་རི་ [866] ཁྲོད་རྣམས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད། ཁོང་ གིས་རྒྱ་གར་པཎ་གྲུབ་དང། བོད་སྔ་རབས་ཀྱི་རིས་མེད་མཁས་གྲུབ་ ཡོངས་ཀྱི་གསུང་རབ་རྣམས་ལ་ཉམས་གཞིགས་ཡུན་དུ་མཛད། ཁྱད་ པར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བྱང་ཆུབ་ལམ་གྱི་ རིམ་པ་ལ་ཐུགས་དཔྱད་ཞིབ་པར་མཛད་དེ་བྱང་ཆུབ་ལམ་གྱི་རིམ་པའི་ བཤད་པ་ ལ་འཇུག་པའི་རིམ་པ་གསལ་བར་བྱེད་པ། པོད་ཆེན་ཞིག་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། ། བདེ་ཆོས་སྨན་པ་རཏ་ན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ ལྷོ་ཁར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆོས་གྲྭ་ཆེན་ པོ་བདེ་ཆེན་ཆོས་འཁོར་གླིང་ ད་ལྟ་ལྷོ་ཁ་གོང་དཀར་རྫོང་དུ་ཡོད།། དུ་ཆོས་ཞུགས་མཛད་ནས་སློབ་གཉེར་གནང། ལྷག་པར་དུ་བྱང་པ་ འཚོ་བྱེད་ཀྱི་ཞབས་པད་ལ་བསྟེན་ནས་གསོ་རིག་གི་གཞུང་ལུགས་རྒྱ་ མཚོ་ལྟ་བུ་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་མཁས་པའི་གོ་འཕང་ ཐོབ། རྒྱུན་དུ་བདེ་ཆེན་ཆོས་འཁོར་གླིང་དུ་བཞུགས་ནས་སྨན་དཔྱད་ མཛད་ཅིང་བསྟན་བཅོས་བརྩམས་ནས་དུས་འདའ་བ་མཛད། རབ་ བྱུང་བཅུ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ འགྲེལ་བ་འབྲུ་སྣོན་ཤིན་ཏུ་ལེགས་པ། གནང། གསུང་རྩོམ་འགའ་རེ་བཞུགས་སོ། ། [867] བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས།། ཁོང་ནི་དཀའ་བཅུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་ རྒྱལ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཀན་ལྷོའི་གཅོས་ས་ཁུལ་གྱི་ཁ་ཡངས་གོང་མ་ཞེས་པའི་སྡེ་གྲོང་དུ་ ཁྱུང་པོ་ཨ་ཙའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སོག་ཡུལ་མཁར་སྔོན་དུ་སྐུ་གཤེགས་ བདེ་ཐང་མཁན་ཆེན་བློ་བཟང་ཚངས་དབྱངས་ཞེས་པའམ་མཚན་ གཞན་ལ་ཚུལ་ཁྲིམས་རྣམ་རྒྱལ་ཞེས་པ་ནི་ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ ལྷོའི་ཅོ་ནེ་རྫོང་བྲག་ཁུང་ལུང་ཞང་ལ་གཏོགས་པའི་བདེ་ཐང་དགོན་ དགའ་ལྡན་ཆོས་འཁོར་གླིང་ངམ་དགའ་ལྡན་བསམ་གྲུབ་གླིང་གི་མཁན་ པོ་སྐུ་ཐོག་གཉིས་པ་ཡིན། དགུང་ལོ་བདུན་པར་བདེ་ཐང་མཁན་པོ་ དཀའ་བཅུ་པ་བསོད་ནམས་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ ནས་གདན་སར་བཀོད། ལོ་དེར་ཆས་པ་བླ་མ་བློ་བཟང་ཚུལ་ཁྲིམས་ ལས་རབ་ཏུ་བྱུང་སྟེ་ཡི་གེའི་འབྲི་ཀློག་སོགས་ལ་བསླབས་པས་ཤེས་རབ་ ཀྱི་ཀློང་རྡོལ། དགུང་ལོ་བཅུ་དགུ་བར་དབུས་སུ་ཕེབས་ཏེ་འབྲས་ སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཤིང་དོན་གྲུབ་རྒྱ་མཚོ་སློབ་དཔོན་དུ་ བསྟེན་ནས་མདོ་ལ་སྦྱངས་པ་དང་གསང་ཕུར་དཀའ་བཅུའི་གྲྭ་སྒོར་ མཛད། དགུང་ལོ་ཉེར་གསུམ་པར་རྒྱལ་དབང་ལྔ་བའི་སྐུ་མདུན་ནས་ དགེ་བསྙེན་གྱི་སྡོམ་པ་མནོས། རྒྱུད་སྟོད་ཆོས་གྲྭར་ཞུགས་ཏེ་སྤོ་འབོར་ [868] བ་བློ་བཟང་ཆོས་འཕེལ་སློབ་དཔོན་དུ་བསྟེན་ནས་སྔགས་ལ་སྦྱངས་ གཙང་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ མཇལ་ཏེ་ཆོས་འབྲེལ་ཞུས། དགུང་ལོ་ཉེར་བཞི་བར་ཨ་མདོར་ཕེབས་ ཏེ་རང་ཡུལ་འཁོར་ལོ་སྟེང་ཞེས་བྱ་བར་དགོན་སྡེ་བཏབ། དགུང་ལོ་ སོ་བཞི་བར་སོག་ཡུལ་དུ་ཕེབས་ཏེ་མཁར་སྔོན་ཧུ་ཧོ་ཧོའུ་ཐེད་དུ་ བཞུགས། ཐོ་ཡོན་བླ་མས་གསར་བཞེངས་མཛད་པའི་དགའ་ལྡན་ མི་འགྱུར་གླིང་དང་ཆ་གན་དི་ཡང་ཆིའི་དགོན་དགའ་ལྡན་དར་རྒྱས་ གླིང་གཉིས་ཀྱི་བླ་མར་མཛད་དུ་བཅུག་དེ་ནས་ཡུན་རིང་མ་འགོར་ བར་དབུས་སུ་བྱོན་ཏེ་རྒྱལ་དབང་དྲུག་པར་དངོས་འབུལ་དང་དགོན་ སྡེ་ཁག་ལ་མང་འགྱེད་ཕུལ། སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོས་ དབྱངས་ཅན་རོལ་པའི་རྡོ་རྗེར་བསྔགས། དགུང་ལོ་ཞེ་བཞི་པར་ཨ་ མདོར་ཕེབས་ནས་ཅོ་ནེ་དཔོན་སྐུ་མཆེད་དང་མཆོད་ཡོན་གྱིས་བདེ་ ཐང་རི་བོ་ཆེ་ནས་ཆས་པའི་སྤྱི་དགོན་དགའ་ལྡན་ཆོས་འཁོར་ཕྱོགས་ ལས་རྣམ་རྒྱལ་གྱི་གླིང་བཏབ། མདོ་དབུས་ནས་སྐུའི་རྟེན་ནམ་འཕང་ ཅན་ཁ་ཤས་སྦྱན་དྲངས་མཛད། དགུང་ལོ་ཞེ་ལྔ་བར་སླར་དབུས་སུ་ ཕེབས་ཏེ་གཙང་དབུས་གཉིས་ཀྱི་དགོན་སྡེ་ཁག་ལ་མང་འགྱེད་རྒྱ་ཆེར་ བསྒྲུབས། དགུང་ལོ་ང་གཅིག་པར་སླར་སོག་ཡུལ་མཁར་སྔོན་དུ་ ཕེབས་ནས་རྒྱུན་བཞུགས་གནང་ངོ་ བདེ་ཡངས་དགེ་འདུན་ཐུབ་བསྟན་རབ་རྒྱས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ མཚོ་སྔོན་མདའ་བཞིར་ཡབ་དབང་ཆེན་ཐར་དང། ཡུམ་མར་གྱ་ [869] གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་བདེ་ ཡངས་སྐུ་གོང་མ་བློ་བཟང་བསྟན་འཛིན་ནོར་བུའི་ཡང་སྲིད་དུ་ཐུགས་ ཐག་བཅད་ཅིང། གསེར་ཁང་དགེ་བཤེས་རིན་པོ་ཆེ་དགེ་འདུན་ བསྟན་པ་དར་རྒྱས་ལས་རབ་བྱུང་བསྒྲུབས། བྲག་ཁང་བློ་བཟང་ བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་ ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པར་དཔྱིས་ ཕྱིན་པ་མཛད། དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས་ཏེ་རྒྱལ་བ་ རིན་པོ་ཆེས་གཟིགས་པ་ཆེས་ཆེར་གནང་ཞིང་བྱ་ཁྱུང་བ་བྲག་ཁང་དགེ་ བཤེས་བསྐལ་བཟང་སློབ་དཔོན་དུ་བསྐོས་ནས་གཞུང་བཀའ་པོད་ལྔ་ལ་ སྦྱངས་པར་མཛད། དེ་ནས་མདོ་སྨད་དུ་ཕེབས་ཏེ་ཆེ་ཤོས་བྱང་ཆུབ་ བསྟན་པའི་སྒྲོན་མེ་དང་ལྕང་ལུང་བློ་བཟང་བསྟན་པའི་རྒྱལ་མཚན་ རྣམ་གཉིས་ལས་ཆོས་བཀའ་མང་དུ་གསན་པར་མཛད། རབ་བྱུང་ བཅུ་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ གདན་སའི་ཁྲི་ལ་ཕེབས་ནས་ཟླ་བ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས་ ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ་དུས་འདའ་བའོ། བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་ལྔ་བཅུ་ཐམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་ གདན་སའི་མཁན་རབས་བརྒྱ་དང་བཅུ་གཅིག་པ་ཡིན་ནོ། ། བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ།། [870] ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཚ་ཕུག་སྣ་ཁ་ཚང་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་རྗེ་གསེར་ཁང་བས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་ བཅད་ཅིང་རབ་བྱུང་བསྒྲུབས་ཏེ་ཞབས་པད་ཡུན་རིང་དུ་བསྟེན་ནས་ ཆོས་བཀའ་མང་དུ་གསན། གཞན་ཡང་ཐར་ཤུལ་དགེ་འདུན་ཆོས་ སྐྱོང་རྒྱ་མཚོ་དང། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། རྗེ་བློ་བཟང་ ལུང་རིགས་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་གྲུབ་དབང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་གྲུབ་དབང་ འཇིགས་མེད་བསམ་གཏན་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་ སྐོར་མན་ངག་རྣམ་གསུམ་དང་བཅས་པ་རྫོགས་པར་མནོས། དེ་ནས་ གསེར་ཁང་རི་ཁྲོད་དང། མཚེར་མོ་ཆེ་སོགས་སུ་ཕེབས་ཏེ་སྒྲུབ་པ་ ཉམས་ལེན་ལ་གཞོལ་བ་མཛད། དགུང་ལོ་ལྔ་བཅུ་རྩ་སྟོད་ནང་དབུས་ གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ཏེ་པཎ་ཆེན་ཆོས་ཀྱི་ཉི་མས་བླ་མར་ བཀུར་ཞིང་འཇིགས་བྱེད་བསྙེན་ཁྲིད་ཞུས། པཎ་ཆེན་རིན་པོ་ཆེས་ ཁོང་ལ་བསིལ་བ་ཚལ་གྱི་མགོན་པོའི་རྡོ་སྐུ་བྱིན་ཅན་ཞིག་གནང་ དུས་ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ སྲས། གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེའི་གསུང་ འབུམ་གྱི་ལུང་སོགས་ཞལ་ཤེས་སྟན་བརྒྱུད་མནོག་ཆེ་བ་རྣམས་ཕུལ་ དེ་བཞིན་དུ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་ [871] ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་རྣམས་ལའང་ཆོས་བཀའ་རེ་ གཉིས་ཕུལ། འཇིགས་མེད་ཐུབ་བསྟན་རྒྱ་མཚོས་ཀྱང་རྩ་བའི་བླ་མར་ བསྟེན། གཅན་ཚའི་མ་ཎི་དང། བྱ་ཁྱུང་ཨ་ར་པ་ཙའི་ལྷ་ཁང་གི་ རྟེན་དང་བརྟེན་པ་གསར་བཞེངས་དང་ཉམས་གསོ་ཅི་རིགས་མཛད་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བདུན་ ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ གདུང་ནི་ཅོང་ཁའི་སྐྱེས་རིའི་གསེར་བཟང་སྐེད་ནས་བྱ་གཏོར་དང་ གདུང་རུས་སྙིང་པོར་བཞུགས་པའི་དངུལ་གྱི་མཆོད་རྟེན་བཞེངས་པ་ད་ ལྟ་གསེར་གདུང་ཆེན་མོར་བཞུགས་སོ། ། བདེ་ཡངས་ཞབས་དྲུང་བློ་བཟང་ནོར་བུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་དུ་མདོ་ སྨད་མང་རར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བདེ་ ཆེན་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ བཅས་ལ་མཁས་པར་སྦྱངས། དེ་ནས་བྱ་ཁྱུང་དགོན་པའི་ཆོས་གྲྭར་ ཞུགས་ཤིང་གཞུང་ཆེན་ཁག་ལ་ཐོས་བསམ་ནན་ཏན་དུ་མཛད། བྱང་ ཆུབ་ལམ་རིམ་ཆེན་མོ་ཐུགས་འཛིན་གནང་ནས་ཉམས་ལེན་མཛད་ དེ་ནས་སྨན་པ་གྲྭ་ཚང་གི་བླ་མའི་ཐོག་མ་དང། བདེ་ཆེན་དཔོན་སློབ་ ཀྱི་འགན་ཁུར་བཞེས། རབ་བྱུང་བཅུ་བཞི་པའི་བགྲང་བྱ་བཅུ་གསུམ་ པ་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ མཁན་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས་ ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ལྔ་བཅུ་ང་དྲུག་པ་ [872] ཡིན་ནོ། ། བདེ་གཤེགས་རྒྱ་བོ་བ།། ཁོང་ནི་ཟུར་ཆུང་ཤེས་རབ་གྲགས་པ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང། ཡུམ་མདང་ དྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་ནས་བཅུ་ བཞི་བར་བོད་ཀྱི་ཡིག་རྩིས་སྙན་ངག་བཅས་ལ་སྦྱངས་པར་མཛད་ དགུང་ལོ་བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱི་ ལས་སྙན་ངག་ལེའུ་གསུམ་དང། རྩིས་སྐོར། དབྱངས་ཅན་སྒྲ་མདོ་ སྡེབ་སྦྱོར་བཅས་ལ་སྦྱངས་ནས་ཀུན་བཤད་ཀྱི་མཚན་ཚངས་སྲས་དགྱེས་ པའི་བློ་ལྡན་ཞེས་གསོལ། རྙིང་མའི་ཆོས་སྐོར་ཡང་མང་དུ་གསན་ དགུང་ལོ་བཅུ་དགུ་པར་གཞིས་ཀ་རྩེའི་ཡོངས་བཞེས་སུ་ཕེབས། དགུང་ ལོ་ཉི་ཤུ་པར་གཞིས་ཀ་རྩེའི་རྫོང་དཔོན་མཛད། དགུང་ལོ་ ཉེར་བཞི་པར་གོང་དཀར་རྫོང་གི་རྫོང་དཔོན་མཛད། ལོ་དེར་རྩིས་དཔོན་གྱི་ལས་འགན་བཞེས། ང་ལུམ་སྦྱར་གསུམ་ཚར་བཅད་ ནས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་གོ་གནས་བཞེས་ སྐབས་དེའི་ལས་རོགས་སུ་ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་ [873] བཀའ་བློན་དུ་བསྐོས། དེ་དུས་དགུང་ལོ་སོ་གཉིས་ཡིན། དེ་ནས་ལོ་ ངོ་ཉེར་བཞི་སོང་བ་ན་གོང་མས་ཝང་འགྱུར་མེད་རྣམ་རྒྱལ་གྱིས་ངོ་ལོག་ བསླངས་བར་ཚར་བཅད་རྗེས། བཀའ་བློན་གོ་གནས་རང་འཇགས་ ཀྱི་བཀའ་ཤོག་དང། སླད་བོད་ཀྱི་ལས་དོན་སྐོར་དོན་ཚན་བཅུ་གསུམ་ དུ་བསྡུས་པའི་རྩ་ཚིག་བཟོས་ཏེ་ཁྱབ་བསྒྲགས་མཛད། བཀའ་ཤག་ ལས་ཁུངས་ཐོག་མར་བཙུགས། ཁྱོན་ལོ་ངོ་སུམ་ཅུ་སོ་བཞི་རིང་དུ་ བཀའ་བློན་གྱི་ལས་འགན་བཞེས། ཁོང་གི་གསུང་རྩོམ་ནི། ཟླ་མེད་ཀྱི་རྟོགས་བརྗོད། བློན་རྟོགས་བརྗོད། སྦྱར། བརྡ་སྤྲོད་གསལ་བྱེད་ཀཱ་ལིའི་ཕྲེང་བསྒྲིགས་པ། ། མདོ་སྤེ་ཆོས་མཛད།། ཁོང་ནི་ཚ་རོང་དཔལ་ལྡན་རྒྱལ་མཚན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མདོ་བ་གྲགས་པ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ མདོ་བ་ཡར་ནང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཉེར་དྲུག་པར་དུ་བྱ་ ཁྱུང་དགོན་པའི་སྤྱི་སོའི་རང་འཐག་པ་མཛད་ཅིང་དཔེ་ཆ་ལ་གཟིགས་ ཁོམ་དེ་འདྲ་མ་བྱུང། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་ལོ་ཉེར་གཉིས་ ཀྱི་རིང་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ ་ དང་ [874] དཀའ་ཆེན་ཡོངས་འཛིན། དགེ་བཤེས་ཐོགས་མེད། བླ་མ་འཇམ་ དབྱངས་པ། ཀོང་ཡེ་དགའ་བཅུ་སོགས་ལ་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་སེར་ བྱེས་གླིང་བསྲེའི་དཀའ་བཅུའི་མཚན་བཏགས་བཞེས། དེ་ནས་རྒྱལ་བ་ འཇམ་དཔལ་རྒྱ་མཚོའི་ ་ བཀའ་ལུང་བཞིན་དུ་ རྒྱ་ནག་པའི་ཡོངས་འཛིན་གྱི་འགན་ཁུར་བཞེས་ཏེ་ཕོ་བྲང་ཆེན་པོ་པེ་ ཅིན་མཁར་དུ་ཕེབས་ཤིང་ལོ་བཅུར་བཞུགས་ནས་རང་ཡུལ་དུ་ཕེབས་ དེ་ནས་བྱ་ཁྱུང་དགོན་པའི་དུས་འཁོར་དཔོན་སློབ་དང་རྒྱུད་པའི་ མཁན་པོ་མཛད། རབ་བྱུང་བཅུ་བཞི་པའི་བགྲང་བྱ་གསུམ་པ་ས་མོ་ སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ བཞུགས་ནས་ཆོས་ཀྱི་འཆད་ཉན་དང་དཔལ་འབྱོར་གྱི་གཏོང་སྒོ་བཅས་ ཀྱི་ཐད་ནས་སྔར་སྲོལ་མ་ཉམས་པ་མཛད། ཁྲི་ཟུར་ནས་སྒྲུབ་པ་ ཉམས་ལེན་ལ་བརྩོན་མུར་དགུང་ལོ་བརྒྱད་ཅུ་རྒྱ་བརྒྱད་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་ལྔ་བཅུ་ང་གཉིས་པ་ཡིན་ནོ། ། མདོ་བ་ང་དབང་བསྟན་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་ མདོ་བ་མར་ནང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་འདོན་ཆོས་དང་རིག་གནས་ བཅས་ལ་མཁས་པར་སྦྱངས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་ [875] སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་རང་ཡུལ་དུ་ཕྱིར་བྱོན། རབ་ བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་ དགོན་པའི་གདན་སའི་སེང་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ གདན་ས་བསྐྱངས། ལྷོ་ངོས་ཀྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཞིག་ གསོས་དང། སྤྱི་སོ་ཆེན་མོའི་སྟེང་ཤོད་སོ་ཕག་གིས་སྒྲོན་པ་དང་ སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་སྒྲུབ་བཅས་མཛད་དོ། ཁོང་བྱ་ ཁྱུང་དགོན་པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་གཅིག་པ་ཡིན་ ནོ། ། མདོ་བ་ངག་དབང་དོན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མགོ་ཙམ་དུ་ མདོ་བ་མར་ནང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བྱ་ཁྱུང་དགོན་པའི་ཆོས་སྐོར་ཞུགས་ཏེ་འདོན་ཆོས་དང་རིག་གནས་ སྐོར་ལ་ལེགས་པར་སྦྱངས། དེ་ནས་དབུས་ལྷ་ལྡན་དུ་ཕེབས་ཏེ་སེ་ར་ ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ ལྔ་ལ་ཐོས་བསམ་ལེགས་པར་མཛད་དེ་ལྷ་རམས་པའི་མཚན་བཏགས་ བཞེས། རྒྱུད་སྨད་དུ་ཞུགས་ཏེ་གསང་ཆེན་ཆོས་གྱི་ཆོ་ག་དང་ཕྱག་ ལེན་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། ཁྲི་ཆེན་ངག་དབང་ མཆོག་ལྡན་ ་ སོགས་ལ་བསྟེན་ནས་མདོ་རྒྱུད་ བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་གསན། དེ་ནས་རང་ ཡུལ་དུ་ཕྱིར་ཕེབས་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཁྱུང་དགོན་པའི་གདན་སའི་སེང་ཁྲི་ལ་བཞུག་ནས་ལོ་ [876] བདུན་གྱི་རིང་དུ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། དེའི་ རིང་དུ་གསེར་གདུང་ཆུང་བར་ཞིག་གསོས་མཛད་པ་དང་ཁྲི་ཆེན་ངག་ དབང་མཆོག་ལྡན་གྱིས་གསར་སྐྲུན་མཛད་པའི་གསེར་གདུང་རྒྱ་ཕིབས་ གནང་བ་དེ་གསེར་གདུང་ལྷ་ཁང་དུ་སྒྲོན་པ་སོགས་སྔོན་མེད་བྱ་བ་ལས་ ཀྱི་འཁོར་རྒྱ་ཆེར་མཛད། སྐུ་ཆས་གང་ཡོད་ཀྱིས་རྟེན་བཞེངས་དང་ ཚོགས་མང་བསྐྱངས། དགུང་ལོ་དོན་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་གི་སྐུ་ཕྲེང་རྗེས་མ་རྣམས་ལ་མདོ་བ་བེ་ སི་ཚང་ཞེས་གྲགས་སོ། །ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་སུམ་ཅུ་སོ་དྲུག་པ་ཡིན་ནོ། ། མདོ་བ་ངག་དབང་བསོད་ནམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མགོ་ཙམ་དུ་ མདོ་བ་ཡར་ནང་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་རིག་ གནས་ཆུང་བ་རྣམས་ལ་ལེགས་པར་སྦྱངས། དེ་ནས་དབུས་སུ་ཕེབས་ ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་ བཀའ་པོད་ལྔ་ལ་ཐོས་བསམ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ དེ་ནས་རྒྱུད་སྨད་དུ་ཞུགས་ཤིང་གསང་ཆེན་ཆོས་ཀྱི་ཆོ་ག་དང་ཕྱག་ལེན་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་རང་དགོན་བྱ་ཁྱུང་དུ་ ཕེབས། དགོན་པའི་གཞུང་ལས་པ་དང། བླ་མ་དབུ་མཛད་ རྒྱུད་པའི་སློབ་དཔོན་བཅས་ལ་རིམ་གྱིས་བཞུགས་ཏེ་ལེགས་བཤད་སྙིང་ པོའི་བཤད་ལུང་སོགས་གནང་བ་མཛད། རབ་བྱུང་བཅུ་གསུམ་པའི་ [877] བགྲང་བྱ་ལྔ་བཅུ་ང་དགུ་པ་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་ དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ཟླ་བ་དགུའི་རིང་དུ་ གདན་ས་བསྐྱངས། ཁྲི་ཟུར་ནས་རང་ཡུལ་དུ་ཕེབས་ཏེ་སྒྲུབ་པ་ཉམས་ ལེན་ལ་བརྩོན་མུར་སྐུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་ སའི་མཁན་རབས་ལྔ་བཅུ་པ་ཡིན་ནོ། ། མདོ་བ་འཇིགས་མེད་བསྟན་འཛིན་མཆོག་གྲུབ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་རེབ་སྐོང་ཡུལ་དུ་གཡུ་རྔོག་བློ་བཟང་དང་བཀྲ་ཤིས་མཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་གདན་སར་མངའ་ གསོལ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ཐོས་བསམ་གླིང་ ནས་སློབ་གཉེར་གནང། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་ པའི་གནས་རྣམས་ལ་མཁས་པར་སྦྱངས་ཏེ་ཡོངས་རྫོགས་བསྟན་པའི་ བདག་པོར་གྱུར། དེ་ནས་གཙང་དགོན་པའི་ཁྲི་ལ་བཞུགས་ཏེ་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ཀྱི་ཐད་ལ་དོ་དམ་གང་ ལེགས་གནང། རྫོང་དམར་དགོན་པ་ཡང་ལོ་གསུམ་གྱི་རིང་དུ་ བསྐྱངས་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་ བ་མཛད། སྐྱབས་མགོན་སྐུ་ཕྲེང་བདུན་པ་སྐལ་ལྡན་བློ་བཟང་འཕྲིན་ ལས་ལུང་རྟོགས་རྒྱ་མཚོས་བཀའ་ལྟར་རྫོང་དམར་དགོན་པའི་གཞི་ གསར་བར་སྤོས་ཤིང་འདུ་ཁང་དང་ལྷ་ཁང་བཞེངས། གཟིམ་ཁང་ [878] ཡང་བཞེངས་པ་མཛད། རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་རོང་རྒྱུད་པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་གསང་ཆེན་ ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད། དགུང་ལོ་ང་གཅིག་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྫོང་སྔོན་ཚང་གི་སྐུ་ཕྲེང་བདུན་ པ་ཡིན་ནོ། ། མདོ་བ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་མདོ་སྨད་རྨ་ཆུའི་འགྲམ་གྱི་མདོ་བའི་ས་ཆ་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་རང་ཡུལ་ནས་དཔེ་ཆར་གཟིགས།། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་ ངམ་རིང་དུ་ཕེབས་ནས་རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས་ གཙང་བཀྲ་ཤིས་ལྷུན་པོའི་སྔགས་བ་བླ་མ་མཛད། དེའི་སྐབས་སུ་ པཎ་ཆེན་རིན་པོ་ཆེས་བཀའ་ལྟར་མདོ་སྨད་རང་ཡུལ་དུ་བྱོན་ཏེ་ཧན་ སྟག་ལུང་དགོན་དང། མཆོད་རྟེན་ཐང། ཚ་ཐུང་དགོན་ཆེ་བའི་ བླ་མ་བཅས་མཛད། འཇག་རུང་གི་ཡར་ལུང་དགོན་དང། སྟག་ལུང་ དགོན་གཉིས་གསར་འདེབས་མཛད། དགོན་པ་དེ་གཉིས་ཀྱི་མཆོད་ གཞིས་ཀྱི་དོན་དུ་རྒྱ་ནག་པེ་ཅིན་ཕོ་བྲང་དུ་བྱོན་ནས་བདེ་སྐྱིད་རྒྱལ་ པོས་གཟིགས་པ་བཟང་ཞིང་ཕོ་བྲང་ནང་གི་ཆ་གྭན་སེའི་བླ་མ་མཛད་ སྔ་ཕྱིར་དབུས་སུ་ལན་བཞི་དང་རྒྱ་ནག་པེ་ཅིན་ཕོ་བྲང་དུ་ལན་བཞིར་ ཕེབས་ནས་སྐུ་བསོད་ཤིན་ཏུ་རྒྱས། རབ་བྱུང་བཅུ་གཉིས་པའི་ལྕགས་ [879] མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་གླིང་གི་གདན་ སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་ མཁན་རབས་ཉི་ཤུ་རྩ་གསུམ་པ་ཡིན་ནོ། ། མདོ་བ་བློ་བཟང་དབང་ཕྱུག་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་བེ་སི་ཕྱག་རྡོར་སྐྱབས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་ མདུན་ནས་རབ་བྱུང་དང་དགེ་ཚུལ་ཞུས། ཆུ་བཟང་དགོན་པའི་ཆོས་ སྒོར་ཞུགས་ནས་འདོན་ཆོས་སྤྱོད་དང་བསྡུས་གྲྭ་བཅས་ལ་མཁས་པར་ སྦྱངས། དེ་ནས་དབུས་སུ་ཕེབས་ཤིང་སེ་ར་ཐེག་ཆེན་གླིང་གི་བྱེས་བ་ གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་གསན་སྦྱོང་ ནན་ཏན་དུ་མཛད། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་ མཚོའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་རང་ཡུལ་མདོ་ སྨད་དུ་ཕེབས། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་ དམ་ལེགས་པར་མཛད་ཅིང་སྨན་པ་བླ་བྲང་གི་གཟིམས་ཁང་ལྷས་སྐོར་ དང་བཅས་པ་གསར་བཞེངས་མཛད། དགུང་ལོ་ཉེར་དགུ་པ་རབ་ [880] བྱུང་བཅུ་གསུམ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་མཆོད་རྟེན་སྐྱེའི་ ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་འཆད་ཉན་མཛད། དགུང་ ལོ་སུམ་ཅུ་སོ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ བཞིའི་རིང་དུ་གདན་ས་བསྐྱངས། དགུང་ལོ་སུམ་ཅུ་སོ་བདུན་པ་ རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་གདན་ས་ བསྐྱངས། ཁྲི་ཟུར་ནས་ཆུ་བཟང་དགོན་པའི་ཁྲི་ཡང་བསྐྱངས་ཤིང་ བསྟན་འགྲོའི་དོན་ཆེན་འབའ་ཞིག་བསྒྲུབས་པར་མཛད་ནས་དུས་ འདའ་བའོ། །ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ ལྔ་བཅུ་ང་གཅིག་པ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ བཞི་བཅུ་ཞེ་གཉིས་པ་ཡིན་ནོ། ། མདོ་བའི་དབོན་ཆུང།། ཁོང་ནི་ཤར་གདོང་ངག་དབང་བསྟན་འཛིན་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། འདན་མ་ངག་དབང་བསྟན་འཛིན་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཤིང་རུ་སྡེ་བར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཉན་ཀྱང་ཡོའི་དམག་གིས་བཀྲོངས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་ཞིང་གསེར་ཁོག་དགོན་ གྱི་ཆོས་སྒོར་ཞུགས་ཏེ་མཚན་ཉིད་ཀྱི་གཞུང་ལ་སྦྱངས་པ་མཛད། དེ་ [881] ནས་དབུས་སུ་བྱོན་ཏེ་གྲྭ་ས་ཆེན་མོ་ཁག་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་མདོ་སྨད་དུ་ བྱོན་ཏེ་ཟབ་ལུང་ཕྱོགས་སུ་དབེན་པའི་ནགས་ཁྲོད་དུ་བཞུགས་ནས་ སྒྲུབ་པའི་རྒྱལ་མཚན་བཙུགས། ཀུན་མཁྱེན་འཇམ་དབྱངས་བཞད་ པས་དགོན་ལུང་བྱམས་པ་གླིང་དུ་རྒྱུད་པའི་གྲྭ་ཚང་བཙུགས་སྐབས་རྗེ་ འདི་བ་བླ་མར་བསྐོ་བཞག་མཛད། རྒྱུད་ཀྱི་འཆད་ཉན་དང་རི་ཁྲོད་ བྱང་ཆུབ་གླིང་དུ་བཀའ་འགྱུར་གྱི་བཀླགས་ལུང་གནང། དེ་རྗེས་ གསེར་ཁོག་དགོན་པའི་མཚན་ཉིད་ཀྱི་སློབ་དཔོན་མཛད། རབ་བྱུང་ བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་ གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ཡུན་རིང་མ་འགོར་བར་དུས་ ཟིང་ལངས་ཏེ་འཆད་ཉན་གྱི་མཛད་སྒོ་ཉིན་གཅིག་ཀྱང་གནང་རྒྱུ་མ་ བྱུང། བསྟན་འཛིན་ཆིང་ཝང་གིས་དུས་ཟིང་སློང་སྐབས་བཙན་པོ་ དགོན་གྱི་སོག་པོའི་གྲྭ་བ་སེ་ཆེན་རབ་འབྱམས་པས་སེར་དམག་ཉུང་ ཤས་ཁྲིད་ནས་གོང་མའི་དམག་ལ་འཐབ་འཛིངས་བྱས་པའི་རྐྱེན་གྱིས་ གསེར་ཁོག་དགོན་དང། ཞྭ་བོ་ཁོག་གི་དགོན་པ་གསུམ། འཇུ་ ལག་གི་རྒྱལ་ལྡོག་དགོན། སེམས་ཉིད་དགོན། ཕོ་རོད་ཀྱི་པྲ་སྟི་ དགོན། དགོན་ལུང་བྱམས་པ་གླིང་བཅས་མེ་ལ་བསྲེགས། ཆུ་བཟང་ རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང། མཁན་པོ་ལས་ ཐོག་པ་འདན་མ་ངག་དབང་བསྟན་འཛིན་འཕྲིན་ལས་ལ་སོགས་པའི་ ཉེས་མེད་གྲྭ་བ་བརྒྱ་ཕྲག་དུ་མ་སྲོག་ཐོག་བཏང། དེའི་སྐབས་སུ་ཐུའུ་ བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་རྣམ་ [882] གཉིས་ཀྱིས་གོང་མ་ཡུང་ཊིང་ལ་ཐབས་མཁས་ཀྱིས་ཞུ་བ་དང་མཛད་སྒོ་ གང་ཟབ་གནང་བའི་བཀའ་དྲིན་ལས་རབ་བྱུང་བཅུ་གཉིས་པའི་ས་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོ་ནས་བཟུང་དགོན་ཁག་སོ་སོ་གསར་བཞེངས་ ཆོག་པའི་བཀའ་ལུང་ཐོབ་ཅིང། རྒྱལ་པོའི་མཛོད་ནས་གྲྭ་བ་རྣམས་ ལ་ཕོག་དང་གཙུག་ལག་ཁང་སོགས་བཞེངས་པའི་གྲོན་དངུལ་རྣམས་ བཀའ་དྲིན་དུ་བསྩལ། དེ་ནས་བཟུང་དགོན་ཁག་སོ་སོའི་འཆད་ ཉན་གྱི་མཛད་སྒོ་གོང་ནས་གོང་དུ་འཕེལ་བར་གྱུར། ཁོང་ནི་དགོན་ ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ཉི་ཤུ་རྩ་དྲུག་པ་ཡིན་ ནོ།། འདན་མ་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་དུ་ མཚོ་སྔོན་དགོན་ལུང་གི་མཆོད་གཞིས་འདན་མའི་སྡེ་བར་ཡབ་ཀླུ་ འབུམ་ཕྱུག་དང། ཡུམ་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགེ་སློང་དཔལ་འབྱོར་གྱི་མདུན་ ནས་ཡི་གེའི་སྦྱོར་ཀློག་སོགས་བསླབས་པས་ཚེགས་མེད་པར་མཁྱེན་ དེ་ནས་ཟི་ན་སྒར་དུ་བྱོན་ཏེ་རབ་བྱུང་བསྒྲུབས་ཤིང་མཚན་ལ་ཚུལ་ ཁྲིམས་རྒྱ་མཚོ་ཞེས་གསོལ། སླར་དགོན་ལུང་དུ་ཕེབས་ཏེ་སུམ་པ་ དམ་ཆོས་རྒྱ་མཚོ་བླ་མར་བསྟེན་ནས་འདུལ་བ་དང་ཕར་ཕྱིན་ལ་ སྦྱངས། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ལས་བསྡུས་གྲྭ་གསན་ པས་རིགས་ལམ་ལེགས་པར་མཁྱེན། དེ་ནས་དབུས་གཙང་དུ་ཕེབས་ ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གུང་རུ་སངས་ [883] རྒྱས་བཀྲ་ཤིས་དགེ་རྒན་དུ་བསྟེན་ཏེ་བྱམས་ཆོས་དང། དབུ་མ་ འདུལ་བ། མཛོད། རྣམ་འགྲེལ་སོགས་བཀའ་བོད་མང་པོར་ཐོས་ པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། རབ་འབྱམས་སྨྲ་བ་བསོད་ནམས་གྲགས་ པའི་དྲུང་ནས་ཆོས་བཀའ་ཅི་རིགས་གསན། དེ་ནས་དྭགས་པོ་གྲྭ་ ཚང་དུ་ཞུགས་ནས་གཞུང་བཀའ་བོད་ལྔ་ལ་སློབ་གཉེར་ཚར་གཅིག་ མཛད་ཅིང་སླར་འབྲས་སྤུངས་སུ་ཕེབས་ནས་སྨོན་ལམ་ཆེན་མོའི་གྲྭ་ སྐོར་མཛད་ཅིང་མཁས་པའི་གྲགས་པ་ཐོབ། དེ་ནས་ལྷོ་ཁའི་ཕྱོགས་ སུ་བྱོན་ཏེ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ལས་གཅོད་ཀྱི་གདམས་ ངག་གསན། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཞུས་ ཤིང་བདེ་གསང་དུས་འཁོར་གྱི་དབང་དང། གསང་བདེ་འཇིགས་ གསུམ་གྱི་སྐྱེད་རྫོགས་ཀྱི་དམར་ཁྲིད་རྣམས་ཞུས། རི་བོ་དགེ་འཕེལ་ དང་རྟ་ནག་སྒྲུབ་ཕུག་ཏུ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་ཕ་ལ་ མངའ་བརྙེས་དང་བསྟན་སྲུང་རྡོ་རྗེ་དྲེགས་ལྡན་བྲན་དུ་བཀོལ་བར་ མཛད། དེ་ནས་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོའི་དབུ་ཐོད་དགོན་ ལུང་གི་རྟེན་སྐལ་དུ་གདན་ནས་རང་ཡུལ་དུ་ཕེབས། རབ་བྱུང་བཅུ་ གཅིག་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་ པ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་འཆད་ ཉན་བསྐྱངས། ཁྲི་ཟུར་ནས་བདེ་དགུ་ནང་སོས་གདན་དྲངས་ཏེ་ མཆོད་རྟེན་ཐང་དུ་དགོན་པ་གསར་འདེབས་མཛད། དེ་རྗེས་ཀན་ ཆེན་དགོན་ཐར་བ་གླིང་གསར་འདེབས་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགོངས་པ་ཆོས་དབྱིངས་སུ་ [884] གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཐུའུ་བཀྭན་དཀའ་བཅུ་ ཚུལ་ཁྲིམས་རིན་ཆེན་དང། ལིན་ཀྱ་དཀའ་བཅུ། ལུའུ་ཀྱ་དགེ་ འདུན་བློ་གྲོས་བཅས་ཡིན། ཁོང་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ ཐུགས་སྲས་སྟོང་ཉིད་རྟོགས་པའི་གྲུབ་ཆེན་བཞིའི་ནང་ནས་བསམ་བློ་ ཚུལ་ཁྲིམས་རྒྱ་མཚོར་གྲགས་པ་དེ་ཡིན་ལ། དགོན་ལུང་བྱམས་པ་ གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན་ནོ། ། འདར་སྟོན་བློ་བཟང་གྲགས་པ།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་འདར་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་འདར་ཆོས་སྡེར་ཞུགས་ཏེ་རབ་ཏུ་བྱུང་ཞིང་གཞུང་འཛིན་པ་དང་ བརྒལ་རྟགས་བརྩི་བ་མཛད། དེ་ནས་དབུས་སུ་བྱོན་ཏེ་མཁན་ཆེན་ དཔལ་བློ་བ་དང། རབ་འབྱམས་སྨོན་ལམ་དཔལ། མཁས་པ་ཀུན་ ལེགས་པ། ཆོས་རྗེ་བ་སོ་བ། ཆོས་རྗེ་ཤེར་འབྱུང་སོགས་ལ་བསྟེན་ ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། ཐང་སྐྱ་དང་གསང་ སྔགས་མཁར་དུ་རྣམ་འགྲེལ་སོགས་ཀྱི་འཆད་ཉན་པ་མཛད། ཤར་དུ་ ཕེབས་ནས་ཆོས་གསུངས། དགུང་ལོ་དོན་གཅིག་པ་རབ་བྱུང་བརྒྱད་ པའི་ལྕགས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་ངོ་བཅུ་གཉིས་རིང་དུ་གསེར་ཁྲི་བསྐྱངས་ཤིང་ཟབ་ རྒྱས་ཆོས་ཀྱི་འཆད་ཉན་ལེགས་པར་སྤེལ། རྒྱལ་བ་འོད་དཔག་མེད་ཀྱི་ སྐུ་ཆེན་དང། གསང་སྔགས་མཁར་དུ་གཉིས་མེད་དུས་ཀྱི་འཁོར་ལོའི་ [885] སྐུ་བཅས་གསེར་ཟངས་ལས་བསྐྲུན་པར་མཛད། དགུང་ལོ་གྱ་གཉིས་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ ཁྲི་འཛིན་པའི་ཁྲི་རབས་བཅུ་གཅིག་པ་ཡིན་ནོ། ། འདར་ལོ་ངག་དབང་ཕུན་ཚོགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་དགེ་ལྡན་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཏེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཅིང་མཁས་པའི་རྩེ་མོར་གྱུར། དེ་ནས་ལེགས་ སྦྱར་གྱི་སྐད་ཡིག་ལ་བྱང་ཞིང་ཆུབ་པར་སློབ་གཉེར་མཛད་དེ་ཕོ་བྲང་ ཆེན་པོ་པོ་ཏ་ལར་ཕལ་ཆེར་རྒྱུན་བཞུགས་མཛད་ནས་བསྟན་བཅོས་ མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། འགྱུར། མཐོང་བ་དོན་ལྡན། མི་གཅིག་པ་བདུན་ཅུ་དོན་གཉིས། མདོའི་འགྲེལ་བ་གསལ་ལྡན། འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་རེག་ཟིག་ཏུ་བཀོད་པ་ལེགས་ བཤད་ནོར་བུ་འདྲེན་པའི་ཤིང་རྟ། [886] བཞུགས་སོ། ། འདུལ་ནག་པ་དཔལ་ལྡན་བཟང་པོ།། ཁོང་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། འདུལ་འཛིན་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ དབུམ་སྟོད་སྦྲང་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་བཙུན་མོ་ཚལ་གྱི་དགོན་པར་སྐུ་གཤེགས་ ཁོང་འབྲི་གུང་ཆོས་རྗེ་ལས་རབ་ཏུ་བྱུང། འབྲི་གུང་པ་སྐུ་ཐོག་ཉེར་ གཉིས་པ་ལས་ཟབ་ཆོས་མང་དུ་གསན། བྲག་ཚན་དུ་འདུལ་བའི་སྐོར་ སྦྱངས། སྔགས་ཀྱི་བླ་མ་ཡང་མང་ཙམ་ལ་བསྟེན་ནས་བུ་སྟོན་གྱི་གསུང་ ཐམས་ཅད་མཁྱེན་པར་མཛད། དེ་ནས་རྗེ་ཙོང་ཁ་པ་ལ་བསྟེན་ནས་ མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་འདུལ་བའི་གཞུང་ ལུགས་ཚང་མ་གསན་ནས་སྡོམ་པ་གསུམ་གྱི་བཅོས་མཚམས་ཕྲ་ཞིང་ཕྲ་ བ་ཚུན་ཆད་ཀྱང་ཚུལ་བཞིན་དུ་བསྲུངས་ཤིང། བྱང་ཆུབ་ཀྱི་སེམས་ རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པས་ལུང་དང་མངོན་པར་ རྟོགས་པའི་ཡོན་ཏན་གྱི་གཏེར་ལ་མངའ་བསྒྱུར་བར་མཛད། རྗེ་ཙོང་ ཁ་པས་འདུལ་འཛིན་འདི་ལྟ་བུ་ད་ལྟ་རྒྱ་གར་ནའང་དཀོན་ཞེས་ བསྔགས་པར་མཛད། དེ་ནས་བཙུན་མོ་ཚལ་དུ་ཕེབས་ནས་དགོན་པ་ བཏབ། འཆད་ཉན་ཡུན་རིང་མཛད་པས་དགེ་འདུན་བརྒྱད་བརྒྱ་ ལྷག་ཙམ་འདུས། མལ་གྲོ་ཁུལ་གྱི་སྤངས་དགོན་དང། ཚལ་གུང་ [887] ཐང་སོགས་སུ་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྦེལ། སྐུ་ཚེ་གང་ བོར་དམ་ཚིག་འཆད་ཉན་དང། ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་ འདའ་བར་མཛད་ཅིང། རྗེ་ཙོང་ཁ་པའི་སློབ་མ་མང་པོ་ཞིག་གིས་ ཀྱང་ཁོང་ལས་འདུལ་བ་སོགས་མདོ་སྔགས་ཀྱི་ཆོས་ཕོན་ཆེན་གསན་ དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་རྒྱུད་སྨད་བླ་མ་ཤེས་རབ་སེང་གེ་ སོགས་མཁས་གྲུབ་ཀྱི་སློབ་མ་མང་པོར་སྤེལ། ཁོང་ནི་རྗེ་ཙོང་ཁ་པའི་ སྲས་ཀྱི་ཐུ་བོ་གཉིས་ལས་གཅིག་ཡིན། ཁོང་གི་གསུང་རྩོམ་ནི་དགེ་ སློང་གི་བསླབ་བྱ་ཆེན་མོ། དགེ་ཚུལ་གྱི་བསླབ་བྱ། གླེང་འབུམ་ སོགས་མདོའི་སྐོར། རབ་གནས་ཆོ་ག་དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་སོགས་སྔགས་ཀྱི་སྐོར་བཅས་ བོད་ཆེན་ཞིག་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། ། འདུལ་འཛིན་པ་གྲགས་བརྩོན་འགྲུས།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ མྱང་སྟོད་རྒྱ་བྲག་སྤེལ་སྟོད་ཀྱི་ཆུ་མིག་ལུང་དུ་སྐུ་འཁྲུངས། གདུང་རུས་ ཟེའུ་ཡིན། རབ་བྱུང་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་སྣར་ཐང་གི་གདན་ས་མ་འཛིན་གོང་དུ་རྒྱ་ཡུལ་དུ་ བྱོན་ནས་སེ་ཆེན་ཇིམ་གྱི་ཨོལ་བྱང་དུ་རྒྱལ་བུའི་བླ་མཆོད་མཛད་ དེ་ནས་ཡར་ཕེབས་ཏེ་རབ་བྱུང་ལྔ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོ་ནས་བཟུང་གདན་ས་ལོ་ངོ་བཅུ་གཉིས་རིང་དུ་བསྐྱངས་སོ། ཁོང་ གི་གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་བྱང་ན་བཞུགས་ སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་པ་ཡིན།། [888] འདུལ་འཛིན་དབང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྔ་ཡུལ་དུ་སྐུ་འཁྲུངས་ཤིང་གདུང་རུས་སྤྲོ་ཚིག་ཡིན་ རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཁ་གྱའི་འགྱད་རོའི་བླ་མ་གུར་དམར་ གསེར་ཏོག་ཅན་གྱི་ཡང་སྲིད་དུ་ངོས་འཛིན་ཞིང་གདན་སར་བཀོད་ མ་ཎི་བ་ཤེས་རབ་བཀྲ་ཤིས་ལས་དགེ་ཚུལ་བསྒྲུབས། དེ་ནས་བླ་བྲང་ བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚོགས་གྲལ་ལ་ཞུགས་ཤིང་དགུང་ལོ་ཞེ་ གསུམ་གྱི་བར་དུ་གཞུང་བཀའ་བོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་པ་མ་ཟད་པོད་སོ་སོ་ལའང་ཟིན་བྲིས་བཀོད། གསང་སྔགས་ བསྐྱེད་རྫོགས་དང་ཆོ་ག་ཕྱག་ལེན་དང་བཅས་པར་ཞིབ་པ་མཁྱེན་ ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་བསྙེན་རྫོགས་ཞུས་ཤིང་ དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་ མཛད། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་ཏེ་ཚོགས་ ཆེན་ཞལ་ངོ་དང་རྒྱུད་པའི་བླ་མ་དབུ་མཛད་ཀྱང་མཛད། སྡེ་ཁྲི་བློ་ བཟང་དོན་གྲུབ་དགུང་ལོ་བདུན་ཅུར་ཕེབས་སྐབས་སློབ་ཆུང་བ་མཛད་ ཅིང་ལོ་གཉིས་ཀྱི་རིང་དུ་མཚན་ཉིད་གྲྭ་ཚང་ལ་བརྩི་བཞག་གནང་ཞིང་ སྐྱབས་མགོན་མཆོག་གི་ཡོངས་འཛིན་ཡང་མཛད། རབ་བྱུང་བཅུ་ གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་རིང་དུ་གདན་ས་ བསྐྱངས། བསྡུས་གྲྭའི་བརྩི་བཞག་ཐུགས་ཐོག་ནས་གང་ཞིང་འཆད་ [889] ཉན་དང་གཏོང་སྒོ་སྔར་རྒྱུན་མ་ཉམས་པ་མཛད། ཁྲི་ཟུར་ནས་སྒྲུབ་ པ་ཉམས་ལེན་ཁོ་ན་མཛད་ནས་དུས་འདའ་འོ། དེ་ལྟར་ཉམས་རྟོགས་ འཕེལ་པའི་ངང་ནས་དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་ སུ་ཐེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་ བཞི་པ་ཡིན་ནོ། ། འདུལ་འཛིན་ཐག་མ་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་དུ་དབུས་ གཙང་ཕྱོགས་སུ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཞིག་ཡིན་ ཁོང་གི་མཚན་དངོས་ལ་ཀ་བ་དར་སེང་ཞེས་ཞུའོ། ཁོང་གཞོན་ནུའི་ དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང། འདུལ་འཛིན་ཆེན་ པོ་ཤ་མི་སྨོན་ལམ་ཚུལ་ཁྲིམས་ ་ ལ་བསྟེན་ནས་ འདུལ་བ་ལུང་སྡེ་བཞིའི་ཚིག་དོན་མཐའ་དག་ལ་མཁས་པར་བསླབས་ ཤིང་ཚུལ་བཞིན་དུ་བསྲུངས་པར་མཛད་པས་འདུལ་འཛིན་ཆེན་པོར་ གྲགས། དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་ཡེ་ཤེས་འབར་ ་ ་ གྱི་ཞབས་ལ་གཏུགས་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ ཁྲིད་ཡོངས་སུ་རྫོགས་པར་གསན་ཏེ་ཉམས་སུ་བླངས་ནས་མྱོང་བ་ཐོན་ པར་མཛད། དེ་ནས་སྟོད་ལུང་ཐག་མ་བཟུང་ནས་སློབ་མ་མང་པོ་ འདུས་པ་ལ་འདུལ་པའི་འཆད་ཉན་མཛད་པས་འདུལ་འཛིན་ཐག་མ་ པར་ཞེས་གྲགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལྷོ་བྲག་མཁན་ཆེན་ ནམ་མཁའ་སེང་གེ་དང། དབོན་དཔལ་ཆེན་རྡོར་གཞོན། སྦལ་ཏི་ ཇོ་སྲས་བཅས་ཡིན་ནོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཅས་ [890] གཅིག་པ་ཡིན་ནོ། ། འདུལ་འཛིན་དཔལ་ལྡན་བཟང་པོ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ རྟ་ནག་དམར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་སྤྲུལ་ལོ་སྟེ་ སྤྱི་ལོ་་ལོར་འབྲི་མཚམས་སུ་སྐུ་གཤེགས། ཁོང་མཁན་ཆེན་གྲུབ་ པ་ཤེས་རབ་ཀྱི་མདུན་ནས་རབ་བྱུང་གི་སྡོམ་པ་མནོས། བཀའ་ གདམས་པའི་ཆོས་སྐོར་ཐམས་ཅད་གསན་སྦྱངས་མཛད། ལོ་ཆེན་ སམ་གྷ་ཤྲཱི་ལས་སྒྲ་དང། སྙན་ངག། མངོན་བརྗོད། རྩིས་སོགས་ཐ་ སྙད་ཀྱི་གཙུག་ལག་རྣམས་བསླབས། རྗེ་དགེ་འདུན་གྲུབ་ལས་སྡེ་སྣོད་ ཀྱི་ཆོས་མང་དུ་གསན། རྗེ་ཤེས་རབ་སེང་གེ་ལས་དཔལ་གསང་བ་ འདུས་པའི་རྒྱུད་འགྲེལ་སོགས་གསང་སྔགས་ཀྱི་ཆོས་སྐོར་མང་དུ་ གསན། ཁོང་གིས་སྣར་ཐང་དུ་བརྟན་ཅིང་གདན་ས་གོང་འོག་གཉིས་ སུའང་ཆོས་གཞིས་མཛད་དེ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ གྱི་འཆད་མཉན་བཙུགས། ཚོགས་པས་རྩ་རྒྱུད་ལ་ནར་མའི་ཞལ་ འདོན་མཛད། རབ་བྱུང་བརྒྱུད་པའི་ལྕགས་ཕོ་སྟག་ལོ་སྤྱི་ལོ་་ ལོར་གདན་སའི་ཁྲི་ལ་ཕེབས། ལོ་ངོ་གསུམ་གྱི་རིང་དུ་གདན་སའི་ འཕྲིན་ལས་བསྐྱངས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་ རབས་བཅོ་བརྒྱད་པ་ཡིན། ། འདུལ་འཛིན་འོད་ཟེར་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ [891] སྐུ་གཤེགས། ཁོང་དགུང་ལོ་བཞི་བཅུ་ཞེ་བདུན་པ་རབ་བྱུང་བཅུ་པའི་ ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་གསུམ་པ་བསོད་ནམས་ རྒྱ་མཚོས་བཀའ་བཀོད་ལྟར་སྐུ་འབུམ་དགོན་གྱི་གདན་སའི་འགན་ཁུར་ བཞེས། རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྗེ་ བཙུན་བྱམས་པ་མགོན་པོ་དགུང་ལོ་བདུན་པའི་ཚད་ཀྱི་སྣང་བརྙན་ གཙུག་ལག་ཁང་དང་བཅས་པ་གསར་དུ་བཞེངས་ཏེ་དེང་སང་ཇོ་ཁང་ ཞེས་གྲགས་པ་དེའོ། རབ་བྱུང་བཅུ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་གདན་སའི་སེང་ཁྲི་ཆེན་མོའི་སྟེང་དུ་ཐོག་མར་བཞུགས་ཤིང་ དཔལ་ལྡན་བཤད་སྒྲུབ་གླིང་ཞེས་གྲགས་པའི་མཚན་ཉིད་ཀྱི་གྲྭ་ཚང་ གསར་དུ་བཙུགས། ཆོས་ཐོག་གི་ཐོག་མ་དཔྱིད་ཆོས་དང་པོའི་གྲལ་ འཛིན་མཛད་དེ་ཁ་དོག་དང། བསྡུས་འབྲིང། བསྡུས་ཆེན། རྟགས་ རིགས། བློ་རིགས། གཞུང་གསར་བ། གཞུང་རྙིང་བ་ཞེས་རྣམ་ འགྲེལ་ལ་འཛིན་གྲྭ་ལྔ་དང། ཕར་ཕྱིན་ལ་འཛིན་གྲྭ་གཉིས་ཏེ་ཁྱོན་ བསྡོམས་འཛིན་གྲྭ་བདུན་དུ་ཕྱེས་ཤིང་འཛིན་གྲྭ་སོ་སོའི་སྐྱོར་དཔོན་ བསྐོ་བཞག་མཛད། ཆོས་ཐོག་གང་དང་གང་ལ་རྩོད་པ་ཇི་ལྟར་འགྲོ་ པའི་མཚམས་འཛིན་གྱི་རྩོད་ཡིག་ཀྱང་བཞག་འཛིན་གྲྭ་སོ་སོར་བརྩི་ བཞག་དང་བགྲེ་གླེང་དམ་བཅའ་རྣམས་ཆག་མེད་དུ་གནང་བའི་སྒོ་ ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་འཆད་ ཉན་བཟང་པོས་ལོ་ལྔའི་རིང་དུ་བསྒྲེངས་པར་མཛད། དེ་ནས་ལོ་ བཞིའི་རིང་དུ་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་ བྱུང་བཅུ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སླར་གདན་སའི་ [892] སེང་ཁྲི་ལ་ཕེབས་ཏེ་ལོ་གཉིས་ཀྱི་རིང་དུ་འཆད་ཉན་མཛད་ནས་དགུང་ ལོ་དྲུག་ཅུ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ་ ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དང་པོ་དང་གསུམ་པ་ གཉིས་ཀ་ཡིན་ནོ། ། འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ།། ཁོང་ནི་བོད་ལུགས་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྒྲགས་ཀྱི་ ལྷ་ལུང་དུ་ཡབ་མང་སྲོང་མང་བཙན་དང། ཡུམ་འབྲོ་བཟའ་ཁྲི་མ་ ལོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཤིང་ཕོ་འབྲུག་ལོ་སྟེ་ སྤྱི་ལོ་་ལོར་འཇང་ཡུལ་དུ་སྐུ་གཤེགས། ཁོང་དགུང་ལོ་གསུམ་པར་ མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་ཉེར་གཉིས་ཀྱི་རིང་དུ་ རྒྱལ་སྲིད་བསྐྱངས་ཤིང་བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་དེ་ལི་ ཡུལ་དང། ལན་ཁྲི། ཟུང་ཆུ་ལ་སོགས་པའི་ཡུལ་གྲུ་མང་པོ་མངའ་ འོག་ཏུ་བསྡུས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་མ་ཡུམ་འབྲོ་བཟའ་ ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་འགན་དབང་བཞེས་ཏེ་རོགས་བསྐྱངས་ མཛད། མགར་བཙན་སྙ་ལྡོག་བུ་དང་མགར་ཁྲི་འབྲིང་བཙན་བྲོད་ སོགས་ཀྱིས་བློན་པོ་མཛད། མཆིམས་བཟའ་བཙན་མོ་རྟོག་གེ་ཁབ་ ཏུ་བཞེས་ཏེ་རིགས་སྲས་ཁྲི་ལྡེ་གཙུག་བརྟན་སྐུ་འཁྲུངས། དགུང་ལོ་ ཉེར་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་བང་ སོ་མང་སྲོང་མང་བཙན་གྱི་གཡོན་ན་བརྩིགས་སོ། ཁོང་གི་འཁྲུངས་ འདས་ཀྱི་ལོ་ཚིགས་ནི། ཡིན་ནོ། ། [893] དྲུང་ཆེན་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཁམས་ཆབ་མདོའི་ངོམ་ཡུལ་དུ་ཡབ་རྒྱལ་བ་བཟང་པོ་དང། ཡུམ་ གན་འཇའ་ཟ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ནག་གླང་ཆེན་འགྱིང་ རིར་སྐུ་གཤེགས། དགུང་ལོ་བཞི་པར་རི་བོ་ཆེའི་དགོན་དུ་ཕེབས་ནས་ ལོ་ལྔའི་རིང་ཡི་གེའི་འབྲི་ཀློག་དང་འདོན་ཆོག་ལེགས་པར་སྦྱངས་ དགུང་ལོ་དགུ་པར་བླ་མ་སངས་རྒྱས་རྒྱལ་མཚན་ལས་ནི་གུ་ཆོས་དྲུག་གི་ ཁྲིད་ཞུས་ཏེ་རྨི་ལམ་སྦྱངས། ཟླ་བ་གཅིག་གི་རིང་ཆུའི་བཅུད་ལེན་ མཛད། དགུང་ལོ་ཉི་ཤུ་ཡན་མན་དུ་བཙུན་མོ་བཞི་བླངས་ནས་ཡབ་ ཀྱི་ཚབ་ཏུ་བཞུགས་ཏེ་འཁོར་འབངས་རྣམས་ཆོས་སྲིད་གཉིས་ཀྱིས་ ལེགས་པར་བསྐྱངས། དེ་ནས་སྨར་ཁམས་སོགས་མངའ་འོག་ཏུ་ གཏོགས་ཡུལ་གྲུ་ཀུན་ཏུ་བྱོན་ནས་དཀོན་མཆོག་དཔལ་དང་བླ་མ་ སངས་རྒྱས་རྒྱལ་མཚན་ལས་མཁའ་འགྲོ་སྙིང་ཐིག་སོགས་ཟབ་ཆོས་མང་ དུ་ཞུས། གཡུ་དང། གསེར། དངུལ་གྱིས་ཡུམ་རྒྱས་འབྲིང་ བསྡུས་གསུམ་ཚར་རེ་རེ་བཞེངས། དེ་ནས་རང་ཉིད་ཀྱི་ཚབ་ཏུ་ཚ་བོ་ སངས་རྒྱས་བཟང་པོ་བསྐོས་ཏེ་རྒྱལ་སྲིད་ལ་བཀོད། ས་ཞིང་དང་ ནོར་རྫས་མང་ཆེ་བ་བཙུན་མོ་སྲས་དང་བཅས་པར་གནང། རང་ཉིད་ ཀྱིས་ཁྲབ་བཟང་པོ་ཉི་ཤུ་དང། དྲེལ་བཟང་པོ་བདུན་ཅུ་རྩ་གཉིས་ རྟ་བཟང་པོ་བརྒྱད་ཅུ་ཐམ་པ། རྟ་ཡན་བརྒྱ། མཛོ་ཉིས་བརྒྱ་ རྒྱུན་དོས་བརྒྱ། ཇ་རྒྱབ་བརྒྱ། གསེར། དངུལ། གཡུ། བྱུ་རུ་ [894] གོས་དར་སོགས་ནོར་རྫས་འབོར་ཆེན་ཁྱེར་ནས་དབུས་སུ་བྱོན། ཇོ་བོ་ གཙོ་མཛད་པའི་དགོན་སྡེ་ཚང་མར་མཆོད་པ་དང་མང་འགྱེད་བཏང་ མཁན་པོ་རྒྱལ་དབང་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། བླ་མ་ ས་བཟང་འཕགས་པ། ཆོས་རྗེ་སྐྱབས་མཆོག་དཔལ། ཀརྨ་དཀོན་ མཆོག་གཞོན་ནུ། གཡག་ཕྲུག་སངས་རྒྱས་དཔལ། ཆོས་རྗེ་བློ་ བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་ཆིག་བརྒྱ་སུམ་ཅུ་ཙམ་ལ་ བསྟེན་ནས་མདོ་སྔགས་རིག་གནས་ཀྱི་མཁས་པའི་བདག་པོར་གྱུར་ ཁོང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་གསུམ་ནི་རྟོགས་ལྡན་མཚོ་ དཀར་བ་བྱང་ཆུབ་རྒྱལ་མཚན། རྟོགས་ལྡན་ཡོན་ཏན་རིན་ཆེན་ ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པ་བཅས་ཡིན། དེ་ནས་རང་ཡུལ་ དུ་ཕེབས་ཏེ་ཆབ་མདོའི་ངོམ་ཆུའི་སྟོད་དུ་འགྲབ་ཡུལ་ཞེས་པར་དགོན་ པ་བཏབ། རྗེས་སུ་དེ་ལ་རྣམ་རྒྱལ་སྒང་དགོན་ཟེར། ངོམ་ཆུ་སྟེང་ དུ་ཟམ་པ་བཙུགས། དེ་ནས་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་དང་མཇལ་ བཙུན་མོའི་འདས་མཆོད་དང་རྒྱལ་བུ་ལ་དབང་བསྐུར་མཛད་པས་གོང་ མས་གནང་སྦྱིན་རྒྱ་ཆེན་བསྩལ། ཆོས་རྗེ་དེ་བཞིན་གཤེགས་པའི་ ཕྱག་ཕྱིར་མཛད་དེ་ཆབ་མདོར་ཕེབས། དེ་ནས་རིང་ཞིག་འདས་པ་ ན། རི་བོ་ཆེ་པ་དང། ད་ར་བ་དང། རྔད་པ་རྣམས་ཀྱིས་དུས་ ཟིང་སློང་ནས་རྣམ་རྒྱལ་སྒང་དགོན་མེ་ལ་བསྲེགས། རྗེས་ནས་ཁྱུང་ པོས་དམག་བཏེགས་ནས་བདེ་འཇགས་སུ་བཏང། ཁོང་གིས་སླར་ ཡང་དགོན་པ་ཞིག་གསོ་མཛད་ནས་བཤད་གྲྭ་བཙུགས་ཏེ་འཆད་ཉན་ མཛད། དགུང་ལོ་དྲུག་ཅུ་ཙམ་དུ་དབུས་སུ་ཐེངས་གཉིས་པ་ཕེབས་ [895] ནས་ཇོ་བོ་ལ་མཆོད་པ་རྒྱ་ཆེན་འབུལ། དགུང་ལོ་རེ་གསུམ་པར་ཀམ་ པོ་གནས་ནང་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། ལོ་གཅིག་ བཞུགས་རྗེས་རྒྱ་ནག་གླང་ཆེན་འགྱིང་རིར་ཕེབས་ནས་སྐུ་ཚེ་མཐའ་ མའི་མཛད་པ་བསྐྱངས། ཁོང་གི་གསུང་རྩོམ་ནི་མགུར་དང་གསོལ་ འདེབས་ཀྱི་སྐོར། བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་གྱི་སྐོར་ ཁྲིད་དང་རྗེས་གནང་གི་སྐོར་བཅས་ཆོས་ཚན་ཉེར་ལྔ་ཡོད་པའི་པོད་ ཆུང་གཅིག་བཞུགས་སོ་ དྲུང་ཆེན་ཤེས་རབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀྱི་རྩེ་གཞུང་དུ་ཡབ་ནོ་ཁོ་དང་ཡུམ་ཙི་ན་ཐར་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་དྲུག་པར་ཁུ་ བོ་ཇེ་སང་བླ་མ་ངག་དབང་བསྟན་འཛིན་ལས་ལོ་གཅིག་རིང་ཡི་གེའི་ འབྲི་ཀློག་སྦྱངས། དགུང་ལོ་བཅུ་དྲུག་པར་སོག་པོའི་ཚོང་འགྲུལ་དང་ འགྲོགས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ལོ་དེར་རྡོ་རམས་པ་ དཀོན་མཆོག་དགེ་འདུན་ལས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ ཞུས། དེ་ནས་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་གི་གྲྭ་ཚང་དུ་ ཞུགས་ཏེ་དགེ་བཤེས་དཀོན་མཆོག་དོན་ཡོད་ལ་བསྟེན་ནས་བསྡུས་གྲྭ་ སྦྱངས། དགུང་ལོ་བཅུ་བདུན་པར་གུང་ཐང་བསྟན་པའི་སྒྲོན་མེ་ལས་ དགེ་ཚུལ་སྡོམ་པ་བཞེས། མཚན་ལ་དཀོན་མཆོག་བསྟན་འཛིན་ཞེས་ གསོལ། འཇམ་དབྱངས་བཞད་པ་དང། གུང་ཐང་ཚང། སྡེ་ཁྲི་ འཇམ་དབྱངས་ཐུབ་བསྟན་ཉི་མ། དཔལ་མང་དཀོན་མཆོག་རྒྱལ་ [896] མཚན། མཁན་པོ་གྲགས་པ་རྒྱལ་མཚན་སོགས་སློབ་དཔོན་སུམ་ཅུ་ ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་སུ་ ཆུད་ནས་མཁས་པའི་གྲགས་པ་ཐོབ། དེ་ནས་འཇམ་དབྱངས་བཞད་ པ་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་ཁུར་བཞེས། དགུང་ལོ་ཉེར་ བརྒྱད་པར་འཇམ་དབྱངས་བཞད་པ་ལས་དགེ་སློང་གི་སྡོམ་པ་བླངས་ མཚན་ལ་ཤེས་རབ་རྒྱ་མཚོ་ཞེས་གསོལ། དུས་འཁོར་གྲྭ་ཚང་དུ་རྣམ་ སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་ བཙུགས། འདུ་ཁང་བཞིའི་ནང་དུ་རྗེ་བློ་བཟང་གྲགས་པའི་སྐུ་རེ་ བཞེངས། ཁོང་ནི་དབུས་གཙང་སོགས་གྲྭ་ས་གཞན་དུ་ཕེབས་མ་མྱོང་ ཡང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་སྒོམ་གསུམ་དང། འཆད་ རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ ནི་ཁྱོན་པོད་ཉི་ཤུ་ཡོད་སྐད་ཀྱང་མངོན་སུམ་པར་དུ་འཁོད་པ་ནི་པོ་ཏི་ བདུན་ཡོད་པ་ད་ལྟ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ་ རྡོ་རྗེ་རིན་ཆེན་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང། ཡུམ་མ་གཅིག་སྲས་ སྐྱབས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་དབེན་གནས་མན་ལུང་བྲག་དཀར་དུ་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཏཱ་དབེན་ཀུན་དགའ་ རིན་ཆེན་ལས་རབ་ཏུ་བྱུང། ཆོས་རྗེ་གཟུངས་པ་ལས་ཡབ་མེས་ཀྱི་ ཆོས་ལ་སྦྱངས་པས་ལེགས་པར་མཁྱེན་ཤིང་ཁྱད་པར་དུ་ཆོས་སྐྱོང་གི་ [897] སྐོར་ལ་ཤིན་ཏུ་མངའ་བརྙེས། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ ལས་ཚད་མ་རྣམ་འགྲེལ་སོགས་སྡེ་སྣོད་གསུམ་དང། བརྟག་གཉིས་ སོགས་རྒྱུད་སྡེ་བཞི་ལ་ཐོས་བསམ་ནན་ཏན་དུ་མཛད་ནས་གདན་ས་ ཆེན་པོའི་ཚོགས་དཔོན་ཡུན་རིང་དུ་བཞུགས་ཏེ་འཆད་ཉན་སྤེལ། དེ་ ནས་སྐྱིད་གྲོང་ཕྱོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ བས་ཟང་ཟིང་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཐམས་ཅད་ ཀྱང་དཀོན་མཆོག་གི་ཞབས་ཏོག་དང་སྐྱེ་བོ་ཉམས་ཐག་རྣམས་ཀྱི་དོན་ ཁོ་ན་མ་གཏོགས་པ་རང་དོན་དུ་ཅུང་ཟད་ཀྱང་མི་འཛིན་པའི་རྟོགས་ ལྡན་ཞིག་བཞུགས། དེ་ནས་དབེན་གནས་མན་ལུང་བྲག་དཀར་དུ་ ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་ལྔ་བཅུ་ང་གསུམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ལ་ སྟོད་མཚོ་སྒོར་ལྷུན་གྲུབ་སྒང་ཆེན་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་ བཟང་ཆོས་ཀྱི་རྒྱལ་མཚན་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་ སྡོམ་པ་བཞེས་ཏེ་མཚན་ལ་དཀོན་མཆོག་རྒྱལ་མཚན་ཞེས་གསོལ་ ཤར་རྩེ་གྲྭ་ཚང་དུ་ཞུགས་ཏེ་བསྡུས་གཞུང་དང། ཚད་མ་རྣམ་འགྲེལ་ ཕར་ཕྱིན། དབུ་མ། འདུལ་བ། མཛོད་རྣམས་ཀྱི་མཐའ་དཔྱོད་ དང་བཅས་པར་སྦྱངས་ཏེ་དམ་བཅའ་ཡང་ལེགས་པར་ཐོན། དེ་ནས་ [898] པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས་ཤིང་བྱང་ཆུབ་ ལམ་རིམ་དང་དབེན་ས་སྙན་བརྒྱུད་ཀྱི་མན་ངག་བཅས་བུམ་པ་གང་ བྱོའི་ཚུལ་དུ་གསན་པར་མཛད། གཞན་ཡང་བློ་སྦྱོང་དོན་བདུན་མའི་ ཁྲིད་དང། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད། ནཱ་རོ་ཆོས་དྲུག་གི་ ཟབ་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང། བདེ་གསང་འཇིགས་ གསུམ་གྱི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་ལེགས་པར་ཞུས་ཏེ་ དབེན་ས་དགོན་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་ པའི་ཡོན་ཏན་ལ་མངའ་བརྙེས་ཤིང་ཉམས་མགུར་ཡང་མང་དུ་ གསུངས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བཀྲ་ཤིས་ལྷུན་པོར་ རྒྱུད་པ་གྲྭ་ཚང་འཛུགས་པའི་གདན་སའི་མཁན་ཁྲི་ལ་བཞུགས་ཏེ་ གསང་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འཕྲིན་ལས་ཤིན་ཏུ་རྒྱས་ པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་པཎ་ཆེན་བློ་བཟང་ཡེ་ཤེས་ གདན་སར་མངའ་གསོལ་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་བ་དང་ བྱང་ཆུབ་ལམ་རིམ། དབེན་ས་སྙན་བརྒྱུད་བཅས་བུམ་པ་གང་བྱོའི་ ཚུལ་དུ་ཕུལ་ལོ། དགུང་ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་བློ་ བཟང་ཡེ་ཤེས་དང། རྡོ་རྗེ་འཛིན་པ་དགེ་ལེགས་རབ་རྒྱས་ རྡོ་རྗེ་འཛིན་པ་བློ་བཟང་མགོན་པོ། ཞལ་སྔ་འཇམ་དབྱངས་ཆོས་ འཕེལ། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་འཕྲིན་ལས། ལྕང་ སྐྱ་ངག་དབང་བློ་བཟང་ཆོས་ལྡན་བཅས་བསྟན་འཛིན་གྱི་སྐྱེས་བུ་ དམ་པ་མན་དུ་བྱོན་ནོ། ཁོང་གི་གསུང་རྩོམ་ནི། [899] ལམ་ཁྱེར། པའི་དཀྱིལ་ཆོག། བརྒྱ་པའི་འགྲེལ་བ། ཆོ་ག། ཀྱི་ཡིག་ཆུང་དང་བས་པ། སོ། ། རྡོ་སྟོན་ཤེས་རབ་གྲགས་པ།། ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཤབ་ཀྱི་དྲང་མདའི་ཐུ་ལུང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགེ་བཤེས་ཤ་ར་བ་ཆེན་ པོས་ལེགས་པར་བསྐྱངས་ནས་བཀའ་གདམས་ཀྱི་ཆོས་ཕྱོགས་ཐམས་ ཅད་ཐུགས་སུ་ཆུད། དགུང་ལོ་བཞི་བཅུའི་ཐོག་ནས་སྣར་ཐང་གི་ གདན་ས་མཛད་དེ་དགུང་ལོ་ལྔ་བཅུ་རྩ་དགུའི་བར་ལོ་ངོ་ཉི་ཤུའི་རིང་ དུ་ཚོགས་དཔོན་མཛད་པས་སྣར་ཐང་བ་ཆེན་པོ་ཞེས་ཕྱོགས་ཐམས་ ཅད་དུག་རགས་པས་ཁྱབ། ཚོགས་པ་ཡང་ཆེ་བར་བསྡུས་ཤིང་བཀའ་ གདམས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། ཁོང་གི་གདུང་ རྟེན་ནི་གདན་རབས་དང་པོའི་གདུང་རྟེན་གྱི་ཤར་ན་བཞུགས་སོ་ ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་གཉིས་པ་ཡིན་ རྡོ་བ་དཔལ་ལྡན་རྒྱ་མཚོ།། ཁོང་ནི་འཁྲུངས་ལོ་དང་འདས་ལོ་མི་གསལ། འཁྲུངས་ཡུལ་ [900] ནི་རྡོ་བ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགོན་ལུང་བྱམས་ པ་གླིང་གི་ཆོས་སྒོར་ཞུགས་ཏེ་གྲུབ་དབང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལ་ བསྟེན་ནས་མཚན་ཉིད་ཀྱི་གཞུང་ལ་གསན་སྦྱངས་ལེགས་པར་མཛད་ ཅིང་རབ་བྱུང་བསྒྲུབས། དེ་ནས་དབུས་སུ་བྱོན་ཏེ་གྲྭ་ས་ཆེན་པོ་ནས་ གཞུང་བཀའ་པོད་ལྔ་ལ་ཞིབ་སྦྱངས་མཛད་དེ་ངམ་རིང་དུ་ཕེབས་ཤིང་ རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས། དེ་ནས་མདོ་སྨད་དུ་ བྱོན་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་ རིང་དུ་གདན་ས་བསྐྱངས། ལྷ་སྡེའི་ཁྲོད་ཀྱི་ཁ་མཆུ་རྩོད་པ་རྣམས་སྤྱི་ སོ་ནས་ཐག་གཅོད་བྱེད་ཅིང། མཁན་པོས་ཆོས་འཆད་ཉན་གྱི་འགན་ ཁུར་ལས་གཞན་མེད་པ་མཛད་པས་ལེགས་ལམ་ཆེ་བ་བྱུང། མཁན་ པོ་ལས་ཐོག་པ་འདིའི་སྐུ་རིང་ལ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ གྱིས་ལི་ཐང་ནས་བཀའ་འགྱུར་ཁྱད་འཕགས་གདན་དྲངས་ཏེ་སྤྱི་འཇོག་ མཛད་ཅིང། སྒོམ་བཞིའི་གྲུབ་ཆེན་དགེ་འདུན་བློ་གྲོས་སོགས་ཀྱིས་ ཞུ་བ་པོ་མཛད་དེ། སྐུ་འབུམ། དགོན་ལུང། བྱ་ཁྱུང། རེབ་སྐོང་ ཚུན་ཆད་ཀྱི་མཁས་གྲུབ་དུ་མ་འདུས་པ་ལ་ལྕང་སྐྱ་རིན་པོ་ཆེས་རྡོ་རྗེ་ འཕྲེང་བའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པ་བསྩལ་ དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དུ་སྡེ་སྣོད་འཛིན་པ་ཆེན་པོ་དཔལ་ ལྡན་རྒྱ་མཚོ་ཞེས་བསྔགས་བརྗོད་ཡང་ཡང་མཛད་པའི་སྐྱེས་ཆེན་དམ་ པ་ཞིག་ཡིན། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་ མཁན་རབས་ཉི་ཤུ་རྩ་གཅིག་པ་ཡིན་ནོ། ། [901] རྡོ་སྦིས་ཤེས་རབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྤྱི་ལོ་་ལོར་ མདོ་སྨད་རྡོ་སྦིས་ཡུལ་དུ་ཡབ་ལྷ་ལུང་སྐྱབས་དང། ཡུམ་ལྷ་ལུང་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་པར་སྒོ་མང་དགེ་བཤེས་ ནོར་བུ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་པ་ དང། རྡོ་སྦིས་དགོན་དུ་ཞུགས་ནས་ཡི་གེའི་སྦྱོར་ཀློག་ལ་ལེགས་པར་ སྦྱངས་པར་མཛད། དགུང་ལོ་བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་ དུ་ཕེབས་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཛད་ཅིང་ གུང་ཐང་བློ་གྲོས་ཚང་ལས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ ཉེར་གཅིག་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ ཞུགས། མཁས་དབང་མཆོག་གྲུབ་དཀར་པོ་གཙོ་མཛད་པའི་བླ་མ་ སུམ་ཅུ་ལྷག་ལ་བསྟེན་ནས་གཞུང་བཀའ་པོད་ལྔར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དགུང་ལོ་སོ་གསུམ་པར་དམིགས་གསལ་གྱིས་ལྷ་ རམས་པ་འཕར་མའི་མཚན་བཏགས་བཞེས། ནོར་བུ་གླིང་གའི་རྩོད་ རྒྱུགས་ཚེ་ཨང་དང་པོ་བཞེས། དེ་ལོའི་སྨོན་ལམ་ཉི་ཤུ་བཞིའི་ཉིན་ ནོར་བུ་གླིང་གར་ལྷ་རམས་དམ་བཅའི་ཨང་རིམ་སྒྲིག་སྐབས། རྩེ་དྲུང་ ཡིག་ཆེན་མོ་ཆོས་དར་ལགས་ནས་་རྒྱལ་བ་ཐམས་ཅད་མཁྱེན་པའི་ བཀའ་ལུང་ལྟར་རིགས་པའི་གནས་ལྔ་ལ་མཁས་པ་ཨང་དང་པོ་ནི་ འབྲས་སྤུང་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞེས་ མཚན་སྙན་གྱི་མེ་ཏོག་དགུང་དུ་འཐོར་བར་མཛད། དགུང་ལོ་སོ་ [902] བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ལྟར་བུ་སྟོན་རིན་པོ་ཆེའི་ གསུང་འབུམ་ལ་ལོ་དྲུག་ཙམ་རིང་དཔར་གཞི་གསར་བཞེངས་ཀྱི་ཞུས་ དག་མཛད། དགུང་ལོ་བཞི་བཅུ་པར་རྒྱལ་བ་རིན་པོ་ཆེས་བཀའ་ ལྟར་བཀའ་འགྱུར་ལ་ལོ་བརྒྱད་རིང་དཔར་གཞི་གསར་བཞེངས་ཀྱི་ཞུས་ དག་མཛད། དགུང་ལོ་ང་ལྔ་པར་གོ་མིན་ཏང་གིས་གདན་འདྲེན་ ཞུས་པ་ལྟར་རྒྱལ་ནང་དུ་ཕེབས་ནས་བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ ཡོན་ཀྲང་གཞོན་པའི་འགན་ཁུར་བཞེས། སློབ་གྲྭ་ཆེ་ཁག་ལྔ་ལ་སློབ་ ཁྲིད་ཀྱང་མཛད། དགུང་ལོ་རེ་བརྒྱད་པར་ཀྲུང་ཧྭ་མི་དམངས་སྤྱི་ མཐུན་ཁབ་དབུ་བསྙེས་པ་ནས་བཟུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མི་ དམངས་སྲིད་གཞུང་གི་ཀླུའུ་ཞི་གཞོན་པ་དང། རིག་གནས་སློབ་ གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ནུབ་བྱང་དམག་དོན་དོ་དམ་ ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་མི་རིགས་ལས་དོན་ཨུ་ཡོན་ ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་མི་དམངས་ འཐུས་མི་ཚོགས་ཀྱི་སྐབས་དང་པོ་དང་སྐབས་གཉིས་པའི་འཐུས་མི་ རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ་དང་སྐབས་གསུམ་པའི་རྒྱུན་ལས་ ཨུ་ཡོན། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཧུའུ་ཀྲང་བཅས་ ཀྱི་འགན་ཁུར་བཞེས་མྱངས། དགུང་ལོ་དོན་གསུམ་པར་རྒྱ་གར་ དང། བལ་བོའི་རྒྱལ་ཁབ་གཉིས་ཀྱིས་གདན་ཞུས་ལྟར་སངས་རྒྱས་ བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་ དྲན་ཚོགས་ཆེན་ལ་ཞུགས། སྤྱི་ལོ་་ལོའི་སྔོན་རྗེས་སུ་བོད་རིགས་ མི་དམངས་བཅིངས་འགྲོལ་གྱི་དོན་དུ་ས་ཆ་སོ་སོར་ཕེབས་ནས་སྐུ་ངལ་ [903] ཆེན་པོ་མྱངས། ད་དུང་འབར་མ་དང། ཅིན་པུའུ་ཀྲེ། སིང་ ག་ལ། རོས་ཏན་རྒྱལ་ཁབ་བཅས་ལ་ཕེབས་ནས་ཆོས་ཀྱི་སྦྱིན་པ་ གནང་བ་མ་ཟད། མའོ་ཀྲུའུ་ཞིའི་ཕྱི་འབྲེལ་གྱི་སྲིད་ཇུས་ཕྱག་བསྟར་ རྣལ་མ་གནང་བ་རེད། ཁོང་ལ་སློབ་མ་བགྲང་གིས་མི་ལང་བ་ཡོད་པ་ ལས་སྲས་ཀྱི་ཐུ་བོ་ནི་དགེ་བཤེས་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ་ དང། དགེ་བཤེས་གཞོང་པ་ཚུལ་ཁྲིམས་བཅས་ཡིན། ཁོང་གི་ གསུང་རྩོམ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྒྲུན་ པའི་པོད་གསུམ་བཞུགས་སོ་ རྡོ་རིང་བསྟན་འཛིན་དཔལ་འབྱོར།། ཁོང་ནི་དགའ་བཞི་བསྟན་འཛིན་དཔལ་འབྱོར་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། རྡོ་རིང་པཎྜི་ཏ།། ཁོང་ནི་དགའ་བཞི་མགོན་པོ་དངོས་གྲུབ་རབ་བརྟན་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། རྡོར་བྲག་ངག་དབང་འཇམ་དཔལ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་ཁ་རྣམ་སྲས་གླིང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོས་སྐུ་དྲིན་ལས་སྐུ་གོང་མ་ རྡོར་བྲག་རིག་འཛིན་ཀུན་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་ རྒྱལ་པོའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཁྲི་འདོན་མཛད། དེ་ནས་ [904] རྡོར་བྲག་དགོན་དུ་ཆོས་ཞུགས་མཛད་ཅིང་ཡོངས་སུ་གྲགས་པའི་དགེ་ བའི་བཤེས་གཉེན་དུ་མར་བསྟེན་ཏེ་མདོ་སྔགས་གཉིས་ལ་བྱང་བ་ མཛད། ལྷག་པར་དུ་སྐར་རྩིས་དང། གསོ་བ་རིག་པ་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཀྱང་སྐུ་ཚེ་མཐར་མ་འཁྱོལ་ནས་དགུང་ལོ་ཉེར་ གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་ གཞན་ལ་རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ་ཞེས་ཞུའོ། ཁོང་ ནི་རྡོར་བྲག་གི་སྐུ་ཕྲེང་བདུན་པ་ཡིན་ནོ། ། ལྡན་མ་སྟོང་ཕུད།། ཁོང་ནི་འབྲས་བློ་གླིང་དགེ་བཤེས་ངག་དབང་ཆོས་འགྲུབ་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ལྡན་མ་བློ་བཟང་བསྟན་པ་ཆོས་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ མདོ་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་ཡི་གེའི་སྦྱོར་དང་ཆོས་སྤྱོད་བཅས་ལ་སྦྱངས་པ་མཛད་ མཁན་ཆེན་ཡོན་ཏན་དཔལ་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཁྲི་ འདོན་བྱས། རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་དབུས་སུ་ཕེབས་ ནས་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་བཀའ་ པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དེ་ནས་པཎ་ཆེན་བསྟན་ པའི་ཉི་མ་དང། རྗེ་བསྐལ་བཟང་མཁས་གྲུབ་སོགས་ལ་བསྟེན་ཏེ་ མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། ལྷག་པར་དུ་འཇམ་བཞད་སྐུ་ ཕྲེང་བཞི་པའི་ཡབ་ཆེན་ལས་སྨན་གཞུང་ལ་སྦྱངས་བ་མཛད་པས་སྨན་ [905] པ་ཆེན་པོར་གྱུར། འཇམ་བཞད་བློ་བཟང་མཁས་གྲུབ་དང་རྭ་སྒྲེང་ ངག་དབང་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་སློབ་མ་མང་དུ་བྱོན་ ནོ། ཁོང་གི་མཚན་གཞན་ལ་འཁྲུལ་ཞིག་པ་གར་དབང་ཞེས་ཞུའོ། ། ཁོང་གི་གསུང་རྩོམ་ནི་ བཤད་རབ་གསལ་ཤེལ་དཀར་མེ་ལོང། ལེན་བཅུད་དུ་བསྡུས་པ་བདུད་རྩི། བཤད་གཉིས་ཀྱི་དཀའ་གནད་གསལ། ཚུལ་འཇམ་དབྱངས་ཞལ་ལུང་མཁས་པའི་དགོངས་རྒྱན། པའི་ཉམས་མགུར་རྩོལ་མེད་ལྷུན་གྲུབ། གཅིག་ལོངས་པའི་པོད་གསུམ་བཞུགས་སོ། ། ལྡན་མ་རྩེ་མང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ ཁམས་ལྡན་དུ་སྐུ་འཁྲུངས། ཁོང་ཡི་གེ་འབྲི་བ་ལ་ཤིན་ཏུ་མཁས་པས་ གཏེར་ཡིག་ཕལ་ཆེར་བྲིས་ཤིང་ཡིག་གཟུགས་ཀྱི་ལག་རྒྱུན་མ་ཉམས་ པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་གྲགས། ལོ་ཙཱ་བ་ཡང་མཁྱེན་ཏེ་ མཆན་བུའི་ལོ་ཙཱ་བ་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ ལུང་མན་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད་ པས་རྟོགས་པ་མངོན་དུ་ཤར་ནས་ཆོས་ཐམས་ཅད་ལ་མི་བརྗེད་པའི་ གཟུངས་ཐོབ་སྟེ། མི་བརྗེད་གཟུངས་རྣམས་ཐོབ། ཁོང་ནི་གྲུབ་ཐོབ་ རྗེ་དང་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན་ནོ། ། [906] ལྡན་མ་ཚུལ་ཁྲིམས་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་མང་པོ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ ཤིས་ཀྱི་ཚིགས་སུ་བཅད་པ། ཚིགས་སུ་བཅད་པ། གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ལྷ་སུམ་ཅུ་རྩ་ གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། ཕྱུག་ལས་གྲུབ་པ་ཐོབ་པའི་ལོ་རྒྱུས། ། ལྡན་མ་ཡེ་ཤེས་བཟང་པོ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ལྡན་སྨད་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་ སུ་བྱོན་ཏེ་འབྲས་སྦུངས་མཁན་ཆེན་དཔལ་བློ་ལས་ཕར་ཕྱིན་དང་ ཚད་མ་རྣམ་འབྲེལ། དབུ་མ་རིག་ཚོགས། འདུལ་འཛིན་དགེ་ [907] ལེགས་དཔལ་བ་ལས་འདུལ་བ་རྣམས་གསན་ཞིང་གླེང་བསྲེ་བ་མཛད་ པས་དེའི་སྲོལ་ལེགས་པར་ཚུགས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་ དཔལ་ལྡན་ལས་བསྙེན་པར་རྫོགས་ཤིང་བློ་གསལ་གླིང་གི་འཆད་ཉན་ པ་གནག། དེ་ནས་ཤར་དུ་བྱོན་ཏེ་དབུ་མ་དང། ཕར་ཕྱིན་ ལམ་རིམ་བཅས་གསུངས། དགུང་ལོ་དོན་བརྒྱད་པ་རབ་བྱུང་བརྒྱད་ པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་དྲུག་གི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་ ཡར་ལྡན་དུ་མཛད་པ་དང། རྒྱལ་བ་བྱམས་པའི་སྐུ་བསྙན་ཆེན་པོ་ བཞེངས། སློབ་མ་གྲངས་ཆེ་བ་ནི་མཁས་བཙུན་སོགས་ཉི་ཤུ་སྐོར་དང་ གཞན་ཡང་གྲངས་ལས་འདས་པ་བྱུང། དགུང་ལོ་དོན་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་བཅུ་བ་ཡིན་ནོ། ། ལྡེ་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་ཡབ་ རྒྱལ་པོ་ལྡེ་སྣོལ་པོ་དང། ཡུམ་ས་བཙུན་སྙན་རྗེ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ད་ས་ཧ་རིས་མཛད་ཅིང་གསས་ ཁང་ཞིག་ཀྱང་བཞེངས། བཙུན་མོ་སྨན་བཙུན་ལུང་གོང་ཁབ་ཏུ་ བཞེས་ཏེ་རིངས་སྲས་ལྡེ་སྦྲིན་བཙན་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་ བོའི་གཞུང་ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་བདུན་པ་ཡིན་ ནོ། ། ལྡེ་སྣོལ་ནམ།། [908] ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་ སྣོལ་པོ་ལྡེ་དང། ཡུམ་འོ་བཟའ་རི་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ཨ་ལ་ནན་ཅིས་མཛད་ཅིང་ གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་ རེ་རིངས་སྲས་ལྡེ་སྣོལ་པོ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་ལྔ་པ་ཡིན་ནོ། ། སྣོལ་ལོ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ལྡེ་ སྣོལ་ནམ་དང། ཡུམ་ཁྲི་སྨན་རྗེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་གི་སྐུ་བོན་ནི་ཞང་ཞུང་དར་མ་ཧ་རིས་མཛད་ཅིང་གསས་ཁང་ཞིག་ ཀྱང་བཞེངས། བཙུན་མོ་ས་བཙུན་སྙན་རྗེ་ཁབ་ཏུ་བཞེས་ཏེ་རིགས་ སྲས་ལྡེ་རྒྱལ་པོ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་པོའི་གཞུང་ལ་བཏབ་ ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་དྲུག་པ་ཡིན་ནོ། ། ལྡེ་སྦྲིན་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་མགོ་ཙམ་དུ་ཡབ་ རྒྱལ་པོ་ལྡེ་རྒྱལ་པོ་དང། ཡུམ་སྨན་བཙུན་ལུང་གོང་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་མུ་ལ་མ་ཧོས་མཛད་ཅིང་ གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་གཉན་བཙུན་མང་མོ་རྗེ་ ཁབ་ཏུ་བཞེས་ཏེ་རིགས་སྲས་རྒྱལ་ཏོ་རི་ལོང་བཙན་སྐུ་འཁྲུངས། ཁོང་ གི་བང་སོ་ཆུ་བོའི་གཞུང་ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་ བརྒྱད་པ་ཡིན་ནོ། ། [909] ལྡེ་འཕྲུལ་ནམ་གཞུང་བཅན།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ཟྭ་ ནམ་ཟིན་ལྡེ་དང། ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་མཚོ་མི་ཀུན་སྣང་གིས་མཛད་ ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་བསེ་གཉིས་མེར་མོ་ ཁབ་ཏུ་བཞེས་ཏེ་རིགས་སྲས་སེ་སྣོལ་ནམ་ལྡེ་སྐུ་འཁྲུངས། ཁོང་གི་ བང་སོ་ཆུ་བོའི་གཞུང་ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་ གཉིས་ཨ་ཡིན་ནོ། ། ལྡེ་གཙུག་མགོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་མངའ་ རིས་པུ་རངས་སུ་ཡབ་མངའ་བདག་སྐྱིད་ལྡེ་ཉི་མ་མགོན་དང། ཡུམ་ ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ སོན་རྗེས་མངའ་རིས་ཟངས་དཀར་སྒོ་གསུམ་དང། སྦི་ཏི། སྦི་ལྕོག་ དང་བཅས་པ་བཟུང་ནས་ཆབ་སྲིད་བསྐྱངས་ཤིང། ཁོང་གི་གདུང་ རྒྱུད་གྱེས་པའི་སྐོར་ལ་དཔའ་བོ་གཙུག་ལག་ཕྲེང་བས་ཡ་རྩེའི་རྒྱལ་ རབས་བྱུང་བ་གསུངས་འདུག་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེ་ ལས་ཡ་རྩེའི་རྒྱལ་རབས་ནི་བཀྲ་ཤིས་ལྡེ་མགོན་གྱི་གདུང་རྒྱུད་ལས་བྱུང་ བ་གསུངས་འདུག་པས་དེ་ལྟར་སོ་བཞག་བྱས་པ་ཡིན། ཁོང་ནི་བོད་ཀྱི་ ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིག་ ཡིན་ནོ། ། ལྡེ་རེན་པ་མནོན་སྣང་གྲགས།། [910] ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དེ་ནས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་བློན་ པོ་མཛད་ཀྱང་རྒྱལ་པོ་དགུང་ལོ་ཆུང་བའི་སྐབས་དང་བསྟུན་ཏེ་བོད་ ལུགས་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་དུས་ཟིང་བསླངས་ཤིང་སྲིད་ འགྱུར་གྱི་མགོ་བརྩམས་ཀྱང་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང། བློན་ པོ་ཁུ་མང་པོ་རྗེ་ལྷ་ཟུང་གཉིས་མཉམ་འབྲེལ་མཛད་ནས་བོན་མོ་ན་ལ་ ཙེར་ཞེས་པའི་ས་གནས་སུ་ཚར་བཅད་དོ། ། ལྡོང་སྟོན་ཆོས་དར་རྒྱས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་གྱི་མི་ ཡིན། ཨ་མདོ་མཛོད་དགེ་དགོན་གསར་དགའ་ལྡན་གླིང་གི་དགེ་ བཤེས་ཤིག་ཡིན། ཁོང་གིས་ཐོག་མར་སློབ་གཉེར་གནང་ས་ནི་བླ་བྲང་ བཀྲ་ཤིས་འཁྱིལ་ཡིན་པ་དང། དགེ་བཤེས་ཐོན་ནས་སྐུ་ཚེ་ཕལ་ཆེ་ བ་རང་ཡུལ་གྱི་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་རྒྱུན་བཞུགས་ གནང་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བརྩམས་པར་ མཇུག་བྱང་དུ་གསུངས་སོ། ཁོང་གི་གསུང་རྩོམ་ནི་བླ་མའི་རྣལ་འབྱོར་ དང། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་བཤད། དབང་ བཤད། སྒྲུབ་ཐབས། བརྒྱུད་འདེབས། མན་ངག་ཟིན་བྲིས། ཆོ་ག་ཕྱག་ལེན། ཞབས་བརྟེན་གསོལ་འདེབས་བཅས་ཆོས་ཚན་ཉེར་ [911] དྲུག་ཡོད་པ་ཕོད་འབྲིང་ཞིག་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་ སོ། ། ལྡོག་ལོང་པ་ཤཱཀྱ་བྱང་ཆུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་དུ་ ལྡོག་ཡུལ་སྨད་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ཞིང་རབ་ཏུ་ ཡང་བྱུང། དགུང་ལོ་བཅོ་ལྔ་པར་ཕར་ཕྱིན་དང་འདུལ་བ་ལེགས་ པར་མཁྱེན་ཞིང་སློབ་མའི་ཚོགས་ལ་སྦྲགས་བཤད་མཛད། ཁྱད་པར་ དུ་འདུལ་བ་ལ་མཁས་པས་འདུལ་བའི་སྡེ་སྣོད་འཛིན་པའང་མང་དུ་ བསྐྱངས། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་ ཞལ་གཟིགས། སེང་ལྡེང་ནགས་སྒྲོལ་གྱིས་ཞལ་གཟིགས་ཤིང་ལྡོག་ སྟོད་ཀྱི་དགོན་པ་འདེབས་པར་ལུང་བསྟན། རྩི་འདུལ་གྱི་སར་སོང་ལ་ འཕགས་པའི་སྒྲུབ་ཐབས་ཞུས་ཤིག་ཅེས་ལུང་བསྟན་པ་བཞིན་དུ་ བསྒྲུབས་པར་མཛད། དེ་ནས་བླ་མ་རྩི་འདུལ་ལ་བསྙུང་གནས་སྟོང་ ཕྲག་ལྔའི་དམ་བཅའ་མཛད་པས། སུམ་བརྒྱ་ཐེངས་པའི་དངོས་ གཞིའི་ནུབ་མོར་འཕགས་པ་སྤྱན་རས་གཟིགས་ཀྱིས་རིགས་ཀྱི་བུ་འོངས་ པ་ལེགས་སོ་གསུངས་ནས་འོད་ཟེར་དཀར་པོ་ཅིག་སྙིང་གར་ཐིམ་པས་ ལུས་བདེ་བས་གང། མ་ཤི་བར་དུ་སེམས་ཅན་གྱི་དོན་གྱིས། ཤི་ ནས་ངས་འབོད་དུ་བཏང་གསུངས་སོ། དེ་ནས་ཉིན་མོ་སྡེ་སྣོད་ཀྱི་ འཆད་ཉན་གངས་ལ་གང་མོས་མཛད། མཚན་མོ་འཕགས་པའི་སྒྲུབ་ ཐབས་ཉམས་ལེན་མཛད། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་གཁྲུངས་ [912] ཤིང་གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་ཏེ་འོག་མིན་སྟུག་པོ་ བཀོད་པའི་ཞིང་ཁམས་སུ་གཤེགས་སོ། ཁོང་ནི་ཐུགས་རྗེ་ཆེན་པོ་ དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། ཁོང་ གི་མཆོག་ཏུ་གྱུར་པའི་སློབ་མ་ནི་མཁན་ཆེན་ཆུ་བཟང་པ་བྱང་ཆུབ་ འབར་ཡིན་ནོ། ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ལྔ་པར་འཇམ་ དབྱངས་བཞད་པ་འཇིགས་མེད་དབང་པོས་སྡེ་ཁྲི་འཇིགས་མེད་ལུང་ རིགས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དྲུག་པར་ བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་སྡེ་ཁྲི་གོང་མའི་ཁྲིར་མངའ་ གསོལ་མཛད། འཇམ་བཞད་འཇིགས་མེད་དབང་པོ་ལས་རབ་བྱུང་ དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་མཚན་ལ་འཇམ་དབྱངས་ཐུབ་བསྟན་ཉི་ མ་གསོལ། དེ་ནས་དཔའ་རིས་དགེ་བཤེས་འཇིགས་མེད་དམ་ཆོས་ ལས་ཡི་གེའི་འབྲི་ཀློག་དང། འདོན་ཆོག་གཞུང་ཆེན་ལྔའི་རྩ་བ་ སོགས་ཐུགས་འཛིན་མཛད། དགུང་ལོ་དགུ་བ་ནས་བཅུ་གསུམ་གྱི་བར་ དུ་གུང་ཐང་བསྟན་པའི་སྒྲོན་མེ་ལས་དབང་ལུང་ཁྲིད་གསུམ་མང་པོ་ ཞུས་ནས་ཐུགས་ཀྱི་བུམ་པ་ཡོངས་སུ་གང་བར་མཛད། དགུང་ལོ་ བཅུ་བཞི་པར་བླ་བྲང་ཐོས་བསམ་གླིང་གི་གྲྭ་ཚང་དུ་ཞུགས། གཞུང་ ཆེན་བཀའ་པོད་ལྔ་ལ་བརྩོན་པ་ལྷུར་ལེན་མཛད་པས་མཁས་པའི་ [913] དབང་པོར་གྱུར། འཇམ་བཞད་འཇིགས་མེད་དབང་པོ་ལས་ཟབ་ དགུའི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་ གདམས་པ་ཀུན་གྱི་གཏེར་མཛོད་ལྟ་བུར་གྱུར། དབལ་མང་དཀོན་ མཆོག་རྒྱལ་མཚན་ལས་གསང་སྔགས་ཀྱི་སྡོམ་པའི་སྙིང་པོ་མ་ལུས་པ་ ཞུས། མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་བསྡུས་པའི་གཞུང་ ལུགས་རབ་འབྱམས་ལ་དབང་འབྱོར་ཞིང་མཁས་བཙུན་གཉིས་ལྡན་དུ་ གྱུར་པས་ཀུན་གྱིས་གཙུག་ཏུ་བཀུར། མདོ་སྨད་ཚ་གན་དགོན་དང་ མེ་ཤིང་དགོན་སོགས་ཀྱི་མཁན་པོ་ལོ་བཅུ་ལྷག་ཏུ་བཞུགས་ཏེ་དམ་པའི་ ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དགུང་ལོ་ཞེ་དྲུག་པར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་སར་ལོ་གཅིག་ཙམ་བཞུགས་རྗེས། སོག་ ཡུལ་གྱི་དགོན་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ། སེར་སྐྱ་མང་ ཚོགས་རྣམས་ལ་དབང་ལུང་ཁྲིད་སོགས་དམ་པའི་ཆོས་ཀྱི་དགའ་སྟོན་ རྒྱ་ཆེར་སྤེལ། གོང་མའི་རྒྱལ་ས་པེ་ཅིན་དུའང་ཕེབས་མྱངས། ཁོང་ གི་གསུང་རྩོམ་ནི་རྣམ་ཐར་དང། བྱམས་ཆོས་འགྲེལ་བ། འདུལ་ བའི་སྤྱི་དོན། བླ་མའི་རྣལ་འབྱོར་དང་དུས་འཁོར་གྱི་སྐོར། སྒྲུབ་ ཐབས་སྣ་ཚོགས་བཅས་པོད་ལྔ་མི་རིགས་རིག་གནས་ཕོ་བྲང་དུ་ བཞུགས་སོ། ། སྡེ་ཁྲི་འཇིགས་མེད་ལུང་རིགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རེབ་སྐོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ [914] ངུའི་དུས་ནས་སྐུ་གོང་མ་སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་ཡང་སྲིད་དུ་ཐག་ བཅད་དེ་གདན་སར་བཀོད། དཀའ་བཅུ་དཀོན་མཆོག་རྒྱ་མཚོ་ལས་ ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་སྦྱངས་པར་ཚེགས་ མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ ཆོས་གྲྭ་ལ་ཞུགས་ནས་བསྡུས་གྲྭ་དང་ཕར་ཕྱིན་བཅས་ལ་གསན་སྦྱོང་ མཛད། དགུང་ལོ་ཉེར་གཅིག་པར་དབུས་སུ་བྱོན་ཏེ་འབྲས་སྤུངས་ སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་ཐོས་ བསམ་ནན་ཏན་དུ་མཛད་ཅིང་ལྷ་སའི་སྨོན་ལམ་ཆེན་པོའི་གྲྭ་སྐོར་ མཛད། རང་ཡུལ་དུ་འབྱོན་ཁར་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་ རིན་པོ་ཆེས་ནོ་མིན་ཧན་ཨེར་ཏི་ནི་ཞེས་པའི་བཀའ་ཤོག་དང། རྟ་ དར། འབོག་ལྕག་ཐམ་ག་བཅས་མཁན་ཆས་ཀྱིས་གཟེངས་བསྟོད་ གནང། དགུང་ལོ་ཉེར་བརྒྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིར་ ཕེབས་ཏེ་དགའ་སྟོན་རྒྱ་ཆེན་པོ་མཛད། རབ་བྱུང་བཅུ་གསུམ་པའི་མེ་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ ལ་ཕེབས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་ དམ་གང་ལེགས་གནས་བ་དང། དེ་ལྟར་ཆོས་སྲིད་གཉིས་ཀའི་ཆ་ ནས་ཡར་ལྡན་དུ་བསྐྱངས་མུར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་སྡེ་ཁྲིའི་སྐུ་ཕྲེང་གཉིས་པ་ཡིན་ལ། བླ་བྲང་བཀྲ་ཤིས་འཁྱིལ་ གྱི་གདན་རབས་བཅུ་དྲུག་པ་ཡིན་ནོ། ། སྡེ་ཁྲི་བློ་བཟང་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ [915] ལོར་མདོ་སྨད་ཁྲི་ཀའི་ལན་ཀྱོར་ཡབ་ལྟག་རིང་དགེ་བསྙེན་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ལ་མོ་བདེ་ཆེན་དགོན་དུ་ཕེབས་ ཏེ་ཁུ་བོ་རབ་འབྱམས་པ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོག་ཆོས་ སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་དྲུག་པར་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་བྱ་བྲལ་ དགེ་འདུན་ཕུན་ཚོགས་དང། རྒྱལ་སྲས་དོན་གྲུབ་རྒྱ་མཚོ། ཏཱ་ དབོན་ཀུན་དགའ་འོད་ཟེར་བཅས་ལ་བསྟེན་ཏེ་གཞུང་བཀའ་པོད་ལྔ་ ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། ཀུན་མཁྱེན་འཇམ་དབྱངས་ སའི་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ཀུན་མཁྱེན་འཇམ་དབྱངས་ བཞད་པ་ལས་བསྙེན་པར་རྫོགས། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ སྐུ་མདུན་པ་མཛད་ཅིང་རྒྱལ་པོ་ལྷ་བཟང་ཧན་གྱིས་ཀྱང་ཐུགས་ འདིངས་ཆེན་པོ་ཡོད། དགུང་ལོ་ཉེར་བརྒྱད་པར་ཀུན་མཁྱེན་འཇམ་ དབྱངས་བཞད་པའི་ཕྱག་མཛོད་མཛད། དགུང་ལོ་སོ་བདུན་པར་ ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞབས་ཕྱིར་མདོ་སྨད་དུ་ཕེབས་ ཏེ་ཕྱག་མཛོད་ཀྱི་འགན་ཁུར་བཞེས། དགུང་ལོ་ང་བརྒྱད་པར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་ འཆད་ཉན་མཛད། རྒྱུད་ཁང་གསང་དུ་བཞེངས། དགུང་ལོ་རེ་གསུམ་ པ་རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྤྱི་ལོ་་ལོར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ནས་ལོ་དགུའི་རིང་དུ་ གདན་ས་བསྐྱངས། དགོན་པའི་འགྲིག་ལམ་ཀུན་སྤྱོད་དང་ཆོས་ [916] འཆད་ཉན་བཅས་ཀྱི་ཐད་ལ་དོ་དམ་གང་ལེགས་གནང། ཀུན་མཁྱེན་ འཇམ་དབྱངས་བཞད་པའི་བསྟན་པ་གོང་ནས་གོང་དུ་འཕེལ་བ་ མཛད། ལུང་རྟོགས་གཉིས་ཀའི་བདག་ཉིད་ཅན་གྱི་སྐྱེས་ཆེན་དམ་པ་ ཞིག་ཡིན། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བ་ མཛད་དོ། ཁོང་གིས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་གསུམ་པ་ཡིན་ནོ་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཨ་བར་དཀའ་བཅུ་དཀོན་མཆོག་རྒྱ་མཚོ་ དང། བློ་བཟང་སྙན་གྲགས། སྨྲ་བའི་དབང་ཕྱུག་བསོད་ནམས་ དབང་རྒྱལ། གྲུབ་དབང་བསོད་ནམས་གྲགས་པ། ཁྲི་ཆེན་རབ་ བརྟན་རྒྱ་མཚོ། མཁས་དབང་བློ་བཟང་རིན་ཆེན། བྲག་དཀར་ དཔོན་སློབ་ཀུན་དགའ་བཀྲ་ཤིས་བཅས་ཡིན་ནོ། ། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང།། ཁོང་ནི་ས་སྐྱོང་བསྟན་པ་ཚེ་རིང་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པ་ཞུའོ། ། སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་ ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་རྒྱལ་རོང་ ཡིན། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་ སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དབུས་སུ་ཕེབས་ ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་ བཀའ་པོད་ལྔ་ལ་ཐོས་བསམ་མཛད་དེ་ལྷ་རམས་པའི་མིང་བཏགས་ [917] བཞེས། དེ་ནས་རྒྱུད་གྲྭར་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་ ཤིང་སྔགས་རམས་པའི་མིང་བཏགས་བཞེས། ལས་སྣེ་ཐམས་ཅད་ ལེགས་པར་གྲུབ་སྟེ། རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་བདུན་གྱི་རིང་ དུ་ཆོས་ཀྱི་འཁོར་ལོ་བསྐོར། ཁྲི་ཟུར་ནས་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ ཡོངས་འཛིན་གྱི་ཐུགས་འགན་བཞེས་ཤིང་ཆོས་ཀྱི་མཆོད་པ་ཕུལ་ རབ་བྱུང་བཅུ་བཞི་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བཀའ་ཤག་ སྲིད་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཁྲི་ལ་བཞུགས་ནས་ལོ་ངོ་བཅུའི་ རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས། དེའི་རིང་དུ་དགའ་ལྡན་མཁན་ པོ་དཔལ་ལྡན་དོན་གྲུབ་དང་བཀའ་བློན་བཤད་སྒྲ་ཚེ་རིང་དབང་ཕྱུག་ སོགས་ཀྱིས་རྒྱལ་བ་འཕྲིན་ལས་རྒྱ་མཚོ་གསེར་ཁྲི་ལས་ཕབ་སྟེ་རི་ཁྲོད་དུ་ གཏོང་རྩིས་བྱེད་པའི་དོན་རྐྱེན་བྱུང་བ་ལ་བརྟེན་མཁན་པོ་དང་བཀའ་ བློན་གཉིས་ཀྱི་གཙོས་རྗེས་འབྲངས་དང་བཅས་པ་ཁྲིམས་ལ་སྦྱར་ནས་ ཟིང་ཆ་ལྷིང་འཇགས་སུ་བཏང། དེ་ལྟར་ཆོས་སྲིད་གཉིས་ཀྱི་ལས་ འགན་གྲུབ་སྟེ་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་ མཚན་གཞན་ལ་ཡོངས་འཛིན་བློ་བཟང་མཁྱེན་རབས་དབང་ཕྱུག་ཅེས་ ཞུའོ། །ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བདུན་ཅུ་ དོན་དྲུག་པ་ཡིན་ནོ། ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་ལྷ་སའི་བྱང་རྒྱུད་ཉེ་ཀོར་ཉང་བྲན་གྲོང་སྨད་པར་ཡབ་ཨ་སུག་ [918] དང། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྟོད་ལུང་སྣང་རྩེར་ མགུལ་བཅད་དེ་བཀྲོངས། ལ་མོ་ཚངས་པས་བྱིས་པའི་མཚན་ལ་ དཀོན་མཆོག་དོན་གྲུབ་ཅེས་གསོལ། དགུང་ལོ་བརྒྱད་པར་བརྒྱལ་བ་ ངག་དབང་བློ་བཟང་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ ཏེ་མཚན་ལ་སངས་རྒྱས་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་སུམ་རྟགས་ དག་གསུམ་དང། སྒྲ་དང་སྡེབ་སྦྱོར། སྙན་ངག་མངོན་བརྗོད་ གསོ་རིག་སྐར་རྩིས། བཟོ་དང་ནང་དོན་རིག་པ་བཅས་ལ་ལེགས་པར་ སྦྱངས་པས་རྒྱལ་དབང་ལྔ་བ་ཐུགས་ཤིག་ཏུ་དགྱེས་ཏེ་དགུང་ལོ་ཉེར་ དྲུག་པར་ཆོས་སྲིད་ཡོངས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་རྣམ་པར་ སྦྱངས་པས་རྒྱལ་དབང་ལྔ་བ་ཐུགས་ཤིན་ཏུ་དགྱེས་ཏེ་དུང་ལོ་ཉེར་ དྲུག་པར་ཆོས་སྲིད་ཡོངས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་རྣམ་པར་ མཐོ་བའི་ཁྲི་ལ་བཀོད། དགུང་ལོ་ཉེར་དགུ་བར་རྒྱལ་དབང་ལྔ་བ་ ལས་གསང་སྔགས་ཀྱི་དཀྱིལ་འཁོར་ཕྱི་ནང་གཉིས་དང་གསང་བ་ཡོངས་ སུ་རྫོགས་པའི་གཞུང་ལུགས་མཐའ་དག་གི་གདམས་པ་མང་པོ་བུམ་པ་ གང་བྱོའི་ཚུལ་དུ་གནང་ནས་ཐུགས་སུ་གྱུར། དགུང་ལོ་སོ་བདུན་ ནས་པོ་ཏཱ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་བྱེད་པའི་འགོ་བརྩམས་ ཤིང། དེ་ནས་ལོ་གཉིས་སོང་རྗེས་གསེར་སྡོང་འཛམ་གླིང་རྒྱན་གཅིག་ གསང་བའི་སྒོ་ནས་བཞེངས་སོ། དགུང་ལོ་ཞེ་གཅིག་པར་གོང་མ་ ཁང་ཤིས་ཀྱིས་རྡོ་རྗེ་འཆང་ཏཱ་ལའི་ཆོས་སྲིད་འཛིན་ཅིང། རྒྱལ་བའི་ བསྟན་པ་དར་རྒྱས་སུ་སྐྱོང་བའི་ས་དབང་ཞེས་པའི་གོ་ས་དང་གསེར་ ཐམ་གནང། དགུང་ལོ་ཞེ་བཞི་བར་རྒྱལ་དབང་དྲུག་པ་རིག་འཛིན་ ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་གསེར་ཁྲི་མངའ་གསོལ་མཛད། ཕོ་ [919] བྲང་དམར་པོ་རྒྱལ་ཁའི་ངང་ནས་ལེགས་སུ་གྲུབ་པ་དང། ལྷ་སའི་ ལྕགས་པོ་རི་ལ་སྨན་རྩིས་སློབ་གྲྭ་གསར་དུ་བཙུགས་པ་དང། རྒྱལ་ དབང་ལྔ་བའི་དགོངས་རྫོགས་སུ་བོད་ཟླ་གཉིས་པའི་ནང་དུ་སེ་འབྲས་ དགེ་གསུམ་གྱི་དགེ་འདུན་རྣམས་ཉིན་བཅུའི་རིང་ལ་ལོ་ལྟར་ཚོགས་མཆོད་སྨོན་ལམ་ཆེ་མོ་གསར་འཛུགས་ཀྱང་མཛད། ཁོང་གིས་དགའ་ ལྡན་ཕོ་བྲང་གི་སྲིད་དོན་ལོ་ངོ་ཉེར་དྲུག་གི་རིང་དུ་འགན་ཁུར་བཞེས་ ཏེ། མཛད་འབྲེལ་ཤིན་ཏུ་ཆེ་བའི་གནས་ཚུལ་གྱི་འོག་ནས་བོད་ཀྱི་ ལོ་རྒྱུས་དང། གསོ་རིག་རྩིས་རིག་སྒྲ་རིག་སྙན་ངག་ཁྲིམས་ཡིག་ རྣམ་ཐར། དཀར་ཆག་བཅས་ཁྱོན་བསྡོམས་པོ་ཏི་ཉི་ཤུ་རྩ་དྲུག་ཙམ་ ཕྱག་བརྩམས་གནང་ཡོད། ། སྡོང་ངེ་དགེ་འདུན་ཆོས་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྡོང་ངེ་མར་ཁར་སྐུ་འཁྲུངས་ཤིང་སྐུ་ཕྱོགས་ཀྱང་སྡོང་ངེ་ཚང་དུ་གྲགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་རིག་གནས་ཆུང་བ་རྣམས་ལ་མཁས་ པར་སྦྱངས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་ པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད་པས་གླིང་སྲེའི་མཚན་བཏགས་བཞེས་ཏེ་རང་དགོན་བྱ་ ཁྱུང་དུ་ཕྱིར་ཕེབས། དེ་ནས་གདན་སའི་བླ་མ་དབུ་མཛད་དང་རྒྱུད་ པའི་མཁན་པོ་རིམ་གྱིས་བཞུགས། རབ་བྱུང་བཅུ་གསུམ་པའི་བགྲང་ བྱ་ལྔ་བཅུ་ང་ལྔ་པ་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་ [920] པའི་གདན་སའི་མཁན་ཁྲི་ལ་ཕེབས་ནས་ཆོས་ཀྱི་འཆད་ཉན་དང་ དཔལ་འབྱོར་གྱི་གཏོང་སྒོ་བཅས་ཀྱི་ཐད་ནས་སྔར་སྲོལ་མ་ཉམས་པ་ མཛད། ལམ་རིམ་ཆེན་མོ་མཆན་གསུམ་མའི་དཔེ་གསར་བཞེངས་ མཛད་ཅིང་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་ མཚན་དཔལ་བཟང་པོ་བྱ་ཁྱུང་དགོན་དུ་གདན་འདྲེན་ཞུས་ཏེ་གྲྭ་ཚང་ ཡོངས་ལ་བཤད་ལུང་སྤེལ་བ་བཅས་མཛད་དོ། ཁོང་ནི་བྱ་ཁྱུང་དགོན་ པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་བདུན་པ་ཡིན་ནོ། ། [921] ནག་ཚོ་ཚུལ་ཁྲིམས་རྒྱལ་བ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མངའ་རིས་རྫོང་དུ་སྐུ་འཁྲུངས། རབ་བྱུང་དང་པོའི་ ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་ལ་བྱང་བ་མཛད་ཅིང་རབ་ཏུ་བྱུང་ སྟེ་མཚན་ལ་ཚུལ་ཁྲིམས་རྒྱལ་བ་ཞེས་ཞུ་བ་དང། འདུལ་བའི་ཆོས་ གཞུང་ལ་ཤིན་ཏུ་མཁས་པས་འདུལ་འཛིན་པ་ཡང་གྲགས། རྒྱ་བརྩོན་ འགྲུས་སེང་གེ་ལས་མངོན་པ་མཛོད་སོགས་གསན། དགུང་ལོ་ཉེར་ བདུན་པ་རབ་བྱུང་དང་པོའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ལྷ་བླ་མ་ བྱང་ཆུབ་འོད་ཀྱི་བཀའ་ལུང་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་ འདྲེན་པར་རྒྱ་གར་དུ་ཕེབས་ཏེ་རབ་བྱུང་དང་པོའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་ཇོ་བོ་རྗེ་བོད་ཡུལ་མངའ་རིས་སུ་གདན་འདྲེན་ཞུས་ དེ་ནས་བཟུང་ཇོ་བོ་རྗེ་ལ་ལོ་བཅུ་དགུའི་རིང་དུ་ཚུལ་བཞིན་བསྟེན་པར་ མཛད་ཅིང་སྦས་ཆོས་ཉི་ཤུ་ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་ ཉམས་རྟོགས་ཁྱད་པར་ཅན་འཁྲུངས་སོ། གཞན་ཡང་ཛྙ་ན་ཨཱ་ཀ་ར་ [922] དང། ཤནྟི་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་སོགས་ལ་བསྟེན་ནས་ རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་གསུང་རྩོམ་ནི་ བསྒྱུར་རྩོམ་ནི་ བརྗོད། གཅིག་པ། གཤིན་རྗེ་གཤེད་ནག་པོའི་རྒྱུད། ཀྱི་གཙོ་བོའི་རྒྱུད། བཏུལ་བ་ལ་བསྟོད་པ། མེད་པར་བསྟོད་པ། པ། བ། པ། ཚིག་བརྒྱ་ལྔ་བཅུ་ཐམ་པ་བཞུགས་སོ། ། ནག་ཚོ་ཤེས་རབ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ [923] གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ མའི་རྣལ་འབྱོར་མའི་སྒྲུབ་ཐབས། སྒྲུབ་ཐབས། ཕྱུག་མའི་མཆོད་པའི་རིམ་པ། བྱས་པའི་མན་ངག་གི་འགྲེལ་བ། ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་བ་རྣལ་འབྱོར་གྱི་རྒྱུད། བཞུགས་སོ། ། ནང་སོ་དགེ་འདུན་མཁས་མཆོག་ ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་རེབ་ སྐོང་ཡིན། རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་ནི་དགུང་ལོ་ཆུང་ངུའི་དུས་ནས་ལྷ་བཙུན་ཆེན་པོ་ ནང་སོ་ངག་དབང་བློ་བཟང་གི་སྐུ་སྐྱེས་སུ་གདན་སར་བཀོད། དགུང་ ལོ་བཅུ་གསུམ་པར་རོང་བོ་གོས་བསམ་རྣམ་རྒྱལ་གླིང་གི་ཆོས་གྲྭར་ ཞུགས་ནས་མཚན་ཉིད་ཀྱི་གཞུང་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད། གསུང་རབ་ཀྱི་དོན་ལ་རྣམ་དཔྱོད་མཆོག་ཏུ་ཡངས་ཤིང་འཇམ་ [924] དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བསྙེན་པ་གནང་སྐབས་མཆོད་ཁྲིའི་སྟེང་ སོགས་ལ་རི་མོ་ངོ་མཚར་བ་མང་པོ་འཆར། རྨི་ཉམས་འདྲེས་མའི་སྣང་ བར་ནམ་མཁའ་ལ་སྤྲིན་གསེབ་ཏུ་རལ་གྲི་ཆེན་པོ་ཞིག་ཡོད་པ་གཞན་ ཞིག་གིས་རང་ལ་སྟེར་བའི་སྣང་བ་སོགས་གཟིགས་པ་ངོ་མཚར་ཅན་ མང། སྐྱབས་མགོན་མཆོག་གིས་རྣམ་བཅུ་དབང་ལྡན་གྱི་རི་མོ་ཡོད་ པའི་དབུ་ཞྭ་ཤེལ་གྱི་ཏོག་དང་ཕྲུ་བཙུགས་པ་ཞིག་གནང་ནས་འདི་ཁྱོད་ ལ་མཛེས་གསུངས་པ་ཕྱིས་སུ་དུས་འཁོར་གསར་ཚུགས་ཀྱི་རྡོ་རྗེ་སློབ་ དཔོན་མཛད་དགོས་པའི་བརྡར་ངོ་འཕྲོད། དེ་ནས་སྒྲུབ་པའི་སྡེ་ཆེན་ པོ་ཡིག་སྒར་ཡིད་དགའ་ཆོས་འཛིན་གྱི་བླ་མར་ཕེབས། སྒྲུབ་སྡེའི་དགེ་ འདུན་རྣམས་ལ་རྗེ་འདིའི་སྐུ་དྲིན་གྱིས་ཕུ་དྲུང་དང། སློག་པ་གྱོན་པ་ ཚུན་ཆད་འདུལ་བའི་བཅོས་ཁྲིམས་དང། དགེ་འདུན་གྱི་ནང་ཁྲིམས་ སོགས་ཀྱི་སྤངས་བླངས་འགྲིག་ལམ་ཤིན་ཏུ་དམ་པར་མཛད། བདེ་ མཆོག་གི་སྒྲུབ་མཆོད་ངོས་གཙང་ཉིན་བཅུ་རེ་སོགས་ཀྱི་ཆོས་རྒྱུན་ བཙུགས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ ལོ་ལྔའི་རིང་དུ་གདན་ས་བསྐྱངས། ཆོས་འཆད་ཉན་དང་འགྲིག་ལམ་ ཀུན་སྤྱོད་བཅས་ལ་དོ་དམ་གང་ལེགས་གནང། ཁོང་ནི་རོང་བོ་ཐོས་ བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་ཉེར་གཅིག་པ་ཡིན་ ནོ་ ནམ་མཁའ་བཀྲ་ཤིས་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ [925] ཡབ་ཝང་ནམ་མཁའ་རྒྱལ་མཚན་དང། ཡུམ་དཔལ་འབྱོར་བཟང་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཡབ་མེས་ཀྱི་བཀའ་ཆོས་ལ་ བྱང་བར་མཛད། བདག་ཆེན་ཤེས་རབ་རྒྱལ་མཚན་དང་བདག་ཆེན་ བློ་གྲོས་རྒྱལ་མཚན་སོགས་ལ་བསྟེན་ནས་རྩ་རྒྱུད་བརྟག་གཉིས་སོགས་ ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་གདན་ས་ཆེན་པོ་ནས་ཚོགས་ ཆོས་རྒྱས་པར་གསུངས། གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་ བཙུན་མོ་གཅིག་ཁབ་ཏུ་བཞེས་ཏེ་དགུང་ལོ་ཉེར་བརྒྱད་པ་ནས་བཟུངས་ རིགས་སྲས་སུ་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་དང་ བདག་ཆེན་ངག་དབང་གྲགས་པ་རྒྱལ་མཚན། འཇམ་དཔལ་གྲགས་ པ། འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་བཅས་སྐུ་མཆེད་བཞི་འཁྲུངས་ ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ནི་མཇལ་བའི་སྐལ་བ་མ་བྱུང་བས་ ཤིན་ཏུ་ཕངས་སོ། ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་ རབས་དྲུག་པ་ཡིན་ནོ། ། ནམ་མཁའ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་ གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་དུ་མ་ [926] བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ དང། འཁོར་ལོའི་སེམས་སྦྱོང། ། ནམ་མཁའ་དཔལ་བཟང།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་བཅུ་གཅིག་ པ་ཡིན། དགུང་ལོ་ཉི་ཤུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་ ནམ་མཁའ་རིན་ཆེན་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཝང་ནམ་མཁའ་རྒྱལ་མཚན་དང། ཡུམ་མ་གཅིག་རྒྱལ་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་སྐྱེས་ སྟོབས་ཀྱི་ཤེས་རབ་དང་སྦྱོར་བྱུང་གི་བརྩོན་འགྲུས་གཉིས་ཀ་ཕུན་སུམ་ ཚོགས་པས་གཞོན་ནུ་ཉིད་ནས་ཀྱཻ་རྡོར་དང་རྡོ་རྗེ་ཕུར་པའི་ཐུགས་ དམ། སྔགས་རིང་མང་པོའི་བཟླས་བརྗོད་སོགས་ལ་ཤིན་ཏུ་བརྩོན་ ཞིང། རྩ་བའི་རྒྱུད་བརྟག་གཉིས་སོགས་ལ་གསན་སྦྱོང་ཕུལ་དུ་ཕྱིན་ པ་མཛད་དེ། བྱིས་པའི་སྤྱོད་པ་ཅུང་ཙམ་ཡང་མི་མངའ་བ་ཞིག་ཡིན་ ཏེ། དགུང་ལོ་བཅོ་ལྔ་པར་གདན་ས་ཆེན་པོ་ནས་ཉི་མ་སུམ་སྦྲེལ་དུ་ [927] ཡབ་མེས་ཀྱི་བཀའ་ཆོས་གསུངས་པས་གདན་སའི་སྐྱེ་བོ་ཐམས་ཅད་ཡི་ རངས་ཏེ་གདུང་རྒྱུད་ཀྱི་ཕ་ཆོས་གསུངས་པ་ལ་འདི་བ་ལས་ལྷག་པ་ཞིག་ མ་བྱུང་ཞེས་བསྔགས་བརྗོད་ཡང་ཡང་མཛད། ཁོང་གི་སྐུ་ཚེའི་སྨད་ཀྱི་ རྣམ་ཐར་ནི་མཇལ་བའི་སྐལ་བ་མ་བྱུང་བས་ཤིན་ཏུ་ཕངས་པའི་གནས་ སུ་གྱུར་ཏོ། ། ནམ་མཁའ་སེང་གེ།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་གིས་དཔལ་ལྡན་བླ་མ་དགེ་ སྦྱོང་ཆེན་པོ་པ་དང། བློན་པོ་གྲགས་པ་བཤེས་གཉེན་པ། རོ་སྐམ་ གྱི་མཁན་སློབ་གཉིས་བཅས་དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་ཆོས་རྣམས་ལེགས་པར་ཞུས་ ནས་མཁས་པར་གྱུར། དགུང་ལོ་བཅུ་དགུ་པ་རབ་བྱུང་ལྔ་པའི་མེ་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དཔོན་ཆེན་ཀུན་དགའ་རྡོ་རྗེས་རོ་སྐམ་ དགོན་པའི་གདན་སར་བསྐོས་ཏེ་ཚོགས་པ་ཡུན་རིང་དུ་བསྐྱངས་སོ། ཁོང་ནི་རོ་སྐམ་དགོན་པའི་དགན་རབས་དྲུག་པ་ཡིན། ། ནམ་མཁའ་བསོད་ནམས་ ཁོང་ནི་རབ་བྱུང་དྲུག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། སྒོས་སུ་བླ་ཆེན་རིན་ཆེན་གཞོན་ནུ་དང། སྤྱན་སྔ་ [928] བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་གཉིས་ལ་བསྟེན་ནས་དུང་ མཚོ་རས་པ་ལས་བརྒྱུད་པའི་སེམས་ཁྲིད་ཀྱི་གཏེར་ཆོས་ཟབ་མོའི་ཤོག་ དྲིལ་གྱི་གདམས་ངག་ཐམས་ཅད་ཞུས་ཏེ་ཉམས་སུ་བླངས་ཤིང། རེ་ ཞིག་ཏུ་རྐྱང་གི་ཕུར་གཅོད་ལ་བྱོན་ནས་ཤིང་སྡོང་གཉན་པར་གྲགས་པ་ གཅིག་གི་སར་བཞུགས་ནས་སྒོམ་སྒྲུབ་མཛད་པས་ཕྱག་རྒྱ་ཆེན་པོའི་ རྟོགས་པ་ཁྱད་པར་ཅན་འཁྲུངས། ཕྱིན་ཆད་ཚེ་འདིའི་རྣམ་པར་རྟོག་ པ་ཐམས་ཅད་བཅོམ་ཞིང་བསག་མོ་བྲག་ཏུ་སྟན་གཅིག་ཉིད་ཀྱི་སྟེང་དུ་ ཏིང་ངེ་འཛིན་ལ་ཁོར་ཡུག་ཏུ་བཞུགས་སོ། ། ནི་གུ་དོན་ཡོད་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་གནམ་ལ་ཞེས་པར་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ འཛིན་རྒྱ་ མཚོའི་ཞབས་ཕྱིར་སོག་ཡུལ་ཨ་རུ་ཧོར་ཆེན་དུ་ཕེབས། འབེ་རིན་པོ་ ཆེ་དེ་གར་སྐུ་གཤེགས་པའི་དགོངས་རྫོགས་སོགས་ཞབས་ཏོག་འགྱུར་ ངེས་མཛད། ཕྱག་རྫས་རྣམས་ཆུད་མི་འཛའ་བའི་ཐབས་མཁས་མཛད་ དེ་བླ་བྲང་བཀྲ་ཤིས་དུ་ཡང་མང་འགྱེད་གྱ་ནོམ་པ་བསྒྲུབས། དབུས་ གཙང་དུ་ཡང་རང་ཉིད་ཆེད་གཉེར་གྱིས་ཕེབས་ཏེ་ཆོས་སྡེ་སོ་སོར་ བསྙེན་བསྐུར་དང། གོང་ས་རྒྱལ་བའི་དབང་པོ་ཡབ་སྲས་ལ་བསྔོ་རྟེན་ ཕུལ། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཅུང་ཟད་བཞུགས་ ནས་སློབ་གཉེར་མཛད། མདོ་སྨད་དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་ [929] འཁྱིལ་དུ་སློབ་གཉེར་གྱི་འཔོར་སྐྱོངས་བར་མཛད། ཆོས་སྲིད་གཉིས་ཀར་ མཁྱེན་པ་རྒྱས་པའི་སྙན་པ་ཤིན་ཏུ་ཆེ་བ་ལྟར་གྲྭ་ཚངས་གི་དགེ་བསྐོས་ དང་ཚོགས་ཆེན་ཞལ་ངོ་སོགས་ཀྱི་ཐུགས་འགན་བཞེས། དུས་འཁོར་ རྡོ་རྗེ་འཛིན་པ་དང་དཔོན་སློབ་གཉིས་སྦྲགས་ནས་ལོ་བཅུ་ལྷག་མཛད་ ཅིང། དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་ མཆོད་དང། སྒྲ་དང་རྩིས་སོགས་རིན་གནས་ཀྱི་སློབ་རྒྱུན་བཙུགས་པ་ སོགས་གང་ཅིའི་ཕན་པ་རྒྱ་ཆེར་མཛད། ཁྲི་ཟུར་ནས་མཛོད་དགེ་སྟོད་ དུ་མཆོད་གནས་ཀྱི་བླ་མ་རྒྱུན་རིང་དུ་བཞུགས། དེ་ནས་བླ་བྲང་བཀྲ་ ཤིས་འཁྱིལ་དུ་ཕེབས་ཏེ་ཐུགས་དམ་ཉམས་བཞེས་མཛད་ནས་དུས་ འདའ་བའོ། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་ སློབ་ཀྱི་ཁྲི་རབས་དྲུག་པ་ཡིན་ནོ། ། ནུ་མགོ་རྒྱལ་བ་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ རབ་སྒང་རྨུ་པའི་ཡུལ་དུ་ཡབ་འབུམ་སྐྱབས་དང། ཡུམ་ཐར་འབུམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བརྒྱད་པར་དབུ་སེ་དབོན་པོ་པོ་ ཆོས་ཀྱི་བླ་མའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས། ཡིག་རྩིས་ སོགས་ལ་སྦྱོང་པས་ཐོགས་མེད་མཁྱེན། དགུང་ལོ་བཅུ་བཞི་པར་ དབུས་གཙང་དུ་ཕེབས་ཏེ་གསང་ཕུ་ཆོས་གྲྭར་སློབ་གཉེར་མཛད་ཅིང་ གྲུབ་ཐོབ་བསྟན་འཛིན་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ དེ་ནས་སྐྱོར་མོ་ལུང་གི་བླ་མ་འཇམ་དབྱངས་སྐྱབས་དང། བུ་སྟོན་ [930] རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ དངུལ་ཆུ་ཐོགས་མེད། སྣར་ཐང་བློ་བཟང་གྲགས་པ། དབང་ལོ་བློ་ གྲོས་བརྟན་པ། གཡག་སྡེ་པཎ་ཆེན་སོགས་ལ་བསྟེན་ནས་ཚད་མ་རྣམ་ འགྲེལ་དང། ཤེར་ཕྱིན། མངོན་པ་མཛོད། དུས་འཁོར། ཀྱཻ་ རྡོར། བདེ་མཆོག་ལམ་འབྲས། བྱམས་ཆོས་སྡེ་ལྔ། མངོན་པ་ མཆིམས་མཛོད། ཚད་མ་རིགས་གཏེར། འདུལ་བ་མདོ་རྩ་ སྙན་ངག་མེ་ལོང། སྦྱོར་དྲུག་སོགས་ལ་གསན་སྦྱོང་རྒྱ་ཆེར་མཛད་དེ་ གཙང་དུ་གྲྭ་སྐོར་མཛད་པས་གྲགས་པ་ཆེས་ཆེར་རྒྱས་སོ། དགུང་ལོ་སོ་ བདུན་པར་རང་ཡུལ་རབ་སྒང་དུ་བྱོན་ནས་ཆོས་ཐོག་བཞི་རེ་མཛད་དེ་ ཕར་ཚད་འདུལ་མངོན་རེ་མོས་ཀྱིས་ཁྲིད། ཕྱོགས་ཀྱི་མཁས་པ་མང་ པོ་ཁས་ལེན་མི་མཐུན་པའི་རྩོད་པ་མང་པོ་ཡོད་པ་རྣམས་ཀྱི་ཐེ་ཚོམ་གྱི་ དྲ་བ་རྣམས་ལུང་དང་རིགས་པས་བཅད་དེ་མཁས་བཙུན་བཟང་གསུམ་ གྱི་ཡོན་ཏན་ལ་འགྲན་ཟླ་དང་བྲལ་བར་ཀུན་གྱིས་བསྔགས་སོ། ཁོང་གི་ གསུང་རྩོམ་ནི། པའི་ཆོས་འཁོར་དུས་ཀྱི་བསྟན་རྩིས་ཕལ་ཆེར་གྱི་རིགས་གཞུང་གཞལ་ མའི་མེ་ལོང། ཉིད་གསལ་བའི་མེ་ལོང། བ། ཕུག་རོན་དང་གཏམ་དུ་བྱ་བ་མེ་ཏོག་ཆུན་པོ། [931] དེ་ལྟར་སྐུ་ཚེ་ཧྲིལ་བོ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་ མཛད་དོ། ཁོང་ནི་མི་ཉག་མཁས་དབང་མི་ལྔའི་ནང་གི་གཅིག་ ཡིན། ། ནེ་རིང་པ་བདེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཉི་མ་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་རྗེ་རྒོད་ཚང་པ་ མགོན་པོ་རྡོ་རྗེའི་མཆོག་ཏུ་གྱུར་པའི་སློབ་མ་ཡིན་ཏེ། དག་སྣང་རྗེ་ རྒོད་ཚང་པ་དང་མཉམ་པ་ཡིན། དགུང་ལོ་ཉི་ཤུ་རྩ་གཉིས་པ་རབ་ བྱུང་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྗེ་རྒོད་ཚང་པ་མགོན་པོ་ རྡོ་རྗེ་དང་མཇལ་ཞིང་གདམས་པ་གསན་ཏེ་སྒྲུབ་པ་མཛད། དགུང་ལོ་ སུམ་ཅུ་སོ་བཞི་པ་རབ་བྱུང་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ནེ་རིང་དགོན་པ་གསར་འདེབས་མཛད་ཅིང་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ དུ་གདན་ས་བསྐྱངས། གཞན་དོན་ཕུན་སུམ་ཚོགས་པ་གྲུབ་ནས་ དགུང་ལོ་ལྔ་བཅུ་རྩ་བདུན་པར་སྐུ་གཤེགས་སོ། ། ནེས་ལུང་ཞབས་དྲུང་བསྟན་འཛིན་མཆོག་ལྡན་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྒོ་མེ་ནེས་ལུང་ཚེ་བའི་ནང་དུ་དོན་གྲུབ་ཀྱི་ཁྱིམ་ཚང་དུ་ ཡུམ་གཟུངས་ཐར་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་ པར་མགོན་ཀྱཱ་ཆོས་རྗེ་བསྟན་འཛིན་རྒྱ་མཚོས་སྐུ་གོང་མ་ནེས་ལུང་ངག་ [932] དབང་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཆོད་ རྟེན་སྐེས་དགོན་པའི་གདན་སར་བཀོད་ཅིང་དགའ་སྟོན་རྒྱས་པར་ མཛད། དགེ་བཤེས་སྦྱིན་པ་རྒྱ་མཚོ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་བསྐྱངས། མགོན་ཀྱཱ་ མཁན་ཆེན་ལས་དགེ་བསྙེན་དང། རབ་བྱུང་དགེ་ཚུལ་རྣམས་རིམ་ གྱིས་བསྒྲུབས་པར་མཛད། དགུང་ལོ་བཅོ་ལྔ་པར་སྐུ་འབུམ་དགོན་གྱི་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང་བཀའ་པོད་ལྔའི་ གཞུང་ལུགས་དྲི་མ་མེད་པའི་རིགས་ལམ་ལ་གོ་བ་གཏིང་ཕྱིན་པའི་ ཐུགས་གཉེར་ཁྱད་ཐོན་གནང། དེ་ནས་དཔལ་ལྡན་གསང་སྔགས་ རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་རྒྱུད་སྡེ་བཞིའི་ལམ་གྱི་རིམ་པ་ལ་ སྦྱངས་པ་རྨད་དུ་བྱུང། རྒྱུད་པའི་བླ་མ་དབུ་མཛད་ཀྱི་གོ་སར་བཞུགས་ ཤིང་འགྲིག་ལམ་ལ་ལྟ་རྟོག་གང་དྲག་མཛད། སྨན་པ་དཔོན་སློབ་ དང། རྒྱུད་པ་མཁན་པོའི་ཁྲི་ལ་རིམ་བཞིན་ཕེབས་ཏེ་ཆོས་སྲིད་གཉིས་ ཆར་གྱི་སྒོ་ནས་དོ་དམ་ལྷུར་བཞེས་མཛད། སྐྱབས་རྗེ་ཤིང་བཟའ་རྡོ་ རྗེ་འཆང་དང། གྲུབ་དབང་རྡོ་རྗེ་འཆང་གི་མདུན་ནས་མི་ཏྲ་རྡོར་ ཕྲེང་ལ་སོགས་པའི་ཆོས་བཀའ་མང་དུ་གསན། དེ་ནས་རྒྱ་ནག་རི་བོ་ རྩེ་ལྔ་དང། དར་ཧན་བའེ་ལི། ཨ་བ་གྷ་སོགས་སུ་ཕེབས་ཏེ་གདུལ་བྱ་ མང་པོ་སྨིན་གྲོལ་ལ་བཀོད། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅོ་ལྔ་ པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ ཁྲི་ལ་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ ནས་ཡུན་རིང་དུ་མ་འགོར་བར་གསང་སྟབས་ཀྱིས་སོག་ཡུལ་དུ་བྱོན་ཏེ་ [933] རང་གཞན་གྱི་ལེགས་ལམ་གོང་འཕེལ་གཏོང་མུར། དགུང་ལོ་ལྔ་བཅུ་ ང་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་ འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དྲུག་ཅུ་རེ་ལྔ་པ་ཡིན་ནོ། ། གནང་ཡུལ་བཟུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་ མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། མཁས་པའི་དགའ་སྟོན། གནམ་མུག་མུག་ ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཀླུ་ རོའི་ཡ་སུམ་དུ་སྐུ་འཁྲུངས། རྒྱལ་པོ་གཉའ་ཁྲི་བཙན་པོའི་བཙུན་མོ་ ཡིན་ལ་རྒྱལ་པོ་མུ་ཁྲི་བཙན་པོའི་མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ ལ་མུ་ཚོ་བཟའ་ཞེས་ཞུའོ། ། གནམ་སྨན་བུ་མོ།། ཁོང་མོ་ནི་ས་སྨན་བུ་མོ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། གནམ་རི་སྲོང་བཙན།། [934] ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་ཡབ་རྒྱལ་པོ་སྟག་ རི་གཉན་གཟིགས་དང། ཡུམ་འོལ་གོད་བཟའ་སྟོང་བཙུན་འབྲོ་གར་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་གཙོའི་བོན་པོ་ཁྲི་ ཁྱུང་གྲགས་པས་མཛད། བཙུན་མོ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ བྱ་བ་ཁབ་ཏུ་བཞེས་ཏེ་རིགས་སྲས་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ ཁོང་གིས་ཡབ་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་མཛད་འཕྲིན་མུ་ མཐུད་དུ་བསྐྱངས་ཏེ། མྱང་ཙེང་སྐུ་དང། དབས་དབྱི་ཚབ་ མནོན་འདྲོན་པོ་བཅས་ལ་མནལ་ཚིག་བོར་ཏེ་ཕྱི་ནང་མཉམ་འབྲེལ་ གྱིས་ཟིང་པོ་རྗེ་ཁྲི་བངས་སུམ་བཅོམ་ནས་ཕག་གི་ཡུང་བ་སྣ་མན་ཆད་ ཀོང་པོ་བྲེ་སྣ་ཡན་ཆད་མངའ་འོག་ཏུ་བསྡུས་ཤིང་སྔར་ཡུལ་ངས་པོ་ཟེར་ བ་ཡང་འཕན་ཡུལ་ཞེས་པར་མིང་བརྗེས། ཁྱུང་པོ་སྤུང་ཟད་ཟུ་ཙེས་ ཀྱང་གཙང་བོད་ཀྱི་རྗེ་བོ་མར་མུན་ཞེས་པ་བཏུལ་ནས་འབངས་མི་ཁྱིམ་ དུད་ཁྲི་ཕག་གཉིས་ཙམ་ཁོང་གི་མངའ་འབངས་སུ་ཕུལ། དེའི་སྐབས་ སུ་བློན་པོ་མྱང་དབས་མནོན་གསུམ་སོགས་ཀྱིས་ཆབ་སྲིད་ནི་གནམ་ ལས་མཐོ། དབུ་རྨོག་ནི་རི་ལས་བཙན་ཏེ་ཁོང་གི་མཚན་ལ་གནམ་རི་ སྲོང་བཙན་ཞེས་གསོལ། ཁོང་གི་སྐུ་རིང་ལ་རྒྱ་ནག་ནས་སྨན་རྩིས་ སོགས་ཀྱི་གཙུག་ལག་རིག་གནས་སྤྱན་དྲངས་པ་དང། ཟས་ཀྱི་ཕུད་ དུ་གྱུར་པའི་ལན་ཚྭ་སོགས་རྙེད་པར་གྲགས་སོ། མངའ་ཞབས་ཆེ་བ་ དང་མངའ་ཐང་རྒྱས་པས་རྒྱལ་ས་ཡང་ཡར་ཀླུང་གཙང་པོའི་བྱང་ ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་ ནས་བཞུགས་ཀྱང་མུན་དུག་ཕུལ་བ་བཞེད་པས་སྐུ་བཀྲོངས། [935] འབྱུང་མཁས་པའི་དགའ་སྟོན། ནས་བྱུང། གྲལ་ནི་ཁྲི་བཟུང་བང་སོའི་གཡས་ན་ཡོད། ཕུལ་ཆེ་ དབྱིབས་ནི་གྲུ་བཞི་སོག་ཁ་རིས། མིང་དུ་གུང་རི་སོག་ཁར་བཏགས་ སོ་སྐད།ཅེས་གསུངས་སོ། ། གནས་རྙིང་པ་ཆོས་ཀྱི་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་ཞིབ་ཏུ་མི་གསལ་ ནའང། ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་ གྱི་མི་ཡིན། གནས་རྙིང་གི་རྒྱུད་དུ་སྐུ་འཁྲུངས་པས་པཎ་ཆེན་གནས་ རྙིང་པ་ཞེས་ཀྱང་འབོད་སྲོལ་ཡོད། ཁོང་གིས་མདོ་སྔགས་རིག་གནས་ ཀུན་ལ་མཁས་པའི་ཡང་རྩེར་གྱུར། རབ་བྱུང་བཅུ་པའི་ས་མོ་སྤྲུལ་ལོ་ སྟེ་སྤྱི་ལོ་་ལོར་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས་ནས་ལོ་ འགའ་ལ་བསྐྱངས་མཛད་པས་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་པ་ཡིན། ། གནུབས་ནམ་མཁའི་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་གཉལ་ སྨད་ཉང་དཀར་མདའ་ཤམ་བུར་སྐུ་འཁྲུངས། མཁན་པོ་བོ་དཧི་ས་ཧྭ་ ལས་རབ་ཏུ་བྱུང་ཞིང་རྟེན་དགེ་སློང་ཡིན། རྒྱ་གར་དང་བལ་ཡུལ་ སོགས་སུ་ཕེབས་ཏེ་ལོ་ཙཱ་བ་ལ་མཁས་པར་བསླབས། སློབ་དཔོན་པདྨ་ འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས་ཏེ་ལྷོ་བྲག་ མཁར་ཆུ་དང། བྲག་དམར། དགྱེ་རི་སྦྱང་དམར་ཕུག་པ་སོགས་སུ་བྱོན་ནས་སྒྲུབ་པ་ཉམས་ལེན་མཛད་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ བརྙེས་ཤིང། [936] པོ་ཉི་མའི་ཟེར་ལ་ཆིབས། ཁོང་ནི་གྲུབ་ཐོབ་རྗེ་ དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ ནི། དག་པར་གྲུབ་པ། ། གནུབས་ཚུལ་ཁྲིམས་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་སློབ་གཉེར་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་གསུམ་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། ལས་ སྤྲིང་ཡིག། ། གནུབས་ལབ་ཤི་དཔལ་གྱི་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་ སྨད་ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྷ་པ་ནི་ཅིག་ཅར་འཇུག་ པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་ རྟོག་གི་ལྟ་བ་འཛིན་མཁན་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་རྨ་ ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་ [937] དགོངས་པ་རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་ དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་ གསལ་ལས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་འཇུག་ པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་བཞིན་ དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས་ཤིང་ འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བ་མཛད་པར་ཕྱག་ རྗེས་ཆེན་པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་ རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། གནུབས་སངས་རྒྱས་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡབ་ གནུབས་རིགས་གསལ་བའི་དབང་ཕྱུག་དང། ཡུམ་མཆིམས་མོ་བཀྲ་ ཤིས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱ་དང་སུམ་ཅུར་ བཞུགས་སོ། ཁོང་གི་བྱིས་པའི་མཚན་ལ་རྡོ་རྗེ་ཁྲི་གཙུག་ཅེས་ཞུ་ ཞིང། དགུང་ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་ཡི་གེའི་ འབྲི་ཀློག་སྦྱངས། མཁན་པོ་བོ་དཧི་ས་ཧྭ་ལས་རབ་ཏུ་བྱུང་ཞིང་བཀའ་ ཆོས་མང་དུ་གསན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་ གདམས་ངག་མང་དུ་གསན་ནས་སྒྲགས་ཡང་རྫོང་དུ་སྒྲུབ་པ་ཉམས་ ལེན་བརྩོན་པས་གྲུབ་པ་བརྙེས་ཏེ། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས། ཞེས་གསུངས་སོ་ དེ་ནས་རྒྱ་གར་དང་བལ་ཡུལ་སོགས་ལན་བདུན་ཙམ་ཕེབས་ཏེ་དམ་ ཆོས་མང་པོའི་བཀའ་ལུང་ཞུས་ཏེ་སྔ་འགྱུར་གྱི་བསྟན་པ་བར་མ་ཁོང་ལ་ [938] བཀས་བབས་པས་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དར་ཞིང་རྒྱས་པར་ མཛད་དོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ ཞིག་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁུ་ལུང་ཡོན་ཏན་རྒྱ་མཚོ་ དང། སོ་ཡེ་ཤེས་དབང་ཕྱུག་པ་གོར་བློན་ཆེན་འཕགས། ངན་ ཡོན་ཏན་མཆོག་སྲུ་ལེགས་པའི་སྒྲོན་མ་བཅས་ཡིན་ནོ། ། གནོན་བཟའ་མང་མོ་རྗེ་ཇི་དགོས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བཙུན་མོ་ དང། རྒྱལ་པོ་ཁྲི་གཉན་གཟུངས་བཙན་གྱི་མ་ཡུམ་ཡིན། འབྱུང་མཁས་པའི་དགའ་སྟོན། ཞེས་འཁོད་འདུག་གོ་ གནོན་ཁྲི་བདུན་གཡུ་སྦྱིན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དྲག་པོའི་རྩལ་ལ་ཤིན་ཏུ་མཁས་པས་རྟ་རྒོད་ གཡང་ལ་མཆོངས་པ་གྱེན་ལ་འཐེབ་ཐུབ་པ་དང། དྲག་པོ་གཡུལ་གྱི་ ལས་ལ་ཞུགས་ནས་དཔུང་ཆེན་ཁ་ལོ་བསྒྱུར་ཞིང་རྒྱལ་ཁམས་དུ་མ་ དབང་དུ་བསྡུས། དམག་དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ ཞིག་ཡིན་ནོ། ། གནོན་རྒྱལ་མཚན།། ཁོང་ནི་སྤྱི་ལོ་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ [939] འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། དྲག་ རྩལ་ལ་ཤིན་ཏུ་མཁས་པས་མདའ་སྟེའུ་ཁ་མ་འཕངས་ཏེ་བྱ་ཁྲ་ཡི་སྐེད་ པ་གཅོད་ཐུབ་པ་དང། དྲག་པོ་གཡུལ་འགྱེད་ཀྱི་ལས་ལ་ཞུགས་ཏེ་ དམག་དཔུང་ཆེན་པོའི་རུ་འདྲེན་མཛད་ཅིང་ཡུལ་ཁམས་མང་པོ་དབང་ དུ་བསྡུས། དམག་དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། མནོན་འདྲོན་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་ཁྲི་བངས་སུམ་གྱི་ནང་ འཁོར་བ་ཞིག་ཡིན། རྗེས་སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཞབས་ ལ་གཏུགས་ཏེ་རྒྱལ་པོ་དང་མཉམ་དུ་མནའ་ཚིག་བོར་ནས་ཟིང་པོ་རྗེའི་ ཆབ་སྲིད་བརླགས་ཤིང་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་ཕུལ་ རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་ཁོ་ནའི་པུ་ནུ་པོ་མནོན་ལ་སོགས་ པ་བྲན་གཡོག་ཁྱིམ་ཚང་ལྔ་བརྒྱ་གནང་ཞིང་བློན་པོའི་གོ་གནས་ཀྱི་ བདག་རྐྱེན་བསྩལ་ཏོ། ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་ཁ་རྣམ་སྲས་གླིང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ལྤའི་ ས་ཕོ་ཕྱི་ལོ་སྟེ་སྤྱི་ལོ་་ལོར་ཇུན་གར་དམག་གིས་བཀྲོངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་སྨིན་གྲོལ་གློང་གི་ཆོས་སྒོར་ཞུགས་ཏེ་རབ་ ཏུ་བྱུང་ཞིག་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད་ [940] དེ་ནས་གཞུང་ཆེན་བཀའ་པོད་ལྔ་དང། གསང་ཆེན་རྒྱུད་སྡེ་བཞི་ གསོ་རིག་ཆེན་མོའི་གཞུང་ལུགས་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ། རྒྱལ་བ་ངག་དབང་བློ་ བཟང་རྒྱ་མཚོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ གཙིགས་སུ་འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། རབ་བྱུང་བཅུ་ གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ དཔར་དུ་བསྐྲུན་སྐབས་ཁོང་གིས་ཞུས་དག་མཛད། རབ་བྱུང་བཅུ་ གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ལེགས་བཤད་སྣང་བྱེད་ནོར་བུ། ཁོང་གི་རྣམ་ ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ། རྣམ་དག་རྡོ་རྗེ།། ཁོང་ནི་འཕན་བློ་བཟང་དོན་ཡོད་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། རྣལ་འབྱོར་ཆོས་གཡུང།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཀླུངས་ཤོད་རོང་གི་ངལ་མདའ་ལ་ཡབ་ཡོ་མི་ཀླུ་ཕྱུག་གི་ སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ ལེགས་པར་མཁྱེན། དེ་ནས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ ལ་གཏུགས་ཏེ་དབུ་མ་དང། ཚད་མ། འདུལ་བ། ཕར་ཕྱིན་ སོགས་ལེགས་པར་སྦྱངས་མཛད། དགུང་ལོ་བཅུ་དགུ་པར་བྱ་ཡུལ་བ་ [941] ཆེན་པོ་གཞོན་ནུ་འོད་ལས་རབ་ཏུ་བྱུང། ཐུན་མོང་མ་ཡིན་པའི་ གདམས་ངག་མང་དུ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པར་རྗེ་སྒམ་ པོ་བ་དང་མཇལ། རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ཞུས་ནས་ཡོན་ཏན་ ཁྱད་པར་ཅན་བརྙེས། སྒོམ་པོ་སྐུ་མཆེད་བཞུགས་རིང་ལ་སློབ་མའི་ ཚོགས་པ་མ་བསྐྱངས། དེ་རྗེས་ལོ་ངོ་བདུན་གྱི་རིང་དུ་ཚོགས་པ་ བསྐྱངས་ནས་བསྟན་པའི་རྒྱལ་མཚན་མཁའ་ལ་བསྒྲེངས་སོ། ཁོང་ནི་ དྭགས་པོ་ལྷ་རྗེའི་སློབ་མ་གྲུབ་ཆེན་བཞིའི་ཡ་གྱལ་ཞིག་ཡིན། ། སྣ་ནམ་རྒྱལ་ཚ་ཁྲི་སུམ་རྗེ་ཁྲ་མགོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོའི་ ་ ་ ཕྱི་བློན་ཡིན་ནོ། ། སྣ་ནམ་རྒྱལ་རྒན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞང་བློན་དང། རུ་ ཆེན་བཞི་ལས་དབུ་རུ་སྟོད་སྨད་ཀྱི་རུ་དཔོན་ཡིན་ཞིང། རུ་རྟ་ནི་ཟེ་ དཀར་རྟ་སྐྱ་དང། རུ་དར་ནི་དམར་པོ་ལྕེ་ཁྲ་ཡིན་ནོ། ། སྣ་ནམ་རྒྱལ་ཚ་ལྷ་གནང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བོད་ ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཁོང་གིས་མཆོད་ [942] རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལུགས་པདྨས་བརྒྱན་པ་ བཞེངས་པ་མཛད་དོ། བོད་ལུགས་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་པའི་འདས་མཆོད་བོན་པོའི་ལུགས་ ལྟར་བསྒྲུབ་དགོས་ཚུལ་དང་པ་གོར་བཻ་རོ་ཙ་ན་ལ་བན་ཆོས་དམན་ ཚུལ་སོགས་ཤགས་འགྱེད་པའི་སྐོར་དཔེ་རྙིང་བྲིས་མ་ ཞེས་པའི་ནང་དུ་འཁོད་འདུག་གོ། ། སྣ་ནམ་རྡོ་རྗེ་བདུད་འཇོམས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་གྲུ་ ཤུལ་ལ་སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ ཞུས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་གྲུབ་ཐོབ་ཆེན་ པོར་གྱུར་ཏེ། བོད་ལུགས་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བསམ་ཡས་ གཙུག་ལག་ཁང་ཡོངས་སུ་གྲུབ་སྟེ་རབ་གནས་མཛད་སྐབས་གྲུབ་རྟགས་ མང་དུ་བསྟན་ཞིང། བདུད་འཇོམས་རླུང་ལར་ཐོགས་པ་མེད།ཅེས་གསུངས་སོ། དུས་ རྒྱུན་གྱི་སྒྲུབ་གནས་ནི་བྲག་དམར་ཀེའུ་ཚང་ཡིན། ལོ་ཙཱ་བ་ལ་མཁས་ པས་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ནི་གྲུབ་ ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་ བསྒྱུར་རྩོམ་ནི་ ཕྱུག་གི་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས། [943] བའི་དཀྱིལ་འཁོར་གྱི་ཆོ་ག་བཅས་བཞུགས་སོ། ། སྣ་ནམ་རྡོ་རྗེ་དབང་ཕྱུག་ ཁོང་ནི་རབ་བྱུང་མ་ཚུགས་གོང་གི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཡབ་སྣ་ནམ་ཇོ་སྲས་དང། ཡུམ་ཞང་ལྕམ་སྒྲོལ་མ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གི་དགུང་ལོ་གསུམ་པ་སྟེ་སྤྱི་ལོ་་ལོར་ འདུལ་བའི་བསྟན་པ་ཁམས་ནས་དབུས་སུ་དར་ཏེ་འདུལ་འཛིན་དགེ་ སློང་གསར་དུ་བྱུང། དགུང་ལོ་བཅོ་བརྒྱད་པ་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་ར་བ་ཟླུམ་པོ་ཞེས་བྱ་བའི་གནས་སུ་ཀླུ་མེས་ཤེས་རབ་ཚུལ་ ཁྲིམས་ལས་རབ་ཏུ་བྱུང། དེ་ནས་རྒྱ་གར་དུ་ཕེབས་ཏེ་རྡོ་རྗེ་གདན་པ་ དང་མཇལ་ཞིང་འདུལ་བའི་ཆོས་སྐོར་མང་དུ་གསན། བོད་དུ་ཕེབས་ ཤིང་དང་པོ་ཡབ་ཀྱི་ར་ཚག་གི་གཙུག་ཁང་བཞེངས་པར་མཛད་ དགུང་ལོ་སུམ་ཅུ་སོ་བདུན་པ་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ ལུགས་ལྷས་ཀྱི་གཙུག་ལག་ཁང་བཞེངས་པར་མཛད། བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ཅིང། དགུང་ལོ་བརྒྱད་ཅུ་རྩ་ལྔ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་ རབས་དང་པོ་ཡིན་ནོ། ། སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་ བཙུན་མོ་ཆུང་བ་དང། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མ་ཡུམ་ཡིན་ [944] བོད་ལུགས་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་ འཁྲུངས་བ་ཏུན་ཧོང་གཏེར་ཡིག་ཏུ་འཁོད་འདུག་ལོ་དེར་ཁོང་མོ་ ཡང་སྐུ་གཤེགས་སོ། ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ ་ ་ གྱི་བཙུན་མོ་ཡིན་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། སྣ་ནམ་ལྷ་འབངས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། སྣང་སྒོམ་ཞིག་པོ།། ཁོང་ནི་ཚང་འདུར་བ་ཆེན་པོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། སྣང་སྒོམ་རས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ [945] སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ལྷ་ཕྱུག་མཁར་བ་ ཉི་ཟླ་འོད་ ་ ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་ མཚན་ལ་སངས་རྒྱས་འོད་ཅེས་གསོལ། ཁྲིད་དང་གདམས་ངག་ ཐམས་ཅད་ཚར་བར་ཞུས་ཏེ་བྱང་མཁར་དང། སྤྱིལ་སྐུངས་མཐའ་ བྲག་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད། དེ་ནས་གངས་དཀར་ཏི་སེ་ དང་རྫོང་དྲུག་སོགས་སུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད་ཅིང་ ཁྱད་པར་དུ་བྲག་སྐྱ་རྡོ་རྗེ་རྫོང་དུ་ཐུགས་དམ་གྱི་རྩལ་རྫོགས། དེ་ནས་ རྟ་སྒའི་དགོན་པ་གསར་འདེབས་མཛད་ཅིང་གདུལ་བྱའི་རེ་བ་ཡོངས་ སུ་བསྐོངས། གྲྭ་པ་ཡང་མང་དུ་འདུས་ཏེ་འཆད་ཉན་དང་སྒོམ་སྒྲུབ་ ཀྱི་གཞི་ལེགས་པར་བཙུགས་ནས་གདན་སའི་ཁྲི་ལ་རྟོགས་ལྡན་དར་ བསོད་བཀོད་དེ་ལོགས་སུ་སྒྲུབ་པ་མཛད་ཅིང་བཞུགས་སོ། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་རྟོགས་ལྡན་དར་བསོད་དང། ཇོ་སྲས། ཚང་ འདུར་བ་ཆེན་པོ། བསམ་གཏན་རྫོང་པ་བཅས་ཡིན། ། སྣང་བཞེར་ཟླ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་ཆེན་པོ་ཡིན་ བོད་ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་ལྡེ་གཙུག་ བརྟན་མེས་ཨག་ཚོམ་ཅན་བཀྲོངས་མཁན་འབལ་ལྡོང་ཙབ་དང་ ལང་མེས་གཟིགས་གཉིས་གཙོ་བོར་གྱུར་པའི་བྲན་འཁོར་རྣམས་དམག་ དང་ཁྲིམས་ཀྱིས་ཚར་བཅད་ཅིང་ཁྱིམ་གཞིས་རྒྱུ་ནོར་ཐམས་ཅད་གཞུང་ བཞེས་མཛད་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མི་འཇིགས་གདོང་ལྔའི་ཁྲི་ [946] ལ་མངའ་གསོལ་ཞིང་རྒྱལ་པོའི་བཀའ་ལས་མི་འདའ་བར་སྲིད་དོན་ ལེགས་པར་བསྒྲུབས་ཏེ་བོད་ཁམས་ལྷིང་འཇགས་སུ་བཏང་ངོ། །རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཁོང་ལ་ཀེ་ཀེ་རུ་སྟེ་ནོར་བུ་རིན་པོ་ཆེའི་ཡི་གེ་བསྩལ་ཏོ། ། སྣང་ར་དཀོན་མཆོག་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཅན་ཚའི་སྣང་རར་ཡབ་བེ་ཧུ་བློ་གྲོས་དང། ཡུམ་ སྙིང་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཁུ་ཆེན་ཀུན་མཁྱེན་རིན་པོ་ཆེ་ལས་རབ་བྱུང་དང་དགེ་ ཚུལ་བསྒྲུབས། བླ་བྲང་ཐོས་བསམ་གླིང་དུ་ཞུགས་ནས་རིགས་ལམ་ སོགས་ལ་བྱང་བར་མཛད། དགུང་ལོ་བཅུ་བདུན་པར་ཁུ་ཆེན་དང་ འགྲོགས་ཤིང་དབུས་སུ་ཕེབས་ཏེ་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཀློང་ རྡོལ་ངག་དབང་བློ་བཟང་དང། ཧྲེ་བོ་སངས་རྒྱས་བཀྲ་ཤིས་བཅས་ལ་ བསྟེན་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་པར་གནང་ཞིང་ ལྷ་རམས་པའི་མཚན་བཏགས་ཨང་དང་པོ་བཞེས། རྒྱུད་སྟོད་སྨད་དུ་ ཞུགས་ནས་གསང་ཆེན་གྱི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་བཅས་ལ་ ཞིབ་པར་སྦྱངས། དགུང་ལོ་སོ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ ཕེབས་ཤིང་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ལ་མཆོད་མཇལ་མཛད་ དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ཏེ་ལོ་ [947] བཞིའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀར་གྲྭ་ཟུར་མ་ ཉམས་པ་མཛད། ཁྲི་ཟུར་ནས་ཚ་ཁོད་ཚང་དང་ཚ་གན་པེ་ཤིང་ གཉིས་ཀྱི་གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་གཏོང་སྒོ་བཅས་ ལ་ཡར་ལྡན་དུ་མཛད། གཙུག་ལག་ཁང་དང་རྟེན་བརྟེན་པ་བཅས་པ་ གསར་བཞེངས་མཛད། དགུང་ལོ་ང་བརྒྱད་པར་གདན་སར་ཕེབས་ ཏེ་ཇོ་བོའི་སྐུ་གཙོ་མཛད་པའི་རྟེན་བརྟེན་པ་མང་དུ་གསར་བཞེངས་ གནང། དད་ལྡན་སློབ་མའི་ཚོགས་ལ་དབང་ལུང་ཁྲིད་གསུམ་གནང་ ནས་དུས་འདའ་བར་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་ལྔ་པ་ ཡིན་ནོ། ། སྣའུ་བྱ་བྲལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ ཟུར་མཁར་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན། ཁོང་ཟ་ ལུང་དུ་རབ་ཏུ་བྱུང་ཞིང་མཚན་ལ་རྡོ་རྗེ་མཛེས་ཞེས་གསོལ། དེ་ནས་ འགྲོ་མགོན་དུང་མཚོ་བ་དང་ཀཱ་ལ་དུང་མཚོ་གཉིས་མཇལ་ནས་གཏེར་ ཆོས་ཟབ་མོ་ཡོངས་སུ་རྫོགས་པར་ཞུས། བླ་མའི་ཞབས་ཏོག་ཀྱང་ ལེགས་པར་མཛད། སྣའུ་གངས་རིར་ཐུགས་དམ་མཛད་པས་སྣའུ་བྱ་ བྲལ་བར་གྲགས། གཞན་ཡང་རི་ཁྲོད་མང་པོར་བཞུགས། ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་བརྙེས། སྐུ་གཤེགས་རྗེས་གདུང་བཞུ་པའི་ སྐབས་སུ་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ཞིང་འགྲོ་བའི་དད་རྟེན་དུ་ [948] གྱུར་རོ། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་བ་ནི་བླ་ཆེན་ རིན་ཆེན་གཞོན་ནུ་ཡིན། ། སྣར་ཐང་འདུལ་ནག་པ།། ཁོང་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། སྣར་ཐང་པུཉ་རསྨི།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་དཔལ་ལྡན་སྣར་ཐང་གི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་ གཉིས་ཀར་ཐོས་བསམ་གང་ལེགས་མཛད། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་བཅོས་གཉིས་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་གསུང་རྩོམ་ནི་ བཀླག་ཐབས་བསྡུས་པ། བསྒྱུར་རྩོམ་ནི་ ཚིག་ལེའུ་བྱས་པ། བཤད་པ།། ཁོང་གི་མཚན་གཞན་ལ་བསོད་ ནམས་འོད་ཟེར་ཞེས་ཞུའོ། ། སྣར་ཐང་བ་རྗེ་ཤེས་རབ་སེང་གེ་ ཁོང་ནི་རྗེ་ཤེས་རབ་སེང་གེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པ་ཞུའོ། ། [949] སྣར་ཐང་སཾ་གྷ་ཤྲཱི།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ དཔལ་སྣར་ཐང་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་ གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་ འགོས་ལོ་གཞོན་ནུ་དཔལ་ ་ དང་འདུལ་འཛིན་ དཔལ་ལྡན་བཟང་པོ་ ་ སོགས་ལ་སྒྲ་དང་ སྙན་ངག་མངོན་བརྗོད། རྩིས་རིག་བཅས་སློབ་ཁྲིད་གནང་ནས་སློབ་ བུ་མང་དུ་གསོ་སྐྱོང་མཛད། རབ་བྱུང་བདུན་པའི་ལྕགས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་བཤེས་གཉེན་བློ་གྲོས་དཔལ་འབར་གྱིས་ཡང་ཡང་ བསྐུལ་བའི་ངོར་ཐང་པོ་ཆེའི་གཙུག་ལག་ཁང་དུ། བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ། ད་དུང་ མཚམས་སྦྱོར་ལྔ་པའི་ཊཱིཀྐ་གཞུང་དོན་གསལ་བ། མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ། རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་ བརྒྱ་བ། ། སྣུབས་ངག་དབང་སྙན་གྲགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རོང་མཚོ་བཅུའི་མཚམས་རིགས་སུ་ཡབ་སྣུབས་མགོན་པོ་ བཀྲ་ཤིས་དང། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ [950] རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་པར་བྱ་ཁྱུང་དགོན་པའི་ཆོས་སྒོར་ ཞུགས་ཏེ་མདོ་བ་མཁན་ཆེན་ངག་དབང་དོན་གྲུབ་ལས་རབ་ཏུ་བྱུང་ དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས་ཏེ་སེ་ར་བྱེས་པ་གྲྭ་ཚང་གི་ ཆོས་གྲྭར་ཞུགས་ནས་ཁྲི་ཆེན་ངག་དབང་ཆོས་གྲགས་ལས་དགེ་ཚུལ་ བསྒྲུབས། སྐེད་ཚང་བྱམས་པ་སྨོན་ལམ་དང། མཁན་ཆེན་བསྐལ་ བཟང། སྒོམ་སྡེ་ལྷ་དབང་རྒྱ་མཚོ་སོགས་ལ་བསྟེན་ནས་གཞུང་བཀའ་ པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཟུར་ཆོས་ཀྱི་སློབ་དཔོན་ བློ་བཟང་འཇམ་དབྱངས་སོགས་ལ་བསྟེན་ནས་བསྡུས་ཆེན་གྱིས་མཚོན་ དཔེ་ཁྲིད་བཅས་དོགས་གཅོད་མང་པོ་ཞུས། དགུང་ལོ་ཉེར་དགུ་པར་ པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་ མང་དུ་ཞུས། དགུང་ལོ་སོ་གཉིས་པར་ལྷ་རམས་པའི་དམ་བཅའ་ མཛད་ཅིང་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ ཕྱག་ལེན་བཅས་ལ་མཁས་པར་མཛད། དགུང་ལོ་སོ་དྲུག་པར་རྒྱུད་ སྨད་ཀྱི་དགེ་བསྐོས་སུ་བཞེངས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ ལས་ལམ་རིམ་ཆེན་མོ་དང། འགྲེལ་བ་བཞི་སྦྲགས་སོགས་དང་ ཀློང་རྡོལ་བླ་མ་ལས་བཀའ་འགྱུར་གྱི་ལུང་གསན། གཞན་ཡང་རྒྱལ་ སྲས་རིན་པོ་ཆེ་དང། རྭ་སྒྲེང་ཁྲི་སྦྲུལ། ཞི་བ་ལྷ། འཇིགས་མེད་ དབང་པོ་སོགས་བླ་མ་བཞི་བཅུར་ཉེ་བར་བསྟེན། དགུང་ལོ་བཞི་བཅུ་ ཐམ་པར་རྒྱུད་པའི་བླ་མ་དབུ་མཛད་དུ་ཕེབས། དགུང་ལོ་ཞེ་བདུན་ པར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། དགུང་ལོ་ལྔ་བཅུ་ང་གཅིག་པར་ [951] མངའ་རིས་མཐོ་ལྡིང་གི་ཁྲི་དང། དགུང་ལོ་ང་བརྒྱད་པར་བྱང་རྩེའི་ ཁྲི་ལ་ཕེབས་ནས་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་སྔར་ སྲོལ་མ་ཉམས་པ་མཛད། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་ པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ ཐུགས་རྟེན་མང་དུ་བཞེངས། དེ་ནས་ཟུར་བཞུགས་མཛད་ཅིང་སྒྲུབ་ པ་ཉམས་ལེན་ཁོ་ནའི་ངང་ནས་དགུང་ལོ་དོན་དགུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་བྱ་ཁྱུང་ངག་ དབང་སྙན་གྲགས་དང། བྱང་རྩེ་ངག་དབང་སྙན་གྲགས་ཞེས་ཞུའོ་ ཁོང་གི་དངོས་སློབ་ནི་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང། རྒྱལ་བ་ཚུལ་ ཁྲིམས་རྒྱ་མཚོ། པཎ་ཆེན་བསྟན་པ་ཉི་མ། འཇམ་དབྱངས་བཞད་ པ་འཇིགས་མེད་རྒྱ་མཚོ། ཧན་ཧ་རྗེ་བཙུན་དམ་པ་བཅས་མང་དུ་ བྱོན། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་ དྲུག་པ་ཡིན་ནོ། ། སྣེ་གདོང་བློ་བཟང་སྦྱིན་པ།། ཁོང་ནི་གཉེར་པ་བློ་བཟང་སྦྱིན་པ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། སྣེའུ་ཟུར་པ་ཡེ་ཤེས་འབར།། ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་སྐོར་ཐོད་པ་ལ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་བྲག་རྒྱབ་ [952] པའི་བཙུན་པ་མཛད་ནས་རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་འབར་ ཞེས་གསོལ། འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ལ་གསན་པར་ མཛད། དེ་དུས་རང་བྱུང་གི་ཏིང་ངེ་འཛིན་ལེགས་པར་འཁྲུངས་ དགུང་ལོ་ཉི་ཤུ་རྩ་དྲུག་པ་རབ་བྱུང་དང་པོའི་མེ་མོ་ལུག་ལོ་སྟེ་སྤྱི་ ལོ་་ལོར་རྭ་སྒྲེང་དུ་བྱོན་ཏེ་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་ མཚན་དང་མཇལ་ཞིང་དབང་དང་གདམས་ངག་མ་ལུས་པ་ཐོབ་ནས་ སྒྲུབ་པ་ཉམས་ལེན་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ མང་པོའི་ཞལ་གཟིགས། དེ་ནས་པོ་ཏོ་བ་རིན་ཆེན་གསལ་ལ་བསྟེན་ ཏེ་བཀའ་གདམས་པའི་ཆོས་སྐོར་ཐམས་ཅད་ཞུས་པ་དང། མཛེ་ནད་ ལ་སོགས་པའི་ནད་ཡམས་ཐམས་ཅད་ལེགས་པར་བཅོས་ཏེ་འགྲོ་བའི་ དོན་ཆེན་པོ་མཛད། དུས་ཕྱིས་སུ་སྣེའུ་ཟུར་དུ་དགོན་པ་གསར་ འདེབས་མཛད་ཅིང་ཕྱོགས་སོ་སོའི་གྲྭ་པ་སྟོང་ཕྲག་གཅིག་ལྷག་ཙམ་ འདུས་ཏེ་ལམ་རིམ་དང་བསྟན་རིམ་ལ་སོགས་པ་ཁྲིད་དེ་བཤད་སྒྲུབ་ཀྱི་ བསྟན་པ་དར་ཞིང་རྒྱས་པར་མཛད། སློབ་མའི་ཚོགས་ལས་གྲགས་ཆེ་ བ་ནི་དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ་དང། དབོན་སྟོན་གཞོན་ ནུ་འབྱུང་གནས། དབས་སྟོན་ཆུང། མངའ་གསལ་ལྡན། དུམ་བུ་ རི་པ་ཟླ་བ་རྒྱ་མཚན། མངའ་རིས་པ་བྱུང་ཆུབ་དགེ་མཛེས། ཚུལ་ ཁྲིམས་འོད་ཟེར། སྤྱི་བོ་ལྷས་པ། ཚ་རོང་གི་ཇོ་སྟན་ང་པོ། ཀ་བ་ དར་སེང་བཅས་ཡིན། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་བདུན་པར་དགོངས་པ་ཆོས་དབྱིངས་ [953] སུ་གཤེགས། ཁོང་ནི་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་གྱི་བུ་ ཆེན་བཞིའི་ཡ་གྱལ་ཡིན་ནོ། ། བསྣུབས་འདུལ་འཛིན།། ཁོང་ནི་གཡའ་བཟང་ཆོས་རྗེ་ཆོས་སྨོན་ལམ་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། [000] པ་གོར་བཻ་རོ་ཙ་ན་རཀྵི་ཏ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཉང་ གཙང་ཆུ་བོ་འདྲེས་པའི་ཡུལ་ཟངས་དཀར་དུ་ཡབ་པ་གོར་རྡོ་རྗེ་རྒྱལ་པོ་ དང། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་མཁན་པོ་བོ་དཧི་ས་ཏྭ་ལས་ རབ་ཏུ་བྱུང་ཞིང་མཚན་ལ་རྣམ་པར་སྣང་མཛད་སྲུང་བ་ཞེས་གསོལ་ བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྟེང་དུ་ཡོངས་སུ་གྲགས་པའི་སད་མི་མི་ བདུན་གྱི་ཡ་གྱལ་ཞིག་ཡིན་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ ཡང་ཡིན། ལོ་ཙཱ་བ་ལ་ཤིན་ཏུ་མཁས་པས་ཆོས་གཞུང་མང་པོ་བོད་ ཡིག་ཏུ་བསྒྱུར་བ་མཛད་ཅིང་རྔོག་བློ་ལྔན་ཤེས་རབ་གྱིས་བཻ་རོ་ཙ་ན་ ནམ་མཁའི་མཐའ་དང་མཉམ། སློབ་དཔོན་པད་མ་འབྱུང་གནས་ལས་བཀའ་བརྒྱ་དཀྱི་དབང་ཞུས་ནས་ སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པ་བརྙེས་ཏེ། མེ་ལོང། རྒྱ་གར་གྱི་ཡུལ་ཕྱོགས་སུ་མར་ཕེབས་ཏེ་ཡོངས་སུ་གྲགས་པའི་བློབ་ [955] དཔོན་མང་པོར་བསྟེན་ནས་གསང་ཆེན་རྙིང་མའི་སེམས་སྡེ་དང་ཀློང་ སྡེ་དར་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྤྲང་མི་ཕམ་ མགོན་པོ་ཡིན། བན་བོན་གཉིས་ཀྱི་འཐབ་རྩོད་ཁྲོད་ནས་བཙུན་མོ་ཚེ་ སྤོང་བཟའ་མེ་ཏོག་སྒྲོན་སོགས་ཀྱི་ཐུགས་ལ་མ་བབས་ནས་རྒྱལ་མོ་ཚ་བ་ རོང་དུ་རྒྱང་ཕུད་བཏང་བའི་ལོ་རྒྱུས་ཀྱང་མཆིས། ཁོང་ནི་རྗེ་དང་ འབངས་ཉེར་ལྔ་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས། དཀར་མོའི་སྒྲུབ་ཐབས། པའི་རྣམ་པར་བཤད་པ། སོར་ཐར་པའི་འགྲེལ་བ་འདུལ་བ་བསྡུས་པ། སྒྲོན་མ། ། པ་གོར་ཡེ་ཤེས་གཡུང་དྲུང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་ སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་ བྱེད་པའི་ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན་ཡང། རྨ་ལུང་རྡོ་རྗེའི་ བྲག་དན་ཏིག་ཤལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་དགོངས་པ་ རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་དན་ཏིག་ ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་ལས་ དམ་ཆོས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་འཇུག་པའི་ [956] སྤྱོད་ལམ་དེ་ལྟ་བུར་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་བཞིན་དུ་བླ་ ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས་ཤིང། འདུལ་ པའི་བསྟན་པ་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་པོ་ཞིག་ བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་གསལ་གྱི་གྲགས་ ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། པ་ཙབ་བློན་སྤེ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། བ་དང། མཁས་པའི་དགའ་སྟོན། པ་ཙབ་བློན་འཚོ་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། [957] མཁས་པའི་དགའ་སྟོན། པ་ཚབ་སྒོམ་པ།། ཁོང་ནི་རབ་བྱུང་དང་པོའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་སྨད་ཀྱི་གཡུང་པོ་རྟར་ཡབ་པ་ཚབ་སྟོན་འབུམ་གྲགས་ དང། ཡུམ་གཡས་མོ་དཔལ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བཅུ་གཉིས་པར་རེབ་གོང་གནས་ཆུང་དུ་པོ་ཏོ་བའི་སློབ་ མ་སྒྲོ་ཆུང་བ་ལས་རབ་ཏུ་བྱུང། གཡས་འདུལ་འཛིན་ལས་འདུལ་བ་ རྣམས་བསླབས། དགུང་ལོ་བཅུ་དགུ་པར་གཡས་འདུལ་འཛིན་སོགས་ ལས་བསྙེན་པར་རྫོགས། པོ་ཏོ་བ་ལས་བཀའ་གདམས་ཀྱི་ལམ་རིམ་ དང། སྟོད་ལུང་རྒྱ་དམར་ལས་དབུ་ཚད་འགྲེལ་ཆུང། པ་ཚབ་ཉི་ མ་གྲགས་ལས་བྱམས་ཆོས་སྡེ་ལྔ། འབྲོམ་བྱང་ཆུབ་སེམས་དཔའ་ལས་ མངོན་པ་གོང་མ། ཡོང་གེ་དབང་ཕྱུག་གྲགས་ལས་ཟངས་དཀར་ ལུགས་ཀྱི་བདེ་མཆོག་བཅས་གསན་པར་མཛད། དེ་ནས་སྐམ་ཡེ་ཤེས་ རྒྱལ་མཚན་ལས་ཤེར་ཕྱིན་དང། བྱང་ཆུབ་སེམས་དཔའ་ཀུན་དགའ་ ལས་གསང་སྔགས་ཀྱི་དབང་ཆེན་དང། བྱང་ཆུབ་སེམས་དཔའ་ཀུན་དགའ་ ལས་གསང་སྔགས་སྐྱི་དབང་ཆེན་དང། ལམ་ལྔ། ང་ཁྲིད་བཅས་ ཏེ་སྒྲུབ་པ་ཉམས་ལེན་མཛད་པས་ཆོས་ཉིད་མངོན་སུམ་དུ་འཆར་བའི་ རྟོགས་པ་འཁྲུངས། དེ་ནས་བླ་མ་ཀུན་དགའི་བཀའ་ལྟར་ཕ་ཡུལ་དུ་ བྱོན་ཞིང་གནས་ཆུང་དུ་ལོ་ངོ་བཅུ་གསུམ་པར་དུ་སྒྲུབ་པ་མཛད། དེ་ རྗེས་སློབ་མ་བསྐྱངས་ཤིང་འཆད་ཉན་དང་སྒོམ་སྒྲུབ་ཀྱིས་བསྟན་འགྲོའི་ དོན་ཆེན་མཛད། དགུང་ལོ་བརྒྱ་དཅུ་རྩ་གཉིས་པར་དགོངས་པ་ཆོས་ [958] དབྱིངས་སུ་གཤེགས། ཁོང་ནི་ཆིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་ ལས་བླ་མ་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་ཏེན་ ནེ་དང། བྱང་པ་བོན་སྒོམ། པ་ཚབ་སྒོམ་ནག་བུ་ཤོང་སྒོམ་པ་ ཆུ་མིག་རྒྱ་གྲགས་པ། ཐང་སག་སྟོན་ཚུལ། ཞང་གཡུ་སྒྲོ་ལྷ་ཁང་པ་ རྔོག་གེ་སེར། འབྲོ་སྒོམ་བསོད་ནམས་བྱང་ཆུབ། གཤེགས་སྒོམ་རེ་ ཐུལ་ཅན། ཨུ་རྒྱན་རས་པ་བཅས་ཡིན་ནོ། ། པ་ཚབ་ཉི་མ་གྲགས་པ།། ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་པ་ཚབ་སྟོད་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཏེ་འདུལ་བའི་ཆོས་གཞུང་སོགས་ལ་སྦྱངས་པ་མཛད་ཅིང། དེ་ནས་ ཁ་ཆེར་ཕེབས་ཏེ་སཛྫ་ནའི་སྲས་གཉིས་གཙོ་བོར་གྱུར་པའི་པཎ་གྲུབ་ མང་པོའི་ཞབས་ལ་གཏུགས་ཤིང་ལོ་ཉི་ཤུ་རྩ་གསུམ་གྱི་རིང་དུ་སློབ་ གཉེར་ལེགས་པར་མཛད་དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ བ་མཛད། བོད་ཡུལ་དུ་ཕེབས་པའི་ཚེ་སྤུ་ཁྲངས་པའི་དགེ་འདུན་སྤྱིས་ གཡུ་བོ་ཆེ་ཕག་སྐུར་ཟེར་བ་ཞིག་ཡུལ་ནས་མཛོད་འགྲེལ་བསྒྱུར་བར་ ཞུས་པས་དེ་བཞིན་བསྒྱུར། འཕན་ཡུལ་དུ་ཕེབས་དུས་གདུལ་བྱ་ཧ་ཅང་མི་ཆེ་བ་ལ་དགེ་བཤེས་ཤ་རབ་བས་རང་གི་གྲྭ་པ་མང་པོ་ཁོང་ཉིད་ཀྱི་ མདུན་དུ་དབུ་མ་སློབ་ཏུ་བཏང་པས་དེ་ནས་བཟུང་དབུ་མའི་འཆད་ ཉན་ལེགས་པར་ཚུགས་ཏེ་སློབ་མ་མང་དུ་བསྐྱངས། ཁོང་གི་སློབ་ [959] མ་གྲགས་ཆ་བ་ནི་གཙང་པ་སརས་བོས་དང། རྨ་བྱ་བྱང་ཆུབ་ཡེ་ཤེས་ དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་བཅས་ ཡིན། ཁོང་གི་བསྒྱུར་རྩོམ་ནི། དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས། དང། བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། པ། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་བ། སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བའི་རྒྱ་ཆེར་འགྲེལ་བ། བསྟན་བཅོས་བཞི་བརྒྱ་བ་ཚིག་ལེའུ་བྱས་པ། འགྲེལ་བ་ཚིག་གསལ་བ། བཞོན་པས་བདེན་པ། འཇུག་པའི་བཤད་པ། ཕ་རོལ་གྲུབ་པ། ། ཕ་རོལ་གྲུབ་པ། ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་སྐུ་ [960] འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་ གྱུར། དེ་རྗེས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ནས་ལེགས་སྦྱར་ གྱི་སྐད་ལ་ཕུལ་དུ་ཕྱིན་པ་མཁྱེན་ཏེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། ལས། པ། གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། པོའི་སྒྲུབ་ཐབས། ཐབས། སྒྲུབ་ཐབས། ཐབས། ཀྱི་སྒྲོལ་མའི་སྒྲུབ་ཐབས། ཐབས། དཀར་མོ་སྒྲུབ་ཐབས།། བཱ་གྲུ་ཞབས་དྲུང་ཡེ་ཤེས་བསྟན་འཛིན་ཉི་མ།། [961] ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྟོང་འཁོར་མཁར་གྱི་ཉེ་འདབས་སུ་ཡབ་རྟ་མགྲིན་བསྲུང་དང་ ཡུམ་ལྷ་མོ་འཚོ་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་བདུན་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད་ ཅིང་ཨ་བ་ཀ་ཞབས་དྲུང་ཡེ་ཤེས་བཤད་སྒྲུབ་ཉི་མ་ལས་དགེ་བསྙེན་དང་ བར་མ་རབ་བྱུང་གི་སྡོམ་པ་བཞེས། སྨོན་ལམ་རབ་འབྱམས་པ་བསོད་ ནམས་རིན་ཆེན་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་ དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་ཐམ་ པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་ འགྲེལ་དང་ཕར་ཕྱིན་བཅས་ལ་འབད་བརྩོན་ནན་ཏན་དུ་མཛད། རྗེ་ བཙུན་སྐབས་དང་པོའི་སྐྱོར་དཔོན་དུ་བཞུགས། སྐྱབས་རྗེ་ཤིང་ བཟའ་རྡོ་རྗེ་འཆང་ལས་དགེ་ཚུལ་བསྒྲུབས་ཤིང་མི་ཏྲ་བརྒྱ་རྩའི་དབང་ ཆེན་དང། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ ཆོས་བཀའ་མང་པོ་གསན། དེ་ནས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཏེ་སྨིན་གྲོལ་གྱི་ལམ་ཡན་ལག་དང་བཅས་པ་ལ་ཐོས་བསམ་ཕུལ་ དུ་ཕྱིན་པ་མཛད། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ ལས་བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུངས་ བར་མཛད། སེ་རའི་དགེ་བཤེས་ཨ་མོ་ཚང་ལས་བཀའ་འགྱུར་དང་རྗེ་ ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་རྣམས་གསན། རབ་བྱུང་ བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དུས་འཁོར་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འཆད་ཉན་ལེགས་པར་བསྐྱངས་ [962] རབ་བྱུང་བཅོ་ལྔ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་ པ་མཁན་པོའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་གང་ལ་ཡང་ལེ་ཤོར་མེད་པའི་ཚགས་འཛིན་གང་ལེགས་ གནང། དགུང་ལོ་ཉེར་ལྔ་པར་བྱང་ཕྱོགས་ཁལ་ཁའི་ཡུལ་དུ་ཐོག་ མར་བསྐྱོད་པའི་སྐབས་ནས་བཟུང་ལྷམ་ཕུད་ཆབ་ལེན་གུང་ཚིགས་ཕལ་ ཆེར་དུས་ལས་མ་ཡོལ་བར་མཛད་ཅིང། ཆུ་མཆོད་དང་ཕྱག་འཚལ་ བ་ལ་བརྟེན་ནས་བླ་མར་མཆོད་པ་དང། ཐུན་དྲུག་རྣལ་འབྱོར་ སོགས་ལ་རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པ་དྲག་པོས་ཉམས་ལེན་སྙིང་ པོར་མཛད་ནས་དུས་འདའ་བའོ། ཁོང་ནི་དུས་འཁོར་དཔོན་སློབ་ཀྱི་ ཁྲི་རབས་སོ་གཅིག་པ་དང། རྒྱུད་པ་མཁན་པོའི་ཁྲི་རབས་རེ་དྲུག་པ་ ཡིན་ནོ། ། བཱ་གྲུ་ཞབས་དྲུང་བཤད་སྒྲུབ་འཕྲིན་ལས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ལོན་པ་སྡེ་བར་ཡབ་ཕུན་ཚོགས་ དང། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ ཨ་རིག་བྱམས་པ་མཆོག་ལྡན་དགེ་རྒན་དེ་བསྟེན་ནས་སྐུ་འབུམ་དཔལ་ ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཐུགས་གཉེར་མཛད། དེ་ ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་ཞུགས་ཤིང་ཐོས་བསམ་ གང་ལེགས་གནང། པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་དགེ་ཚུལ་ གྱི་སྡོམ་པ་བཞེས་ཤིང་ཆོས་རྒྱུན་དུ་མ་གསན། རང་ཡུལ་དུ་ཕེབས་ཏེ་ [963] སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གི་དྲུང་ནས་བསྙེན་པར་རྫོགས། སྐུ་ འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་ དང་སློབ་གཉེར་བཅས་ལ་ཚགས་འཛིན་ལེགས་པར་གནང། ཁྲི་ཟུར་ ནས་སྨད་སོགས་ཁལ་ཁའི་ཕྱོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ བསྐོར། མཁར་སྔོན་ཤྲཱི་རི་ཡེ་ཐུ་དང། སྟོང་འཁོར་ལོ་ཐོག་ཐུ་ཐུབ་ བསྟན་འཇིགས་མེད་རྒྱ་མཚོ་སོགས་ལས་སྔོན་རྗེས་སུ་ཆོས་རྒྱུན་མང་དུ་ གསན། དེ་ནས་སྒྲུབ་པ་ཉམས་ལན་ཁོ་ནས་དུས་འདའ་བར་མཛད་ དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་སོ་གཅིག་པ་ ཡིན་ནོ། ། པཀྵི་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཆིང་ཧེ་ཝང་གི་ཧོའུ་ཤོར་ཡབ་ཨེང་ཁེ་ཐ་བུ་ནང་དང་ ཡུམ་ཡུ་ཏན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་གིས་ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་དགེ་ལེགས་སློབ་དཔོན་དུ་ བསྟེན་ནས་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་དང་རྒྱུད་པ་གྲྭ་ཚང་ གི་ཆོས་སྒོར་རིམ་བཞིན་ཞུགས་ཏེ་མཚན་ཉིད་དང་གསང་སྔགས་ཀྱི་ གཞུང་ལམ་འབྲས་བུའི་དགོངས་དོན་མ་ལུས་པ་ལ་གསན་སྦྱོང་མཛད་ རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འཆད་ཉན་ལེགས་པར་ བསྐྱངས། དགུང་ལོ་སོ་ལྔ་པ་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོ་སྟེ་སྤྱི་ [964] ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ཤིང་ཆོས་སྲིད་གཉིས་ ཀྱི་སྒོ་ནས་འཛིན་སྐྱོང་རྨད་དུ་བྱུང་བ་མཛད། ཁྲི་ཟུར་ནས་སོག་ཡུལ་ པཱ་རིན་ཕྱོགས་ཀྱི་དཔོན་འབངས་ཡོངས་ཀྱི་འདོད་མོས་བཞིན་དེ་གར་ ཕེབས་ཤིང་ཆོས་སྲིད་ཀྱི་འཕྲིན་ལས་གོང་དུ་འཕེལ་བར་བརྩོན་པར་ ལྷུར་ལེན་མཛད་ནས་དུས་འདའ་བའོ། ཁོང་ནི་སྐུ་འབུམ་དུས་འཁོར་ དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་སོ་བདུན་པ་དང། རྒྱུད་པ་མཁན་ པོའི་ཁྲི་རབས་བདུན་ཅུ་དོན་གཉིས་པ་ཡིན་ནོ། ། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ འཇུན་ཁུལ་ཁ་བ་དཀར་པོའི་ཉི་འགྲེམ་ནས་ཡིན། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་འབྲས་སྤུངས་དགོན་པའི་ཆོས་སྒོར་ཞུགས་ཏེ་རྗེས་སུ་ ལྕགས་པོ་རིར་བཞུགས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་རྒྱལ་པོ་ལྷ་བཟང་ཧན་གྱིས་རྒྱལ་བ་ཚངས་དབྱངས་རྒྱ་ མཚོ་གསེར་ཁྲི་ལས་ཕབ་སྟེ་ཁོང་ཉིད་རྒྱལ་དབང་ལྔ་པ་ངག་དབང་བློ་ བཟང་རྒྱ་མཚོའི་ཡང་སྲིད་དུ་བཀས་བཅད་དེ་པོ་ཏཱ་ལེའི་གསེར་ཁྲིར་ མངའ་གསོལ། དེ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དབུས་སུ་གདན་ འདྲེན་ཞུས་ཏེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ དུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་གནང་ཞིང་ མཚན་ལ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་གསོལ། ཁོང་ཉིད་ལས་སླེ་ ལུང་རྗེ་དྲུང་བློ་བཟང་འཕྲིན་ལས་བསྙན་རྫོགས་ཀྱི་སྡོམ་པ་ཞུས་པས་ མཁན་རིན་པོ་ཡེ་ཤེས་རྒྱ་མཚོ་ཞེས་ཞུ་ཞིང་གར་ཕེབས་སུ་ཚུལ་ཁྲིམས་ཀྱི་ [965] དྲི་ངད་ལྡང་བའི་འདུལ་འཛིན་པ་ཞིག་ཡིན། རབ་བྱུང་བཅུ་གཉིས་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཇུན་གར་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ ཚེ་རིང་དོན་གྲུབ་ཀྱིས་རྒྱལ་བའི་གསེར་ཁྲི་ལས་ཕབ། དེ་རྗེས་ཀྱི་ གནས་ཚུལ་རྣམས་གསལ་ཁ་མ་བྱུང། ཁོང་ཉིད་རྒྱལ་བའི་གསེར་ཁྲིར་ བཞུགས་རིང་གཞུང་ཐོག་ནས་དྲུག་པ་ཡེ་ཤེས་རྒྱ་མཚོ་དང། བོད་མི་ ཡོངས་ནས་སྐུ་ཞབས་པད་དཀར་འཛིན་པ་ཞེས་ཞུའོ། ཁོང་ནི་རྒྱའི་ ཡིག་ཚང་དག་ལས་བྱུང་བའིཏཱ་ལའི་རྫུན་མ་ཞེས་པ་དེ་ཡིན་ནོ། ། པཎ་གྲུབ་བཟང་པོ་བཀྲ་ཤིས།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་བྱང་ཕྱི་འབྲོག་དོལ་ཁྲོད་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ལྕགས་ཐང་རབ་ འབྱམས་པ་བྱམས་པ་བསོད་ནམས་སོགས་ཡོངས་སུ་གྲགས་པའི་དགེ་ བའི་བཤེས་གཉེན་ལྔ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ཡོངས་ཀྱི་དགེ་བའི་བཤེས་ གཉེན་དུ་གྱུར། དགུང་ལོ་ཞེ་གསུམ་པར་མཉམ་ཡོད་བྱ་གཤོངས་ཀྱི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་བར་དུ་གདན་ས་བསྐྱངས་ ཤིང་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་མི་དམན་པར་ ཡར་ལྡན་དུ་མཛད། དགུང་ལོ་ཞེ་དགུ་པར་ངམ་རིང་གི་དབུ་མཛད་ དང། ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་བསྐྱངས། དགུང་ལོ་ལྔ་བཅུ་རྩ་ གསུམ་པར་ཆོས་སྡེ་ཆེན་པོའི་ཁྲི་ལ་བཞུགས་ནས་ལོ་བཅོ་བརྒྱད་ཀྱི་བར་ དུ་འཆད་ཉན་གྱི་རྒྱུན་བསྲིངས། མདོར་ན་སྐུ་ཚེ་གང་བོར་འཆད་ཉན་ [966] གྱིས་དུས་འདའ་བར་མཛད་དོ། དགུང་ལོ་བདུན་ཅུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས་སོ། ། པཎ་ཆེན་ཆོས་དཔལ་རྒྱ་མཚོ།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་ཞིབ་ཏུ་མི་ གསལ་ནའང། ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ལོ་ རབས་ཉི་ཤུ་སྐབས་ཀྱི་མི་ཡིན་པ་འདྲའོ། ཁོང་ནི་དབུས་ཀྱི་མངའ་ རིས་གྲྭ་ཚང་དང། རི་བོ་མདངས་ཅན། རོང་ཚོ་ཆོས་སྡེ། རི་ མཁར། ཤངས་འབྲས་སྤུངས་སོགས་གྲྭ་ས་མང་པོའི་མཁན་པོ་མཛད་ པས་མཁས་བཙུན་བཟང་པོའི་གྲགས་པ་ཀུན་ཏུ་ཁྱབ། དེ་ནས་གནས་ རྙིང་རྒྱལ་པོ་གྲགས་པའི་འདྲེ་ངན་གདུག་པ་ཅན་སུས་ཀྱང་མ་ཐུལ་བ་དེ་ བཏུལ་བས་མཐུ་སྟོབས་ཆེ་བའི་ཚད་དུ་སྣང། དཀྱིལ་ཁང་གྲྭ་ཚང་ གི་མཁན་པོའི་ཁྲི་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གདན་སར་ ཕེབས་ནས་ལོ་འགར་ཆོས་སྲིད་གཉིས་ཀྱི་འགན་ཁུར་བཞེས། ཁོང་ནི་ བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་གཅིག་པ་ཡིན། ། པཎ་ཆེན་དོན་ཡོད་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་དང་འདས་ལོ་གསལ་བོ་ཞིག་མེད་ཀྱང་བཀྲ་ ཤིས་ལྷུན་པོའི་ཁྲི་པ་བདུན་པ་ཤནྟི་པ་བློ་གྲོས་རྒྱལ་མཚན་ ་ ་ དང་དུས་མཉམ་ཡིན། གནས་ཞེས་བྱ་བར་སྐུ་འཁྲུངས་ པས་གནས་པ་པཎ་ཆེན་དུ་གྲགས། ཁོང་གིས་པཎ་ཆེན་ན་བཟའ་བ་ སོགས་ཡོངས་འཛིན་དུ་བསྟན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སྦྱངས་པས་མཁས་པའི་དབང་པོར་གྱུར། བཀྲ་ཤིས་ལྷུན་པོའི་ [967] གདན་ས་ལོ་འགའ་ལ་བསྐྱངས། ལྷུན་པོ་རྩེ་དང་གངས་ཅན་ཆོས་ འཕེལ་གྱི་མཁན་པོའང་ལོ་མང་དུ་མཛད། ཁོང་ནི་བཀྲ་ཤིས་ལྷུན་ པོའི་ཁྲི་པ་བརྒྱད་པ་ཡིན། ། པཎ་ཆེན་དམ་ཆོས་ཡར་འཕེལ།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་མི་གསལ་ ཁོང་ནི་ལ་སྟོད་བྱང་དུ་སྐུ་འཁྲུངས། དེང་སང་དེའི་དཔོན་བརྒྱུད་ཀྱང་ ཡོད་པ་གྲགས། པཎ་ཆེན་བློ་གྲོས་ལེགས་བཟང་ལས་ཁ་ཆེ་པཎ་ཆེན་ ཤཱཀྱ་ཤྲཱིའི་བརྒྱུད་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། བསམ་འགྲུབ་ དགའ་ལྡན། རྒྱལ་ཆེན་རྩེ། ཤངས་ཡོལ་དཀར། ཤར་རྩེ་གྲྭ་ཚང་ སོགས་ཀྱི་མཁན་པོ་མཛད། བླ་ཆེན་དང་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་ ཆུ་བོ་གཅིག་ཏུ་སྡུད་ཕྱིར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ དཔལ་བཟང་པོ་ལས་བླ་ཆེན་པོའི་སྡོམ་རྒྱུན་བཞེས། དེ་ནས་བཟུང་ རང་ལུགས་དགེ་སློང་གི་སྡོམ་རྒྱུན་འདིར་བླ་པཎ་སྡོམ་རྒྱུན་ཆུ་བོ་གཅིག་ འདྲེས་བྱུང་ངོ། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་ཡིན། ། པཎ་ཆེན་བདེ་ལེགས་ཉི་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ བྱང་ཀྲེ་བའི་རིགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ ནས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་ ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དེ་ནས་དབུས་སུ་ཕེབས་ ཤིང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ ་ སོགས་ ལ་བསྟེན་ཏེ་ཕར་ཕྱིན་དང། ཚད་མའི་སྐོར་བཅས་ལ་ཟབ་སྦྱོང་མཛད་ [968] པས་མཁས་པ་ཆེན་པོར་གྱུར། བྱང་བ་རབ་འབྱམས་པ་ཞེས་ཐུགས་ རྒྱུད་འབྱོངས་པའི་ཚད་དུ་བྱེད། དེ་ནས་ངམ་རིང་སྤང་འབུལ་གྲྭ་ཚང་ གི་འཆད་ཉན་པ་མཛད། དེ་ནས་སེ་ར་བྱེས་པ་གྲྭ་ཚང་གི་བླ་མ་ མཛད། རྒྱལ་བ་བསོད་ནམས་རྒྱ་མཚོས་སེ་རེ་ཐེག་ཆེན་གླིང་གི་ཁྲི་པ་ བཞུགས་དགོས་གསུངས་ཀྱང་སྤྱན་མི་གསལ་བ་སོགས་གསུངས་ནས་ དགོངས་ཞུ་མཛད། ཁོང་གི་གསུང་རྩོམ་ནི། མཐའ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པར་བྱེད་པའི་ ལེགས་བཤད་བསྐལ་བཟང་ནོར་བུའི་ཕྲེང་བ། སྨད་ཆ། བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དངོས་གྲུབ་ཀྱི་ ཆར་འབེབས། ། པཎ་ཆེན་བློ་གྲོས་ལེགས་བཟང།། ཁོང་གི་འཁྲུངས་ལོ་དང་འདས་ལོ་མི་གསལ། ཤངས་བྱེད་ མདོའི་ཞལ་ངོར་སྐུ་འཁྲུངས། ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱིས་ མདོ་སྔགས་ཀྱི་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དཔལ་ འཁོར་ཆོས་སྡེར་རབ་འབྱམས་གྲྭ་སྐོར་མཛད་པས་མཁས་པའི་སྙན་ གྲགས་ཆེ། རྒྱང་རོ་ལྷ་ཁང་གི་བླ་མའང་ཡུན་རིང་དུ་མཛད། ཀུན་ མཁྱེན་ལེགས་པ་དོན་གྲུབ་ཀྱི་བཀའ་བཞིན་ཤར་རྩེ་གྲྭ་ཚང་གི་མཁན་པོ་ ལོ་ཤས་མཛད། ཀུན་མཁྱེན་པའི་ཡིག་ཆ་དང་མི་མཐུན་པ་གཞན་ འཆང་ས་མེད་པའི་སྲོལ་བཙུགས། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་ དགུ་པ་ཡིན། ཁོང་གི་གསུང་རྩོམ་ནི་ཀུན་མཁྱེན་དམ་པའི་ཡིག་ཆའི་ [969] ཟུར་འདེབས། འདུལ་བའི་སྤྱི་དོན་རིན་ཆེན་ཕྲེང་རབ་གསལ་བར་བྱེད་ པའི་སྒྲོན་མེ། མཛོད་ཀྱི་རྣམ་བཤད་མཁས་པའི་ཡིད་འཕྲོག། དབུ་ མའི་སྤྱི་དོན་དགོངས་པ་རབ་རྒྱན། ཕར་ཕྱིན་སྤྱི་དོན་དགོངས་པ་ གསལ་བའི་མེ་ལོང། ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན་པོ་ཏི་ བཞིའི་གཞུང་འགྲེལ། དེ་མིན་སྔགས་ཕྱོགས་ཀྱི་རིམ་གཉིས་དང་ རྒྱུད་འགྲེལ་སོགས་ཀྱི་ལེགས་བཤད་མང་དུ་བཞུགས་སོ།། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གཙང་རོར་ཀྱི་མཚམས་ལྷན་གྱི་ནང་དྲུག་བརྒྱ་པའི་སྤེའུ་ཡུལ་དུ་ཡབ་ འཚོ་བྱེད་ཚེ་རིང་དཔལ་འབྱོར་དུ་གྲགས་ཀྱང་དོན་ལ་གསོ་རིག་གི་ཡོན་ ཏན་དང་ལྡན་པའི་མེས་པོ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་དང་ ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་ པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་ཆོས་རྒྱལ་དཔལ་ལྡན་བཟང་པོ་ཞེས་བཏགས། གདུང་རུས་ ཨིམ་ཆི་ཡིན། དགུང་ལོ་ཆུང་དུས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ ཀྱིས་དབེན་ས་བློ་བཟང་དོན་གྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་ དགུང་ལོ་བཅུ་གསུམ་པར་དབེན་དགོན་དུ་མཁས་གྲུབ་སངས་རྒྱས་ཡེ་ ཤེས་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་ བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ དབེན་དགོན་གྱི་ཁྲི་པ་མཛད། དགུང་ལོ་བཅུ་བདུན་པར་བཀྲ་ཤིས་ ལྷུན་པོར་མཚན་ཉིད་སློབ་གཉེར་ལ་ཕེབས། དགུང་ལོ་ཉེར་གཉིས་ [970] པར་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་དམ་ཆོས་ཡར་འཕེལ་ལས་ བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་བར་ལྔ་མཆོད་ ཆེན་མོའི་ཉིན་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས། དགུང་ལོ་སོ་ གཅིག་པར་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས། དགུང་ལོ་ཞེ་བཞི་ བར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་ཞེ་ བདུན་པ་ནས་བཟུང་སེ་འབྲས་གཉིས་ཀྱི་མཁན་པོ་ལོ་ལྔ་རེ་མཛད་ དགུང་ལོ་ལྔ་བཅུ་པར་ལྷ་སའི་ལྕགས་པོ་རིའི་མཚམས་སུ་བོད་སོགས་ དམག་འཁྲུག་ལངས་སྐབས་ཆིངས་ཞུ་ནན་ཆེན་མཛད་པས་དམག་ མཚམས་བཞག་དགུང་ལོ་ལྔ་བཅུ་ང་གཉིས་པར་རྒྱལ་བ་བློ་བཟང་རྒྱ་ མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ང་ལྔ་བར་ རྒྱལ་དབང་ལྔ་བའི་རབ་བྱུང་གི་མཁན་པོ་མཛད། དགུང་ལོ་ལྔ་བར་ རྒྱལ་དབང་ལྔ་བའི་རབ་བྱུང་གི་མཁན་པོ་མཛད། དགུང་ལོ་རེ་བརྒྱད་ པར་རྒྱལ་དབང་ལྔ་བར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། དགུང་ལོ་དོན་ གཉིས་ནས་བཟུང་ཞྭ་ལུ་དགོན་གྱི་མཁན་པོ་ལོ་ཉི་ཤུར་མཛད། དགུང་ ལོ་དོན་བཞི་བར་སེ་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཆེད་གཏོང་མཛད་པས་ གོང་མ་ཤུན་ཏིས་བླ་ན་མེད་པ་ཞེས་པའི་མཚན་གསོལ་བར་མ་ཟད་ གསེར་ཡིག་པ་ཆེད་གཏོང་གིས་ཐམ་ག་སྐྱེས་དང་བཅས་པ་གནང་ རང་རྣམ་ནང་དུ་གསལ། དགུང་ལོ་དོན་ལྔ་བར་གུ་ཤྲཱི་བསྟན་འཛིན་ ཆོས་རྒྱལ་གྱིས་པཎ་ཆེན་སྦོ་ཁི་ཏོ་ཞེས་པ་སྟེ་བློ་གྲོས་སྟོབས་ ལྡན་ཞེས་པའི་མཚན་སྙན་གསོལ། དེ་ནས་བཟུང་པཎ་ཆེན་སྐུ་ ཕྲེང་རྣམས་ཀྱི་མཚན་དུ་པཎ་ཆེན་ཞེས་ཆེད་དུ་ཐོགས་པ་རེད། ཁོང་ ནི་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་བཞི་པ་ཡིན། རྒྱལ་དབང་ལྔ་བས་ [971] ཁོང་གི་སྤྲུལ་སྐུ་ངོས་འཛིན་གནང་བར་མ་ཟད། པཎ་ཆེན་སྐུ་ཕྲེང་ གོང་མའི་གོང་མ་རྣམས་གཏན་འབེབས་མཛད་པ་རེད། པཎ་ཆེན་སྐུ་ ཕྲེང་བཞི་བའི་ཚུན་དུ་བཀྲ་ཤིས་ལྷུན་པོའི་དགེ་འདུན་མང་ཚོགས་ཀྱིས་ པཎ་ཆེན་རིམ་བྱོན་རྣམས་དགོན་པ་འདི་གའི་སྨོས་མེད་ཀྱི་ཁྲི་པ་ཡིན་ པར་གཅིག་གྱུར་དུ་ཁས་ལེན་བྱེད་ཀྱི་ཡོད་པ་རེད། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང། རྒྱལ་བ་ངག་དབང་བློ་ བཟང་རྒྱ་མཚོ། རིན་པོ་ཆེ་སངས་རྒྱས་ཡེ་ཤེས། སྒམ་པོ་སྤྲུལ་སྐུ་ སེ་ཆེན་ཆོས་རྗེ། སྟོང་འཁོར་སྤྲུལ་སྐུ། སྐྱིད་ཤོད་ཞབས་དྲུང་ཆོས་རྗེ་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་དཀར་ཆག་དང། རྟོགས་ བརྗོད། རྣམ་ཐར། ཆོ་ག་རྣམ་བཤད། རྩོད་ལན། བཅའ་ཡིག་ བཅས་པོ་ཏི་ལྔ་བཞུགས་སོ། ། པཎ་ཆེན་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཉང་སྨད་པ་ནམ་གྱི་ཡུལ་དུ་ཡབ་དཔལ་ལྡན་དོན་གྲུབ་ དང། ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་ཁྲུངས། རབ་ བྱུང་བཅུ་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ འཁྲུངས་ལོ་དེར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་ལ་མོ་ཆོས་སྐྱོང་ཆེན་ མོ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་ གནང། དགུང་ལོ་གཉིས་པར་དགའ་ལྡན་ལེགས་བཤད་ཆོས་གླིང་དུ་ གདན་དྲངས། དགུང་ལོ་བཞི་བར་བཀྲ་ཤིས་ལྷུན་པོར་གདན་དྲངས་ དགུང་ལོ་བརྒྱད་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་ཚུལ་གྱི་ [972] སྡོམ་པ་བཞེས་ཏེ་མཚན་ལ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ ཉི་མ་ཞེས་གསོལ། དགུང་ལོ་བཅུ་པར་གོརྵ་བས་དུས་གཟིར་བསླངས་ བར་རེ་ཞིག་ཉེན་ཡོལ་དུ་དབུས་སུ་ཕེབས། དེ་ནས་མདོ་སྔགས་གཉིས་ ལ་གསན་སྦྱོང་མཛད་པས་མཁྱེན་རབ་འགྲན་ཟླ་བྲལ་བའི་གྲགས་པ་ ཐོབ། དགུང་ལོ་བཅུ་དགུ་བར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་ བསྙེན་པར་རྫོགས། དགུང་ལོ་ཞེ་གསུམ་པར་གཞིས་ཀ་རྩེར་བཀྲ་ཤིས་ ཀུན་སྐྱོབ་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་ བཞེངས་མཛད། དགུང་ལོ་ཞེ་དགུ་བར་བདེ་ཆེན་ཀུན་བཟང་ཕོ་བྲང་ གསར་བཞེངས་མཛད། དགུང་ལོ་དྲུག་ཅུ་རེ་གཉིས་པར་ སྤྱི་ལོ་་ སྤྱི་ལོ་་ སྲིད་སྐྱོང་གི་ཐུགས་འགན་བཞེས། དགུང་ལོ་དྲུག་ ཅུ་རེ་བདུན་པར་འབྲས་ལྗོངས་དང་འབྲུག་པ་གཉིས་གཡུལ་འགྱེད་ལ་ ཉེ་སྟབས་འབྲུག་སྡེ་སྲིད་ཁྲི་པ་དང། པ་སྤྲོ་དཔོན་སློབ་བགྲེས་པོ་ འབྲས་ལྗོངས་རྒྱལ་པོ་བཅས་ལ་བཀའ་ཡིག་རྟེན་སྦྲགས་དང་བཅས་ཕག་ རི་གཞུང་ཚོང་གཉིས་རྫོང་བདའ་བསྐྱངས། ཕན་ཚུན་ཚངས་མས་ལྷིང་ འཇགས་ཞུ་རྒྱུར་བཀའ་དོན་སྤྱི་འཁུར་དུ་བླངས་སོ། སྤྱི་ལོ་་ནས་ ་བར་ལོ་དྲུག་ཅུ་རེ་དྲུག་རིང་དུ་བཀྲ་ཤིས་ལྷུན་པོའི་ཁྲི་པ་ མཛད། ཁོང་ནི་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་བདུན་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཁལ་ཁ་རྗེ་བཙུན་དམ་པ་དང། གྲུབ་པའི་ དབང་ཕྱུག་སྩང་སྐྱ་རིན་པོ་ཆེ། རྒྱལ་ཚབ་རྭ་སྒྲེང་རྡོ་རྗེ་འཆང། ཕུར་ ལྕོག་བྱམས་པ་རིན་པོ་ཆེ། སེང་ཆེན་བློ་བཟང་བསྟན་འཛིན། སྔགས་ ཆེན་དཔལ་ལྡན་གྲགས་པ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་རྣམ་ [973] ཐར་དང། འཁྲུངས་རབས། ཆབ་ཤོག་དཀར་ཆག་ཁྲིད་ཡིག་ སྒྲུབ་ཐབས། གསོལ་འདེབས། བླ་མའི་རྣལ་འབྱོར། ཐོབ་ཡིག་ དྲིས་ལན། བཅའ་ཡིག་ཤིས་བརྗིད་བཅས་པོ་ཏི་དགུ་བཞུགས་སོ། ། པཎ་ཆེན་བློ་བཟང་བསྟན་པའི་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཐོབ་རྒྱལ་བྲུལ་ཚང་གི་ཡུལ་དུ་ཡབ་བསྟན་འཛིན་དབང་ རྒྱལ་དང། ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ བསྟན་རྩིས་ཀུན་བཏུས་སུ་ཤིང་ཕོ་སྟག་ལོར་འཁྲུངས་པ་གསུངས་ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་འཁྲུངས་ཡུལ་ ཐོབ་རྒྱལ་དུ་སྐུ་གཤེགས། དགུང་ལོ་གསུམ་པར་གསེར་བུམ་མཚན་ བྱང་བརྟག་བསྒྲིལ་དཀྲུགས་ཏེ་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡང་སྲིད་ དུ་ཐག་བཅད། དགུང་ལོ་དྲུག་པར་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ ཁྲིམས་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་ བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་ བཟང་པོ་ཞེས་གསོལ། དེ་ནས་ཡོངས་འཛིན་བསྟན་པ་རྒྱལ་མཚན་གྱི་ དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་པས་མཁས་ པའི་སྙན་གྲགས་རྒྱས། ངམ་རིང་ཆོས་སྡེ་ཞིག་གསོས་མཛད། དགུང་ ལོ་ཉེར་གཅིག་པར་ས་སྐྱ་འཁོན་རིགས་འདུལ་བ་འཛིན་པ་ཆེན་པོ་མཻ་ཏྲི་ མངྒ་ལ་དྷརྨ་ཝརྡྷ་དཔལ་བཟང་པོས་མཁན་པོ་མཛད་ནས་པཎ་ཆེན་ སྡོམ་རྒྱུན་བཞེས། དགུང་ལོ་གསུམ་པར་ཕུར་ལྕོག་རྗེ་བཙུན་བློ་བཟང་ ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་ནས་བླ་ཆེན་རྒྱུད་ཀྱི་སྡོམ་རྒྱུན་བསྐྱར་ [974] བཞེས་མཛད། སྤྱི་ལོ་་ལོ་ནས་་ལོ་བར་ལོ་ངོ་ཉེར་གསུམ་ རིང་དུ་རྣམ་རྒྱལ་བཟོད་པ་དང། ནོ་མི་ཧན་རྡོ་རྗེ་འཆང་བློ་བཟང་ བསྟན་པ་རྒྱལ་མཚན། གཏིང་སྐྱེས་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་ མཛེས་པ་རྗེ་བཙུན་ཡེ་ཤེས་ཆོས་འཕེལ། ཕུར་ལྕོག་བློ་བཟང་ཚུལ་ ཁྲིམས་བྱམས་པ་རྒྱ་མཚོ་སོགས་ལ་བསྟེན་ནས་ཚད་མ་རྣམ་འགྲེལ་ དང། དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་ལ་གསན་ སྦྱོང་ལེགས་པར་མཛད་དེ་མཁས་བཙུན་བཟང་པོའི་སྙན་གྲགས་ཐོབ་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལྕང་སྐྱ་རིན་པོ་ཆེ། ཆབ་མདོ་འཕགས་ པ་ལྷ། འཇམ་དབྱངས་བཞད་པ། དབྱངས་ཅན་གྲུབ་པའི་རྡོ་རྗེ་ རྡོ་རྗེ་འཛིན་པ་བློ་བཟང་ཚུལ་ཁྲིམས། ལུང་རིགས་སྨྲ་བ་བློ་བཟང་ བསྟན་འཛིན། དཀྱིལ་ཟུར་བློ་བཟང་སྦྱིན་པ་སོགས་ཡིན། ཁོང་གི་ གསུང་རྩོམ་ནི་རྣམ་ཐར་དང། དཀར་ཆག་ཆབ་ཤོག་འཁྲུངས་ རབས། གསོལ་འདེབས། བསྟོད་ཚོགས། སྙན་ངག་གི་དཔེར་ བརྗོད། བཅའ་ཡིག་བཅས་པོད་གསུམ་བཞུགས་སོ། ཁོང་ནི་པཎ་ ཆེན་ཨེར་ཏི་ནིའི་སྐུ་ཕྲེང་བརྒྱད་པ་ཡིན། ། པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ དྭགས་པོ་ཀ་ཤར་གྱི་ཡུལ་དུ་ཡབ་རྟ་མགྲིན་དང། ཡུམ་དམ་ཆོས་འཚོ་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་སྐྱེ་དགུ་མདོར་སྐུ་གཤེགས། པོའི། [975] སྐུ་གཤེགས་པར་གསུངས། གདུང་ར་ཉག་དགོན་དུ་བཞུགས་ དགུང་ལོ་དྲུག་པར་གསེར་བུམ་བརྟག་བསྒྲིལ་དཀྲུགས་ནས་པཎ་ཆེན་སྐུ་ ཕྲེང་བརྒྱད་པའི་ཡང་སྲིད་དུ་ཐག་བཅད། རྒྱལ་བ་ཐུབ་བསྟན་རྒྱ་ མཚོས་དབུ་སྐྲའི་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་ཐུབ་བསྟན་ ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་གསོལ། བློ་བཟང་བསྟན་ འཛིན་དབང་རྒྱལ་ཡོངས་འཛིན་དུ་བསྟེན་ནས་དབང་ལུང་རྗེས་གནང་ སོགས་ཀྱི་ཆོས་བཀའ་མང་པོ་གསན། དགུང་ལོ་བཅུ་པར་དབུས་སུ་ ཕེབས་ཏེ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་དགེ་བསྙེན་དང། བར་ མ་རབ་བྱུང་སྔོན་དུ་སོང་བས་ཚིགས་སྔ་མ་དགེ་ཚུལ་དང། བསླབ་ གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཅས་རིམ་བཞིན་ བཞེས། དེ་ནས་མཚན་ཉིད་ཀྱི་གཞུང་ལུགས་བཀའ་པོད་ལྔ་ལ་གོ་རིམ་ ལྡན་པའི་ཐུགས་གཉེར་གནང། ཚིག་དོན་ཀུན་ལ་ཐོས་བསམ་གྱིས་ སྒྲོ་དོགས་ལེགས་པར་བཅད་དེ་མཁས་པའི་ཡང་རྩེར་སོན། དགུང་ལོ་ ཉེར་ལྔ་པར་རྒྱ་གར་དུ་ཆིབས་བསྒྱུར་ཐོག་ཟླ་ཤས་བཞུགས་ནས་སླར་ བོད་ཡུལ་དུ་ཆིབས་བསྒྱུར་གནང། དགུང་ལོ་སོ་གཉིས་པར་གསེར་ ཟངས་ལས་བསྒྲུབས་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་མཐོ་ ཚད་ཁྲུ་བརྒྱ་ཙམ་ཡོད་པ་ཞིག་བཀྲ་ཤིས་ལྷུན་པོར་གསར་བཞེངས་ མཛད། དེ་ནི་འཛམ་གླིང་དུ་གསེར་ཟངས་ཀྱི་སྐུ་བརྙེན་ཆེ་ཤོས་ཤིག་ ཡིན། དགུང་ལོ་ཞེ་གཅིག་པར་བཀྲ་ཤིས་ལྷུན་པོ་ནས་སོག་ཡུལ་བརྒྱུད་ དེ་པེ་ཅིན་དུ་ཆིབས་བསྒྱུར་གནང། དགུང་ལོ་ཞེ་གསུམ་པར་གོ་མིན་ ཏང་སྲིད་གཞུང་གིས་མཚན་འཕར་གཡང་ཊའི་ཐམ་ག་ཞིག་འབུལ་ [976] བཞེས་ཀྱི་རྟེན་འབྲེལ་བསྐྱངས། རྒྱ་སོག་གི་དགོན་སྡེ་ཕལ་མོ་ཆེར་ ཞབས་ཀྱིས་བཅགས་ཏེ་རྣམ་དཀར་མཆོད་སྤྲིན་དང། བསྙེན་བཀུར་ མང་འགྱེད་སོགས་གཟབ་འབུལ་མཛད་ཐོག་སྐྱེ་བོ་སེར་སྐྱ་གྲངས་ལས་ འདས་པར་དབང་ལུང་རྗེས་གནང་སོགས་ཀྱི་ཆོས་སྦྱིན་རྒྱ་ཆེར་བསྩལ་ ཁོང་ནི་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་དགུ་བ་ཡིན། ཁོང་གི་གསུང་ རྩོམ་ནི་བྱང་ཆུབ་ལམ་རིམ་སྐོར་དང། བཅའ་ཡིག་འབོར་ཆེན་ ཆབ་ཤོག་གསོལ་འདེབས། ཁྲིད་ཡིག་བསླབ་བྱ། དཀར་ཆག་ གསན་ཡིག་ས་ཤིང་བསྟན་བཅོས་བཅས་པོ་ཏི་བཞི་བཞུགས་སོ། ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཙང་གི་ཤངས་གྲམ་བཀྲ་ཤིས་རྩེའི་ཡུལ་དུ་ཡབ་ཐང་ལྷ་དང་ ཡུམ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་པེ་ཅིན་དུ་སྐུ་གཤེགས་ དགུང་ལོ་ལྔ་བར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་པཎ་ཆེན་སྐུ་ཕྲེང་ལྔ་ བའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་བློ་བཟང་དཔལ་ལྡན་ ཡེ་ཤེས་ཞེས་གསོལ། དགུང་ལོ་བདུན་པར་ཡོངས་འཛིན་བློ་བཟང་ བཟོད་པ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པར་ དབུས་སུ་ཕེབས་ཏེ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་མདུན་ནས་དུས་ འཁོར་དང། རྡོར་ཕྲེང། མི་ཊ་བརྒྱ་རྩ། བ་རི་བརྒྱ་རྩ། སྣར་ ཐང་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་རྗེས་གནང་གསན་ དགུང་ལོ་ཉི་ཤུ་ཐམ་བར་ཡོངས་འཛིན་དཀྱིལ་ཁང་པ་བློ་བཟང་ཆོས་ [977] འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཉིས་ པར་རྒྱལ་པ་འཇམ་དཔལ་རྒྱ་མཚོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་ དགུང་ལོ་ཉེར་དགུ་བར་གོང་མ་ཆན་ལུང་གིས་ཨ་ས་ཧྭ་ཀན་ཨམ་བན་ ཨུ་དང་ཛ་སག་བླ་མ་ངག་དབང་དཔལ་འབྱོར་བཅས་མངགས་ནས་ གསེར་སམ་འཇའ་ས་ཐམ་ག་སོགས་གནང་བའོ། གསེར་སམ་གྱི་ནང་ དོན་ནི་ཚེ་རིང་གནམ་གྱི་ཤེ་མོང་བཙན་པོས་ས་སྟེང་ཡོངས་ལ་མངའ་ བསྒྱུར་བ་ཧཱང་ཏིའི་བཀའ་བདག་ས་སྟེང་གི་སྐྱེ་འགྲོ་མ་ལུས་པ་ལ་ཁྲིམས་ ཀྱི་ཁ་ལོ་བསྒྱུར་བ། སྐྱེ་འགྲོ་ཐམས་ཅད་བདེ་སྐྱིད་ལ་འགོད་པ་ བཀའ་ཁྲིམས་བཟང་པོས་རྒྱ་མཚོ་བཞིའི་ཁོངས་སུ་ཁྱབ་པ། བྱམས་ བརྩེའི་དགོངས་པ་མཐར་ཐུག་མཆོག་དུས་ཀུན་ཏུ་སྐྱོང་བའི་དྲིལ་ བསྒྲགས་པ་ཡིན་པས། སུ་ཞིག་རང་གི་བསླབ་ཁྲིམས་ལ་བརྩོན་ཞིང་ རྨད་བྱུང་དམ་པའི་སྤྱོད་པ་ལ་ཚུལ་བཞིན་སློབ་པའི་མངོན་པར་ འཕགས་པ་རྣམས་ལ་གདོན་མི་ཟ་བར་བརྩེ་བའི་བཀའ་བཟང་པོའི་སྒོ་ ནས་ཞྭ་སེར་གྱི་བསྟན་པའི་འཕགས་བསྟོད་པ་ཡིན། དགུང་ལོ་ ཞེ་གཅིག་པར་གོང་མ་ཆན་ལུང་གིས་གདན་འདྲེན་ཞུས་པ་ལྟར་བཀྲ་ ཤིས་ལྷུན་པོ་ནས་པེ་ཅིན་དུ་ཆིབས་ཁ་བསྒྱུར་བ་མཛད། དགུང་ལོ་ཞེ་ གཉིས་པར་ སྤྱི་ལོ་་ལོའི་ཟླ་བ་བདུན་པའི་ཚེས་ཉེར་གཅིག་ཉིན་ ཁྲི་འདུ་ལ་ཕེབས་ཏེ་གོང་མ་ཆན་ལུང་དང་མཇལ་ནས་བཀའ་མོལ་ མཛད། ཁོང་ནི་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་དྲུག་པ་ཡིན། ཁོང་གི་ གསུང་རྩོམ་ནི་རྣམ་ཐར། དཀར་ཆག་བཅའ་ཡིག་རྣམ་བཤད་ གསོལ་འདེབས། གནས་བསྟོད། ཆབ་ཤོག་བཅས་པོ་ཏི་དགུ་ [978] བཞུགས་སོ། ། པཎ་ཆེན་བཟང་པོ་བཀྲ་ཤིས།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ལ་སྟོད་བྱང་དུ་ཡབ་མེས་སྔགས་པའི་རིགས་སུ་སྐུ་འཁྲུངས། རབ་ བྱུང་བརྒྱད་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གིས་རྗེ་ཤེས་རབ་སེང་གེ་དང། རྒྱལ་བ་དགེ་འདུན་གྲུབ་པ། འདུལ་ འཛིན་བློ་གྲོས་སྦས་པ། ཆོས་རྗེ་བློ་གྲོས་ཆོས་སྐྱོང། དྭགས་པོ་ཀུན་ བཀྲས་པ། ཆོས་རྗེ་ཚུལ་ཁྲིམས་རྒྱལ་བ། འཕགས་འོད་པ་བཅས་ མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་ གདམས་ངག་མང་དུ་གསན། ས་དགེ་རྙིང་གསུམ་གྱི་གསང་སྔགས་ལ་ མི་མཁྱེན་པ་མེད་དོ། གངས་ཅན་ཆོས་འཕེལ་གྱི་དགོན་པ་བཏབ་ཅིང་ འཆད་མཉམ་ལེགས་པར་སྤེལ། དགུང་ལོ་རེ་བདུན་པར་བཀྲ་ཤིས་ ལྷུན་པོའི་གདན་སར་ཕེབས། རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་གདུང་ ཞལ་ཆེབས་དང་མཐུན་པར་དངུལ་གྱིས་གདུང་ཁང་རིན་པོ་ཆེའི་རྒྱན་ གྱིས་སྤྲས་པ་ངོ་མཚར་བ་ཞིག་བཞེངས་ཏེ་སྒྲོལ་དཀར་ལྷ་ཁང་གི་སྟེང་དུ་ མཆོད་ཁང་ལོགས་སུ་གསར་བཞེངས་མཛད། ཁོང་ནི་བཀྲ་ཤིས་ལྷུན་ པོའི་ཁྲི་པ་གཉིས་པ་ཡིན། ཁོང་གི་གསུང་རྩོམ་ནི་སྒྲུབ་ཐབས་དང་ གདམས་པའི་སྐོར་ལ་རབ་ཏུ་བྱེད་བ་བརྒྱ་ལྷག་ཙམ་གྱི་བསྟན་བཅོས་ བཅས་བརྩམས་གནང་མཛད་ཡོད། ། པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ [979] ལོར་མཚོ་སྔོན་ཤང་ཧྭ་བན་མདོ་ཤོག་ཁའི་མ་རུ་གྲོང་སྡེར་ཡབ་མགོན་པོ་ ཚེ་བརྟན་དང། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོའི་ཟླ་བ་དང་པོའི་ཚེས་ཉེར་བརྒྱད་ཉིན་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ བསྐལ་བཟང་ཕོ་བྲང་དུ་སྐུ་གཤེགས། དགུང་ལོ་བདུན་པར་པཎ་ཆེན་ སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་བརྟག་བསྒྲིལ་གཡུགས་ནས་གཏན་འཁེལ་ བྱས་ཏེ་སྐུ་འབུམ་དགོན་པར་གདན་འདྲེན་ཞུས། དགུང་ལོ་བཅུ་ གཅིག་པར་གོ་མིན་སྲིད་གཞུང་གི་ཙུང་ཐུང་ལས་ཚབ་ལི་ཙུང་རེན་གྱིས་ བཀའ་རྒྱ་སྤེལ་ནས་མགོན་པོ་ཚེ་བརྟན་ནི་པཎ་ཆེན་སྐུ་ཕྲེང་དགུ་བའི་ ཡང་སྲིད་འཁྲུལ་བྲལ་ཡིན་པས། པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་བཅུ་ བར་ཆོག་མཆན་གནང། དགུང་ལོ་བཅུ་བཞི་བར་དབུས་སུ་ཆིབས་ བསྒྱུར་མཛད་ནས་རྒྱལ་བ་ཡབ་སྲས་རྣམ་གཉིས་གསེར་ཞལ་དགྱེས་ འཛོམས་ཀྱི་བསྐལ་བཟང་ཐོབ། དགུང་ལོ་བཅོ་བརྒྱད་པར་སློབ་མ་ སྟོང་ཕྲག་མང་པོར་བྱང་ཆུབ་ལམ་རིམ་ཆེན་མོའི་ལྗགས་ལུང་བསྩལ་ དགུང་ལོ་ཉེར་བཞི་བར་ ཏང་ཀྲུང་དབྱང་ལ་བོད་ལྗོངས་དང་དེ་མིན་བོད་རིགས་ས་ཁུལ་མང་ ཚོགས་ཀྱི་བདེ་སྡུག་དང་ཕྱིན་ཆད་ལས་དོན་གྱི་བསམ་འཆར་སྐོར་གྱི་ སྙན་སྒྲོན། དགུང་ལོ་ཞེ་གཉིས་པར་བོད་ རིགས་ས་ཁུལ་དུ་ཨང་དང་པོ་ཕེབས་ནས་གཟིགས་ཞིབ་གནང། དགུང་ ལོ་ཞེ་དགུ་བར་པེ་ཅིན་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་ གླིང་གསར་འཛུགས་མཛད། དགུང་ལོ་ང་གཅིག་པར་པེ་ཅིན་ནས་ [980] བ་དབུས་གཙང་དུ་ཕེབས་ཏེ་མཆོད་ཁང་ཤར་་པཎ་ཆེན་སྐུ་གདུང་ ་ བཀྲ་ཤིས་རྣམ་རྒྱལ་ཆེན་པོ་བསྐྱར་བཞེངས་ལེགས་པར་ གྲུབ་པའི་མཛད་སྒོ་རྒྱ་ཆེར་སྤེལ། པཎ་ཆེན་རིན་པོ་ཆེ་གསར་བརྗེའི་ ལས་དོན་སྒྲུབ་ནས་བཟུང་སྔ་རྗེས་སུ་སྐབས་དང་པོའི་རྒྱལ་ཡོངས་མི་ དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ འགན་དང། སྐབས་གཉིས་པ། སྐབས་ལྔ་པ། སྐབས་དྲུག་པ་ སྐབས་བདུན་པ་བཅས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་དང་ ་ལོ་ནས་བཟུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་ འཛིན་ཧུའེ་ཀྲང་གི་འགན་བཅས་བཞེས་མྱོང་བ་རེད། ཁོང་ནི་རླབས་ ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང། སྐད་གྲགས་ཡོད་པའི་རྒྱལ་ དོན་གནང་སྒོ་མཁས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་ མེད་ཀྱི་གྲོགས་པོ། ཀྲུང་གོ་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ དུ་འཕགས་པའི་གཙོ་འཛིན་བཅས་ངོ་གནོང་མི་དགོས་པ་ཞིག་རེད། ། པཎ་ཆེན་བློ་བཟང་ཡེ་ཤེས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཐོབ་རྒྱལ་གྱི་ཡུལ་དུ་ཡབ་བྲུལ་ཚང་པའི་གདུང་རྒྱུད་ཞབས་ དྲུང་བསོད་ནམས་དབང་གྲགས་དང། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་བཀྲ་ཤིས་ལྷུན་པོར་སྐུ་གཤེགས། དགུང་ལོ་བཞི་པར་ རྒྱལ་བ་བློ་བཟང་རྒྱ་མཚོས་པཎ་ཆེན་སྐུ་ཕྲེང་བཞི་པའི་སྤྲུལ་སྐུར་ངོས་ [981] འཛིན་མཛད་དེ་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་ དགུང་ལོ་བརྒྱད་པར་པོ་ཏ་ལའི་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་གྱི་ ནང་དུ་རྒྱལ་བ་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ དགུང་ལོ་ཉི་ཤུ་རྩ་གཉིས་པར་སྔགས་ཆེན་རྡོ་རྗེ་འཛིན་པ་ཀུན་མཆོག་ རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་བར་ རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཕུལ་ དགུང་ལོ་ཞེ་བཞི་པར་རྒྱལ་བ་རྫུན་མ་ངག་དབང་ཡེ་ཤེས་རྒྱ་མཚོ་ལ་ དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་དངོས་པོ་དཀྱུས་ཐོག་གཅིག་ཏུ་ གནང་ངོ། དགུང་ལོ་ལྔ་བཅུ་བར་གོང་མ་ཁང་ཞིས་གསེར་ཐམ་དང་ འཇའ་ས་གནང། དེའི་ནང་དོན་ནི་པཎ་ཆེན་འཕགས་པ་ཁྱེད་ཀྱི་སྐྱེ་ བ་གོང་མ་ནས་ཙོང་ཁ་པའི་བསྟན་པ་ལ་བརྩོན་པའི་དྲང་པོའི་སེམས་རྩེ་ གཅིག་གིས་བླ་མའི་ཚུལ་བཙུན་པོར་བཟུང་ནས་དགེ་ལུགས་ཀྱི་བསྟན་ པ་འཕེལ་བ་དང། འགྲོ་བ་རྣམས་བདེ་སྐྱིད་མཐར་ཕྱིན་པའི་བསམ་ པ་རྣམ་དག་དང་མཐུན་པའི་ཐུགས་བརྩོན་ལེགས་པར་བྱུང་ཚུལ་གྱི་ གཟེངས་བསྟོད་དང། བཀའ་ཡིས་བཀུར་བའི་པཎ་ཆེན་ཨེར་ཏི་ནིའི་ ཐམ་ག་ཞེས་འཁོད་འདུག་དེ་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ ལ་ཨེར་ཏི་ནིའི་མཚན་སྙན་དངོས་སུ་ཐོབ་པ་རེད། དགུང་ལོ་ང་ བདུན་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལ་དགེ་ཚུལ་གྱི་སྡོམ་པ་ཕུལ་ དེ་ནས་རིམ་བཞིན་ཁོང་གིས་མཁན་པོ་དང། དགའ་ལྡན་ཁྲི་པ་ དཔལ་ལྡན་གྲགས་པས་ལས་སློབ། རྒྱུད་སྨད་མཁན་པོ་ངག་དབང་ ཆོས་ལྡན་གྱིས་གསང་སྟོན་བཅས་མཛད་དེ་རྒྱལ་བ་བསྐལ་བཟང་རྒྱ་ [982] མཚོ་ལ་བསྙེན་རྫོགས་ཀྱི་སྡོམ་པའང་ཕུལ། བོད་ཀྱི་གནས་ཚུལ་རྙོག་ འཛིངས་ཧ་ཅང་ཆེ་བའི་ནང་ནས་ཁོང་གིས་སྐྱེས་བུ་དམ་པའི་མཛད་པ་ རླབས་པོ་ཆེས་དུས་འདའ་བར་མཛད་དོ། ཁོང་ནི་པཎ་ཆེན་ཨེར་ཏི་ ནིའི་སྐུ་ཕྲེང་ལྔ་བ་ཡིན། ཁོང་གི་གསུང་རྩོམ་ནི་རྣམ་ཐར། སྙན་ངག་ དཀར་ཆག་ཐོབ་ཡིག། སྒྲུབ་ཐབས། རྣམ་བཤད། གསོས་ འདེབས་བཅས་ཆོས་ཚན་མང་ཞིག་ཡོད་པ་པོ་ཏི་བཞིར་བསྡུས་སོ། ། པཎ་ཆེན་ཡེ་ཤེས་རྩེ་མོ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྲད་ཀྱི་ཡུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་མཁར་ཆེན་ བྲག་ཏུ་རབ་བྱུང་བསྒྲུབས། གཞོན་ནུའི་དུས་ནས་སྔགས་ཀྱི་ཕྱག་ལེན་ མཁས་པར་མཁྱེན། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་ འདུན་གྲུབ་པ་དང། དྲི་མེད་བཤེས་གཉེན་གཉིས་བླ་མར་བསྟེན་ནས་ མདོ་སྔགས་རིག་གནས་ཀུན་ལ་ལེགས་པར་སྦྱངས། ས་སྐྱ་དང་སྣར་ ཐངས་སོགས་སུ་པོ་ཏི་མང་པོའི་གྲབ་སྐོར་མཛད། པཎ་ཆེན་བཟང་པོ་ བཀྲ་ཤིས་ཀྱི་མདུན་ནས་གསང་སྔགས་ཀྱི་དབང་ལུང་སོགས་རྒྱ་ཆེར་ གསན། དབུས་སུ་རྒྱུད་སྡེ་འཛིན་པ་སྦྱིན་པ་དཔལ་བ་དང། ཆོས་རྗེ་ བ་སོ་པའི་དྲུང་དུ་གསང་སྔགས་ཀྱི་གདམས་པ་མང་པོར་གསན། དེ་ ནས་གཙང་དུ་ཕེབས་ཏེ་རྗེ་དགེ་འདུན་གྲུབ་ཀྱི་དྲུང་ནས་སྒྲ་དང་ སྙན་ངག་མེ་ལོང་མ་སོགས་གསན། དགུང་ལོ་ལྔ་བཅུ་ང་གསུམ་པ་སྟེ་ སྤྱི་ལོ་་ལོར་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། ཡུན་རིང་ མ་འགྲོ་བར་སྙེ་མོ་ཐོན་པའི་ཕྱག་རྡོར་བ་ནས་དགོན་པའི་ཤར་ངོས་ཀྱི་ [983] སྐྱིད་ནའི་ས་ཆ་རྣམས་ཉོས་ཏེ། དེ་ལ་མཚེའུ་དང། ལྕང་རྭ་གསར་ བསྐྲུན་དང། གཙུག་ལག་ཁང་གི་མདུན་གྱི་ཆབ་སྒྲོན་ཁང་པ་དང་ བཅས་པ་གསར་རྒྱག་མཛད། དེ་ནས་ཁོང་གིས་བཀྲ་ཤིས་ལྷུན་པོའི་ ཆོས་སྲིད་མ་ཉམས་པར་ལོ་ངོ་ཉི་ཤུ་རྩ་བཞིའི་ ་ རིང་དུ་བསྐྱངས་ཏེ་གདན་ས་རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་ཕུལ་ནས་ པཎ་ཆེན་རང་ཉིད་བླ་བྲང་གཟིམ་ཁང་སེར་པོར་ཀུན་སྤངས་མཛད་ ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཞི་པ་ཡིན། ཁོང་གི་གསུང་རྩོམ་ ནི་ གདམས་ཆོས་འབྱུང། ། པཎ་ཆེན་ལུང་རིག་ལ་རྒྱ་མཚོ།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ལ་སྟོད་བྱང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་རྒྱལ་བ་ དགེ་འདུན་གྲུབ་པ་དང། འདུལ་འཛིན་གྲགས་པ་རྒྱལ་མཚན། རྗེ་ བཙུན་བཟང་པོ་བཀྲ་ཤིས་བཅས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་ པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་ནས་ མང་ཐོས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ནོ། དགུང་ལོ་དྲུག་ཅུ་ཐམ་པ་སྟེ་ རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ལོ་ སྤྱི་ལོ་་ ལ་བཀྲ་ཤིས་ལྷུན་ པོའི་གདན་སར་ཕེབས། དགུང་ལོ་དྲུག་ཅུ་རེ་གཉིས་པ་སྟེ་ལྕགས་ཕོ་ བྱི་ལོ་ སྤྱི་ལོ་་ ལ་བླ་བྲང་གི་སྟེང་དུ་དགའ་ལྡན་ལྷ་ཁང་དང་ དེའི་ཀ་སྦུག་རྩེ་གསོལ་ཐབ། དེའི་ཉེ་འགྲམ་གྱི་ནང་ཆུང་གཉིས་བཅས་ ཁང་མིག་བརྒྱད་དང། འདུ་ཁང་སྟེང་དུ་གཉེར་གཏད་གནས་བཅུ་ལྷ་ [984] ཁང་གསར་བཞེངས་མཛད། དེ་ནས་ཁོང་གིས་བཀྲ་ཤིས་ལྷུན་པོའི་ ཆོས་ཀྱི་རྒྱལ་སྲིད་མ་ཉམས་པ་ལོ་ངོ་བཅུ་ལ་བསྐྱངས་ཏེ་གདན་ས་པཎ་ ཆེན་ཡེ་ཤེས་རྩེ་མོ་ལ་གཏད་ནས་དབེན་པའི་རི་ཁྲོད་དུ་ཐུགས་དམ་ལ་ བཞུགས་སོ། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་གསུམ་པ་ཡིན། ། པཎ་ཆེན་ཤའྐྱ་མཆོག་ལྡན།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་ གསང་ཕུའི་བར་ཚིགས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་མེ་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་སྐྱོར་ མོ་ལུང་དུ་རོང་སྟོན་སྨྲ་བའི་སེང་གེ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་གསོལ། དགུང་ལོ་ བཅུ་པར་ནཱ་ལེནྡྲར་ཕེབས་ཏེ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་ བཟུང་དགུང་ལོ་ཉེར་གཅིག་གི་བར་དུ་རོང་ཆེན་སྨྲ་བའི་སེང་གེ་ལ་ བསྟེན་ཏེ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པར་ངོར་པར་ཕེབས་ཤིང་ངོར་ ཆེན་ཀུན་དགའ་བཟང་པོ་དང། བྲག་དཀར་སེམས་པ་ཆེན་པོ་ མུས་ཆེན་དཀོན་མཆོག་རྒྱལ་མཚན་གསུམ་ལས་བསྙེན་པར་རྫོགས་ མཁན་སློབ་དེ་གསུམ་དང། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ ཆེན་ནགས་རིན་པ་སོགས་ལས་རྒྱུད་སྡེ་བཞི་དང་གསུང་ངག་སྦྱོར་དྲུག་ སོགས་ཟབ་རྒྱས་ཆོས་ཀྱི་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་ དུ་གསན་པར་མཛད། བློ་བརྟན་བཞི་པ་ལས་སྒྲ་དང། སྙན་ངག་ སྡེབ་སྦྱོར་བཅས་ལ་སྦྱངས་པས་པཎྜི་ཏ་ཆེན་པོར་གྱུར། དེ་ནས་ངོར་ [985] ཆེན་རིན་པོ་ཆེས་བསྐུལ་བར་བརྟེན་དཔལ་ལྡན་ས་སྐྱར་བྱོན་ཏེ་གཞུང་ ལུགས་བརྒྱ་ལ་བཤད་པའི་དགའ་སྟོན་བཤམས་ཤིང་ཡོངས་རྫོགས་ བསྟན་པའི་མངའ་བདག་ཏུ་གྱུར། དགུང་ལོ་ཞེ་གཉིས་པར་པཎ་ཆེན་ དོན་ཡོད་དཔལ་གྱིས་བསྐུལ་བ་དང། གཙང་ཆེ་ཧོར་ཤཱཀྱ་དང་ སྒར་པ་དོན་ཡོད་རྡོ་རྗེ། སེང་གེ་རྩེ་བ་འཕགས་པ་རབ་བརྟན་སོགས་ ཀྱིས་སྦྱིན་བདག་མཛད་དེ་གསེར་མདོག་ཅན་དགོན་གསར་དུ་བཏབ་སྟེ་ གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་ཤིང་དགེ་ འདུན་བརྒྱ་ཕྲག་མང་པོའི་ཚོགས་པ་བསྐྱངས། དགུང་ལོ་བརྒྱད་ཅུ་ ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཤངས་ཆེན་པ་དང། ལྕང་ར་པ། རྡོར་རྒྱལ་བ། བློ་ བཟང་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ དང། ལས་ཆོག། བྶཧྡ། བཅས་མང་དུ་བཞུགས་སོ། ། པཎ་ཆེན་བསམ་འགྲུབ་དཔལ་བཟང།། ཁོང་གི་འཁྲུངས་ལོ་དང་འདས་ལོ་ཞིབ་ཏུ་མི་གསལ་མོད་ ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་ སྐབས་ཀྱི་མི་ཡིན། ཁོང་ནི་ཤངས་འབྲས་སྤུངས་སུ་སྐུ་འཁྲུངས་ [986] རྒྱལ་བ་དབེན་ས་པ་སོགས་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ གསན། ཤངས་འབྲས་སུ་སྦུངས་ཀྱི་མཁན་པོའང་མཛད། དཀྱིལ་ཁང་ ལེགས་བཤད་གླིང་གི་འཆད་མཉན་བརྒྱུད་བཀྲ་ཤིས་ལྷུན་པོའི་གདན་ས་ ཆེན་པོའི་ཁྲི་ལ་ཕེབས། མཁན་ཐོག་འདིར་པཎ་ཆེན་བློ་བཟང་ཆོས་ རྒྱན་ཐུགས་གཉེར་དུ་ཕེབས་སྐབས་མཇལ། འགའ་ཞིག་གིས་དེ་རིང་ དབེན་ས་རྫེ་དྲུང་དང་མཇལ་བ་འདྲ་ཞུས་པས། མཇལ་ཤིན་ཏུ་ མཇལ། ངེད་གཉིས་ཕན་ཚུན་ཕྱག་བཙལ་རེས་ནི་མ་བྱུང། ཁོང་ གིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ལ་ཕྱག་འཚལ་གྱི་འདུག་ ངས་ནི་བློ་བཟང་དོན་གྲུབ་ལ་ཕྱག་བཙལ་བ་ཡིན་ཞེས་ཞལ་ཀྱལ་མཛད་ སྐད་གྲགས། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་གསུམ་པ་ཡིན། ། པཎ་ཆེན་བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ལྷོ་ཁ་རྩེད་ཐང་དུ་ནང་པར་ལམ་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ དགུ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་འབྲས་སྦུངས་སུ་སྐུ་ གཤེགས། ཆུང་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡི་ གེའི་འབྲི་ཀློག་སོགས་ལ་སྦྱངས་པར་མཛད། ཆེན་པོ་བསོད་ནམས་ བརྐ་ཤིས་ཀློག་སོགས་ལ་སྦྱངས་པར་མཛད། ཆེན་པོ་བསོད་ནམས་ བཀྲ་ཤིས་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་བསོད་ནམས་གྲགས་ པ་ཞེས་གསོལ། དེ་ནས་གསང་ཕུར་ཕེབས་ནས་སློབ་གཉེར་མཛད་ དགུང་ལོ་བཅུ་དྲུག་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ལོ་ངོ་བཅུ་ གཉིས་རིང་དུ་ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང། གཉལ་སྟོན་ དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ [987] བཅས་བླ་མར་བསྟེན་ནས་ཕར་ཕྱིན་དང། ཚད་མ། དབུ་མ་ འདུལ་བ། མཛོད་བཅས་གཞུང་བཀའ་པོད་ལྔར་སློབ་གཉེར་དཔྱིས་ ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་འོད་སྣའི་བླ་མ་སངས་ རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ལས་དགེ་ཚུལ་དང་ དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་བདུན་པར་རྒྱུད་སྟོད་གྲྭ་ ཚང་དུ་ཞུགས་ཏེ་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བསྟེན་ནས་ལོ་ངོ་ གསུམ་གྱི་རིང་དུ་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་ མཛད་ཅིང། དགུང་ལོ་ སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲི་ལ་ཕེབས་ནས་ལོ་ བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང། དགུང་ལོ་སོ་དྲུག་ པར་ བརྩམས་ཤིང་དེའི་འཆད་ཉན་ཚུགས། དགུང་ལོ་ཞེ་བདུན་པར་རྒྱལ་ བ་དགེ་འདུན་རྒྱ་མཚོའི་བཀའ་ལྟར་ལོ་དྲུག་གི་རིང་འབྲས་སྤུངས་བློ་ གསལ་གླིང་གི་མཁན་པོ་མཛད། དགུང་ལོ་ང་གཉིས་པར་དགའ་ལྡན་ གསེར་ཁྲིར་ཕེབས་ཏེ་ལོ་བདུན་རིང་ལ་མདོ་སྔགས་ཀྱི་འཆད་ཉན་ མཛད། དགུང་ལོ་ང་བརྒྱད་པར་ཟུར་བཞུགས་ཐོག་འབྲས་སྦུངས་ཀྱི་ ཁྲིར་ཕེབས། དེ་བཞིན་དུ་སེ་ར་ཐེག་ཆེན་གླིང་དང། སྐྱོར་མོ་ལུང་ ཕག་མོ་ཆོས་སྡེ། ཉི་སྡིངས། འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ ཞལ་འཛིན་མཁན་པོ་མཛད་པས་རྣམ་དཀར་གྱི་འཕྲིན་ལས་རྒྱས་ རྒྱལ་བ་བསོད་ནམས་རྒྱ་མཚོའི་གཙུག་ཕུད་བཞེས་ནས་མཚན་གསོལ་ ཁོང་ནི་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་ཡིན། ཁོང་གི་གསུང་རྩོམ་ [988] ནི་ ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། དོན་ཟབ་དོན་གསལ་བའི་སྒྲོན་མེ། ཡང་གསལ་སྒྲོན་མེ། ། པཎ་ཆེན་བསོད་ནམས་རྒྱལ་མཚན།། ཁོང་གི་འཁྲུངས་ལོ་དང་འདས་ལོ་ཞིབ་ཏུ་མི་གསལ་མོད་ ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ལོ་རབས་སུམ་ཅུ་སྐབས་ ཀྱི་མི་ཡིན། ཁོང་ནི་བདེ་འབྱོར་བྱང་གི་ཞལ་ངོ་ལ་སྐུ་འཁྲུངས། ཐོས་ བསམ་གླིང་གི་སློབ་དཔོན་མཛད། བཀྲ་ཤིས་ལྷུན་པོའི་གདན་ས་ཆེན་ པོའི་ཁྲི་ལ་ཕེབས་ནས་གདུལ་བྱ་ལ་ཆོས་སྐལ་མང་དུ་བསྩལ། དེ་ནས་ ལྷུན་རྩེའི་མཁན་པོ་ཡང་མཛད། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་ བཅུ་གཉིས་པ་ཡིན། ཁོང་གི་གསུང་རྩོམ་ནི་བྱང་སྟོན་མཁས་པའི་ དབང་པོའི་དགོངས་པ་བཞིན་མཚན་ཉིད་ཀྱི་ཡིག་ཆ་ཁ་ཤས་བཞུགས་ སོ།། པཎ་ཆེན་ལྷ་དབང་བློ་གྲོས།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་མི་གསལ། ཁོང་ ནི་མྱང་སྟོད་རྒྱང་རོ་ལ་སྐུ་འཁྲུངས། ལྷ་ཁང་གྲྭ་ཚང་ནས་བཀྲ་ཤིས་ ལྷུན་པོར་བྱོན། ཀུན་མཁྱེན་པའི་ཡིག་ཆའི་སྟེང་ནས་གཞུང་བཀའ་ བོད་ལྔས་མཚོན་མདོ་རྒྱུད་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས་ དབུས་ཀྱི་མངའ་རིས་གྲྭ་ཚངས་དང། རྒྱལ་རྩེ་གཞི་གནས་གྲྭ་ཚང་ སོགས་ཀྱི་མཁན་པོ་མཛད། ཤར་རྩེ་གྲྭ་ཚང་གི་མཁན་པོར་ཕེབས་ཤིང་ [989] ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་གསུང་རྒྱུན་རྒྱ་ཆེར་སྤེལ་བས་འཕྲིན་ ལས་རྒྱ་ཆེའོ། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅོ་ལྔ་པ་ཡིན། ། པུ་རངས་བསོད་ནམས་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང། དགེ་ཚུལ། དགེ་སློང་ གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་དགའ་བའི་སྒྲོན་མ། བྱ་བ་བཞུགས་སོ། ། པོ་ཏོ་བ་རིན་ཆེན་གསལ།། ཁོང་ནི་རབ་བྱུང་དང་པོའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་སྦྲས་ཀྱི་བའོ་ཐང་དུ་ཡབ་སྲིད་པོ་དང། ཡུམ་ལེ་མོ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་ཡེར་པ་བ་རྔོག་བྱང་ཆུབ་འབྱུང་ གནས་ལས་རབ་བྱུང་བསྒྲུབས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ ལས་མཚན་ཉིད་ཀྱི་ཆོས་སྐོར་མང་དུ་གསན། གླན་ཚུལ་བྱང་ལས་ འདུལ་བ་གསན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལས་གདམ་ [990] ངག་རྣམས་ཞུས། འབྲོམ་སྟོན་འདས་རྗེས་རྭ་སྒྲེང་གི་གདན་ས་ཡུན་ རིང་དུ་བསྐྱངས་ཏེ་ལམ་སྒྲོན་རྩ་བར་མཛད་ནས་བཀའ་གདམས་གཞུང་ དྲུག་གི་འཆད་ཉན་མཛད་དེ་བཀའ་གདམས་གཞུང་པའི་སྲོལ་བཏོད་ པོ་ཏོ་དགོན་པ་གསར་འདེབས་མཛད་ནས་ཚོགས་པ་བསྐྱངས་པའི་ སྐབས་སུ་གྲྭ་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས་ཏེ་ཆོས་འཆད་པ་ལ་ མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་དགེ་བཤེས་ཕོ་བྲང་སྡིངས་པ། དགེ་བཤེས་དོལ་པ་བ། དགེ་ བཤེས་གླང་ཐང་པ། དགེ་བཤེས་ཤ་ར་བ། བཀའ་རམ་སྡིངས་མ་ བ། དྲེའུ་ལྷས་པ་ཡེ་ཤེས་རྒྱལ་མཚན། དགེ་བཤེས་བྲག་དཀར་བ་ གཉལ་བ་ཆོས་འབར་བཅས་བཀའ་བབས་བརྒྱད་ཡིན། ཁོང་གི་ གསུང་རྩོམ་ནི། བཅས་བཞུགས་སོ།། པྲ་ཉེ་ངག་དབང་དགེ་ལེགས།། ཁོང་ནི་མདོ་སྨད་གཙོས་འབྲོང་ལྕེ་དཔོན་པོ་གནམ་བྱམས་རྒྱལ་ གྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གསུམ་ པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་ཐོག་མའི་གྲྭ་རྒྱུན་ཡིན། དགུང་ལོ་བཅུ་དྲུག་པར་ དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་ གཞུང་བཀའ་བོད་ལྔ་ལ་ཐུགས་གཉེར་ལེགས་པར་མཛད་པས་ལྷ་རམས་ པའི་མཚན་བཏགས་བཞེས། སྒོ་མང་དགེ་བསྐོས་ཀྱང་མཛད། དེ་ ནས་རྒྱུད་སྨད་དུ་ཞུགས་ཤིང་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ [991] ལེན་བཅས་ལ་མཁས་པར་སྦྱངས་པས་སྔགས་ཀྱི་དམ་བཅའ་ཡང་ལེགས་ པར་ཐོན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གྲུབ་ཆེན་བརྒྱད་ཅུའི་ ནང་ཚན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྐྱེ་བ་ཡིན་ཞེས་ལུང་ བསྟན་མཛད། རྒྱལ་སྲས་ཡེ་ཤེས་གྲགས་པ་ལ་སོགས་པའི་མཁས་གྲུབ་ མང་པོའི་ཞབས་ལ་གཏུགས་ནས་ཟབ་ཆོས་མང་དུ་གསན། རྩེ་ཐང་ མཁན་པོ་དང་རྒྱུད་པའི་བླ་མ་དབུ་མཛད་བཞུགས། དེ་ནས་ཡུན་རིང་ དུ་མ་འགོར་བར་སྒོ་མང་མཁན་པོའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་ལེགས་པ་མཛད་ཅིང་ བཤད་སྒྲུབ་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་བ་མཛད་དོ། ལྷག་པར་ དུ་ཀུན་མཁྱེན་བླ་མའི་ཡིག་ཆ་ལ་གཙིགས་སུ་འཛིན་ནས་ཆོས་རྒྱུན་ ཆགས་པའི་ཞབས་འདེགས་གང་ལེགས་མཛད་ནས་དུས་འདའ་བའོ།། ཁོང་ནི་པྲ་ཉེའི་སྐུ་ཕྲེང་དང་པོ་ཡིན་ནོ།། པྲ་ཉེ་ངག་དབང་ཐུབ་བསྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁ་གྱའི་འབོ་རར་ཡབ་མགོན་པོ་དང། ཡུམ་སྒྲོལ་མ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་ རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་ཅིང་རབ་བྱུང་ དང་དགེ་ཚུལ་བསྒྲུབས། དབོན་པོ་རྡོ་རམས་པ་ཤེས་རབ་ལས་ཡི་གེའི་ སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དེ་ནས་ ཆོས་གྲྭར་ཞུགས་ཤིང་བསྡུས་གྲྭར་དང་གཞུང་བཀའ་པོད་ལྔ་ལ་སློབ་ [992] གཉེར་ནན་ཏན་དུ་མཛད་པས་གོ་རིག་ཟུང་འབྲེལ་གྱི་རྣམ་དཔྱོད་ཡར་ ངོས་ཟླ་ལྟར་འཕེལ་བ་བྱུང། ཀུན་མཁྱེན་རིན་པོ་ཆེ་ལས་བསྙེན་པར་ རྫོགས་ཤིང་བཀའ་ཆོས་མང་དུ་གསན། རྗེ་ཤེས་རབ་རྒྱ་མཚོ་ལས་ བཀའ་འགྱུར་གྱི་ལྗགས་ལུང་དང་སྙན་ངག་མེ་ལོང་གི་རྩ་འགྲེལ་བཅས་ གསན་པར་མཛད། ཨ་རིག་རི་ཁྲོད་པ་ལས་དབྱངས་ཅན་སྒྲ་མདོའི་རི་ མོ་བསླབས། ཨུརྒེ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས་ རབ་བྱུང་བཅུ་བཞི་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ལོ་གཉིས་བཞུགས་ནས་འཆད་ཉན་ དང་གཏོང་སྒོ་གང་ཡོད་མ་ཉམས་གོང་འཕེལ་དུ་བསྐྱངས། ཁྲི་ཟུར་ ནས་དད་ལྡན་གདུལ་བྱ་རྣམས་ཀྱི་འདོད་མོས་སྐོང་ནས་བཤད་སྒྲུབ་ གཉིས་ཀྱི་དོན་དུ་དུས་འདའ་བར་མཛད། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་རབས་ང་གཅིག་པ་ཡིན་ནོ།། དཔང་ཞོ་གསལ་བ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཛད་ཅིང་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་ གྱིས་བཞེས་ཏེ་འདུལ་འཛིན་ཆེན་པོར་གྱུར། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་ཕེབས་ཏེ་སློབ་དཔོན་ཆེན་པོ་འཇིགས་ མེད་འབྱུང་གནས་སྤས་པ་སོགས་ལ་བསྟེན་ནས་རྒྱ་གཞུང་དང་རྒྱ་ཡིག་ བཅས་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད། ཁོང་གི་བསྒྱུར་རྩོམ་ནི་ [993] ཕྱེད་དང་དྲུག་པ་འདི་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ སྦས་པའི་སྤྱན་སྔར། ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཁས་པའི་ འབྱུང་གནས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བསྒྱུར་བར་མཛད་ དོ། ། དཔང་ལོ་བློ་གྲོས་བརྟན་པ།། ཁོང་ནི་རབ་བྱུང་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ལ་ སྟོད་ལྷོའི་གྱམ་དུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གི་ཡུམ་སྔ་མོ་ནས་གྲོངས་ཏེ་ལུག་གི་ འོ་མས་གསོས། དགུང་ལོ་ཆུང་ངུའི་དུས་ནས་ཆོས་རྗེ་བྱང་གླིང་པ་ དང་གྲུང་ཐོབ་ཨུ་རྒྱན་པ་གཉིས་ཀྱིས་འདི་བ་དགེ་བའི་བཤེས་གཉེན་ ཆེན་པོ་ཞིག་འོང་གསུང་ནས་བསྐྱངས། དགུང་ལོ་བདུན་པར་མཁན་ ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་གཉིས་ལས་རབ་ཏུ་བྱུང་ ཞིང་འདུལ་བ་མདོ་རྩ་བསླབས། དགུང་ལོ་བཅུ་གསུམ་པར་བཤད་ གསར་མཛད། དེ་ནས་སྟག་སྡེ་སེང་གེ་རྒྱལ་མཚན་གྱི་མདུན་དུ་ཕེབས་ ཏེ་སྔགས་དང་མཚན་ཉིད་ཀྱི་སྡེ་སྣོད་མང་དུ་གསན། ཁྱད་པར་དུ་ དུས་ཀྱི་འཁོར་ལོ་ལ་ལེགས་པར་བསླབས་པས་མཁས་པར་གྱུར་ དགུང་ལོ་བཅུ་དགུ་པར་སྟག་སྡེ་བ་གཤེགས་ནས་ལོ་ཙཱ་བ་མཆོག་ལྡན་ ལས་སྒྲ་ཀ་ལཱ་པ་དང་ཙནྡྲ་པ་བསླབས། སྙན་ངག་མེ་ལོང་ཡང་གསན་ དེ་ནས་བལ་ཡུལ་དུ་སྔོན་རྗེས་ལན་གསུམ་ཕེབས་ཏེ་ལོ་ཙཱ་བ་བསླབས་ ཤིང་སྔགས་དང་མཚན་ཉིད་ཀྱི་གཞུང་ཤིན་ཏུ་མང་པོ་ལ་གཞི་འགྱུར་ [994] དང་འགྱུར་བཅོས་མཛད་ཅིང། ཚད་མ་དང་མངོན་པ་ལ་སོགས་པའི་ ཊཱིཀྐ་ཡང་མང་དུ་བརྩམས། དུས་ཕྱིས་སུ་དབུས་སུ་བྱོན་ནས་ནེའུ་ཐོག་ དང། གུང་ཐང། སྟག་ལུང་ལ་སོགས་པ་རྣམས་སུ་སྡེ་སྣོད་འཛིན་ པ་མཐའ་ཡས་པའི་བློའི་མིག་ཕྱེས། བོ་དོང་ཨེའི་གདན་ས་ཡང་ཐོགས་ ཤིག་མཛད། གནས་པོ་ཆེར་ཡུན་རིང་དུ་བཞུགས་ནས་རང་གི་མཁྱེན་ པ་རྣམས་ལ་བཤད་པ་ཡང་མང་དུ་མཛད་ཅིང་ཉིན་མཚན་དུ་ཐུགས་ དམ་ལས་ཀྱང་མི་གཡེལ། སྙན་པས་ཀྱང་ས་སྟེང་ཁྱབ་ཅིང་ཁོང་ལས་ མགོ་འཕང་མཐོ་བའི་མཁས་པ་སུ་ཡང་མེད། གཞན་དོན་ལེགས་པར་ གྲུབ་ནས་དགུང་ལོ་དྲུག་ཅུ་རྩ་བདུན་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འཇམ་པའི་དབྱངས་དོན་ ཡོད་རྒྱལ་མཚན་དང། ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་ཤིང་ ཏུ་མང་ངོ། ཁོང་གི་བསྒྱུར་རྩོམ་ནི། སྙིང་པོ་རྒྱན། བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་ སྣང་བ། འགེངས་པ། འཁོར་ལོ། ཁོ་ན་ཉིད་ཀྱི་ཟླ་བ། ནོར་རྒྱུན་མའི་སྨོན་ལམ། བཏང་བ་ཡང་དག་པར་བསྡུ་བ། [995] ངའི་མཐའ་ཅན། སོ། ། དཔའ་བོ་གཙུག་ལག་ཕྲེང་བ།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ལྷ་ས་སྙེ་ཐང་དུ་ཡབ་བླ་མ་དར་དང། ཡུམ་ལམ་སྙེད་སྒྲོལ་མ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་གཉགས་ཡིན། རབ་བྱུང་དགུ་ པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་ པར་དགེ་བསྙེན་ཆ་ལུང་པས་སྐུ་གོང་མ་དཔའ་བོ་ཆོས་དབང་ལྷུན་གྲུབ་ ཀྱི་སྐུ་འཕྲེང་གཉིས་པར་ངོས་འཛིན་གནང་སྟེ་ལྷོ་བྲག་གྲོ་བོ་དགོན་པའི་ གདན་སའི་ཁྲི་ལ་མངའ་གསོལ། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ ལས་ཡི་གེའི་སྦྱོར་ཀློག་བསླབས་ཏེ་ལེགས་པར་མཁྱེན། དགུང་ལོ་དགུ་ པར་ཀརྨ་པ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ལས་དགེ་ བསྙེན་དང་རབ་བྱུང་དགེ་ཚུལ་བསྒྲུབ་སྟེ་མཚན་ལ་མི་ཕམ་ཆོས་ཀྱི་རྒྱ་ མཚོ་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་དྭགས་པོ་པཎྜི་ཏ་ཆོས་ རྒྱལ་བསྟན་པའི་རྒྱལ་མཚན་ལས་གསང་སྔགས་གསར་རྙིང་གི་ཆོས་མང་ པོ་གསན་ཞིང། དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་པོའི་དྲུང་ ནས་ཕྱག་ཆེན་གྱི་ཁྲིད་རྣམས་གསན། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་ པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་པར་ཀརྨ་ མི་སྐྱོད་རྡོ་རྗེ་དང་མཇལ་ཞིང་ཆོས་འབྲེལ་ཞུས་ཏེ་མཚན་ལ་དཔལ་ གཙུག་ལག་ཕྲེང་བ་ཞེས་གསོལ། དེ་ནས་བཟུང་མདོ་སྔགས་རིག་ གནས་དང་བཅས་པའི་སློབ་གཉེར་མང་ཆེ་བ་བླ་མ་འདི་བའི་དྲུང་ནས་ [996] མཛད་དེ་མཁས་པའི་ཕུལ་དུ་ཕྱིན་གྱུར། དགུང་ལོ་ཞེ་གཉིས་པ་རབ་ བྱུང་དགུ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར། པའི་དགའ་སྟོན། རབ་བྱུང་དགུ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཡོངས་སུ་རྫོགས་ པར་བརྩམས་གྲུབ་སྟེ་བསྡོམས་པས་ལོ་ངོ་ཉེར་གཅིག་གི་རིང་དུ་ཕྱག་ བྲིས་གནང། དེ་ལྟར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་ དུས་འདའ་བར་མཛད་དེ་དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནི། བཤད་ཆེན་མོ། ཀྱི་བསྟན་བཅོས་རིན་ཆེན་གཏེར་མཛོད། བཞི་རྣམ་བཤད། ། དཔའ་རེ་དཀོན་མཆོག་དམ་ཆོས་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་སྦ་ནག་ཤོག་ཏུ་ཡབ་ཐོད་སྒྱིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ལྔ་པར་སྐུ་གོང་མ་དཔའ་རེ་དཀོན་མཆོག་ བདེ་ཆེན་གྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་གདན་སར་བཀོད་ དགུང་ལོ་དྲུག་པར་རབ་བྱུང་བསྒྲུབས། དགུང་ལོ་བཅུ་གཉིས་པ་ཆོས་ གྲྭ་ལ་ཞུགས་ནས་ཡབ་རྗེ་དཧྭ་ཛ་ལས་བརྩི་བཞག་གསན། མི་སེར་བཟང་ པོ་ལས་བསྡུས་གཞུང་སྦྱངས་པས་རིགས་ལམ་ལ་ཤིན་ཏུ་བྱང་བར་གྱུར་ [997] དགུང་ལོ་བཅུ་དགུ་པར་སྨོན་ལམ་རབ་འབྱམས་པའི་དམ་བཅའ་བཞག་ ཅིང་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། དགུང་ ལོ་ཉེར་བརྒྱད་པར་ཨུརྒེའི་ཁྲི་ལ་བཞུགས་ནས་ལོ་གསུམ་དུ་ཁྲི་བ་མཛད་ དགུང་ལོ་ཞེ་གསུམ་པར་དབུས་སུ་ཕེབས་ཏེ་རྒྱལ་བ་ཡབ་སྲས་དང་ཇོ་ ཁང་བཅས་ལ་མཆོད་འབུལ་རྒྱ་ཆེར་མཛད། དེ་ནས་ཕྱིར་ཕེབས་ཏེ་བླ་ བྲང་རྒྱུད་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས། དགུང་ལོ་ཞེ་ བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ཁྲི་ཆེན་གོང་མ་ རྣམས་ཀྱི་མཛད་སྒོ་མཐའ་དག་གོང་འཕེལ་དུ་བསྐྱངས་སོ། ཁྲི་ཟུར་ ནས་ཆོས་འཁོར་སྒར་དུ་ཤེར་ཕྱིན་གླིང་གསར་ཚུགས་ཀྱི་ཐོག་མའི་ འཆད་ཉན་པ་ཡང་མཛད། སྔགས་ཀྱི་རྟོགས་པ་ཤིན་ཏུ་མཐོ་བ་ཞིག་ བཞུགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཞི་བཅུ་ བ་ཡིན་ནོ། ། དཔའ་རེ་དཀོན་མཆོག་བདེ་ཆེན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་པའི་སྤྲུལ་སྐུར་ ཐག་བཅད་དེ་བཀྲ་ཤིས་འཁྱིལ་དུ་གདན་དྲངས། དེ་ནས་ཆོས་གྲྭར་ ཞུགས་ཏེ་བསྡུས་གྲྭ་ནས་བཟུང་མཚན་ཉིད་ལ་སོགས་པའི་གཞུང་ལ་ ཐོས་བསམ་ནན་ཏན་དུ་མཛད། ཀུན་མཁྱེན་རིན་པོ་ཆེ་དང་གུང་ཐང་ [998] རིན་པོ་ཆེ་གཉིས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། དེ་ ནས་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་གཞུང་ ཆེན་རྣམས་ལ་སློབ་གཉེར་ལེགས་པར་མཛད་དེ་རང་དགོན་དུ་ཕྱིར་ ཕེབས། ཅུང་མ་འགོར་བར་རྒྱུད་པའི་ཁྲི་ལ་ཕེབས་ནས་ལོ་བདུན་གྱི་ རིང་དུ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་ གང་ལེགས་གནང། རྒྱུད་ཁང་ཞིག་གསོས་དང། དམ་ཅན་གྱི་ བཙན་ཁང་རྟེན་དང་བརྟེན་པ་བཅས་པ་བཞེངས་མཛད། དེ་ནས་ ཀུན་མཁྱེན་རིན་པོ་ཆེས་བཀའ་ལྟར་གཙང་དགོན་དང། བྲག་དཀར་ དགོན་གཉིས་མཉམ་དུ་བསྐྱངས་ཤིང། བྲག་དཀར་དགོན་པར་འདུ་ ཁང་སྤྱི་ཁང་སོགས་གསར་བསྐྲུན་དང། གཙང་དགོན་པ་ཆོས་སྲིད་ གང་ནས་ཀྱང་གྲྭ་ཟུར་མ་ཉམས་པ་མཛད། གཉའ་གོང་བྲག་དཀར་ དང། གསེར་ཆེན་སྟག་རྫོང་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ མཛད་དེ་ཐུགས་དམ་ཤིན་ཏུ་འཕེལ་བར་གྱུར། རབ་བྱུང་བཅུ་གསུམ་ པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ གདན་སའི་ཁྲི་ལ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ ཤིང་ཆོས་འཆད་ཉན་དང་གཏོང་སྒོ་སོགས་སྔར་སྲོལ་མ་ཉམས་པ་ མཛད། ཁྲི་ཟུར་ནས་གསང་སྔགས་སྨིན་རྒྱས་གླིང་གི་ཁྲི་ལ་བཞུགས་ཏེ་ འཆད་ཉན་སྤེལ་མུར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་དགུ་པ་ཡིན་ནོ།། དཔའ་རིས་བློ་བཟང་རབ་གསལ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [999] ལོར་ཀན་སུའུ་ཐེན་ཀྲུའུ་རྫོང་གི་དཔའ་རིས་ཡུལ་དུ་སྐུ་འཁྲུངས་ འདས་ལོ་མི་གསལ། སྐུ་གཞོན་ནུའི་དུས་ནས་མཚན་ཉིད་ཐེག་པའི་ གཞུང་ཆེན་པོ་ལྔ་དང། རིག་གནས་ཆུང་བ་ལྔ་ལ་སྦྱངས་པ་མཐར་ ཕྱིན་པ་མཛད་རྗེས། སྐུ་འབུམ་བྱམས་པ་གླིང་དུ་དཀའ་ཆེན་བཞིའི་གྲྭ་ སྐོར་མཛད་དེ། མདོ་དབུས་ཁམས་གསུམ་དུ་མཁས་དབང་དཔའ་ རིས་རབ་གསལ་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོར་གྱུར་ གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇུ་མི་ཕམ་རིན་པོ་ཆེས་ཀྱང་ཁོང་ གི་སྙན་པ་གསན་ནས། མདོ་སྔགས་ཀྱི་གཞུང་ཆེན་པོའི་དཀའ་གནད་ ཧ་ཅང་མང་པོ་ཞིག་ལས་བརྩམས་ཏེ་དོགས་སློང་གི་དྲི་བ་མང་དུ་མཛད་ པའི་ལན་ཀྱང་འབུལ་བ་གནང་ཞིང། དེ་ལ་འཇུ་མི་ཕམ་རིན་པོ་ཆེས་ སླར་ཡང་དགག་པའི་ཚུལ་གྱིས་དོགས་སློང་གནང་བ་དེ་ལ་ཡང་ལན་ མཛད་པ་སོགས་མཁས་པའི་ནང་ན་མཁས་པ་མཛེས་པའི་དཔེ་ལྟར་ ཕན་ཚུན་ཐུགས་མཐུན་དགྱེས་སྤྲོའི་རྣམ་པ་ཤ་སྟག་ལས། གྲུབ་མཐའི་ ཕྱོགས་ཞེན་དང་ཆགས་སྡང་རང་རྒྱལ་གཞན་ཕམ་གྱི་ཀུན་སློང་ངན་ པས་མཛད་པ་གཏན་ནས་མེད་པ་ནི་མཁས་དབང་རྣམ་པ་གཉིས་ཀྱི་ རྩོད་ཡིག་ལ་གཟིགས་ན་གསལ། རྒྱུ་མཚན་དེ་འདྲའི་རྐྱེན་ལ་བརྟེན་ ནས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མེས་རྒྱལ་ ནང་ཁུལ་དུ་ཕེབས་པའི་ལམ་ཞོར་སྐུ་འབུམ་གདན་ས་ཆེན་པོར་རྒྱུན་ རིང་བཞུགས་སྐབས། དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་སྐུ་ འབུམ་དགོན་པོར་གདན་ཞུ་གནང་ཐོག་སྒྲ་མདོ་དབྱངས་ཅན་མའི་ ས་རིས་དང། སྙན་ངག་མེ་ལོང། སྡེབ་སྦྱོར་བཅས་གསན་བཞེ་ [1000] གནང་བའི་སྐོར་རྣམ་ཐར་དུ་གསལ། ཁོང་གི་གསུང་རྩོམ་ནི་རྟོགས་ བརྗོད་དང། མཆན་འགྲེལ། དྲིས་ལན། མཐའ་དཔྱོད། གཡང་ འབོད་བཅས་པོ་ཏི་གཅིག་ཙམ་མི་རིགས་རིག་གནས་ཕོ་བྲང་གི་དཔེ་ མཛོད་ཁང་དུ་བཞུགས་སོ། ། དཔའ་རིས་ལྷ་རམས་པ་བློ་བཟང་ཆོས་དར།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་འཇུ་ལག་དཔའ་རིས་ཕྱོགས་སུ་ཡིན། ཁོང་སྐུ་འབུམ་དཔལ་ལྡན་ བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་འགྲེལ་བཅས་ལ་ སྦྱངས་པ་མཛད། དེ་ནས་དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་མང་ གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ཕུལ་ དུ་ཕྱིན་པ་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ནས་ལྷ་ རམས་པའི་མིང་བཏགས་འཛིན། རྒྱལ་སྲས་རིན་པོ་ཆེ་སོགས་བཤེས་ གཉེན་དམ་པ་དུ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་ གསན་པར་མཛད། དབེན་པའི་གནས་དུ་མར་ཚོགས་བསགས་སྒྲིབ་ སྦྱོང་དང་འབྲེལ་བའི་ཐུགས་དམ་ཟབ་མོ་ལ་རྟག་ཏུ་གཞོལ་བར་མཛད་ དེ་ནས་སྡེ་བ་གཞུང་ནས་ཁལ་ཁ་ཁུ་རེལ་ཆེན་མོའི་ཏཱ་བླ་མར་ཕེབས་ དགོས་ཀྱི་བཀའ་ལུང་བསྒྱུར་བ་བཞིན་བྱང་ཕྱོགས་ཁལ་ཁ་རྗེ་བཙུན་ དམ་པའི་ཁུ་རེལ་ཆེན་མོར་ཕེབས་ཤིང། རྗེ་བཙུན་དམ་པ་རིན་པོ་ ཆེའི་ཞབས་འདེགས་ཀྱིས་མཚོན་པའི་ཚན་ཁག་ཉེར་བདུན་གྱི་ཆོས་སྲིད་ གཉིས་ཀའི་བྱ་བ་མཐའ་དག་གོང་ནས་གོང་དུ་འཕེལ་བར་མཛད། དེ་ ནས་རང་ཡུལ་དུ་ཕྱིར་ཕེབས་ཤིང་བསྟན་འགྲོར་སྨན་པའི་མཛད་པ་ [1001] བདག་གིར་བཞེས། རབ་བྱུང་བཅུ་བཞི་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཏེ་ ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་བསམ་གྱིས་མི་ཁྱབ་པ་གནང་བ་ ཡིན། ཁོང་ནི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་གཉིས་པ་ཡིན་ ནོ། ། དཔལ་ཁང་ངག་དབང་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ བོད་ལྗོངས་གཙང་གི་བཞད་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་ སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་ བཟང་པོ་དང། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་དགེ་ བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ ཆེན་པོར་གྱུར། ཁོང་གི་མཚན་གཞན་ལ་དཔལ་ཁང་ལོ་ཙཱ་བ་དང་ དཔལ་ཁང་ཆོས་མཛད། དབྱངས་ཅན་སྙེམས་པའི་སྡེ། ཀརྨ་འཕྲིན་ ལས་ཕྱོགས་ལས་རྣམ་རྒྱལ་བཅས་ཞུའོ། རབ་བྱུང་དགུ་པའི་ས་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་ བསྟན་བཅོས་ཚིག་ལེའུ་བྱས་པ་མཁས་པའི་ངང་གི་སྒྲོན་མ། རབ་བྱུང་དགུ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར། ངག་གི་བསྟན་བཅོས་མེ་ལོང་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ ཤེས། ད་དུང་ བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་ལས་སྒྲ་རྒྱན་གབ་ཚིག་གི་ [1002] རྟགས་སྐྱོན་སེལ་བ་དང་བཅས་པའི་རྣམ་བཤད། མངོན་བརྗོད་པདྨ་དཀར་པོའི་འཕྲེང་བ། ། དཔལ་ཆེན་ཆོས་ཀྱི་ཡེ་ཤེས།། ཁོང་ནི་རྔོག་སེང་གེ་ཁ་པའི་ཡང་སློབ་ཡིན། དེ་ནས་འབྲི་གུང་ དུ་བྱོན་ཏེ་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་པོའི་ ་ ཞབས་ལ་གཏུགས་ཏེ་ཟབ་རྒྱས་ཆོས་ཀྱི་གདམས་པ་ཐམས་ཅད་བུམ་པ་ གང་བྱོའི་ཚུལ་དུ་གསན་པར་མཛད། དེ་ནས་གཉོས་རྒྱལ་བ་ལྷ་ནང་ སངས་རྒྱས་རིན་ཆེན་ ་ དང། དེའི་སྐབས་སུ་ གཉོས་མགར་གཉིས་དང་མཐུན་པའི་གསང་སྔགས་ཀྱི་ཀུན་སྤྱོད་མ་ མཛད་པས་ཆོས་རྗེ་སྐྱོབ་པས་ད་དུང་ཙ་རིར་སོང་ལ་གསང་སྔགས་ཀྱི་ ཀུན་སྤྱོད་ཀྱིས་ཤིག་གསུངས་པ་ལྟར་སླར་ཡང་ཙ་རིར་ཕེབས་ཏེ་སྒྲུབ་ པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་ ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་འབྲི་གུང་ན་ནག་ཚང་བ་ ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི། བསྟན་བཅོས་འགའ་རེ་མཛད། ཁོང་ནི་ཆོས་རྗེ་སྐྱོབ་པའི་སློབ་མ་ དཔལ་ཆེན་བརྒྱད་ཀྱི་ཡ་གྱལ་ཡིན། ། དཔལ་ཆེན་ནམ་མཁའ་འཇིགས་མེད།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་སྦྱང་ ལྕང་ ལུང་དུ་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ [1003] གཞོན་ནུའི་དུས་ནས་སྒོ་ཐམས་ཅད་ནས་དཔའ་བོ་ཞིག་ཡིན། ཐུགས་ དམ་གྱི་གཙོ་བོ་དམིགས་བརྩེ་མ་ཡིན་པར་གསུངས། དབུས་སུ་སྔ་ཕྱི་ ལན་གཉིས་ཕེབས་ནས་གསར་རྙེང་གི་བླ་མ་བདུན་ཅུའི་ཞབས་པད་ལ་ བསྟེན་ཏེ་རྒྱལ་བའི་བཀའ་འགྱུར་དང། རྒྱུད་འབུམ། ཀུན་མཁྱེན་ མཛོད་བདུན། ཤིང་རྟ་རྣམ་གསུམ། མདོ་དབང་ཆེན་མོ། ཀློང་སྡེ་ རྡོ་རྗེའི་ཟམ་པ། བཀའ་བརྒྱད་དབང་ཆེན། སྨིན་གླིང་ཉི་གྲགས་ སོགས་ཀྱི་གཏེར་ཆོས། ཀློང་ཆེན་སྙིང་ཐིག་དག་སྣང་སྐོར་སོགས་ གསན་ཏེ་ཉམས་ལེན་མཛད་པས་རྟོགས་པ་མཐོན་པོར་མངའ་བརྙེས་ དགུང་ལོ་ཞེ་དྲུག་པར་ཕྱིར་རང་ཡུལ་དུ་བྱོན་ཏེ་ཆོས་མང་དུ་གསུངས་ པས་གོས་དཀར་ལྕང་ལོའི་སྡེ་སྔར་ལས་དར་ཞིང་བཅའ་ཡིག་ཆེན་མོའི་ དགོངས་པ་ལྟར་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་ཞིབ་རྒྱས་སུ་བཏང་ དགུང་ལོ་ཞེ་བརྒྱད་པར་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་གསར་འདེབས་ མཛད་ཅིང་འདུ་ཁང་བཞེངས་ཤིང་ཆོས་ཀྱི་ཁྲི་ལ་བཞུགས་ནས་བཀའ་ བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་ཉིན་བཅོ་ལྔའི་བར་དུ་ གནང་བ་མཛད། དགོན་འདི་ལ་ཤར་བླ་བྲང་ཆེན་མོ་ནས་ཀྱང་ཉིན་ གཅིག་ལ་བསྙེན་བཀུར་མཛད་པའི་སྲོལ་ད་ལྟའི་བར་དུ་མ་ཉམས་པ་ ཡོད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གྲུབ་ཆེན་པདྨ་རང་གྲོལ་དང་ ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་པོ་ གྲུབ་དབང་སྐལ་ལྡན་རང་གྲོལ་བཅས་ཡིན་ནོ། ། དཔལ་ཆེན་འོད་པོ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ [1004] ལོར་དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་ཡུམ་མ་ གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་གཅེན་པོ་ཆེ་བ་ སློབ་དཔོན་བསོད་ནམས་རྩེ་མོ་ཡིན་ལ། གཅེན་པོ་ཆུང་བ་རྗེ་བཙུན་ གྲགས་པ་རྒྱལ་མཚན་ཡིན། ཁོང་ཐུགས་བརྟན་ཞིང་ཡངས་ལ་བརྩོན་ འགྲུས་དང་ལྡན་པ། ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་མན་ངག་མང་ པོ་ཐུགས་ལ་མངའ་བ། ཐུན་མོང་གི་རིག་གནས་ཀུན་ལ་ཤིན་ཏུ་ མཁས། ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པས་སྐུ་ཚེ་གང་བོར་ སྨན་པ་མཛད་ཅིང་བརྩེ་བའི་ཐུགས་རྗེས་འགྲོ་བ་མང་པོའི་དོན་མཛད་ བ་ཞིག་ཀྱང་བརྩམས་པ་གནང་ངོ། ། དཔལ་ཆོས་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ་ལོར་མདོ་སྨད་རེབ་སྐོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ མོ་ཕག་ལོ་སྟེ་སྤྱི་ལོ་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་ པར་སྐྱབས་མགོན་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་ བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་གདན་སར་བཀོད་ དགུང་ལོ་བཅུ་ཐམ་པར་ཉ་ལུང་རབ་འབྱམས་པ་དགེ་འདུན་འོད་ཟེར་ ཡོངས་འཛིན་དུ་བསྟེན་ཏེ་སློབ་གཉེར་གྱི་དབུ་བཙུགས་པ་ནས་བཟུང་ལོ་ བདུན་གྱི་རིང་དུ་ཐུགས་བརྩོན་མཛད་པས་བསྡུས་གྲྭ་ནས་ཕར་ཕྱིན་གྱི་ བར་བགྲོ་གླིང་མཛད་སྐབས་མཁས་པའི་གྲགས་པ་ཅི་ཡང་རྒྱས་ཤིང་ [1005] ཐམས་ཅད་ཀྱིས་ངོ་མཚར་བའི་གནས་སུ་བཀུར་བར་མཛད། དེ་ནས་ ལྡིས་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉེར་བདུན་པར་ དབུས་སུ་ཕེབས་ཏེ་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་རྣམས་ལས་ ཆོས་རྒྱུན་མང་དུ་གསན་ཏེ་ཕྱིར་བྱོན། དགུང་ལོ་ཞེ་གཉིས་པར་རོང་ བོར་གསེར་ཁྲིར་ཕེབས་ཤིང་གཉན་ཐོག་དགོན་དང། དར་ཞིང་སོ་ ནག་སྒར་སོགས་ལུགས་གཉིས་ཀྱིས་བསྐྱངས་པའི་ཚུལ་བསམ་དུ་མེད་ ཅིང། དངུལ་སྲང་བདུན་སྟོང་བརྒྱད་བརྒྱ་ལྷག་གིས་བྱམས་ཆེན་ཞིག་ གསོ་དང། དེ་མིན་གཟིམ་ཁང་རྟེན་བརྟེན་པ། ནང་ཆེན། དགོན་ སྡེ་ཁག་གི་རྟེན་བཞེངས་པ་སོགས་ལས་ཀྱི་འཁོར་ལོའི་མཛད་པ་འདི་ལྟ་ བུ་རེ་འགའ་ཙམ་དུ་ཟད་དོ། དགུང་ལོ་ང་དགུ་པར་སླར་ཡང་སྐྱབས་ མགོན་གྱི་བཀའ་ལྟར་རོང་བོར་གསེར་ཁྲིར་ཕེབས་ཏེ་ལོ་གསུམ་གྱི་རིང་ དུ་སྔར་ལས་ལྷག་པར་འཆད་ཉན་འཕེལ་བར་མཛད། དེ་ལྟར་སྔ་ གཞུག་ཏུ་དངུལ་སྲང་ཁྲི་ཕྲག་དུ་མའི་བསྙེན་བཀུར་ཕངས་མེད་དུ་ གནང་སྟེ་ཆོས་སྡེ་ཆེན་པོ་ཐུགས་ལ་བསྣམས་པར་ཀུན་གྱིས་ཡིད་སྨོན་ ཤོར་བ་མཛད། ཁྱད་པར་དུ་ཡང་སྐུ་ཚེ་དེར་ཕྱག་དཔེ་གླེགས་བམ་ སྟོང་ཕྲག་ལྷག་ཙམ་བཞེངས་ཤིང་བཤད་སྒྲུབ་ཀྱིས་བསྟན་པ་ལ་ཕྱག་ རྗེས་ཆེ་བའི་བཀའ་དྲིན་འཁོར་ཐབས་མེད་དོ། ཁོང་ནི་དཔལ་ཆོས་ མཁན་ཆེན་གྱི་སྐུ་ཕྲེང་དྲུག་པ་ཡིན་ལ། རོང་བོ་ཐོས་བསམ་རྣམ་རྒྱལ་ གླིང་གི་གདན་རབས་བདུན་ཅུ་བ་ཡིན་ནོ། ། དཔལ་ལྡན་གྲགས་པ།། [1006] ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་རྔ་རྒོད་རི་ཁྲོད་པ་ལས་རབ་ཏུ་བྱུང། དགུང་ལོ་བཅུ་ གསུམ་པར་ཀུན་མཁྱེན་བླ་མ་ལས་དགེ་ཚུལ་བསྒྲུབས། མཛོད་དགེ་ མཁས་གྲུབ་བསྟན་འཛིན་གྱི་ཞབས་ལ་བསྟེན་ནས་ལམ་རིམ་བློ་སྦྱོང་ བཅས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་པར་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་ཧོར་ཚང་རིན་པོ་ཆེ་ལས་བརྩི་བཞག་ གསན། འཛིན་གྲའི་སྐྱོར་དཔོན་མཛད་དེ་གཞུང་བཀའ་པོད་ལྔ་ལ་ སྦྱངས་པས་རྡོ་རམས་པའི་མཚན་བཏགས་བཞེས། ཀུན་མཁྱེན་བླ་ མའི་བཀའ་ལྟར་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་ བསྟན་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་དུ་ཕེབས། དགུང་ལོ་དྲུག་ ཅུ་ཐམ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བླ་ བྲང་དུས་འཁོར་གྲྭ་ཚང་གི་ཁྲི་ལ་ཕེབས་ནས་འཆད་ཉན་ལེགས་ པར་བསྐྱངས། འདུ་ཁང་ལ་ཡང་གསེར་གྱི་རྒྱལ་མཚན་ཆ་གཅིག་ བཙུགས། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་གཅིག་གི་རིང་དུ་གདན་ལ་བསྐྱངས་ཤིང་ཆོས་འཆད་ ཉན་དང་རྒྱུད་གཏོང་སྒོ་བཅས་ཀྱི་ཐད་དུ་སྔར་སྲོལ་མ་ཉམས་པ་མཛད་ དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་བཞི་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ [1007] འཁྱིལ་གྱི་གདན་རབས་སོ་བརྒྱད་པ་ཡིན་ནོ། ། དཔལ་ལྡན་ནོ་མིན་ཧན།། ཁོང་ནི་ཅོ་ནེ་ངག་དབང་ཚུལ་ཁྲིམས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། དཔལ་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་ཉང་ སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང། ཡུམ་ ཅོག་རོ་བཟའ་མགོན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ ལུགས་ཆུ་ཕོ་འབྲུག་འོ་སྟེ་སྤྱི་ལོ་་ལོར་ཡབ་མཆེད་སོ་སོར་གྱེས་ནས་ ཁོང་གིས་གཙང་ཕྱོགས་ཀྱི་ཟམ་པ་གསུམ་དབང་མཛད་པ་ནི། ལྷ་ རྩེ་ནས་ཟམ་སྔོན་མོ། གླིང་བུའི་ཤ་ཟམ་དམར་མོ། མང་ཡུལ་གྱི་ གསེར་ཟམ་སེར་པོ། བཅས་ལ་མངའ་མཛད་པ་ཞེས་མང་ཐོས་ཀླུ་སྒྲུབ་ རྒྱ་མཚོས་མཛད་པའི། དང། བཙུན་མོ་ཅོག་རོ་བཟའ་འབའ་རེ་ཁབ་ཏུ་བཞེས་ཏེ་རིགས་ སྲས་འོད་ཟེར་ལྡེ་དང། དྷརྨ་ཙཀྲ་གཉིས་སྐུ་འཁྲུངས་ཤིང། གུང་ ཐང་ལ་སོགས་པའི་ཡུལ་གྲུ་རྣམས་བཟུང་ནས་ཆབ་སྲིད་བསྐྱངས་སོ་ ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྨད་ཀྱི་ལྡེ་གསུམ་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། དཔོན་ཆེན་ཀུན་དགའ་བཟང་པོ།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་ལྔ་བའི་ལགས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་རོག་རྫོང་དུ་ཧོར་དམག་གིས་ཁྲིམས་ལ་ [1008] སྦྱར་ནས་སྲོག་ཐོག་བཏང། ཁོང་ནི་ཐོག་མར་འགྲོ་མགོན་ཆོས་རྒྱལ་ འཕགས་པའི་ནང་གཉེར་བ་ཡིན། རབ་བྱུང་ལྔ་པའི་ལྕགས་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་ས་སྐྱའི་དཔོན་ཆེན་གྱི་གོ་གནས་བཟུང་སྟེ། དཔོན་ ཆེན་ཤཱཀྱ་བཟང་པོས་བསྒྲུབ་མ་ཐུབ་པར་ལུས་པའི་ལྷ་ཁང་ཆེན་མོའི་ འོག་ཐོག་དང། ཐིག་ཁང། ལྕགས་རི། རྒྱལ་ཕིབས་སོགས་ དང། རིན་ཆེན་སྒང་བླ་བྲང་དང། ལྷ་ཁང་བླ་བྲང། དབུ་རྩེ་ བྱང། གསེར་འཕྲུ་ཆེན་མོ་བཅས་གསར་བཞེངས་མཛད་དེ་ལོ་དྲུག་གི་ རིང་དུ་ས་སྐྱ་བསྐྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ ཐེངས་གཉིས་པ་ཕེབས་སྐབས་དཔོན་གཡོག་གཉིས་ཐུགས་མ་མཐུན་ པར་གྲགས། འགྲོ་མགོན་འཕགས་པའི་ཉེ་གནས་རྣམས་ཀྱིས་གོང་མ་ སེ་ཆེན་ལ་ཕྲ་མ་ཞུས་རྐྱེན་ཀུན་དགའ་བཟང་པོའི་དཔོན་ཆེན་གྱི་གོ་ གནས་ཕབ་སྟེ་བྱ་རོག་རྫོང་ མྱང་སྟོད་མང་ར་ གི་རྫོང་དཔོན་དུ་བསྐོས་ ནས་ལོ་དྲུག་ཙམ་བཞུགས། དེ་ནས་སླར་ཡང་འཕགས་པའི་ཉེ་གནས་ རྣམས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་མང་དུ་ཞུས་མཐར་མི་ཆེན་སང་གྷ་ ཆིང་སང་གིས་ཧོར་དམག་ཁྲི་ཕག་མང་པོ་དྲངས་ཏེ་བྱ་རོག་རྫོང་བཅོམ་ ནས་རྫོང་དཔོན་ཀུན་དགའ་བཟང་པོ་འཛིན་བཟུང་བྱས་ཤིང་སྲོག་ཐོག་ བཏང་ངོ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ ཁྲིམས་འགལ་ནག་ཉེས་ཀྱི་སྐོར་ནི་ཚིག་གཅིག་ཀྱང་མི་འདུག་ཁོང་ནི་ ས་སྐྱའི་དཔོན་ཐོག་གཉིས་པ་ཡིན་ནོ། ། དཔོན་ཆེན་ཤཱཀྱ་བཟང་པོ།། [1009] ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་ལྔ་པའི་ལྕགས་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱར་སྐུ་གཤེགས། ས་སྐྱ་པཎ་ཆེན་ཀུན་ དགའ་རྒྱལ་མཚན་ཧོར་རྒྱལ་པོ་གོ་དན་གྱིས་ལུང་དྲུག་སྡེ་བཞིར་གདན་ དྲངས་ཁར་བླ་མ་འུ་ཡུག་པ་བསོད་ནམས་སེང་གེ་དང། ཤར་པ་ཡེ་ ཤེས་འབྱུང་གནས་མ་གཏོགས་དགེ་བའི་བཤེས་གཉེན་ཐམས་ཅད་ལ་ ཕྱག་འཚལ་དུ་བཅུག་ནས་ཤཱཀྱ་བཟང་པོ་ས་སྐྱར་གཞི་གནས་པ་ལ་བསྐོ་ བཞག་མཛད། ཕྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ སེ་ཆེན་རྒྱལ་པོས་ཟམ་གླུ་གུན་མིན་དབང་ཧུའི་གོ་གནས་དང་ཤེལ་གྱི་ ཐམ་ཁ་གནང་ནས་དབུས་གཙང་གི་དཔོན་ཆེན་ལ་བསྐོས། ཁང་ གསར་ཆེན་མོ་བཏབ་ཅིང་ཡུལ་བདེ་ཞོལ་འཇགས་མཛད། རབ་བྱུང་ བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ལྔ་པའི་ལྕགས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོའི་བར་ལོ་ངོ་ཉི་ཤུ་རྩ་བརྒྱད་ཀྱི་རིང་དུ་ས་ སྐྱའི་དཔོན་ཆེན་མཛད། ལྷ་ཁང་ཆེན་མོའི་ལྕགས་རི་ཕྱི་ནང་བརྩིགས་ རབ་བྱུང་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱའི་ལྷ་ཁང་ ཆེན་མོ་བཞེངས་པའི་འགོ་བཙུགས་ནས་ལོ་ངོ་ལྔ་སོང་ཡང་མཇུག་མ་ སྒྲིལ་བར་ཞི་བར་གཤེགས་སོ། ཁོང་ནི་ས་སྐྱ་པས་བློན་པོ་དྲིན་ཅན་དུ་ བརྩིས་ནས་དུས་ལྟར་འདས་མཆོད་མཛད་སྲོལ་ཡོད་ དཔོན་ཆེན་བསོད་ནམས་རིན་ཆེན།། ཁོང་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་མཇུག་ཙམ་དུ་ ཤར་ཕྱོགས་དྭགས་པོ་སྨད་ཀྱི་དབྲོང་ཀ་ཞེས་པར་སྐུ་འཁྲུངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང། འཇིག་རྟེན་ལུགས་ཀྱི་ [1010] བསྟན་བཅོས་ལ་ལེགས་པར་སྦྱངས། དེ་ནས་དགེ་སློང་ཚལ་པའི་དྲུང་ དུ་ཕེབས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན་པ་མཛད་ཅིང་ཆོས་ སྲིད་གཉིས་ཀྱིས་མངའ་འབངས་བསྐྱངས། དེ་ནས་མདོ་ཁམས་སྨད་ དུ་ཕེབས་ཏེ་འགྲོ་བ་མང་པོ་ནད་ཀྱི་སྡུག་བསྔལ་ལས་བསྐྱབས་པ་མཛད་ ཅིང་བདེ་སྐྱིད་ཀྱི་གནས་སུ་བཀོད། རྒུན་འབྲུམ་གྱི་ས་བོན་ཡང་ བསྣམས་ཏེ་རང་ཡུལ་དུ་ཁྱབ་གདལ་སྦེལ་བས་འདོད་འཇོའི་འབྲས་བུ་ དུས་སུ་སྨིན་པར་མཛད། སླར་ཡང་དགེ་སློང་ཚལ་པའི་ཞབས་ལ་ གཏུགས་ཏེ་གསོ་བ་རིག་པའི་གཞུང་ལུགས་ལ་ཆེད་དུ་སྦྱངས་པ་མཛད་ པས་མཁས་པ་ཆེན་པོ་གྱུར་ཏེ་སློབ་མ་ཡང་མང་དུ་བསྐྱངས་ནས་གསོ་ རིག་འཕེལ་རྒྱས་འགྲོ་བར་མཛད་རྗེས་མངོན་དུ་འཕགས་པ་བཞག་ དེ་ནས་ཀརྨ་པ་རང་བྱུང་རྡོ་རྗེའི་ ་ ཞབས་པད་ལ་ བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐལ་མང་དུ་ཐོབ། རང་ཉིད་ཀྱིས་ བསོད་ནམས་བསགས་པའི་མཐུ་སྟོབས་ལས་གཡུ་ཆེན་རྒྱལ་མོ་འོད་ འབར་ཞེས་པའི་ཡིད་བཞིན་གྱི་ནོར་བུ་ཕྱག་ཏུ་ཐེབས་ཏེ་ཆོས་རྒྱལ་སྲོང་ བཙན་སྒམ་པོའི་མགུལ་རྒྱན་དུ་ཕུལ་བ་སོགས་བསྟན་པའི་ཞབས་ཏོག་ བརྗོད་ཀྱིས་མི་ལངས་བ་མཛད་དོ། མདོར་ན་དཔོན་པོ་དང་སྨན་པ་ སྦྲགས་མ་མཛད་ནས་མངའ་ཐང་དར་ཞིང་རྒྱས་པར་མཛད་ནས་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ དཔོན་ཁམས་པ་གྲགས་པ་ཞེས་ཞུའོ།། དཔོན་ཚང་ནང་སོ་དར་རྒྱས།། ཁོང་ནི་བྱང་ངོས་ནང་སོ་དར་རྒྱས་དང་མི་གཅིག་ཡིན་པས་དེ་ [1011] ལ་གཟིགས་པར་ཞུའོ།། དཔོན་ཚང་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་ འབྲི་གུང་ཀ་ཚལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ སྨན་རྫས་ལ་སྤྲོ་བ་ཤིན་ཏུ་བརྟས་པས་སྔོན་གྱི་བག་ཆགས་སད་ཅིང་གསོ་ རིག་གི་བསྟན་པ་བསྐྱང་བའི་རྟེན་འབྲེལ་འགྲིགས། དགུང་ལོ་ཉི་ཤུ་ ཐམ་པ་ནས་དཔལ་ལྡན་རྒྱུད་བཞི་ཐུགས་འཛིན་གནང། དེ་ནས་ དཀོན་མཆོག་འགྲོ་ཕན་དབང་པོའི་ཞབས་པད་ལ་བསྟེན་ནས་གསོ་བ་ རིག་པའི་རྒྱུད་སྡེ་རྣམ་བཞི་དང། དམ་པ་གོང་མའི་མན་ངག་ཞལ་ རྒྱུན་རྣམས་ལ་སྦྱངས་པ་དང། ལག་ལེན་གྱི་ཉམས་མྱོང་དང་སྦྲགས་ ཏེ་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་དུ་ཐོས་བསམ་མཛད། དེ་ནས་སྐུ་ཚེ་ གོང་བོར་གསོ་བ་རིག་པའི་བསྟན་པ་བསྐྱངས་ནས་འཆད་རྩོད་རྩོམ་ གསུམ་གྱིས་དུས་འདའ་བར་མཛད་དོ། ཁོང་གི་སློབ་མའི་ཚོགས་ལས་ མཆོག་ཏུ་གྱུར་པ་ནི་སྒར་འོག་པའི་ཀརྨ་བསྟན་འཕེལ་ཡིན། ཁོང་གི་ གསུང་རྩོམ་ནི་ བདེའི་ཆར་རྒྱུན། བདུད་རྩིའི་ཐིགས་པ། ། དཔྱལ་ཀུན་དགའ་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ [1012] གར་སོགས་སུ་ཕེབས་ཏེ་པན་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་མཁས་པ་ཆེན་པོ་ གྱུར་ཞིང་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ བཤད་དོན་གསལ་བར་བྱེད་པ། མཛད་པ་བཞུགས་སོ།། དཔྱལ་ཆོས་ཀྱི་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་སྐུ་ འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ ཆོས་གཞུང་སོགས་ལ་སློབ་གཉེར་གང་ལེགས་མཛད། དེ་ནས་བལ་ ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ པའི་དཀའ་འགྲེལ། ཐབས། བསྡུས་པའི་དཀའ་འགྲེལ། མ་དམར་མོའི་སྒྲུབ་ཐབས། [1013] ཅན་དྲག་པོ་གསུམ་འདུལ་གྱི་རྒྱུད་ཀྱི་འགྲེལ་བ་བདུད་རྩི་མྱུ་གུ། ། དཔྱལ་པདྨོ་ཅན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་ གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ། དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་དྲུག་པར་ཁུ་བོ་ཧྲེ་ལི་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ ཆོས་སྤྱོད་བསླབས་པས་ལོ་གཅིག་ལ་ཚེགས་མེད་མཁྱེན། དགུང་ལོ་ བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་སའི་བན་གྱའི་གྲྭ་རྒྱུན་ དུ་ཞུགས། དགུང་ལོ་བཅུ་པར་ཡིག་གཟུགས་ཀྱི་མཛེས་རྩལ་དང་སུམ་ [1014] རྟགས་དག་གསུམ་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་བདུན་ པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་པོ་གསན་ཅིང་དེ་ནས་ བཟུང་དཔེ་གཟིགས་མ་ཆག་པར་མཛད། དགུང་ལོ་བཅོ་བརྒྱད་པར་ རྫོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ཚང་ལས་སྔ་ཕྱིར་དཔེ་ཁྲིད་ མང་དུ་གསན། དགུང་ལོ་ཉི་ཤུ་ཐམ་པར་སྡི་ཚ་དགོན་དུ་ཕེབས་ཏེ་ཞྭ་ དམར་པཎྜི་ཏ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགེ་བའི་ བཤེས་གཉེན་བྱམས་པ་བློ་བཟང་དང། མཛོད་དགེ་བློ་བཟང་རྒྱ་ མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ལ་བསྟེན་ཏེ་གཞུང་ལུགས་རབ་ འབྱམས་ལ་སྦྱངས་པས་མཁས་གྲགས་ལྷ་ལམ་དུ་ཁྱབ། ཐུན་མོང་བའི་ རིག་པའི་གནས་ལ་ཞིབ་ཏུ་སྦྱངས། དགུང་ལོ་བཞི་བཅུ་ཐམ་པར་ཀ་ རིང་ཨེ་ཝཾ་གླིང་དུ་ཕེབས་པ་ནས་བཟུང་ཡོངས་འཛིན་བློ་བཟང་དཔལ་ ལྡན་དང། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་པད་ལ་ལོ་ཉི་ ཤུའི་རིང་དུ་བསྟེན་ཏེ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་ སྤོབས་པ་བརྙེས། ཁྱད་པར་དུ་རྗེ་བླ་མའི་སྙན་བརྒྱུད་ཀྱི་མན་ངག་ འཛིན་པའི་མཁས་གྲུབ་ཆེན་པོའི་གོ་འཕང་མངོན་དུ་གྱུར། དཔྱི་ས་ དགོན་དགེ་བྱེད་གླིང་གསར་འདེབས་མཛད་ཅིང་གཙུག་ལག་ཁང་ དང། རྟེན་བརྟེན་པ་དང་བཅས་པར་གསར་བཞེངས་མཛད། རོང་ བོ་དགོན་ཆེན་དུ་ཕེབས་ཏེ། ཁྲི་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་ དབང་བོ་དང། རྫོང་དཀར་འཇིགས་མེད་ཤེས་རབ་གྲགས་པ། སྤྲུལ་ སྐུ་འཇིགས་མེད་འཕྲིན་ལས་ལྷུན་གྲུབ། ནང་སོ་སྐུ་སྐྱེས། ཁ་སོ་ མཆོག་སྤྲུལ་བཅས་ལ་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་བསྩལ། ཁོང་གི་ [1015] གསུང་རྩོམ་ནི། གནམ་འཕང་སྐྱོད་པའི་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་ལེབ། འཇུག་ཤེར་ལེའུ་འབྲུ་འགྲེལ། སོགས་བཞུགས་སོ། ། སྤ་རི་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་དང་པོར་བླ་མ་ ཞང་བརྩོན་འགྲུས་གྲགས་པའི་ ་ གཏོར་བཤོམས་ མཁན་ཡིན་ལ། ཆོས་རྗེ་གཙང་པ་རྒྱ་རས་ ་ རབ་བྱུང་ལ་བྱོན་དུས་ཆོས་རྗེ་གཙང་པ་རྒྱ་རས་ཡང་ཤིན་ཏུ་མཉེས་ ཁོང་རང་ཡང་གུས་པར་བྱུང་བ་ཡིན། སྤ་རི་བ་ལ་ཆོས་རྗེ་གཙང་པ་རྒྱ་ རས་ཀྱིས་ཕན་ཐོགས་པར་མཁྱེན་ནས། བླ་མ་ཞང་ལ་བཏང་བར་ཞུས་ པས་བླ་མ་ཞང་གིས་ཀྱང་བཏང་ནས་གདམས་པ་ཞུས་པས་ཐུགས་དམ་ ཁྱད་པར་ཅན་འཁྲུངས། དེ་ནས་བཟུང་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་ ཐུགས་སྲས་གཙོ་བོར་གྱུར། སྤ་རི་བྱང་ཆུབ་གླིང་གོང་ཕྱག་འདེབས་ མཛད། རྗེ་མཁྱེན་པའི་མངའ་བདག་ཏུ་གྲགས་ཤིང་འགྲོ་དོན་རྒྱ་ཆེ་ བར་མཛད། དེ་ལས་གྱེས་པའི་དགོན་ལག་ཀྱང་ཆུ་བོ་རི་ལ་ཁ་ཤར་ལ་ སོགས་པ་མང་དུ་བྱུང། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་ པ་ནི་རྗེ་དགོན་གསར་པ་ཞེས་པ་ཡེ་ཤེས་མགོན་པོའི་ཞལ་གཟིགས་ཤིང་ གྲུབ་རྟགས་མང་དུ་མཛད་པ་ཞིག་བྱོན། དེའི་དགོན་པ་གསར་ [1016] འདེབས་མཛད་པའང་སྤ་རིའི་ཉེ་ལོགས་ན་མཆིས་སོ། ། སྤང་ལུང་བློ་བཟང་ཐུགས་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས། ཁོང་གིས་སེར་སྨད་ཀྱི་མཁན་པོ་མཛད་མྱོང་བ་ལས་རྣམ་ ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་ རྩོམ་ནི། དང། མཆན་འགྲེལ། གསེར་གྱི་ཡང་ཞུན། པ། ཀུན་གཞིའི་དཀའ་གནད་རྒྱ་ཆེར་འགྲེལ་པ། རྒྱལ་གྱི་དྲིས་ལན་བཀའ་རྒྱ་མ། ཁྲིམས་གྱི་རྣམ་ཐར། ། སྤུ་དེ་གུང་རྒྱལ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་ པོ་གྲི་གུམ་བཙན་པོ་དང། ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ལོ་ངམ་རྟ་རྫིས་ཡབ་རྒྱལ་པོ་བཀྲོངས་རྗེས་སྤོ་བོའི་ཡུལ་དུ་ བྲོས་བྱོལ་ཕེབས་ཏེ་ཡུལ་དེའི་རྗེ་བོ་མཛད་ནས་བཞུགས་པ་ལ་བློན་པོ་རུ་ ལས་སྐྱེས་ཀྱིས་ཡར་ལུང་དུ་གདན་དྲངས་ཏེ་རྒྱལ་སར་བཀོད། ཁོང་གི་ སྐུ་གཤེན་ནི་གཅོའུ་གཉའ་བཞེད་ཀྱིས་མཛད། བློན་པོ་ནི་རུ་ལས་སྐྱེས་ མཛད་ཅིང་གསས་མཁར་ཁྲི་སྐོར་དང་འཕྱིངས་བ་སྟག་རྩེ་བཞེངས་ [1017] བཙུན་མོ་འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཨེ་ཤོ་ལེགས་ སྐུ་འཁྲུངས། ཁོང་གི་བང་སོ་ཡབ་ཀྱི་འགྲམ་དུ་བརྩིགས། ཁོང་གི་སྐུ་ རིང་ལ་ཞང་ཞུང་ནས་གཤེན་པོ་དུ་མ་སྤྱན་དྲངས་ཤིང་བོན་གྱི་དཔེ་ཆ་ མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་དར་རྒྱས་མཛད་པར་ གྲགས་སོ། ཁོང་གི་མཚན་གཞན་ལ་བྱ་ཁྲི་བཙན་པོ་ཞེས་ཞུའོ། ། སྤེལ་བཞི་དབང་ཕྱུག་རྒྱལ་པོ།། ཁོང་ནི་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང་མིག་ཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། སྤོ་འབོར་བློ་བཟང་ཆོས་འཕེལ།། ཁོང་ནི་ཡང་སྟེང་བློ་བཟང་ཆོས་འཕེལ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། སྤོ་འབོར་བློ་བཟང་དྲི་མེད།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ཤོག་དྲུག་ཏུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཤོག་དྲུག་དགེ་ལྡན་ཆོས་འཕེལ་གླིང་དུ་ ཞུགས་ཏེ་ཡི་གེའི་སྦྱོར་ཀློག་དང། འདོན་ཆོས། དབྱངས་རོལ་མོ་ སོགས་ལ་བྱང་ཆུབ་པར་མཛད། དེ་ནས་གཙང་དུ་ཕེབས་ཀྱང་ལི་ཐང་ མཁན་པོ་སངས་རྒྱས་ཆོས་འཕེལ་གྱི་བཀའ་མངགས་ལྟར་དབུས་སུ་བྱོན་ ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས། སྤྱི་ཆོས་དང་ཟུར་ ཆོས་ཀྱི་བླ་མ་མང་པོར་བསྟེན་ནས་བསྡུས་གཞུང་དང་གཞུང་བཀའ་ པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། རབ་བྱུང་བཅུ་གཉིས་ [1018] པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་ སྐོར་མཛད་སྐབས་རིགས་ལམ་ཤིན་ཏུ་རྣོ་བའི་མཁས་གྲགས་རྒྱས། དེ་ ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་ དང་ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས་ཤིང་གསང་ཆེན་རྒྱུད་ སྡེ་རྒྱ་མཚོར་དབང་བསྒྱུར་བའི་མཁས་གྲུབ་ཆེན་པོར་གྱུར། དེ་ནས་ གསང་སྔགས་མཁར་གྱི་མཁན་ཁྲི་སྐྱོང་བཞིན་པ་ནས་སྨད་རྒྱུད་གྲྭ་ཚང་ གི་མཁན་ཁྲིར་ཕེབས་ཤིང་ཚལ་གྱི་འདུ་ཁང་གསར་བཞེངས་མཛད་ བྱང་རྩེའི་ཁྲི་ལ་བཞུགས་ཏེ་འཆད་ཉན་བསྐྱངས། རབ་བྱུང་བཅུ་ གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ ཐུགས་རྟེན་མང་དུ་བཞེངས། ཁྲི་ཟུར་ནས་བྱ་ཡུལ་བའི་གདན་ས་བྱ་ ཡུལ་ཆོས་སྡེར་བཞུགས་ནས་གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ ཆེའི་སྐུ་བརྙན་སོགས་གསར་བཞེངས་མཛད། དེ་ལྟར་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་ དངུལ་གདུང་བློ་གསལ་གླིང་གི་གཙུག་ལག་ཁང་དུ་བཞུགས་སོ། ཁོང་ གི་མཚན་གཞན་ལ་བྱང་རྩེ་བློ་བཟང་དྲི་མེད་ཅེས་ཞུའོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ལྔ་བཅུ་ང་དྲུག་པ་ཡིན་ནོ། ། སྦོ་འབོར་བྱང་ཆུབ་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ལི་ཐང་དུ་ཡབ་ཁམས་པ་བཀྲ་ཤིས་དང། ཡུམ་མ་མོ་ འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ [1019] ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་ བསམ་འཕེལ་གླིང་གི་བླ་མ་གདོང་ནག་པར་གཙུག་ཕུད་ཕུལ་ཏེ་མཚན་ ལ་བྱང་ཆུབ་ཆོས་འཕེལ་ཞེས་གསོལ། དེ་ནས་ལོ་བརྒྱད་ཀྱི་བར་དུ་ཡབ་ ཡུམ་གྱི་བཀའ་བཀོད་དགུན་དུས་བསམ་འཕེལ་གླིང་ནས་དཔེ་ཆ་ཀློག་ པ་དང། དབྱར་དུས་ཕྱུགས་རྫི་མཛད་ནས་བཞུགས། དགུང་ལོ་བཅུ་ བཞི་པར་བསམ་གླིང་བླ་མ་དཀོན་མཆོག་ཆོས་འཕེལ་དང་དགེ་བཤེས་ རིན་ཆེན་བཟང་པོ་གཉིས་ལས་དགེ་བསྙེན་དང། རབ་བྱུང། དགེ་ ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། དགུང་ལོ་ཉེར་གཅིག་པར་ དབུས་སུ་ཕེབས་ཏེ་དགའ་ལྡན་རྣམ་རྒྱལ་གླིང་དུ་བསྡུས་གཞུང་སོགས་ ལ་ལེགས་པར་སྦྱངས་པས་གསང་ཕུའི་དཀའ་བཅུ་པའི་མཚན་བཏགས་ བཞེས། དགུང་ལོ་ཉེར་གསུམ་པར་ཚད་མ་རྣམ་འགྲེལ་གྱི་ཚོགས་ ལངས་ཕུལ་བས་རྩོད་པའི་ཁྱུ་མཆོག་ཏུ་གྱུར། དགུང་ལོ་ཉེར་བཞི་པ་ པཎ་ཆེན་རིན་པོ་ཆེ་དང་སེང་ཆེན་བློ་བཟང་དཔལ་འབྱོར་གཉིས་ལས་ བསྙེན་པར་རྫོགས་ཤིང་བཀའ་ཆོས་སུ་མ་གསན། ཡོངས་འཛིན་ཡེ་ ཤེས་རྒྱལ་མཚན་དང། ཀློང་རྡོལ་བླ་མ་ངག་དབང་བློ་བཟང། ཁྲི་ ཆེན་ངག་དབང་ཚུལ་ཁྲིམས། མངའ་རིས་ཆོས་རྗེ་བློ་བཟང་སྦྱིན་པ་ སོགས་ལ་བསྟེན་ནས་ཟབ་ཆོས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་ དགུང་ལོ་སོ་གསུམ་པར་དགའ་ལྡན་གྱི་གླིང་བསྲེ་མཛད། དགུང་ལོ་སོ་ བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་དབུས་སུ་གཞུང་ལུགས་རབ་ འབྱམས་སྨྲ་བའི་སྒྲ་སྐོར་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ དུ་ཞུགས་ཏེ་རྒྱུད་སྡེ་བཞིའི་ལམ་གྱི་གནད་དོན་གྱི་སྤྱི་དང། ཁྱར་པར་དུ་ [1020] རྒྱུད་སྡེ་ཀུན་གྱི་མཐར་ཐུག་དཔལ་གསང་བ་འདུས་པའི་ལམ་རིམ་པ་ གཉིས་ཀྱི་དཀའ་བའི་གནད་རྣམས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་ རྗེ་ཡབ་སྲས་ཀྱི་མན་ངག་ལེགས་བཤད་ལ་བརྟེན་ནས་ཐུགས་སུ་དཔྱིས་ ཕྱིན་པར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། ཤར་ ཆེན་ངག་དབང་བཀྲ་ཤིས་དང། ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་ ཤར་པ་བློ་བཟང་བསྟན་པ། གུང་རུ་བློ་བཟང་དོན་གྲུབ། མཁན་པོ་ བློ་བཟང་ཐུགས་རྗེ་སོགས་ལས་འགྲེལ་བ་བཞི་སྦྲགས་དང། ལམ་ སྒྲོན། བདེ་ལམ། མྱུར་ལམ། འཇམ་དཔལ་ཞལ་ལུང། གསང་ བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན་ དགུང་ལོ་ཞེ་བཞི་པར་རྒྱུད་པའི་བླ་མ་དབུ་མཛད་དང་རྒྱུད་པའི་མཁན་ ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས། དེ་ནས་ལོ་གཉིས་ཀྱི་ མཚམས་སུ་མཁན་ཁྲི་ལས་དགོངས་གྲོལ་བྱུང་སྟེ་སྤང་ལུང་རི་ཁྲིད་དུ་ལོ་ བརྒྱད་ཀྱི་རིང་དུ་བཞུགས་ཏེ་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད་ དགུང་ལོ་ང་བཞི་པར་ཤར་རྩེའི་ཁྲི་ལ་བཞུགས་པ་དང་རྒྱལ་བ་ལུང་ རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་དབང་བཀུར་རོ། དགུང་ལོ་དྲུག་ཅུ་ ཐམ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་མཛད། དེ་ ནས་ཆུ་བཟང་རི་ཁྲོད་དུ་ཟུར་བཞུགས་མཛད་ཅིང་སྐལ་ལྡན་གྱི་བུ་སློབ་ བསྐྱངས་བ་དང། རྗེ་ཡབ་སྲས་གསུམ་གྱི་འདྲ་སྐུ་བཞེངས་པར་ མཛད། དགུང་ལོ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ [1021] གཤེགས། ཁོང་གི་མཚན་གཞན་ལ་ཤར་རྩེ་བྱང་ཆུབ་ཆོས་འཕེལ་ཞེས་ ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་ དགུ་པ་ཡིན་ནོ། ། སྦོམ་བྲག་པ་བསོད་ནམས་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་འབྲི་རྒྱལ་དམ་པ་ཆོས་ཕྱུག་བྱ་བར་སྐུ་འཁྲུངས། རབ་བྱུང་བཞི་ པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་ པར་ཡི་གེའི་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་དགུ་པར་བླ་མ་ གཉན་ལྷ་ཁང་སྒང་བ་ཡབ་སྲས་ལས་བདེ་དགྱེས་ལ་སོགས་པ་གསང་ སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་བཞི་པར་སངས་རྒྱས་ རས་ཆེན་དང་མཇལ་ནས་གདམས་པ་མང་དུ་ཞུས། སེམས་ཀྱི་གནས་ ལུགས་རྟོགས་པའི་རྟོགས་པའང་འཁྲུངས། དེ་ནས་བླ་མའི་བཀའ་ ལྟར་སྤེལ་སྒོ་དགོན་པར་ཕེབས་ཏེ་ལོ་ངོ་བཅུ་དྲུག་རིང་དུ་སྒྲུབ་པ་མཛད་ པས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར། སྙན་པས་ཕྱོགས་ ཐམས་ཅད་དུ་ཁྱབ་པར་གྱུར། དེ་ནས་ཁྲ་ཤོད་སྤོམ་བྲག་ཏུ་དགོན་པ་ གསར་འདེབས་མཛད། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ཀརྨ་པཀྵི་ལ་ བཀའ་བརྒྱུད་འདི་བླ་མ་བས་སློབ་མ་འཕྲིན་ལས་ཆེ་བས། ཁོ་བོ་ཡན་ ཆད་ཀྱི་བཀའ་བརྒྱུད་ཀྱི་འཕྲིན་ལས་ཐམས་ཅད་བས་ཁྱོད་འཕྲིན་ལས་ ཆེ་བ་འོང་ཞེས་ལུང་བསྟན་གནང། དེ་ནས་ས་གཡོ་བ་དང་འུར་ འུར་གྱི་སྒྲ་ཆེན་པོ་འབྱུང་བ་ལ་སོགས་པའི་ལྟས་ངོ་མཚར་ཅན་དང་ ཐུགས་ལྗགས་ལ་སོགས་པའི་རྟེན་ཡང་མང་དུ་བྱོན་ནོ། ། [1022] སྤོམ་འབོར་དགེ་འདུན་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་རྒྱལ་ཐང་དུ་ཡབ་བསྐལ་བཟང་སྐྱབས་དང། ཡུམ་དོན་གྲུབ་ དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོའི་ཧོ་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔར་ སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཡབ་ཡུམ་གཉིས་ཀྱི་གམ་ནས་ ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་བྱང་ཆུབ་པར་མཛད་ དགུང་ལོ་བཅུ་གསུམ་པར་རྒྱལ་ཐང་དགེ་ལྡན་དགོན་དུ་ཞུགས་ནས་ མཁན་ཆེན་བློ་བཟང་སྦྱིན་པ་སོགས་ལས་རབ་བྱུང་དང་དགེ་ཚུལ་ བསྒྲུབས། སྒྲུབ་གྲྭའི་འདོན་ཆོས་དང་གར་ཐིག་དབྱངས་གསུམ་བཅས་ ལ་སྦྱངས་པར་མཛད། དགུང་ལོ་ཉེར་ལྔ་པར་དབུས་སུ་བྱོན་ཏེ་སེར་ སྨད་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་ཁུ་བོ་སྦྱིན་པ་ཆོས་བཟང་ དང། ཞལ་སྔ་བསྐལ་བཟང་རྣམ་རྒྱལ་སོགས་ལ་བསྟེན་ཞིང་དབུ་མ་ འདུལ་བ། ཕར་ཕྱིན། མངོན་པ་མཛོད། རྣམ་འགྲེལ་བཅས་ལ་ ལེགས་པར་སྦྱངས་ཏེ་ཚོགས་ལངས་དང། གླེང་བསྲེ། ལྷ་རམས་པ་ བཅས་ཀྱི་མཚན་བཏགས་དོན་དང་ལྡན་པ་བཞེས། དགུང་ལོ་སོ་བཞི་ པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་ བཀའ་ཆོས་མང་དུ་གསན་པར་མཛད། དགུང་ལོ་བཞི་བཅུ་ཐམ་པར་ སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་ཆོ་ག་ཕྱག་ལེན་ བཅས་ལ་བྱང་བར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན་ དགུང་ལོ་ཞེ་བརྒྱད་པར་ཆོས་འཁོར་རྒྱལ་གྱི་མཁན་ཁྲི་དང། དགུང་ [1023] ལོ་ཞེ་དགུ་པར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི། དགུང་ལོ་ལྔ་བཅུ་ ཐམ་པར་རྒྱུད་པའི་མཁན་ཁྲི། ཤར་རྩེའི་ཁྲི་བཅས་ལ་རིམ་གྱིས་ཕེབས་ ནས་འཆད་ཉན་བསྐྱངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་གོང་མ་ཆིན་ལུང་གི་ཏཱི་ཤྲཱིར་ཕོ་བྲང་ཆེན་པོ་པེ་ཅིན་ དུ་ཕེབས། གོང་མས་ཏཱི་ཤཱིའི་ཆོ་ལོ་དང་བཀའ་ཤོག་ཐམ་ཀ་བཅས་པ་ བསྩལ། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་གསེར་ ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་མཉན་གོང་ནས་གོང་དུ་སྤེལ་ བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་མཛད། དགུང་ལོ་ལྔ་ བཅུ་ང་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ མཚན་གཞན་ལ་ཤར་རྩེ་དགེ་འདུན་ཚུལ་ཁྲིམས་ཞེས་ཞུའོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་ལྔ་པ་ཡིན་ནོ། ། སྤོས་སྐྱ་སེང་གེ་རིན་ཆེན།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་ གཉེན་མང་པོའི་ཞབས་ལ་གཏུགས་ནས་འདུལ་བའི་ཆོས་སྐོར་དང་ མངོན་པའི་ཆོས་སྐོར། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་ དུས་འཁོར་རྒྱུད་འགྲེལ། ཨ་ཏི་ཡོ་ག་མ་ཧཱ་མཱ་ཡཱ། གསང་འདུས་ སྦྱོར་དྲུག་བདེ་མཆོག་སྙན་བརྒྱུད། རྫོགས་ཆེན་སྙིང་ཐིག་བཀའ་ གདམས་ལམ་རིམ། རིམ་ལྔའི་ཁྲིད། མཚན་བརྗོད་ཕྱག་ལེན་དང་ [1024] བཅས་པ། བདེ་དགྱེས་གསང་གསུམ་དང། དུས་འཁོར་གྱི་དབང་ ཆེན་བཅས་ཞུས་ཤིང། དགེ་ཚུལ་སློང་གི་སྡོམ་པ་མནོས་ནས་ཚུལ་ ཁྲིམས་གཙང་ཞིང་དུལ་བའི་བརྟུལ་ཞུགས་ཁོ་ནར་འཛིན། ཆོས་རྗེ་ དབོན་པོ་ཉི་མ་སེང་གེ་ལས་བཀའ་བརྒྱུད་གོང་མའི་སྙན་བརྒྱུད་དང་ དབང་ལུང། ཟབ་ཁྲིད། ཕྱག་ལེན། དམར་ཁྲིད་བཅས་ཞུས་ནས་ སྒོམ་སྒྲུབ་མཛད་པས་རྟོགས་པར་མངའ་བརྙེས། རབ་བྱུང་ལྔ་པའི་ས་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ར་ལུང་དགོན་པའི་གདན་སར་ཕེབས་ དགེ་འདུན་མང་པོའི་ལྟོ་གོས་ཆོས་གསུམ་གང་ལ་གང་འཚམས་འདོད་ དོན་ལྟར་སྒྲུབ་པ་མཛད་ཅིང་དགོན་པའི་འདུལ་ཁྲིམས་ཀྱང་དམ་བཟུང་ མཛད། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པར་ མཛད། ལོ་ངོ་ཉེར་ལྔའི་རིང་དུ་གསན་སར་བཞུགས་ཤིང་དགོན་པའི་ བྱ་བ་སྒོ་ཀུན་ནས་དར་བར་མཛད། ཁོང་ནི་ར་ལུང་དགོན་པའི་གདན་ རབས་ལྔ་པ་ཡིན། ། སྤྱང་ལུང་དགེ་འདུན་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་སྤྱང་ལུང་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བརྒྱད་པར་འདུལ་འཛིན་ངག་དབང་དོན་ལྡན་ལས་རབ་ཏུ་ བྱུང་ཞིང་མཚན་ལ་ཡེ་ཤེས་བསྟན་འཛིན་ཞེས་གསོལ། དགུང་ལོ་བཅུ་ དྲུག་པར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་དུ་ཞུགས་ནས་མཚན་ཉིད་ སོགས་ཀྱི་གཞུང་ལུ་སློབ་གཉེར་མཛད། དཔལ་ཆོས་མཁན་ཆེན་ལས་ [1025] དགེ་ཚུལ་བསྒྲུབས་ཏེ་མཚན་ལ་འཇམ་དབྱངས་དགེ་འདུན་བསྟན་ འཛིན་ཞེས་གསོལ། དགུང་ལོ་ཉེར་དགུ་པར་ཆོ་འཕྲུལ་སྨོན་ལམ་ཆེན་ མོའི་གྲྭ་སྐོར་གནང་བས་མཁས་པའི་སྙན་གྲགས་རྒྱས། རྒྱལ་མཁན་ ཟླུར་བློ་བཟང་ཉི་མ་ལས་བསྙེན་པར་རྫོགས། དགུང་ལོ་སོ་བཞི་པར་ བཀྲ་ཤིས་རབ་བརྟན་དུ་སྟོང་སྐོར་བསོད་ནམས་རྒྱ་མཚོ་ལས་རྡོར་ཕྲེང་ གི་དབང་གསན་པར་ཕེབས་ལམ་བྱ་ཁྱུང་སོགས་བཤད་གྲྭ་རྣམས་སུ་གྲྭ་ སྐོར་མཛད་པས་མདོ་སྨད་ལྷོ་བྱང་གི་རྒྱན་དུ་གྱུར། དགུང་ལོ་སོ་དྲུག་ པར་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་མགུར་འབུམ་པར་དུ་བསྒྲུབས་པ་ དང། རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ལེགས་པར་གྲུབ། དགུང་ལོ་ལྔ་བཅུ་བ་རབ་བྱུང་བཅུ་གསུམ་པའི་ཤིང་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་དྲུག་གི་རིང་དུ་གདན་ས་བསྐྱངས་ ཁྲི་ཟུར་ནས་དགུང་ལོ་རེ་གསུམ་པར་ཆུ་མ་ཐང་དུ་དགོན་སྡེ་གསར་ འདེབས་ཀྱི་གཙུག་ལག་ཁང་བཟོ་བཀོད་མཛེས་པ་བཞེངས་གྲུབ་བྱུང་ བར་སྙེ་སྤྲུལ་སྐུའི་ཐུགས་འདུན་ལྟར་ཕྱོགས་དེར་ཕྲེང་དབང་ཟུར་བཀའི་ དབང་བཅས་པ་གནང། རེབ་སྐོང་གི་མདོར་བྱང་སྐྱོར་གྱི་ཚུལ་དུ་ མཆོད་རྟེན་ཆེན་པོ་ཞིག་བཞེངས། མདོར་ན་ཡུལ་གྲུ་འདིར་བཤད་ སྒྲུབ་ཀྱི་སྡེ་སུམ་ཅུ་ལྷག་ལ་ཆོས་དང་ནོར་གཉིས་ཀའི་ཆ་ནས་བཀའ་དྲིན་ བསྐྱངས་པ་ཡིན། དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ མཁན་རབས་བཅུ་བཞི་བ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ [1026] གཙང་པཎྜི་ཏ་བསྟན་པ་རྒྱ་མཚོ་དང། བསེ་ངག་དབང་འཇམ་ དབྱངས་བཀྲ་ཤིས། སྟག་གེ་པཎྜི་ཏ་ངག་དབང་དགེ་འདུན་བསྟན་ འཛིན། སྙེ་སྤྲུལ་ངག་དབང་བསྟན་འཛིན་ཉི་མ། རོང་རྒན་དགེ་ འདུན་མཁྱེན་རབ། དྲུང་ཡིག་བློ་བཟང་རྒྱ་མཚོ། པཎྜི་ཏ་ངག་ དབང་མི་ཕན་ཟླ་བ་བཅས་ཡིན་ནོ། ། སྤྱན་སྔ་ཀུན་དགའ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བདུན་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ ཤིང་ལོ་ངོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་ སྐྱེས་བུ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་གདན་ རབས་ཉི་ཤུ་རྩ་བདུན་པ་ཡིན་ནོ། ། སྤྱན་སྔ་ཀུན་དགའ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བདུན་ པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ ཕེབས་ཏེ་ལོ་ངོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་ འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁོང་གི་ གདན་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ནོ། ། སྤྱན་སྔ་གྲགས་པ་འབྱུང་གནས།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ [1027] ལོར་ཡབ་ཡོན་ཆེན་རྒྱལ་བ་སྐྱབས་དང། ཡུམ་འབྲོ་ལྡོག་བཟའ་གྱུ་གུ་ ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་རླངས་ཡིན་ རབ་བྱུང་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བཅུ་གསུམ་པར་མཁན་པོ་རྫོང་མགོ་བ་དང། སློབ་དཔོན་ སྟོན་པ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་འབྱུང་གནས་ ཞེས་གསོལ། དེ་ནས་བླ་མ་ཡེ་ཕུག་པ་ལ་བསྟེན་ཏེ་ཐུན་འཇོག་དང་ ལྷན་ཅིག་སྐྱེས་སྦྱོར་སོགས་ཀྱི་ཁྲིད་འགའ་གསན། དགུང་ལོ་བཅོ་ལྔ་ པར་འབྲི་གུང་དུ་བྱོན། ཆོས་རྗེ་སྐྱོབ་པ་དང་མཇལ་ནས་ཆོས་མང་དུ་ ཞུས་ཏེ་སྒོམ་པས་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐུགས་ལ་ འཁྲུངས། དགུང་ལོ་བཅུ་བདུན་པར་ཆོས་རྗེ་སྐྱོབ་པ་དང་ལྷན་དུ་ དྭགས་པོར་ཕེབས། དགུང་བཅོ་བརྒྱད་པར་ཞང་སུམ་ཐོག་པས་མཁན་ པོ་དང། ལྷ་འབྲི་སྒངས་པས་ལས་སློབ། མཁན་པོ་རིན་པོ་ཆེས་ གསང་སྟོན་མཛད་ནས་བསྙེན་པར་རྫོགས། དེ་ནས་འབྲི་གུང་དུ་ ཕེབས་ནས་ཆོས་རྗེ་སྐྱོབ་པའི་གཟིམས་གཡོག་མཛད་པས་སྤྱན་སྔ་བར་ གྲགས། དགུང་ལོ་བཅོ་བརྒྱད་ནས་སུམ་ཅུ་སོ་བཞི་བར་དུ་ཆོས་རྗེ་ སྐྱོབ་པ་ལས་གསན་སྦྱངས་མཛད། དེ་ནས་ཆོས་རྗེ་སྐྱོབ་པས་ཁྲི་མཐོན་ པོའི་སྟེང་དུ་བཞུགས་སུ་བཅུག་སྟེ་དེ་སྔ་ཁྱེད་ངའི་བུ་ཡིན། སློབ་མ་ ཡིན། དེ་རིང་ནས་བཟུང་ཁྱེད་ངའི་བླ་མ་ཡིན། ཕ་ཡིན་ཞེས་གསུངས་ ནས་ཕྱག་ལེགས་པར་མཛད་ཅིང་ཕག་གྲུའི་གདན་སར་ཕེབས་སུ་བཅུག་ དེ་ནས་དགོན་པའི་འདུལ་འཁྲིམས་ལེགས་པར་སྐྱོང་ཞིང་འཆད་ཉན་གྱི་བྱ་ བ་ལེགས་པར་སྤེལ། བསམ་ཡས་བཙད་པོའི་ལྟོ་འོག་ཏུ་མ་ཚུད་པའི་ [1028] དབང་གིས་རྗེ་ཐམས་ཅད་མཁྱེན་པ་ཞེས་གྲགས། གདན་ས་ལོ་ངོ་ཉི་ ཤུ་རྩ་དྲུག་རིང་དུ་བསྐྱངས། སྡེ་དགོན་ཐམས་ཅད་ཤིན་ཏུ་དར་བར་ གྱུར། དེ་ནས་འབྲི་གུང་དུ་ཕེབས་ཏེ་གདན་ས་རིན་པོ་ཆེར་ལོ་ངོ་ཉེར་ གཉིས་བཞུགས། དེ་ནས་དོར་རྟ་ནག་པོ་སོགས་ལ་གྲུབ་རྟགས་བསྟན་ པས་མི་བསད་པ་དང། ལྷ་ཁང་བསྲེགས་པ་སོགས་གནོད་སྐྱོན་ཆེར་ མ་བྱུང། འབྲི་གུང་གི་སྡེ་ཡང་ཇེ་མང་དུ་འཕེལ་ནས་ཁྲི་ཚོ་བཅོ་བརྒྱད་ དུ་གྲགས་པའང་དེའི་དུས་བྱུང། རིན་པོ་ཆེ་ལས་བསྒྲུབས་པའི་བཀྲ་ ཤིས་སྒོ་མང་གཉིས་ཀྱང་བཞེངས་མཛད། བོད་ཁམས་སྤྱི་ལ་བཀའ་ དྲིན་གྱིས་ཁྱབ་པར་མཛད། དགུང་ལོ་གྱ་གཅིག་པར་དགོངས་ཆོས་ དབྱིངས་སུ་འཐིམས། ཁོང་ནི་ཕག་གྲུའི་གདན་རབས་གསུམ་པ་ཡིན་ ཁོང་ནི་སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་རིན་པོ་ཆེ་དང། བཅུ་གཉིས་ པ། གཅུང་རིན་པོ་ཆེ། རྒྱལ་བ་ཡང་དགོན་པ། རྒྱལ་སྲས་ཐོག་ཁ་ པ། རིན་པོ་ཆེ་གྲགས་བསོད། རིན་པོ་ཆེ་གཏེར་རྒྱབ་པ། སྤྱན་སྔ་ སྒོ་མང་བ། སྙེ་མདོ་ཐམས་ཅད་མཁྱེན་པ་བཅས་ཡིན་ནོ། ། སྤྱན་སྔ་གྲགས་པ་བཤེས་གཉེན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་དྲུག་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་སུམ་ཅུ་སོ་དྲུག་པ་རབ་བྱུང་དྲུག་པའི་མེ་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་སར་ཕེབས། ལོ་ངོ་ ཉི་ཤུ་རྩ་བཞིའི་རིང་དུ་གདན་ས་བསྐྱངས། དགུང་ལོ་དྲུག་ཅུ་ཐམ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཚལ་གུང་ཐང་གི་ [1029] བླ་རབས་བཅུ་གཉིས་པ་ཡིན། ། སྤྱན་སྔ་ཆོས་གྲགས།། ཁོང་ནི་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་དང་མི་ གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། སྤྱན་སྔ་ཆོས་དཔལ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ ལྷས་ལུང་པ་གྲ་ནམ་ཁང་དུ་སྐུ་འཁྲུངས། གདུང་རུས་དགྱེས་ཡིན་ ཁོང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་ལྷ་བཙུན་བསོད་ནམས་ དཔལ་བཟང་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ལ་བསྟེན་ནས་ གཞུང་བཀའ་པོད་ལྔ་ལ་བྱང་བར་མཛད། ཁྱད་པར་དུ་རྒྱལ་བ་བསོད་ ནམས་རྒྱ་མཚོ་ ་ ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་ བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་རིམ་གྱི་ཁྲིད་གཙོ་བོར་བྱས་མན་ངག་ མཐའ་ཡས་པ་གསན། དེ་ནས་སངས་རྒྱས་དབོན་གྱིས་བཏབ་པའི་ དབེན་གནས་ལྷས་ལྷག་དགོན་དུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད་ ཅིང་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། སྐལ་ལྡན་གྱི་གདུལ་བྱ་ རྣམས་ལ་བྱང་ཆུབ་ལམ་རིམ་སོགས་ཀྱིས་སྨིན་པར་མཛད། ཁོང་གི་ སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་འཁོན་སྟོན་དཔལ་འབྱོར་ ལྷུན་གྲུབ་ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་དྲུག་ཅུ་རེ་ གཉིས་པ་ཡིན་ནོ། ། སྤྱན་སྔ་གཉིས་མཆོད་པ།། ཁོང་ནི་གྲགས་པ་རིན་ཆེན་དང་མི་གཅིག་ཡིན་པས་དེར་ [1030] གཟིགས་པར་ཞུའོ། ། སྦུན་སྔ་རྡོ་རྗེ་རྒྱལ་མཚན།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་བརྒྱད་ པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བའི་ བཤེས་གཉེན་མང་པོར་བསྟེན་ནས་དབང་ལུང་མན་ངག་གང་མང་ཞུས་ ཏེ་རབ་བྱུང་བསྒྲུབས་ཤིང་འདུལ་བའི་ཀུན་སྤྱོད་ལེགས་པར་བསྲུངས་ བར་མཛད། དེ་ནས་དབུས་གཙང་གི་མཁས་གྲུབ་གཉིས་ལྡན་གྱི་ བླ་མ་མང་པོའི་ཞབས་ལ་གཏུགས་ནས་འདུལ་བ་དང། སྤྱོད་འཇུག་ བསླབ་བཏུས། བཤེས་སྦྲིངས། ལམ་འགྲས། བརྟག་གཉིས། གདན་ བཞིའི་རྩ་འགྲེལ། གསང་འདུས་སྦྱོར་དྲུག་དབུ་སེམས་ཀྱི་སེམས་ བསྐྱེད། དུས་འཁོར་རྒྱུད་འགྲེལ། བློ་སྦྱོང་དོན་བདུན་མ། བུ་སྟོན་ སྦྱོར་དྲུག་བཅས་ལ་གསན་བསམ་ལེགས་པར་མཛད། དེ་ནས་ཆོས་རྗེ་ སྦྱན་སྔ་བསོད་ནམས་འོད་མཛེས་པ་ལ་བསྟེན་ནས་བཀའ་གདམས་ལམ་ རིམ་དང། ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་ བརྒྱུད། ནཱ་རོ་ཆོས་དྲུག་ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས་ཏེ་ སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་བརྒྱད་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་ཡཱ་བཟང་དགོན་པའི་གདན་སར་ཕེབས། དགེ་ འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འཆད་ཉན་དང་སྒོམ་སྒྲུབ་ཀྱི་ སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་གོང་ནས་གོང་དུ་སྦེལ་བར་མཛད་ གཙུག་ལག་ཁང་ཞིག་གསོ་དང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་ པར་མཛད་ཅིང་དགོན་པའི་མངའ་ཐང་དར་བར་མཛད། ལོ་ངོ་ཉི་ [1031] ཤུའི་རིང་དུ་གདན་སར་བཞུགས་ནས་ཞི་བར་གཤེགས་སོ། ཁོང་ནི་ ཡཱ་བཟང་དགོན་པའི་གདན་རབས་ཅུ་པ་ཡིན།། སྦུན་སྔ་དཔལ་ལྡན་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་བདག་པོ་ཤཱཀྱ་རིན་ཆེན་དང། ཡུམ་ཟི་ན་རིན་ཆེན་འཛོམས་པ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་མོ་ཕག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་སྦྱན་སྔ་གྲགས་ པ་བྱང་ཆུབ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་དཔལ་ལྡན་ བཟང་པོ་ཞེས་གསོལ། དགུང་ལོ་དགུ་པ་བརྟག་གཉིས་ཀྱི་སློབ་གཉེར་ མཛད། དགུང་ལོ་བཅུ་པར་སྦྱན་སྔ་ཀུན་སྤངས་པ་ལས་ཆོས་ཁྲིད་ རྣམས་ལེགས་པར་གསན། མཁན་ཆེན་གྲགས་པ་རྡོ་རྗེ་དང་སློབ་ དཔོན་ཞི་བ་དཔལ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་བློ་ གྲོས་ཞེས་གསོལ། བླ་མ་ཆོས་དཔལ་ཤེས་རབ་ཀྱིས་ཆོས་སྒོ་ཕྱེས་ དགུང་ལོ་བཅུ་བཞི་པར་རྩེད་ཐང་དུ་བརྟག་གཉིས་གསུངས། དགུང་ ལོ་ཉེར་གཅིག་པར་མཚམས་བཅད་དཔོན་པོ་མཛད། དགུང་ལོ་ཉེར་ གཉིས་པར་མཁན་ཆེན་སང་བློ་བ་དང། མཁན་ཆེན་རྒྱལ་བཟང་པས་ ལས་སློབ། མཁན་ཆེན་དཀའ་བཅུ་པས་གསང་སྟོན་མཛད་དེ་བསྙེན་ རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་གསུམ་པ་རབ་བྱུང་བདུན་ པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་གདན་ས་སྦྱན་སྔའི་གོ་ སར་ཕེབས། བླ་ཆེན་རིན་གཞོན་པ་ལས་བཀའ་བརྒྱུད་ཀྱི་གདམས་པ་རྣམས་རྫོགས་པར་གསན། གདན་སའི་ཚོགས་པ་ལོ་ངོ་གཉིས་ལ་ [1032] བསྐྱངས་ནས་དགུང་ལོ་ཉེར་དགུ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་ནི་ཕག་གྲུའི་གདན་རབས་བཅུ་གཉིས་པ་ཡིན་ སྦུན་སྔ་བ་ཚུལ་ཁྲིམས་འབར།། ཁོང་ནི་རབ་བྱུང་དང་པོའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཉན་གྱི་སྣང་ར་སྒང་དུ་ཡབ་དབས་ཤཱཀྱ་རྡོ་རྗེ་དང། ཡུམ་ལི་མོ་ཤེས་ སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་སྟག་ ཚབ་འབར་ཞེས་ཞུ། བྱིས་པའི་དུས་ནས་སློབ་དཔོན་གྲོང་འདུལ་བ་ ལས་ཕུང་པོ་ལྔའི་རབ་བྱེད་གསན། དགུང་ལོ་བཅོ་བརྒྱད་པར་སྟོད་ ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་ལས་རབ་ཏུ་བྱུང་ སྟེ་མཚན་ལ་ཚུལ་ཁྲིམས་འབར་ཞེས་གསོལ། སྙེ་ཐང་དུ་ཇོ་བོ་དང་ མཇལ་ནས་སེམས་བསྐྱེད་ཞུས། དགུང་ལོ་ཉེར་ལྔ་པར་རྭ་སྒྲེང་དགོན་ དུ་ཕེབས་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལས་མདོ་སྔགས་ ཀྱི་ཆོས་མ་ལུས་པར་གསན། དགུང་ལོ་རེ་གསུམ་པ་ལོའི་གཙུག་ལག་ ཁང་ཀ་བཞི་མ་བཞེངས། རྟེན་གྱི་གཙོ་བོ་ནི་འབྲོམ་སྟོན་པ་རྒྱལ་བའི་ འབྱུང་གནས་དང། རྣལ་འབྱོར་པ་ཆེན་པོ། དགོན་པ་གསུམ་གྱི་ ནང་རྟེན་དུ་དངུལ་གྱི་གདུང་ཁང་དང། གསེར་འབུམ་གཡུ་ཕྲ་ཅན། ཕྱི་ རྟེན་དུ་མཆོད་རྟེན་གསུམ་བཞེངས་ནས་རབ་གནས་མཛད། བཀའ་ གདམས་པའི་གདམས་ངག་པའི་སྲོལ་བཏོད་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྟོད་ལུང་པ་རིན་ཆེན་སྙིང་པོ་དང། བྱ་ཡུལ་བ་གཞོན་ ནུ་འོད། འུ་ཡག་པ་ཨ་མི། རུག་པའི་རྒྱ་སྒོམ། ཟར་བའི་ཕག་སྒོམ་ [1033] བཅས་ཡིན་ནོ། ། སྦུན་སྔ་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ལྷ་སའི་ཤར་ཕྱོགས་རྒྱ་མ་རིན་ཆེན་སྒང་དགོན་པའི་ཉེ་འདབས་སུ་ཡབ་ དགྱེར་རིགས་ཆོས་སྐྱབས་དང། ཡུམ་ཇོ་མོ་བླ་འབུམ་གཉིས་ལ་སྦྱན་ སྔ་སྐུ་མཆེད་གཉིས་འཁྲུངས་པའི་ཆུང་བ་ཡིན། རབ་བྱུང་བརྒྱད་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བདུན་ཅུ་ དོན་གཅིག་ཏུ་འཚོ་བཞུགས་མཛད། དགུང་ལོ་བདུན་ལ་ཕེབས་སྐབས་ ཁུ་བོ་རིན་པོ་ཆེ་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་རབ་བྱུང་མཛད་ མཚན་ལ་བློ་གྲོས་རྒྱལ་མཚན་ཞེས་གསོལ། རྗེ་བཙུན་ཙོང་ཁ་པ་ རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་ འདུལ་འཛིན་གྲགས་པ་རྒྱལ་མཚན། སྐྱོར་མོ་ལུང་མཁན་ཆེན་ཆོས་ རྒྱལ་དཔལ་བཟང། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་བླ་མ་ མང་དུ་བསྟེན་ནས་དགེ་ལུགས་དང་བཀའ་བརྒྱུད་ཀྱི་ཆོས་རྒྱུན་མང་ པོར་གསན། རྒྱ་མ་རིན་ཆེན་དགོན་པའི་གདན་ས་ཟླ་བ་བཅོ་བརྒྱད་ ཙམ་མཛད་པ་ལས། སྐུ་ཚེ་གཅིག་གི་རིང་དུ་སྒྲུབ་པ་ཉམས་བཞེས་ གཙོ་བོར་གནང་སྟེ། སྐབས་རེ་གཉིས་སུ་སློབ་མ་རྣམས་ལ་མདོ་སྔགས་ ཀྱི་བཀའ་ཆོས་ཚར་རེ་ཚར་གཉིས་གསུངས་སོ། ཁོང་གི་གསུང་རྩོམ་ནི་ བློ་སྦྱོང་དང། ལམ་རིམ། ལྟ་ཁྲིད། འདུལ་བའི་བསླབ་བྱ། གསང་སྔགས་ཀྱི་བསྐྱེད་རྫོགས། བླ་མའི་རྣམ་ཐར། རྣམ་བཤད་ གྲུབ་མཐའི་རྣམ་དབྱེ། ཞལ་གདམས། འཕྲིན་ཡིག་བཅས་པོ་ཏི་ [1034] གསུམ་དུ་བཞུགས་སོ། ། སྦུན་སྔ་བློ་གྲོས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བདུན་ པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁོང་གི་གདན་སར་ ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁོང་ནི་རྒྱལ་ ལྷ་ཁང་གི་གདན་རབས་ཉི་ཤུ་རྩ་དགུ་པ་ཡིན།། སྦྱན་སྔ་ཡེ་ཤེས་གྲགས་པ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མཇུག་ཙམ་ དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་ བདུན་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་ སར་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ་སློབ་མ་ མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་ཉི་ཤུ་ རྩ་དྲུག་པ་ཡིན་ནོ། ། སྦྱན་སྔ་ཡོན་ཏན་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བརྒྱད་ པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོ་ལ་རྒྱལ་ལྷ་ཁང་གི་གདན་སར་ ཕེབས་ཤིང། རབ་བྱུང་བརྒྱད་པའི་མེ་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོའི་ བར་དུ་ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་ འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་ [1035] གདན་རབས་སུམ་ཅུ་ཐམ་པ་ཡིན། རབ་བྱུང་མ་ཚུགས་གོང་གི་ཆུ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གསར་འདེབས་མཛད་པ་ནས་ རབ་བྱུང་བརྒྱད་པའི་མེ་ཕོ་སྦྲེལ་ལོ་སྟེ་སྤྱི་པོ་་ལོའི་ཡན་ལ་ལོ་ངོ་ བཞི་བརྒྱ་དྲུག་ཅུ་རྩ་ལྔ་སོང་བ་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་ སོ། ། སྤྱན་སྔ་རིན་ཆེན་ལྡན།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ དིང་རིང་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་ འཁྲུངས། རྒྱལ་བ་ཡང་དགོན་པ་ལས་ལོ་བཅུ་གཅིག་གིས་ཆེ་བ་ཡིན་ འདས་ལོ་མི་གསལ། དགུང་ལོ་དྲུག་པར་གླ་འཁོར་གྱི་སྐུ་གདོང་ག་རུ་ སོགས་དང་མཇལ་ཞིང། སྙིང་ནས་ཆོས་བྱེད་པའི་མོས་པ་སྐྱེས། ཕ་ ཇོ་སྟོན་ལས་ཡི་གེའི་འབྲི་ཀློ་སོགས་སྦྱངས་པས་དཀའ་ཚེགས་མེད་ པར་བདེ་ལེགས་ཀྱིས་མཁྱེན། རྒྱལ་བ་ཡང་དགོན་པ་དགུང་ལོ་ལྔ་པའི་ སྐབས་སུ་དིང་རིར་ཕེབས་པ་དང་མཇལ་བས་མོས་གུས་ཐུན་མོང་མིན་ པ་འཁྲུངས་ཏེ་ཏིང་ངེ་འཛིན་ཡང་རྩོལ་མེད་དུ་སྐྱེས། ཆོས་འབྲེལ་ཞུས་ པས་བླ་མའི་རྣལ་འབྱོར་དང། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་བཅས་ གསན། དེ་ནས་ལྷ་གདོང་དུ་ཕེབས་ནས་རྒྱལ་བ་ཡང་དགོན་པའི་ ཞབས་ལ་གཏུགས་ཤིང་ཞི་བར་གཤེགས་ཀྱི་བར་ལོ་སུམ་ཅུ་རྩ་ལྔའི་བར་ དུ་ཞབས་དྲུང་ཞག་གཅིག་ཀྱང་མ་བྲལ་བར་སྤྱན་སྔར་བཞུགས་པས་ སྦྱན་སྔ་བར་གྲགས། ཆོས་རྗེ་ཡང་དགོན་པ་ལ་བཞུགས་པའི་གསར་ རྙིང་གི་དབང་གདམས་པ་ལུང་ལ་སོགས་པ་གང་བཞུགས་ཐམས་ཅད་ [1036] གསན། ཀོ་བྲག་པའི་དྲུང་དུའང་ཆོས་མང་དུ་ཞུས། རྗེ་རྒོད་ཚང་པ་ ལས་འབྲུག་སྐོར་ཐམས་ཅད་གསན། ས་པཎ་ལས་ས་སྐྱ་པའི་ཆོས་སྐོར་ རྣམས་ཞུས། རྗེ་སྤྱན་སྔ་བ་ལས་འདྲི་གུང་པའི་ཆོས་སྐོར་རྣམས་ཞུས་ གཞན་ཡང་བླ་མ་བཟང་དགུའི་ཞབས་ལ་གཏུགས་ནས་གདམས་པ་ ཟབ་དགུ་ཉན། སྒྲུབ་པའི་རྒྱལ་མཚན་བཙུགས། གནས་ལུགས་ཀྱི་ རྟོགས་པ་ཤར། དུས་ཕྱིས་སུ་དིང་རིར་བཞུགས་ནས་ཚོགས་པ་མཐའ་ ཡས་པ་བསྐྱངས་སོ། གསུང་ལས་སྐྱེས་པའི་སློབ་མ་ཡང་ཟུར་ཕུག་པ་ དང་གྲུབ་ཐོབ་ཉི་མ་མགོན་ལ་སོགས་པའི་རྟོག་ལྡན་མང་དུ་བྱོན་ནོ། ། སྦྱན་སྔ་ཤེས་རབ་འབྱུང་གནས།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམས་དཔལ་ཆེན་དུ་ཡབ་ཀྱུ་ར་སངས་རྒྱས་དཔལ་དང། ཡུམ་ ཆོས་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་ཡི་ གེའི་སྦྱོར་ཀློག་མཁས་པར་མཁྱེན། དགུང་ལོ་བཅུ་གཅིག་པར་ཡིག་ གཟུགས་ཀྱི་མཛེས་རྩལ་ལ་སྦྱངས་པ་ཕུལ་དུ་ཕྱིན། དགུང་ལོ་བཅུ་ གསུམ་པར་མགུར་དང་གླུ་བྲོ་ལ་མཁས། དགུང་ལོ་བཅུ་བདུན་པར་ དྭང་ཕུ་བ་ལས་རབ་ཏུ་བྱུང་ཞིང་ལོ་བཞིར་བསྟེན་ནས་སྒྲུབ་པ་ཉམས་ ལེན་མཛད་པས་ཕྱག་རྒྱ་ཆེན་པོའི་སྒོམ་གཤའ་མར་འཁྲུངས། དགུང་ ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་འབྲི་གུང་འཇིག་རྟེན་མགོན་པོ་ དང་མཇལ་ཞིང་གདམས་ངག་ཟབ་མོ་ཞུས་ནས་ལོ་གསུམ་དུ་སྒོམ་པར་ མཛད། ཆོས་རྗེ་འཇིགས་རྟེན་མགོན་པོའི་གཟིམས་གཡོག་དང་བསྟན་ [1037] བཅོས་བརྩམས་པའི་ཡི་གེ་བ་མཛད། བླ་མའི་ཞབས་ཏོག་དང་མཁྱེན་ པ་གཉིས་ཀ་ལ་མཐའ་མེད་པས་ཐམས་ཅད་ཀྱིས་སློབ་དཔོན་པ་ཞེས་ཞུའོ། ཆོས་རྗེ་གཤེགས་རྗེས་འབྲི་གུང་གི་གདན་ས་མ་བསྐྱངས་པར་ གནམ་མཚོ་དང། ཏི་སེ། ལྷོ་བྲག་སོགས་སུ་ཕེབས་ཏེ་མངའ་བདག་ ཨ་དི་ག་དང་མངའ་བདག་ཡ་ཙེ་བ་བཅས་ལ་ཕྱག་རྒྱ་ཆེན་པོའི་ཁྲིད་ ཆེན་བཏབ། དགུང་ལོ་སོ་དགུ་པར་བསམ་ཡས་སུ་ཕེབས་ཏེ་ཆོས་རྗེ་ ས་པཎ་དང་མཇལ་ཞིང་ཆོས་ཀྱི་གསུང་གླེང་མང་དུ་མཛད། དེ་ནས་ གྲོ་བོ་ལུང་དང་མཁར་ཆུ་ལ་བཞུགས་ཤིང་ཕྱག་རྫས་གང་འབྱོར་ཐམས་ ཅད་འབྲི་གུང་དུ་ཕུལ། དེ་ནས་ཕག་གྲུར་བྱོན་ཏེ་སྦྱན་སྔ་གྲགས་པ་ འབྱུང་གནས་ལས་བརྒྱུད་པ་རིན་པོ་ཆེའི་གྲུབ་མཐའ་བཅས་གསན་ སྐུ་ཚེའི་སྨད་དུ་གདུལ་བྱ་སོགས་སུ་བསྐྱངས་ནས་དགུང་ལོ་ལྔ་བཅུ་ང་ལྔ་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་ པའི་མཚན་གཞན་ལ་དབོན་ཤེས་རབ་འབྱུང་གནས་དང་འབྲི་གུང་ཤེས་ རབ་འབྱུང་གནས་ཞུའོ། ཁོང་ནི་འབྲི་གུང་འཇིག་རྟེན་མགོན་པོའི་ སྤྱན་སྔ་བརྒྱད་ཀྱི་ཡ་གྱལ་ཡིན། ཁོང་གི་གསུང་རྩོམ་ནི་ ཆོ་ག་བསིལ་བྱེད་ཚན་དན་གྱི་ཕྲེང་བ། བདོག། བསྟོད་པ་དང་ངོ་མཚར་ཅན་གྱི་བསྟོད་པ། གསེར་ཁང་མ། བཞུགས་སོ།། སྦྱན་སྔ་བསོད་ནམས་གྲགས་པ།། [1038] ཁོང་ནི་གུ་ཤྲཱི་བསོད་ནམས་གྲགས་པ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། སྦྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་བླ་ཆེན་རིན་ཆེན་གཞོན་ནུའི་སྦྱན་བ་ཆེན་པོ་ཡིན་ ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད་ཅིང་མཁས་པའི་གྲགས་པ་ཐོབ། སྒོས་སུ་བླ་ཆེན་རིན་ཆེན་ གཞོན་ནུ་ལ་བསྟེན་ནས་སེམས་ཁྲིད་ཞུས་པ་མ་ཟད། སེམས་ཁྲིད་ཀྱི་ ཁྲིད་ཡིག་ཀྱང་ལེགས་པར་མཛད། བླ་མའི་ཞབས་ཏོག་ཀྱང་ཡུན་རིང་ དུ་མཛད་ཅིང་སྦྱན་སྔ་བ་ཆེན་པོར་གྱུར། གདུལ་བྱ་དཔག་ཏུ་མེད་པ་ ལ་ཁྲིད་བཏབ་ཅིང་འཕྲིན་ལས་ཀྱང་ཤིན་ཏུ་རྒྱས་པར་གྱུར་རོ། ། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་ནམ་མཁའ་བསོད་ནམས་ཡིན། ། སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་བདག་པོ་ཤཱཀྱ་རིན་ཆེན་དང། ཡུམ་ཟི་ན་རིན་ཆེན་འཛོམས་པ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་མཁན་ཆེན་ སང་བློ་བ་ལས་གཤེད་དམར་གྱི་དབང་གསན། དགུང་ལོ་བདུན་ པར་བརྟག་གཉིས་ལ་གསན་སྦྱོང་མཛད། དགུང་ལོ་བརྒྱད་པར་ མཁན་ཆེན་གྲགས་པ་རྡོ་རྗེ་དང། སློབ་དཔོན་ཞི་བ་དཔལ་དང་ [1039] ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ཀྱིས་དུས་སྒོ་བ་མཛད་དེ་རབ་ཏུ་བྱུང་ ཆོས་རྗེ་བྱང་སེམས་རྒྱལ་བ་ལས་ཚེ་དབང་དང། སྦྱན་སྔ་བསོད་ ནམས་གྲགས་པ་ལས་ཆོས་དྲུག་གི་མགྱོགས་ཁྲིད། ཕག་མོ་གྲུ་པའི་བཀའ་འབུམ། མཁན་ཆེན་དཀའ་བཅུ་པ་ལས་ཀྱེ་རྡོར་ལྷ་དགུའི་ དབང་དང་རྡོ་ཕྲེང་གི་དབང། མཁན་ཆེན་བསོད་ནམས་བཟང་པོ་ ལས་ཚེ་སྒྲུབ་དང་རྟ་མགྲིན། ཆོས་རྗེ་བྱང་སེམས་རྒྱལ་བ་ལས་པཎ་ ཆེན་གྱི་སྙན་བརྒྱུད། ཞྭ་ལི་གྲགས་པ་རྒྱལ་མཚན་ལས་ཡོ་གའི་དབང་ ཆེན་བཅས་གསན་སྦྱངས་མཛད། དགུང་ལོ་བཅུ་གཅིག་པར་རྩེད་ ཐང་དུ་བཤད་གསར་མཛད་དེ་བརྟག་གཉིས་གསུངས། སློབ་དཔོན་ ཤེར་དོན་པ་ལས་ཚད་མ་རྣམ་འགྲེལ་ལ་ཐུགས་སྦྱོང་མཛད་པས་མཁས་ པར་མཁྱེན། དགུང་ལོ་བཅོ་ལྔ་པར་ལྷ་ས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་སྐོར། དེ་ནས་གཞན་གྱིས་ཕྲ་མ་བཅུག་པས་གདན་ས་ཐེལ་དུ་ བཞུགས་མ་བདེ་བར་ཡང་དགོན་དུ་ཕེབས། སྦྱན་སྔ་ཀུན་སྤངས་པ་ དང་བླ་ཆེན་རིན་གཞོན་པ་ལ་བསྟེན་ནས་ཕྱག་ཆེན་ཁྲིད་རྣམས་ལེགས་ པར་གསན་ཏེ། སྐུ་རགས་མི་འགྲོལ་བ་དང་སྐུ་ལུས་སྲོང་བའི་ཕྱིར་ དབུ་སྐྲ་ལ་ཐག་པ་བཏགས་ཤིང། དེ་གདུང་མ་ལ་བཀལ་ནས་སྒྲུབ་པ་ རྩེ་གཅིག་ཏུ་མཛད་པས་ཏིང་ངེ་འཛིན་ཡང་དག་པ་འཁྲུངས། མཁན་ པོ་སངས་རྒྱས་བློ་གྲོས་དང། ལས་སློབ་དགྲ་བཅོམ་པ་རྒྱལ་མཚན་ བཟང་པོ། གསང་སྟོན་མཁན་ཆེན་དཀའ་བཅུ་པ་བསོད་ནམས་སེང་ གེས་མཛད་ནས་བསྙེན་པར་རྫོགས། དེ་ནས་སྣར་ཐང་མཁན་ཆེན་ གྲུབ་པ་ཤེས་རབ་ལ་སོགས་པའི་སྣར་ཐང་གི་ཆེ་བགྲེས་རྣམས་བཀའ་ [1040] གྲོས་མཛད་ནས་སྣར་ཐང་དུ་སྤྱན་དྲངས་ཏེ། སྣར་ཐང་སྡེ་མ་ལག་ དང་བཅས་པ་ཕྱག་ཏུ་ཕུལ། དེ་ནས་གཞན་གྱིས་ཕྲ་མ་བཅུག་པ་ རྣམས་ཞི་བར་གྱུར་ཏེ་སྟག་ལུང་ཆོས་རྗེས་བཀའ་བརྒྱུད་རིན་པོ་ཆེ་སྤྱི་ དང་གདན་སའི་བདག་པོ་ཁྱེད་ལས་འོས་མེད་གསུངས་ཏེ་དགུང་ལོ་སོ་ གཅིག་པ་རབ་བྱུང་བདུན་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཕག་ གྲུའི་གདན་ས་སྤྱན་སྔའི་གོ་སར་མངའ་གསོལ། དགུང་ལོ་ཞེ་དྲུག་པར་ རྒྱུ་རིན་པོ་ཆེ་ལས་གྲུབ་པའི་སྒོ་མངས་ལེགས་པར་བཞེངས་མཛད་ གདན་སའི་འགན་ཁུར་ལོ་ངོ་བཅུ་བདུན་རིང་དུ་བཞེས་ཏེ་དགེ་འདུན་ ཐམས་ཅད་ཐུགས་མཐུན་ཞིང་ཁྲིམས་གཙང་བ་དང། བཤད་སྒྲུབ་ གཉིས་ལ་མཁས་པ་དང་གྲུབ་པ་བརྙེས་པའི་ཚོགས་པ་ཤ་སྟག་བྱུང་ དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ ལ་སྐུ་འཁོར་རྣམས་ཀྱིས་མཛེས་བཙལ་བས་ཉེར་གཉིས་པར་གྲགས་ ཁོང་ནི་ཕག་གྲུའི་གདན་རབས་བཅུ་བཞི་པ་ཡིན།། སྤྱན་སྔ་བསོད་ནམས་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་སྤྱན་སྔ་གྲགས་པ་བྱང་ཆུབ་ལས་དགེ་ བསྙེན་གྱི་སྡོམ་པ་མནོས། སྤྱན་སྔ་བསོད་ནམས་གྲགས་པ་ལས་ཆོས་ ཁྲིད་མང་དུ་ཞུས། མཁན་ཆེན་གྲགས་པ་རྡོ་རྗེ་དང་སློབ་དཔོན་ཚུལ་ ཁྲིམས་རྒྱལ་བ་ལས་རབ་ཏུ་བྱུང། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ་ ལས་བརྡ་བཞིའི་དབང་རྣམས་ཞུས། བརྟག་གཉིས་ལ་གསན་སྦྱངས་ [1041] ལེགས་པར་མཛད་ཅིང་རྩེད་ཐང་དུ་ཚོགས་པའི་འཚོགས་པ་ལ་གསུངས་ རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དང། མཁན་ཆེན་བསོད་ནམས་ བཟང་པོ་གཉིས་ལས་དབང་རྒྱུད་མན་ངག་མང་དུ་ཞུས། དགུང་ལོ་ ཉེར་དགུ་པར་རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཕག་གྲུའི་གདན་ས་སྤྱན་སྔའི་གོ་སར་ཕེབས། བླ་ཆེན་རིན་གཞོན་པ་ ལས་བཀའ་བརྒྱུད་ཀྱི་གདམས་པའི་ཞིབ་ཆ་རྣམས་ལེགས་པར་གསན་ དགུང་ལོ་སུམ་ཅུ་ཐམ་པར་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དང་ མཁན་ཆེན་རྒྱལ་བ་བཟང་པོ། གསང་སྟོན་པཎྜི་ཏ་ཀུན་དགའ་རྒྱལ་ མཚན་གྱིས་མཛད་དེ་བཀྲ་ཤིས་དོ་ཁར་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ གདན་སའི་འགན་ཁུར་ལོ་ངོ་དགུ་བཞེས་ཏེ་དགུང་ལོ་སོ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཕག་གྲུའི་གདན་ རབས་བཅུ་གསུམ་པ་ཡིན།། སྤྱན་སྔ་བསོད་ནམས་འོད་མཛེས་པ།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་བརྒྱད་ པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་མཁས་ གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་ནས་སྤྱོད་འཇུག་ཤེས་རབ་ བརྒྱ་བ། བསླབ་བཏུས། འདུལ་བ། བརྟག་གཉིས། བློ་སྦྱོང་དོན་ བདུན་མ། གདན་བཞིའི་འགྲེལ་བ། ལམ་འབྲས། དབུ་སེམས་ཀྱི་ སེམས་བསྐྱེད། དུས་འཁོར་རྒྱུད་འགྲེལ། གསང་འདུས་སྦྱོར། ཀྱེ་རྡོར། རྡོ་རྗེ་ཕྲེང་བ། བདེ་མཆོག་བཅས་ཀྱི་དབང་ཆེན་རྣམས་ལ་ གསན་པ་དང་ཞུ་བ་མཛད་དེ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་མིག་འབྲས་ [1042] བཞིན་དུ་བསྲུངས་པར་མཛད། ཆོས་རྗེ་ལྷ་བསོད་ནམས་འོད་ཟེར་ ལས་བཀའ་གདམས་པའི་ལམ་རིམ་དང། རིམ་ལྔའི་ཁྲིད། ཕྱག་རྒྱ་ ཆེན་པོ། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། ནཱ་རོ་ཆོས་ དྲུག་ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས་ཏེ་སྒྲུབ་པ་ཉམས་ལེན་ མཛད། རབ་བྱུང་བདུན་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ གཡའ་བཟང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་པོའི་ ལྟོ་གོས་ཆོས་གསུམ་གང་ལ་གང་འཚམ་གྱིས་འདོད་དོན་གྲུབ་པར་ མཛད་ཅིང་གཙུག་ལག་ཁང་ཞིག་གསོ་དང་སྐུ་གསུང་ཐུགས་རྟེན་བཅས་ བཞེངས་པར་མཛད། ལོ་ངོ་ཉི་ཤུ་རྩ་དྲུག་རིང་དུ་གདན་གསར་བཞུགས་ ཤིང་གཞན་དོན་ཕུན་སུམ་ཚོགས་པར་གྲུབ་ནས་ཞི་བར་གཤེགས་སོ་ ཁོང་ནི་གཡའ་བཟང་དགོན་པའི་གདན་རབས་དགུ་པ་ཡིན།། སྤྱིལ་བུ་བ།། ཁོང་ནི་སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ།། སྤྲང་མོ་རྨ།། ཁོང་ནི་སྤྱི་ལོའི་དུས་རབ་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་ མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བརྩན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། [1043] གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། སྤྲུལ་སྐུ་ཡང་དབེན་པ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཡབ་སློབ་དཔོན་སྟོན་པ་དང། ཡུམ་སྨོན་ལམ་རྒྱན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་བཞི་པར་མཁན་པོ་ སེ་དང། སློབ་དཔོན་དུ་བ་གཉིས་ལས་རབ་ཏུ་བྱུང། དགུང་ལོ་བཅུ་ བདུན་པར་ལྷ་རྗེ་ཟླ་བ་འོད་ཟེར་གྱི་ཞབས་ལ་གཏུགས་ཤིང་གདམས་ ངག་དབང་དང་བཅས་པ་ལེགས་པར་ཞུས། སློབ་དཔོན་སྟོན་སྐྱབས་ ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་སྤྱོད་ཕྱོགས་དང་མངོན་པ་ བཅས་ཞུས། དགུང་ལོ་ཉི་ཤུ་རྩ་གསུམ་པར་དབུས་སུ་ཕེབས་ཏེ་གདན་ སར་བཏོན། དེ་ནས་སོག་དང། ལུ་རུའི་བྲག་འགར་བྲག་ཡང་ དབེན་རྣམས་སུ་བྱོན་ཏེ་སྒྲུབ་པ་ཉམས་ལེན་མཛད། ཡི་དམ་ལྷ་ཡིས་ ཞལ་གཟིགས་ཤིང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སྤྱིར་ བསྟན་པའི་བྱ་བ་འབའ་ཞིག་མཛད་ཅིང། བྱེ་བྲག་ཏུ་ཡབ་དང་ལྷ་རྗེ་ ཟླ་བ་འོད་ཟེར་གྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར་མལ་གྲོ་རྒྱལ་ བཟངས་སྒང་གི་གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་དྲུག་ཅུ་ཙམ་ གྱི་ཚོགས་པ་བསྐྱངས། དེ་ལ་སོགས་པའི་ཕྱག་རྗེས་དང་གཞུང་ གདམ་ངག་གི་སྒོ་ནས་ཕན་པ་རྒྱ་ཆེན་པོ་མཛད་ཅིང། དགུང་ལོ་ལྔ་ བཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ [1044] གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ།། སྤྲུལ་སྐུ་བློ་བཟང་དཀོན་མཆོག་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་ཡུམ་མ་མའི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ལྔ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ མཛད་ཅིང་དགུང་ལོ་བདུན་པར་རབ་ཏུ་བྱུང་ཞིང་བླ་བྲང་བཀྲ་ཤིས་ འཁྱིལ་དུ་གདན་སར་བཀོད། དགུང་ལོ་བརྒྱད་པར་འཇམ་པའི་ དབྱངས་ལས་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་བཞི་པར་ཆོས་གྲྭར་ ཞུགས་ནས་བསྡུས་གཞུང་ལ་སོགས་པའི་མཚན་ཉིད་ཀྱི་གཞུང་ལ་ཐུགས་ གཉེར་མཛད་ཅིང་དགུང་ལོ་བཅུ་དགུ་པར་སྨོན་ལམ་རབ་འབྱམས་པ་ མཛད། དགུང་ལོ་ཉེར་གཅིག་པར་ཀུན་གཟིགས་མཆོག་ལས་བསྙེན་ པར་རྫོགས། དེ་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་ མཛད་ཅིང་དགུང་ལོ་སོ་བརྒྱད་པར་རྡོ་རམས་པའི་དམ་བཅའ་བཞག་ དགུང་ལོ་སོ་དགུ་པར་ཚ་གན་པེ་ཤིང་གི་ཁྲི་ལ་བཞུགས། འདུ་ཁང་ བཞེངས་པ་ལ་དངུལ་རྡོ་ཚད་བཅུ་གཅིག་ལྷག་གི་རྒྱུ་དངོས་སྦྱོར་འཇགས་ གནང། དགུང་ལོ་ཞེ་དྲུག་པར་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་ གླིང་གི་ཁྲི་ལ་ལོ་གཅིག་བཞུགས། དགུང་ལོ་ཞེ་བདུན་པ་རབ་བྱུང་ བཅུ་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་ གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་གདན་ས་ བསྐྱངས་ཤིང་འཆད་ཉན་དང་འགྲིག་ལམ་བཅས་ལ་དོ་དམ་གང་ལེགས་ གནང། ཁྲི་ཟུར་ནས་དགོན་པ་དང་དངུལ་རྭ་རེས་མོས་ཀྱིས་འགྲོ་ [1045] ཕན་སྐྱོང་ཞིང་དུས་འདའ་བར་མཛད། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་རབས་ཞེ་བཞི་པ་ཡིན་ནོ།། སྤྲུལ་སྐྱ་སངས་རྒྱས་འཕུམ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ དགྲའི་ལྷོ་སྲོངས་སུ་ཡབ་ལྷོ་རད་མོའི་སྲས་སུ་སྐུ་འཁྲུངས། ཁོང་གི་ བྱིས་པའི་མིང་རྡོ་རྗེ་འབུམ་ཞེས་ཞུ། དགུང་ལོ་ལྔ་པར་བླ་མ་ཞང་ལས་ སེམས་བསྐྱེད་དང་དབང་ཆེན་ཞུས། དེ་ནས་བླ་མ་ཞང་དང་མཁན་ལས་ སེམས་བསྐྱེད་དང་དབང་ཆེན་ཞུས། དེ་ནས་བླ་མ་ཞང་དང་མཁན་པ་ བཟོད་པ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་སངས་རྒྱས་འབུམ་ ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་གསུམ་པར་རབ་བྱུང་གི་མཁན་སློབ་ གཉིས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཕྱིས་ལྷ་ཕྱུག་མཁར་པའི་ ཐུགས་ཀྱི་སྲས་སུ་གྱུར་ཞིང་ཆོས་མཐའ་དག་གནང། རབ་བྱུང་བཞི་ པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་སར་ ཕེབས། ལོ་ངོ་བཅོ་བརྒྱད་རིང་དུ་གདན་ས་བསྐྱངས། དེ་ནས་གུང་ ཐང་དུ་དགོང་སྡེ་བཏབ་ཅིང། བདེ་མཆོག་གི་དཀྱིལ་འཁོར་བཞེངས་ ནས་དབུ་རྩེ་ཕུལ། ལྷ་སའི་རག་གསོས་འབྲི་སྟག་གི་འདུམ་ལ་བྱོན་ པ་སོགས་ཕྱག་རྗེས་དུ་མ་མཛད། སྒོམ་པ་ཡེ་ཤེས་ལྡན་གྱིས་གདན་ས་ རྩོད་ནས་སྤྲུལ་སྐུ་སངས་རྒྱས་འབུམ་གདན་སའི་ཁྲི་ལས་ཕབ་པས་ ལོགས་སུ་དགོན་གནས་བསྐྱངས་ནས་བཞུགས་པ་རེད། ཁོང་ནི་ཚལ་ གུང་ཐང་གི་བླ་རབས་ལྔ་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བླ་ མ་བ་ལམ་པ་དང། སྤྱན་སྔ་བ་ཕྱུགས་པའི་རྟོགས་ལྡན་འདག་ཆར་ བ། ཇོ་བཙུན་སྲས་པ། ལྷ་རྗེ་དགེ་འབུམ་ལྕམ་སྲིང། གྲྭ་པ་དགེ་ [1046] སློང། སློབ་དཔོན་ངར་ཕུག་པ་འབྲི་ར་བ། རྟོགས་ལྡན་བྱང་ཕྱི་བ་ སྤོས་ཁ་པ། ལྷ་སྤྱིལ་པ་ཞང་སྒོམ་བཅས་ཡིན་ སྤྲོ་ནང་བློ་བཟང་སྨོན་ལམ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་སྤྲོ་ནང་དུ་ཡབ་ཨུ་ཎི་ཥ་དང་ ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་དགའ་ལྡན་འགྲོ་ཕན་གླིང་གི་ཆོས་སྒོར་ཞུགས་ཏེ་ཡི་གེའི་ སྦྱོར་ཀློག་དང་འདོན་ཆ་བཅས་ལ་བྱང་ཆུབ་པར་མཛད། དགུང་ལོ་ བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ ཆོས་གྲྭར་ཞུགས་ནས་བསྡུས་གཞུང་དང། དབུ་མ། ཕར་ཕྱིན་ འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་ བསམ་མཐར་ཕྱིན་པར་མཛད། གཞན་ཡང་བཀའ་གདམས་བསྟན་ པའི་སྒྲོན་མེ་བྱམས་པ་རིན་པོ་ཆེ་དང། རྗེ་ཡེ་ཤེས་རྒྱལ་མཚན། ཁྲི་ ཆེན་བློ་བཟང་དྲི་མེད། ཁྲི་ཆེན་བསམ་གཏན་ཕུན་ཚོགས་སོགས་ལ་ བསྟེན་ནས་བཀའ་གདམས་གཞུང་དྲུག་དང། ལམ་རིམ་བློ་སྦྱོང་ གསང་བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་བཅས་ཟབ་ཆོས་མཐའ་ ཡས་པ་གསན་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། སེམས་ དཔའ་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུའང་བཞུགས། དགུང་ ལོ་བཞི་བཅུ་ཐམ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚད་དུ་ཞུགས་ཏེ་གསང་ སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་དེ་ [1047] དགུང་ལོ་ཞེ་གསུམ་པར་སྨད་རྒྱུད་བླ་མ་དབུ་མཛད་ཀྱི་ཁྲི་དང་ དགུང་ལོ་ཞེ་བདུན་པར་རྒྱུད་པའི་མཁན་ཁྲི། དགུང་ལོ་ཞེ་བརྒྱད་པར་ བྱང་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས། དགུང་ལོ་ལྔ་བཅུ་ང་ བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེ་ནས་ཟུར་ བཞུགས་མཛད་ཀྱང་ཁྲི་ཆེན་རེ་གསུམ་པ་སྐུ་ཚེ་མ་བརྟན་པའི་སྟབས་ ཀྱིས་རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སླར་ དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གཉིས་ཀྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་གོང་ནས་གོང་དུ་འཕེལ་བར་ མཛད། དགུང་ལོ་བདུན་བཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གདུང་བྱང་ཆུབ་མཆོད་ རྟེན་བཞེངས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་བཞུགས་སོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་གཉིས་པ་ཡིན་ ནོ། ཁོང་གི་མཚན་གཞན་ལ་བྱང་རྩེ་བློ་བཟང་སྨོན་ལམ་ཞེས་ཞུའོ།། [1048] ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ལྷ་སའི་ནུབ་ཕྱོགས་གཡུ་ཐོག་ཤར་དུ་ཡབ་ཤོད་དྲུང་ཚེ་བརྟན་རྣམ་ རྒྱལ་དང། ཡུམ་ཆོ་འབྲང་བཟང་མོ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ངག་དབང་ རབ་བརྟན་དུ་འབོད། དགུང་ལོ་བདུན་པར་རབ་ཏུ་བྱུང་ནས་ཡོངས་ འཛིན་ཕུར་ལྕོག་པ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་ དགུ་པར་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞི་ལ་མཁས་པར་ སྦྱངས། དགུང་ལོ་ཉི་ཤུ་པར་དགེ་སློང་གི་སྡོམ་པ་བཞེས། བྲག་རི་རྡོ་ རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ་སོགས་ལས་ ལུང་རྒྱུན་པོ་ཏི་ལྔ་བརྒྱར་ཉེ་བ་དང། རྗེས་གནང་སྟོང་ཕྲག་ལ་ཉེ་བ་ ཁྲིད་ཆེན་ཁག་ལྔ་བཅུར་བརྒལ་བ། དབང་ཆེན་ཉི་ཤུར་ཉེ་བས་མཚོན་ པའི་ས་དགེ་བཀའ་རྙིང་སོགས་ཀྱི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུར་ གསན་བསམ་རྒྱ་ཆེན་མཛད། དེ་ནས་དབུས་གཙང་དང། དྭགས་ པོ། ཀོང་པོ། ལྷོ་བྱང། མདོ་སྨད། ཁམས་ཕྱོགས་དང་བཅས་ [1049] པར་ཞབས་ཀྱི་བཅགས་ཏེ་སེར་སྐྱ་མང་ཚོགས་རྣམས་ལ་གང་ལ་གང་ འཚམས་ཀྱིས་ཆོས་ཀྱི་སྦྱིན་པ་བཏང་ནས་རྣམ་དཀར་དགེ་བའི་ལམ་ལ་ བཀོད་པར་མཛད། སྐུ་ཚེ་གང་བོར་གྲྭ་བུ་སློབ་རྣམས་ལ་འཆད་ཉན་ གྱི་མཛད་པ་འཕྲིན་ལས་ཁོ་ནས་དུས་འདའ་བར་མཛད་དོ། ཁོང་ལ་ མདོ་དབུས་ཁམས་གསུམ་དུ་ཁྱབ་པའི་སློབ་མ་མང་པོ་བྱིན་པ་ལས་ ཐུགས་སྲས་ཀྱི་ཐུ་བོ་ཆེ་རྣམ་འདྲེན་ཆེན་པོའི་ཡོངས་སུ་འཛིན་པ་མཆོག་ ཟུང་ལྟ་བུའོ། །ཁོང་གི་གསུང་རྩོམ་ནི། དང། ། ཕ་བཞིས་ཞབས་དྲུང་བློ་བཟང་དགེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྟོང་འཁོར་ཆ་གན་འོ་སུ་ཞེས་པའི་སྡེ་བར་ཡབ་དབང་ཕྱུག་ཚེ་རིང་ གི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བདུན་ པར་རྒྱུད་པ་མཁན་པོ་ཨོར་ཏུ་སུ་ཞབས་དྲུང་ངག་དབང་མཁས་གྲུབ་ཉི་ མའི་མདུན་ནས་བར་མ་རབ་བྱུང་བསྒྲུབས། དགུང་ལོ་བཅོ་བརྒྱད་ པར་སྐུ་འབུམ་དགོན་དུ་ཕེབས་ཏེ་མཚན་སྒྲོག་མཁན་ཆེན་དགེ་འདུན་ བསྟན་པའི་ཉི་མའི་མདུན་ནས་དགེ་ཚུལ་བསྒྲུབས། དེ་ནས་དཔལ་ ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་རྣམ་འགྲེལ་དང་ཕར་ཕྱིན་ ལ་སྦྱངས་པ་ཕུལ་དུ་ཕྱིན་པ་དང། ཚོགས་ལངས་བཞེངས་ཤིང་ཁྱད་ པར་བསྡུས་གྲྭའི་དམ་བཅའ་མིང་དང་དོན་མཐུན་པ་བཞག་དགུང་ ལོ་ཉི་ཤུ་ཐམ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་ ཚིགས་ཕྱི་མའི་སྡོམ་པ་བཞེས་ཤིང་བསླབ་བྱ་རྣམས་ཚུལ་བཞིན་བསྲུན་ [1050] བར་མཛད། དགུང་ལོ་ཉེར་གསུམ་པ་དཔལ་ལྡན་གསང་སྔགས་རྒྱུད་ པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལ་ ཐོས་བསམ་ཕྲ་ཞིབ་གནང། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅོ་ལྔ་ པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་ བཞུགས་ནས་ཆོས་སྲིད་གཉིས་ཀྱི་སྒོ་ནས་ཐུགས་ཁུར་ཆེར་བཞེས་ མཛད། དགུང་ལོ་སུམ་ཅུ་ཐམ་ཅད་པར་དབུས་གཙང་དག་པའི་ཞིང་དུ་ ཕེབས་ཤིང་རྒྱལ་བ་ཡབ་སྲས་དང། ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ དང་བརྟེན་པར་བཅས་པ་ལ་མཇལ་ཕྱག་སྨོན་འདུན་གནས་འབྲེལ་ མཆོད་བཀུར་རྒྱ་ཆེར་མཛད། དེ་ནས་སྐུ་འབུམ་དུ་ཕེབས་ཏེ་དགུང་ལོ་ སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་བསྟན་ དང་འགྲོ་བའི་དོན་དུ་ཐུགས་ཁུར་མཛད་ནས་དུས་འདའ་པའོ། ཁོང་ ནི་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་སོ་དྲུག་པ་དང། རྒྱུད་ པ་མཁན་པོའི་ཁྲི་རབས་བདུན་ཅུ་དོན་ལྔ་པ་ཡིན་ནོ། ། ཕག་གྲུ་གྲགས་པ་ཡེ་ཤེས།། ཁོང་ནི་གྲགས་པ་ཡེ་ཤེས་དང་མི་གཅིག་ཡིན་པས་དེར་གཟིགས་ པར་ཞུའོ། ། ཕག་གྲུ་ངག་དབང།། ཁོང་ནི་ཆོས་རྗེ་ངག་གི་དབང་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། [1051] ཕག་གྲུ་ཆོས་རྗེ་ཉེར་གཉིས་པ།། ཁོང་ནི་སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་དང་ མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། ཕག་གྲུ་གཉིས་མཆོད་པ།། ཁོང་ནི་གྲགས་པ་རིན་ཆེན་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། ཕག་གྲུ་རྡོ་རྗེ་རྒྱལ་པོ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ལྷོ་རྒྱུད་དུ་ཡབ་ཝེ་ན་ཨ་ཐར་དང། ཡུམ་བཙུན་ནེ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་དབས་ཡིན། རབ་བྱུང་ གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་དགུ་པར་བྱ་ཁྱི་ལྷ་ཁང་དུ་མཁན་པོ་ཚུལ་ཁྲིམས་དང་སློབ་ དཔོན་འོད་ཟེར་རྒྱ་མཚོ་ལས་རབ་ཏུ་བྱུང། ཡི་གེ་དང་ལྷ་བྲིས་མ་ བསླབ་ཀྱང་མཁྱེན། ཁམས་སུ་བཞུགས་རིང་སློབ་དཔོན་བཅུ་དྲུག་ ཙམ་བསྟེན་ནས་ཐུན་མོང་རིག་གནས་དང། ཐུང་མོང་མ་ཡིན་པའི་ གཞུང་ལུགས་ཁག་ལ་སློབ་གཉེར་གནང། དགུང་ལོ་བཅུ་དགུ་པར་ དབུས་སུ་ཕེབས་ཏེ་སྟོད་ལུང་རྒྱ་དམར་བ་དང། ཕྱ་པ་ཆོས་ཀྱི་སེང་གི་ ལས་དབུ་ཚད་སོགས་གསན། དགུང་ལོ་ཉེར་ལྔ་བར་བྱ་འདུལ་གྱིས་ མཁན་པོ་མཛད་ནས་བསྙེན་པར་རྫོགས། མཁན་པོ་དེ་བ་ལས་འདུལ་ བ་དང། ཨར་ལས་ཕར་ཕྱིན། མྱང་བྲན་ལས་སྤྱོད་མཇུག་མང་དུ་ གསན་པས་མཁས་པའི་གྲགས་པ་ཐོབ། དམར་ཆོས་ཀྱི་རྒྱལ་མཚན་ [1052] ལས་བདེ་མཆོག་དང། དཔལ་ཆེན་རྒྭ་ལོ་དང་ས་ཆེན་ཀུན་དགའ་ སྙིང་པོ་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། དགུང་ལོ་ཞེ་ གཅིག་པར་སྒམ་པོར་བྱོན་ནས་དྭགས་པོ་རིན་པོ་ཆེ་ལས་གདམས་ངག་ གསན་པས་རྟོགས་པ་མཆོག་གྱུར་འཁྲུངས་ཏེ་སྔར་གྱི་ཉམས་རྟོགས་ ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟ་བུར་གྱུར། དགུང་ལོ་ཞེ་དགུ་པ་སྟེ་ སྤྱི་ལོ་་ལོར་ཕག་མོ་གྲུ་པ་ཀུན་བཟང་ནགས་ཁྲོད་དུ་དགོན་པ་ གསར་འདེབས་མཛད་ནས་གནས་གཞིར་བཟུང། གདན་ས་ལོ་ངོ་ བཅུ་གསུམ་ཙམ་དུ་བསྐྱངས། དེ་ཡི་བརྒྱུད་པ་ལ་ཕག་གྲུ་བཀའ་བརྒྱུད་ དུ་གྲགས། བཀའ་བརྒྱུད་ཆུང་བ་ཚང་མ་འདི་བ་ལས་གྱེས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་མོས་གུས་མཐར་ཕྱིན་སྟག་ལུང་ཐང་པ་བཀྲ་ཤིས་ དཔལ། རྟོགས་པའི་མཐར་ཐུག་སྣ་ཕུ་པ་གླིང་རས་པདྨ་རྡོ་རྗེ། ཤེས་ རབ་མཐར་ཐུག་སྤར་ཕུ་བ་བློ་གྲོས་སེང་གེ་ནུས་པའི་མཐར་ཐུག་ མཆན་བུ་རྒྱ་རས་བཅས་ཡིན། ཁོང་གི་གསུང་རྩོམ་ནི་པོད་ཆེན་བཞི་ བཞུགས་སོ། ། ཕག་གྲུ་དཔལ་ལྡན་བཟང་པོ།། ཁོང་ནི་སྤྱན་སྔ་དཔལ་ལྡན་བཟང་པོ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། ཕག་གྲུ་བསོད་ནམས་བཟང་པོ།། ཁོང་ནི་སྤྱན་སྔ་བསོད་ནམས་བཟང་པོ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། ཕག་མགོ་བླ་མ།། [1053] ཁོང་ནི་ཀོང་པོ་ཡེ་ཤེས་བརྩོན་འགྲུས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཕན་བདེའི་དབང་ཕྱུག་མཁས་བརྩུན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་དངུལ་རྭའི་ཞོལ་དུ་ཨ་རིག་ཨ་མྱེས་རིགས་ལས་ཡབ་ཐུབ་བསྟན་རབ་ རྒྱས་དང་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ པཎ་ཆེན་བསྟན་པའི་ཉི་མས་ལ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་ དགེ་ལེགས་རྒྱལ་མཚན་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང། ཨ་རིག་ དགེ་བཤེས་བྱམས་པ་དགེ་ལེགས་སོགས་མཚན་ལྡན་དམ་པ་མང་པོ་ ལས་དབང་ལུང་མན་ངག་ཁྲིད་བཤད་བཅས་སྨིན་རྒྱས་སུ་མནོས་ དགུང་ལོ་བཅུ་དྲུག་པར་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས། དགུང་ ལོ་ཉི་ཤུ་བ་ལ་པཎ་ཆེན་རིན་པོ་ཆེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ ཁོང་དང་ཤར་ནོ་མིན་ཧན་ཨ་རིག་དགེ་བཤེས་ཆེན་མོ་རྣམ་པ་གསུམ་ ཀའི་འཕྲིན་ལས་འཇུག་པ་གཅིག་དྲིལ་གྱིས་རྨ་ཀླུང་ལྷོ་བྱང་གི་ཡུལ་གྲུ་དུ་ མ་བདེ་འཇགས་སུ་བཀོད། ལ་མོ་བདེ་ཆེན་དགོན་དང་མགུར་སྒར་ ཁམས་གསུམ་རྣམ་རྒྱལ་དུ་མཚན་ཞབས་པ་བཅུ་ཕྲག་རེ་དང་བསྡེབས་ ནས་མདོ་སྔགས་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ གཞུང་ལ་སྦྱངས་བརྩོན་གནང་བས་མཁས་གྲུབ་གཉིས་འཛོམས་སུ་ གྲགས། ཁོང་གི་སྐུ་གདུང་ནི་བྱ་གཞུང་གི་རི་བོ་ཐོད་དཀར་གྱི་མདུན་ དུ་སྦྱིན་སྲེག་བྱས་སོ། ། [1054] ཕུ་རི་བ་དཀོན་མཆོག་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ ཙམ་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། །ཁོང་ནི་རྗེ་ རྒོད་ཚང་པ་མགོན་པོ་རྡོ་རྗེའི་མཆོག་ཏུ་གྱུར་པའི་སློབ་མ་ཡིན་ཏེ་ དཀའ་སྤྱད་རྗེ་རྒོད་ཚང་པ་དང་མཉམ་པ་ཡིན། རོ་སྙོམས་སྒང་ འདྲིལ་ཞུ་མཁན་ཡིན། ཁོང་གིས་དུས་ཕྱིས་སུ་ཕ་དྲུ་ཏུ་དགོན་པ་ གསར་འདེབས་མཛད་ཅིང་འཚོགས་པ་བསྐྱངས། བརྒྱུད་པ་འཛིན་ པའི་སློབ་མ་ཡང་སྦྲུལ་སྐུ་བདེ་ཆེན་སེང་གེ་དང། མ་གཅིག་ཆོས་སྒྲོན་ བཅས་བྱོན་ནོ། ། ཕུན་ཚོགས་གླིང་ཞབས་དྲུང་བློ་བཟང་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མཚོ་སྔོན་ཨེར་ཁེ་པཱེ་ལིའི་ས་ཆར་ཡབ་པཱ་ཐོ་དང། ཡུམ་ལྷ་མོ་འཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཙང་གི་དཀའ་ཆེན་བླ་མའི་ མདུན་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་སྐུ་འབུམ་དུ་ཕེབས་ ནས་གདན་སར་བཀོད། དཔའ་རིས་རབ་འབྱམས་པ་དཀོན་མཆོག་ བསྟན་པ་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་དཔལ་ལྡན་ བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་མཚན་ཉིད་སོགས་ཐོས་བསམ་ མཛད། དགུང་ལོ་བཅོ་བརྒྱད་པར་དཔལ་ལྡན་གསང་སྔགས་རྒྱུད་པ་ གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་སྔགས་ཀྱི་ཐེག་པའི་གཞུང་ལ་ཐོས་ [1055] བསམ་གང་ལེགས་གནང། གྲོ་ཚང་རྒྱུད་པ་མཁན་ཆེན་བློ་བཟང་ བསྟན་པ་ཡར་འཕེལ་གྱི་མདུན་ནས་ཚིགས་ཕྱི་མའི་སྡོམ་པ་བཞེས་ གཞན་ཡང་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་རིག་གནས་དང་བཀའ་ ཆོས་མང་དུ་གསན། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ཤིང་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་ནན་ཏན་དུ་ མཛད། དགུང་ལོ་ཉེར་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་དྲུག་ཅུ་རེ་ དགུ་པ་ཡིན། ། ཕུན་ཚོགས་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ ཙོང་ཆུའི་གཡས་བརྒྱུད་ཀ་རིང་ལྷ་ཁང་གི་ཉེ་འདབས་སུ་གཡུང་བའི་ རིགས་སུ་འཁྲུངས། ཁོང་དགུང་ལོ་བརྒྱད་པར་ཤེས་རབ་ཆོས་ལྡན་ དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེགས་ མེད་པར་མཁྱེན། ཤེར་ཕྱིན་སུམ་བརྒྱ་བ་དང་འཇམ་སྡུད་བཟང་ གསུམ་ཐུགས་ལ་བཟུང་ནས་ཉིན་བཞིན་ཞལ་འདོན་མཛད། རྗེ་ མཐོང་བ་དོན་ལྡན་ལས་དགེ་ཚུལ་བསྒྲུབས་པས་མཚན་ལ་ཕུན་ཚོགས་ རྣམ་རྒྱལ་ཞེས་འདོགས་པ་གནང་ཞིང་ལན་གསུམ་བསྐྱར་ནས་མི་བརྗེད་ པ་གྱིས་གསུང་བ་སོགས་ཐུགས་ཤིན་ཏུ་བརྩེ་བ་མཛད། དགུང་ལོ་བཅོ་ བརྒྱད་པར་དབུས་གཙང་དུ་བྱོན། ལྷོ་ཁའི་མངའ་རིས་གྲྭ་ཚང་དུ་ མཁས་གྲུབ་དོན་ལེགས་པའི་ཞབས་ལ་གཏུགས་ཏེ་བསྡུས་ཚད་ལ་སྦྱངས་ [1056] པས་ཟླ་བ་བརྒྱད་ཀྱིས་བསྡུས་ཚད་ཀྱི་རིགས་ལམ་ཕྲ་མོ་རྣམས་ཐུགས་སུ་ ཆུད། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ་དབུ་ཕར་དང་འདུལ་མངོན་ ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང། དགུང་ལོ་ཉེར་ལྔའི་སྐབས་ གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། དེ་ནས་རང་ཡུལ་དུ་བྱོན་ ཞིང་ལོ་བཅོ་བརྒྱད་ཀྱི་བར་དུ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ ལ་ཉིན་མཚན་འཁོར་མོ་ཡུག་ཏུ་ཐོས་བསམ་མཛད་པས་གསུང་རབ་ལ་ནང་བྱན་ཆུད་པའི་ངེས་དོན་གྱི་མཁས་པའི་གོ་འཕང་བརྙེས། ཤར་ཀ་ རིང་དཀའ་བཅུ་བ་ཞེས་མཁས་གྲགས་ཀྱང་ཤིན་ཏུ་ཆེ། རབ་བྱུང་བཅུ་ པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་དགོན་པའི་གདན་ སའི་ཁྲི་ལ་བཞུགས་ནས་ལོ་ལྔའི་བར་དུ་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་བཅས་ལ་དོ་དམ་གང་ལེགས་མཛད། སྔ་སོར་གཙུག་ལག་ ཁང་བཞེངས་པ་ལ་འགལ་རྐྱེན་མང་བས་སུས་ཀྱང་རྔོ་མ་ཐོགས་པ་ལ་རྗེ་ འདིས་ས་དཔོན་སོགས་ལ་ཐབས་མཁས་ཀྱི་མཛད་སྒོ་ལ་བརྟེན་ནས་ གཙུག་ལག་ཁང་ཆེན་པོ་རྒྱལ་བ་བྱམས་པའི་སྐུ་ཆེ་ཚད་དང་བཅས་པ་ བཞེངས། རབ་བྱུང་བཅུ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་གྲོ་ ཚང་དགོན་པ་གསར་འདེབས་མཛད་ཅེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ ཉི་མས་མཛད་པའི། ཆག། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ གདན་སའི་མཁན་རབས་གཉིས་པ་ཡིན་ནོ། ། ཕུར་ལྕོག་ངག་དབང་བྱམས་པ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ [1057] ལོར་མདོ་ཁམས་ཆབ་མདོར་ཡབ་ཨ་ནུ་འཕགས་པ་དང། ཡུམ་བཀྲ་ ཤིས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ བདེ་མཆོག་སྲུང་ཞེས་ཞུ། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་དང་ འདོན་ཆོས་རྣམས་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་ བཅུ་གསུམ་པར་རྒྱལ་བ་འཕགས་པ་ལྟ་རྒྱལ་བ་རྒྱ་མཚོ་ལས་རབ་ བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་བླ་མ་ངག་དབང་རྒྱ་མཚོ་ དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་མཚན་ལ་ངག་དབང་ བྱམས་པ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་དབུས་སུ་ཏེ་སེ་ར་བྱེས་ པ་གྲྭ་ཚང་དུ་ཞུགས་ཤིང་བླ་མ་ངག་དབང་རྒྱ་མཚོ་ལ་བསྟེན་ནས་བསྡུས་ གཞུང་དང། ཕར་ཕྱིན། དབུ་མ། འདུལ་བ། མངོན་མཛོད་ བཅས་ལ་སྦྱངས་ནས་དཀའ་བཞི་པའི་མཚན་བཏགས་བཞེས། དགུང་ ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན། དེ་ནས་ སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་བྱང་ཆུབ་ལམ་ རིམ་དང། བློ་སྦྱོང་དོན་བདུན་མ། དགའ་ལྡན་ཕྱག་ཆེན་བཅས་ ཞུས་ཤིང་ཕུར་བུ་ལྕོག་ཏུ་སྒྲུབ་པ་ཉམས་ལེན་མཛད་ཅིང་རྟོགས་པ་ མངོན་དུ་གྱུར། ཕུར་ལྕོག་སྒྲུབ་སྡེའི་ཚོགས་པ་བསྐྱངས་ཤིང་མདོ་ སྔགས་ཆོས་ཀྱི་འཆད་ཉན་མཛད། དེ་ནས་ཆབ་མདོ་བྱམས་པ་གླིང་ དང། བཀྲ་ཤིས་ལྷུན་པོ། སྣར་ཐང། ལྷ་ལྡན་རྒྱུད་ཁང། སྙེ་ ཐང་སོགས་སུ་ཕེབས་ཏེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མི་ ཆེན་བླ་དཔོན་རྣམས་ཀྱི་བླ་མར་མཛད། སྐུ་ཚེའི་མཇུག་ཏུ་ཕུར་ལྕོག་ [1058] སྒྲུབ་སྡེར་གསེར་དངུལ་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་ གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི། ལན། ཡིག། ཁྲིད་འཇམ་དཔལ་ཞལ་ལུང་གི་དོགས་གཅོད། རིན་པ། རྒྱུད་སྟོད་སྨད་ཀྱི་ཆགས་ཚུལ། བཞུགས་སོ། ། ཕུར་ལྕོག་བྱམས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཁམས་རྫ་ཆུ་ཨོར་ཏོག་གི་འབྲོག་ཡུལ་དུ་ཡབ་བྱམས་ཆོས་ དང། ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ལྔ་པར་དབུས་སུ་གདན་དྲངས་ནས་ཕུར་ལྕོག་རི་ཁྲོད་དུ་ བཞུགས་ཤིང་གནས་བླ་མ་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ ལ་གསན་སྦྱོང་མཛད། དགུང་ལོ་བཅུ་པར་སེ་ར་ཐེག་ཆེན་གླིང་གི་ བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད་ཅིང་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ལ་ [1059] གཙུག་ཕུད་ཕུལ་ཞིང་མཚན་ལ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་ གསོལ། དེ་ནས་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་བསྒྲུབས་ ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་སོགས་ལ་བསྟེན་ནས་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་ཐམ་ པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བསྒྲུབས། དགུང་ ལོ་ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་གྲྭ་སྐོར་ མཛད། དགུང་ལོ་སོ་བདུན་པར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡོངས་ འཛིན་མཛད། དགུང་ལོ་ལྔ་བཅུ་ང་གསུམ་པར་རྒྱལ་བ་ཐུབ་བསྟན་རྒྱ་ མཚོའི་ཡོངས་འཛིན་མཛད་ཅིང་བསྙེན་རྫོགས་ཀྱི་མཁན་སློབ་སྦྲགས་མ་ བཅས་མཛད། མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་པོས་ མཆོད་པ་ཕུལ། དགུང་ལོ་བདུན་ཅུ་དོན་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི། རྣམ་བཤད། ཤེལ་མེ་ལོང། ཞེ་བཞི་ལོངས་པའི་པོད་གཉིས་བཞུགས་སོ། ། ཕུར་བུ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ [1060] བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ བཞུགས་སོ། ། ཕེ་ཀྱྭ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཕྱག་རྡོ་ཐང་ ཡེ་ཧོར་ཕེ་ཀྱཱ་སྡེ་བར་ཡབ་ཏང་ཇིན་དང་ཡུམ་པཱ་བཤུའ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། ཁོང་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་མདུན་ ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་གདན་སར་བཀོད། ལྷ་ རམས་པ་བློ་བཟང་ཆོས་དར་དང། ཁུར་ལུགས་སྨོན་རམས་པ་བཤད་ སྒྲུབ་ཉི་མ་སོགས་སློབ་དཔོན་དུ་བསྟེན་ནས་ཚོགས་འདོན་གྱི་སྐོར་རྣམས་ བྱང་བར་སྦྱངས། དེ་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ ཞུགས་ཤིང་གཞུང་ཆེ་ཆུང་དགོངས་དོན་ལེགས་པར་རྟོགས་པའི་རྩོད་པ་ ཤིན་ཏུ་བཟང། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ ཀྱི་སྡོམ་པ་བཞེས། རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ རབ་བྱུང་བཅོ་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་དུས་སྐབས་དང་བསྟུན་པའི་ ཆོས་སྲིད་ཀྱི་བཀའ་དྲིན་བསྐྱངས། ཁྲི་ཟུར་ནས་སྨད་ཕྱོགས་ཨ་བ་ག་ ཧོའུ་ཤོ་སོགས་ཤོག་ཁ་དུ་མར་ལན་གྲངས་ཁ་ཤས་ཕེབས་ཏེ་གདུལ་བྱའི་ རེ་འདོད་ཡོངས་སུ་བསྐངས། སླར་སྐུ་འབུམ་དུ་ཕེབས་ཏེ་རྩེ་བླ་བྲང་ [1061] ཆེན་མོ་གསར་བཞེངས་དང། སྨན་པའི་འདུ་ཁང་གསར་གསོ་ ཚོགས་ཁྲོ་ཆེན་མོ་གསར་བླུག་སོགས་ཀྱི་ཐེབས་སུ་དངུལ་སྲང་སྟོང་ཕྲག་ གསུམ་ལྷག་གི་སྤྱི་འཇོག་རྨད་དུ་བྱུང་བ་ཕུལ་བ་སོགས་བཀའ་དྲིན་ཆེ་ ཐུགས་དམ་ཞལ་འདོན་གྱི་རིམ་པར་ཆུ་རྒྱུན་ལྟར་བརྩོན་པའི་ངོས་ཞི་ བར་གཤེགས་སོ། ཁོང་ནི་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ རབས་བཅུ་དགུ་པ་དང། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ བཞི་བཅུ་ཞེ་བཞི་པ་ཡིན་ནོ། ། ཕོ་བྲང་སྡིང་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ གྲབ་པར་སྐུ་འཁྲུངས། གདུང་རུས་ནི་གཉོས་ཡིན་ཞིང་མཚན་དངོས་ ལ་གཞོན་ནུ་འོད་ཅེས་ཞུའོ། ཁོང་གིས་རྗེ་པོ་ཏོ་བ་རིན་ཆེན་གསལ་ ་ གྱི་ཞབས་ལ་གཏུགས་ནས་དབྱར་དགུན་ཅུང་ ཟད་མ་གཏོགས་ཞལ་མཇལ་ཞིང་མྱ་ངང་ལས་མ་འདས་ཀྱི་བར་དུ་ཞབས་ དྲུང་དུ་བཞུགས་ཏེ་ཅི་མཛད་ཐམས་ཅད་ཡོན་ཏན་དུ་འཛིན་པ་ལས་མི་ མཐུན་པར་འཛིན་པ་བྱེད་མ་མྱོང་བའི་སྐྱེས་བུ་དམ་པ་ཞིག་ཡིན། མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་པ་དང། ཁྱད་ པར་དུ་རྗེ་པོ་ཏོ་པའི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ ཅིང་རྗེ་པོ་ཏོ་བས་གསུངས་པའི་ཆོས་ཐམས་ཅད་དཔེ་སྣ་ཚོགས་དང་ སྦྱར་ནས་ཕྱོགས་གཅིག་ཏུ་བསྡེབས་པ་མཛད། དེ་ནས་གྲབ་གནས་ གསར་དང་ཕོ་བྲང་སྡིང་གསར་འདེབས་མཛད་ཅིང་གྲྭ་པ་བཞི་བརྒྱ་ ལྷག་ལ་བཀའ་ཆོས་གསུངས། དགུང་ལོ་དྲུག་ཅུ་རེ་ལྔ་པར་གྲབ་གནས་ [1062] གསར་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྗེ་པོ་ཏོ་པའི་ བཀའ་བབ་ཀྱི་བུ་ཆེན་བརྒྱད་ལས་དང་ཚུགས་མཆོག་ཟུང་གཅིག་ལ་ འགྲན་པ་ཞིག་ཡོད་པའི་བཀའ་བབ་ཡིན་ནི། ། ཕོ་ཡོང་བཟའ་རྒྱལ་མོ་བཙུན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། ཁོང་ མོའི་ཕྱག་རིས་སུ་བུ་ཚལ་གསེར་ཁང་གླིང་བཟོ་སྣ་བཅུ་གསུམ་གྱིས་ཁྱད་ དུ་འཕགས་པ་ཞིག་བཞེངས་པ་མཛད་དོ། བོད་ལུགས་མེ་མོ་གླང་ལོ་སྟེ་ སྤྱི་ལོ་་ལོར་ད་དུང་འཚོ་ཞིང་བཞུགས་པ་ལགས་སོ། ། ཕོ་ལྷ་བསོད་ནམས་སྟོབས་རྒྱས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་རྒྱལ་རྩེའི་ཡུལ་དུ་ཡབ་པདྨ་རྒྱལ་པོ་དང། ཡུམ་སྒྲོལ་མ་བུ་ཁྲིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཆུང་ངུའི་དུས་ནས་རིག་ པའི་རྩལ་སྟོབས་རྫོགས་ཤིང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བྱང་བ་ཞིག་ ཡིན། རྒྱལ་པོ་ལྷ་བཟང་ཧཱན་གྱིས་བོད་ས་གནས་དབང་བསྒྱུར་བྱེད་པའི་ སྐབས་སུ་ཁོང་ལ་བློ་དཀར་བས་དམག་དཔོན་གྱི་འགན་ཁུར་སྤྲད། དེའི་ སྐབས་སུ་ཇུན་གར་གྱི་དུས་ཟིང་སློང་བར་མདུན་རྩེ་ཁ་སྤྲོད་བྱས་ནས་ འཐབ་པས་མཛད་རྗེས་ཆེན་པོར་བཞག་པར་བརྟེན། རབ་བྱུང་བཅུ་ གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་མས་ཐའི་ ཇི་ཞེས་པའི་གོ་གནས་གནང་ནས་བཀའ་བློན་གྱི་འགན་ཁུར་ [1063] བཞེས། སྤྱི་ལོ་་ལོར་ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་བསོད་ ནམས་རྒྱལ་པོ་བཀྲོངས་རྗེས་ཁོང་གིས་གཙང་དང་སྟོད་མངའ་རིས་ཀྱི་ མི་དམག་དགུ་སྟོང་ཙམ་ཁྲིད་དེ་ལྟ་སར་ཕེབས་ནས་ང་ལུམ་སྦྱར་གསུམ་ ཕམ་པར་མཛད། དེ་ནས་ཆིན་གོང་མས་ཁོང་ལ་པེ་ཙེ་ཞེས་པའི་གོ་ གནས་གནང་ནས་ཆབ་སྲིད་ཀྱིས་གཟེངས་བསྟོད་མཛད། སྤྱི་ ལོ་་ལོར་ཆིན་གོང་མས་ཇུན་ཝང་ཞེས་པའི་གོ་གནས་གནང་སྟེ་ བོད་ས་གནས་ཀྱི་སྲིད་སྐྱོང་གི་འགན་ཁུར་བཞེས་ནས་ལོ་ངོ་ཉི་ཤུའི་རིང་ དུ་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀ་ལུགས་བཞིན་བསྐྱངས། སྤྱི་ ལོ་་ལོར་ཁོང་གིས་དཔལ་སྣར་ཐང་དགོན་དུ་བཀའ་འགྱུར་རིན་ ཆེའི་དཔར་ཤིང་དང། སྤྱི་ལོ་་ལོར་བསྟན་འགྱུར་རིན་པོ་ཆེའི་ དཔར་ཤིང་བཅས་བཞེངས་སོ། ། ཕྲག་དབོན་བསོད་ནམས་བགྲ་ཤིས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་ ཤར་ཕྱོགས་དྭགས་པོའི་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡིག་རྩིས་སོགས་ཐ་སྙད་རིག་གནས་ལ་མཁས་པར་ སྦྱངས། དེ་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ ་ ཞབས་པད་ལ་བསྟེན་ཏེ་གསོ་བ་རིག་པའི་གཞུང་ལ་སྦྱངས་པ་མཛད་ ཅིང་སྐུ་ཚེ་གོང་བོར་གསོ་རིག་གི་ཁྲིད་རྒྱུན་སྤེལ་ཞིང་གངས་ཅན་ཡུལ་དུ་ གསོ་རིག་བསྟན་པའི་རྒྱལ་མཚན་བསྒྲེངས་བས་འཕྲིན་ལས་ཕྱོགས་ བཅུར་རྒྱས་པར་མཛད། མཚོ་སྨད་མཁན་ཆེན་གྱིས་མཛད་པའི་ འབུགས་ལེགས་བཤད་དངུལ་དཀར་མེ་ལོང། ཟུར་ [1064] མཁར་མཉམ་ཉིད་རྡོ་རྗེ་ ཡི་ཐུགས་སྲས་དམ་པ་ཕྲག་དབོན་པས། རྒྱུད། གངས་ཅན་གནས་ འདིར་གསོ་རིག་བསྟན་པ་ཡི། རྒྱལ་མཚན་བཟུང་ཞིང་འགྲོ་བ་ནད་ པའི་ཚོགས། དུས་མིན་འཆི་བདག་གཡུལ་ལས་རྒྱལ་བ་དང། རྣམ་ དག་བསླབ་པའི་ཁྲིམས་ལས་མི་གཡེལ་བའི། ཆོས་སྤྱོད་བཅུ་དང་རིམ་ གཉིས་ཟབ་མོ་ཡིས། ཉིན་མཚན་གཡེལ་བ་མེད་པར་དོན་ལྡན་ མཛད། ། འཕགས་མཆོག་བསོད་ནམས་དཔལ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྣེའུ་གདོང་དུ་ཁང་གཉེར་མཛད་པའི་སྐབས་ ཤིག་ཏུ་གཙང་ཕྱོགས་སུ་ཆོས་ལ་བྲོས་བྱོན་མཛད་ཅིང། དང་པོར་ ཆོས་རྗེ་གངས་པའི་ཞབས་ལ་གཏུགས་ནས་ཁྲིད་རྣམས་ཞུས་པས་ཕལ་ ཆེར་མ་ཚར་བར་སྐུ་གཤེགས། དེ་ནས་མཁན་ཆེན་བྱང་ཆུབ་སེང་གེ་ ལས་གདམས་པ་རྫོགས་པར་གསན། དེ་རྗེས་གདན་ས་ཐེལ་བའི་རི་པ་ མཛད་ཅིང་ཆུ་བར་དུ་སྒོམ་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། དེ་ ནས་ཕྱོགས་གཞན་རྣམས་སུ་ཆོས་རྗེ་ཐེག་ཆེན་པ་ལ་སོགས་པའི་བླ་མ་ མང་པོར་བསྟེན་ཞིང། གདམས་པ་རྣམས་བླངས། རི་ཁྲོད་རྣམས་སུ་ གཉན་ཁྲོད་ཀྱང་མང་དུ་མཛད། ཕྱིས་སུ་ཆོས་སྡིངས་ཀྱི་རི་ཁྲོད་ བཏབ། ཝང་གྲགས་པ་འབྱུང་གནས་ཀྱིས་གུས་པ་མཆོག་དང་ལྡན་ པས་བཀུར་བའི་བླ་མར་གྱུར་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། དགུང་ [1065] ལོ་བརྒྱད་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་བསོད་ནམས་རྒྱལ་མཚན་དང། ཆོས་ རྗེ་སངས་རྒྱས་བློ་གྲོས་བཅས་ཡིན།། འཕན་པོ་བློ་བཟང་དགེ་ལེགས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་འཕན་ཡུལ་རྒྱལ་ལྷ་ཁང་གི་ཉེ་འདབས་སུ་ཡབ་བསོད་ནམས་ལྷུན་ གྲུབ་དང། ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དགུ་ པར་ཡབ་དང་ལྷན་ཅིག་ལྷ་ལྡན་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་དཔལ་ ལྡན་ཡེ་ཤེས་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་དགེ་ལེགས་ ཞེས་འདོགས་པར་མཛད། སེ་ར་ཐོས་བསམ་གླིང་དུ་ཞུགས་ནས་ཚ་བ་ དཀའ་བཅུ་བསྐལ་བཟང་དོན་གྲུབ་དགེ་རྒན་དུ་བསྟེན་ཏེ་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། སྒྲུབ་ཁང་པ་ངག་ དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ མནོས་ཤིང་བཀའ་ཆོས་གསན། དེ་ནས་བསྡུས་གཞུང་དང། དབུ་ མ། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་ བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། ཁྲི་ཆེན་ངག་དབང་ཚུལ་ ཁྲིམས་དང། ཀློང་རྡོལ་བླ་མ་ངག་དབང་བློ་བཟང། ཡོངས་འཛིན་ ཡེ་ཤེས་རྒྱལ་མཚན། ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་ བཟང། གསེར་སྡིངས་མཁན་པོ་དགེ་འདུན་འཇིགས་མེད། བྲག་རི་ མཁན་པོ་རྒྱ་མཚོ་མཐའ་ཡས། བྱང་རྩེ་མཐུ་སྟོབས་རྒྱ་མཚོ། མཁན་ [1066] ཆེན་ཐོགས་མེད་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་རྒྱུད་ཀྱི་དབང་ལུང་ མན་ངག་མཐའ་ཡས་པར་གསན། དགུང་ལོ་སོ་གཉིས་པར་ལྷ་ལྡན་ སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་མཚན་བཏགས་ བཞེས། དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཤིང་གསང་ཆེན་རྒྱུད་སྡེ་ རྒྱ་མཚོའི་གཞུང་དང་ཆོ་ག་ཕྱག་ལེན། གར་ཐིག་དབྱངས་གསུམ་ བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་སྔགས་རམས་པའི་མཚན་ བཏགས་བཞེས། དགུང་ལོ་ཞེ་གསུམ་པར་སེར་སྨད་ཀྱི་དགེ་བསྐོས་ མཛད། དགུང་ལོ་ཞེ་བཞི་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་ལ་ ཕེབས་ཏེ་ལོ་ལྔའི་རིང་དུ་འཆད་ཉན་བསྐྱངས། དགུང་ལོ་ཞེ་དགུ་པར་ རྒྱུད་པའི་མཁན་པོའི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་འཆད་ཉན་ དང་གཏོང་སྒོ་གང་གི་ཐད་ནས་ཀྱང་སྔར་སྲོལ་མ་ཉམས་པ་མཛད་ དགུང་ལོ་ང་ལྔ་པར་དགའ་ལྡན་བྱང་རྩེའི་ཁྲི་ལ་བཞུགས་ནས་ལོ་བཞིའི་ བར་དུ་འཆད་ཉན་མཛད། དགུང་ལོ་ང་དགུ་པ་རབ་བྱུང་བཅུ་བཞི་ པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས་ ནས་ལོ་ངོ་གཉིས་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་མཛད་ དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་མཚན་གཞན་ལ་བྱང་རྩེ་བློ་བཟང་དགེ་ལེགས་ཞེས་ཞུའོ། ཁོང་ ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་བརྒྱད་པ་ཡིན་ ནི། ། འཕན་བློ་བཟང་དོན་ཡོད།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ [1067] འཕན་ཡུལ་ཞོགས་གྲམ་ཕུར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་མཚན་གཞན་ལ་ རྣམ་དག་རྡོ་རྗེ་ཞེས་ཀྱང་ཞུ། སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་ དུ་ཞུགས་ནས་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ ཏན་དུ་མཛད་ཅིང་རིགས་ལམ་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་ རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་དང་ཆོ་ག་ཕྱག་ ལེན་བཅས་ལ་ནང་བྱན་ཚུད་པར་མཛད། རྒྱུད་པ་དང་བྱང་རྩེའི་ འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་ དུ་གསེར་ཁྲི་བསྐྱངས་ཤིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། ཁྲི་ཟུར་ ནས་རྭ་སྒྲེང་དང་རིན་ཆེན་གླིང་སོགས་ཀྱི་གདན་ས་བ་མཛད་དེ་དགུང་ ལོ་དོན་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་ རྫོགས་ཀྱི་ཕྱིར་དུ་རིན་ཆེན་གཉིས་པ་ལས་གྲུབ་པའི་བྱང་ཆུབ་མཆོད་ རྟེན་རིན་པོ་ཆེའི་ཕྲ་དུ་མས་སྤྲས་པ་འགྲན་ཟླ་དང་བྲལ་བ་བཞེངས་ཏེ་ བདེ་གཤེགས་ལྷ་ཁང་དུ་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་གཉིས་པ་ཡིན་ནོ། ། འཕེན་པོ་བ་ཤེས་རབ་དཔལ་བཟང།། ཁོང་ནི་རབ་བྱུང་དགུ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་ཅུ་དོན་གཉིས་པ་རབ་བྱུང་ བཅུ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་ [1068] སའི་ཁྲི་ལ་ཕེབས་ཤིང་ལོ་ངོ་དྲུག་གི་རིང་དུ་གདན་ས་བསྐྱངས། རབ་ བྱུང་བཅུ་གཅིག་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་དགོན་པའི་ བྱང་ངོས་སུ་བྱང་ཆུབ་མཆོད་རྟེན་ཆེན་པོ་གསར་བཞེངས་མཛད་ ཁོང་གི་ དེང་དུས་དཔེ་རྒྱུན་ཧ་ཅང་དཀོན། བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་བརྒྱད་ཅུ་གྱ་གསུམ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ ཆེན་བཞི་པ་ཡིན་ནོ། ། ཕྱྭ་བ་ཆོས་ཀྱི་སེང་གེ་ ཁོང་ནི་རབ་བྱུང་གཉིས་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྟོད་ལུང་རྒྱ་དམར་བ་བྱང་ཆུབ་གྲགས་ལ་ སོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་ པ་ཆེན་པོར་གྱུར། དེ་ནས་གསང་ཕུ་ནེའུ་ཐོག་གི་གདན་སར་ཕེབས་ ཤིང་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས་ཏེ། འཆད་ཉན་ མཛད་སྐབས་ཁོང་གིས་ཚད་མ་རིག་པའི་གཞུང་རྣམས་བསྡུས་ཚན་ བགོས་ནས་སློབ་སྦྱོང་བྱེད་ཚུལ་ མཚན་ཉིད་ཀྱི་སློབ་གཉེར་བ་རྣམས་འཛིན་གྲྭ་བགོས་ནས་རྩོད་གླེང་བྱས་ ཏེ་རིགས་ལམ་བརྒྱུད་པའི་སློབ་ཁྲིད་གསར་བ་བཅས་མཛད་པས་མཚན་ ཉིད་རིག་པའི་སློབ་གཉེར་འཕེལ་རྒྱས་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས་ [1069] སོ། བྱེ་བྲག་སྨྲ་བ་དང་མདོ་སྡེ་བའི་ལུགས་ལ་ཞལ་གྱིས་བཞེས་ཅིང་ སློབ་དཔོན་ཟླ་གྲགས་ཀྱི་ལུགས་ལ་སྐྱོན་བརྗོད་མང་དུ་མཛད་མཁན་ ཞིག་ཡིན། ཁོང་ནི་གསང་ཕུའི་གདན་རབས་དྲུག་པ་ཡིན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་སེང་ཆེན་བརྒྱད་ཡོད་དེ། གཙང་ནག་པ་བརྩོན་ འགྲུས་སེང་གེ་དང། དན་འབག་པ་སྨྲ་བའི་སེང་གེ་བྲུ་ཤ་བསོད་ ནམས་སེང་གེ་རྨ་བྱ་རྩོད་པའི་སེང་གེ་རྩགས་དབང་ཕྱུག་སེང་གེ་ ཉང་བྲན་ཆོས་ཀྱི་སེང་གེ་འདན་མ་དཀོན་མཆོག་སེང་གེ་གཉལ་པ་ ཡོན་ཏན་སེང་གེ་བཅས་དང། ཇོ་སྲས་བཞི་ཡོད་དེ། འཁོན་ཇོ་སྲས་ རྩེ་མོ་དང། རྔོག་སྲས་ར་མོ། ཁུ་ཇོ་སྲས་ནེ་རྩོ། གཉོས་ཇོ་སྲས་ དཔལ་ལེ་བཅས་དང། ཤེས་རབ་ཅན་བཞི་ཡོད་དེ། མགར་དབང་ གྲུབ་དང། ཀོང་པོ་འཇག་ཆུང། ལྷོ་བ་སྒོག་ཟན། བར་ཕུ་བ་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་ དང། ཀྱི་འགྲེལ་བ། འགྲེལ་བ། སེལ་རང་འགྲེལ། བཅས་མང་དུ་བཞུགས་སོ། ། ཕྱག་མཛོད་བསོད་ནམས་ཆོས་འཕེལ།། ཁོང་གི་འཁྲུངས་ལོ་དང་འཁྲུངས་ཡུལ་མི་གསལ། རབ་བྱུང་ བཅུ་གཅིག་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ཀྱི་མཛད་སྤྱོད་ཁ་མི་གསལ་ཡང་འབྲས་སྤུངས་ [1070] དགོན་གྱི་ཚོགས་ཆེན་ཞལ་ངོ་མཛད་ཅིང་མཚན་ལ་ཡང་ཞལ་ངོ་བསོད་ ནམས་ཆོས་འཕེལ་ཞེས་ཞུའོ། སྐབས་དེར་གཙང་པ་སྡེ་སྲིད་ཀརྨ་ཕུན་ ཚོགས་རྣམ་རྒྱལ་གྱིས་རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ཁྲི་འདོན་ མི་ཆོག་པར་བཀས་བཅད་པའི་རྐྱེན་གྱིས་རབ་བྱུང་བཅུ་པའི་ས་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་ཁོང་ཉིད་ལྐོག་ནས་མཚོ་སྔོན་དུ་ཕེབས་ཏེ་སོག་ པོ་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་ལ་རྒྱབ་རོག་ཞུས། རབ་ བྱུང་བཅུ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཁོང་དང་སོག་པོ་ལྷ་ བཙུན་གཉིས་ཀྱིས་དབུས་དམག་དང་སོག་དམག་ཁྲིད་ནས་གཙང་པ་སྡེ་ སྲིད་ཐོག་ཏུ་དམག་དྲངས་པས་གཙང་དམག་ཕམ་ཉེས་བྱུང། རབ་ བྱུང་བཅུ་པའི་ཆུ་མོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་ལྔ་པ་ངག་ དབང་བློ་བཟང་རྒྱ་མཚོ་ཁྲི་འདོན་མཛད། རབ་བྱུང་བཅུ་གཅིག་པའི་ མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སོག་གུ་ཤྲཱི་བསྟན་འཛིན་ཆོས་ རྒྱལ་གྱིས་ཁམས་བེ་རི་རྒྱལ་པོ་བཅོམ་ནས་མཚོ་སྔོན་ལོག་གྲབས་ཡོད་ པའི་སྐབས་དེར་ཁོང་ཉིད་ཀྱིས་རྒྱལ་དབང་ལྔ་པའི་དགོངས་པ་དང་མ་ བསྟིན་ནས་གུ་ཤྲཱིའི་འཁོར་དང་བཅས་པ་ལྷ་སར་དམག་གཡར་བྱས་ཏེ་ གཙང་པ་སྡེ་སྲིད་འཁོར་དང་བཅས་པ་ལྷ་སར་དམག་གཡར་བྱས་ཏེ་ གཙང་པ་སྡེ་སྲིད་རྩ་མེད་དུ་བཏང། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ རྟ་ལོ་སྟེ་སྤྱི་ལོ་་ལོར་གུ་ཤྲཱི་ཧན་གྱིས་ཁོང་ཉིད་ལ་དགའ་ལྡན་ཕོ་ བྲང་གི་སྡེ་སྲིད་ཀྱི་ཆོ་ལོ་སྤྲད། རབ་བྱུང་བཅུ་གཅིག་པའི་ཤིང་མོ་བྱ་ལོ་ [1071] སྟེ་སྤྱི་ལོ་་ལོར་སྡེ་སྲིད་ཀྱི་འགན་ཁུར་བཞེས་ཏེ་དམར་པོ་རིའི་ རྩེར་ཕོ་བྲང་དཀར་པོའི་རྨང་གཞི་བཏིང་ནས་རབ་བྱུང་བཅུ་གཅིག་ པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཕོ་བྲང་དཀར་པོའི་གསར་སྐྲུན་ གྱི་ལས་འགན་རྩ་བའི་ཆ་ནས་ལེགས་པར་གྲུབ་ཟིན། དེ་ལྟར་དགའ་ ཕོ་བྲང་ལ་ཞབས་ཏོག་མཛད་ཅིང་བདེ་བར་གཤེགས་སོ། ཁོང་གི་ མཚན་གཞན་ལ་ཞལ་ངོ་བསོད་ནམས་རབས་བརྟན་དང་རྒྱ་ལོ་ཆོས་ མཛད་ཅེས་ཞུའོ། །ཁོང་ནི་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དང་པོ་ ཡིན་ནོ། ། ཕྱུག་མོ་སྟོན་པ།། ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མི་ཉག་ཏུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་རིགས་རུས་མཐོ་བའི་ཕྱིར་ཆུང་དུས་ ནས་ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱང།་སྔ་གུ་སྟོན་པ་བསོད་ ནམས་དཔལ་བཟང་ལས་རབ་ཏུ་བྱུང་སྟེ། ཤེར་ཕྱིན་མངོན་རྟོག་རྒྱན་ འགྲེལ་བ་དང་བཅས་ཚར་གཅིག་གསན་པས་ཐུགས་སུ་ཆུད་པ་དང་ ཞག་རེ་རེར་མདའ་ཚད་མ་ཤོག་ལྡེབ་དྲུག་རེ་བློ་ལ་འཛིན་ཐུབ་པས་ཤེས་ རབ་ཆེ་བར་གྲགས། དེ་ནས་མཁན་ཆེན་རྨ་སེ་སྟོན་པ་རིན་ཆེན་ བཟང་པོའི་དྲུང་ནས་བསྙེན་པར་རྫོགས། བཤེས་གཞོན་ནུ་རིན་ཆེན་ དྲུང་ནས་ཚད་མ་རིགས་གཏེར་ཚར་གཉིས་གསན་པས་ཐུགས་སུ་ཆུད་ པ་བྱུང། མཁན་ཆེན་བྱམས་གསར་ཁ་ཆེ་ལས་དུས་ཀྱི་འཁོར་ལོ་སྦྱོར་ དྲུག་གི་ཁྲིད་དང་སྐར་རྩིས་ལ་སོགས་པའི་ཆ་ལག་དང་བཅས་པ་ [1072] སྦྱངས། དེ་ནས་བླ་མ་རིན་ཆེན་དང། རྟོགས་ལྡན་ཚུལ་ཁྲིམས་རྒྱལ་ མཚན་སོགས་ལས་ཕྱག་རྫོགས་སོགས་ལ་སྦྱོང་བར་བྱས། དེ་ནས་ དབུས་གཙང་དུ་ཕེབས་ཏེ་སྐྱོར་མོ་ཁྱུང་གི་མཁན་ཆེན་ལུང་མདའ་བ་ ལས་ཕར་ཕྱིན་དང། ཉ་དབོན་ཀུན་དགའ་དཔལ་ལས་ཚད་མ་རྣམ་ འགྲེལ་ཉ་ཊིཀ་སྟེང་ནས་གསན་ཏེ་ཡོངས་རྫོགས་ཐུགས་ལ་བཟུང་ དབུས་པ་བློ་གསལ་ལས་འདུལ་བ་དང། ལོ་ཆེན་བྱང་ཆུབ་རྩེ་མོ་ལས་ སྒྲ་རིག་པ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ལས་སེམས་བསྐྱེད་སོགས་ རྒྱ་ཆེན་གསན་ནོ། དེ་ནས་མཁན་ཆེན་རྣམ་རྒྱལ་རང་གི་དབུ་ཞྭ་བཞེས་ པ་སེར་པོ་དེ་ཉིད་ཀྱི་དབུ་ལ་བསྐོན་ནས་པཎྜི་ཏ་ཆེན་པོར་མངའ་གསོལ་ མཛད། དེ་ནས་རང་ཡུལ་རབ་སྒང་དུ་ཕེབས་ཏེ་བླ་མ་བྱམས་གསར་ གྱི་གདན་ས་སྐྱི་ར་སེང་གེ་དགོན་དུ་ཕར་ཕྱིན། ཚད་མ་རྣམ་འགྲེལ་ མངོན་པ་མཛོད། རྒྱུད་བླ་མ་བཅས་སློབ་ཁྲིད་གནང། སློབ་མ་སྟོང་ ཕྲག་ལྔ་རེ་འདུས་པ་བྱུང་བས་བླ་མ་དར་ཐོག་པ་ཞེས་གྲགས་སོ་ འབར་བ་ཞང་རྩི་རྣམས་ཀྱིས་ཞུས་པ་ལྟར་གདན་ས་བཏབ་སྟེ་ལོ་བརྒྱད་ ཀྱི་བར་དུ་སློབ་མའི་ཚོགས་བསྐྱངས་པས། ཀྱེ་པ་སྟོན་པ། དབོན་པོ་ ཀུན་དགའ་རྡོ་རྗེ། ཀྱི་རི་དབོན་པོ་ཆོས་རྒྱལ། རྨ་འཕྲོ་དབོན་པོ་ཆོས་ དབང། དབོན་པོ་གྲགས་བཟང། མི་རྟི་གྲགས་པ་རིན་ཆེན་སོགས་ སྙན་གྲགས་ཅན་གྱི་མཁས་པ་མང་པོ་བྱུང་ངོ། ཁོང་ནི་མི་ཉག་མཁས་ དབང་མི་ལྔའི་ནང་གི་གཅིག་ཡིན། ། འཕྲུལ་གྱི་སྣ་ཆེན་རིགས་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཁྲ་ [1073] འབྲུག་ལ་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ ཆེན་པོ་དྲུག་གི་ཡ་གྱལ་ཡིན་ནོ། ། [000] བ་རི་ཆོས་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་ དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ ཕྱིན་པ་སྦྱངས་ཤིང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི། གྱི་ཆོ་ག། པར་བརྗོད་པའི་འགྲེལ་བ་བདུན་རྩི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་ རྣམ་པར་འཐགས་པ། དྭངས་པ། གསལ་བ། མའི་སྒྲུབ་ཐབས། [1075] ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ཐབས། ། བ་རི་སྤྱིལ་དཀར་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་རྗེ་རྒོད་ཚང་ པ་མགོན་པོ་རྡོ་རྗེའི་མཆོག་ཏུ་གྱུར་པའི་སློབ་མ་ཡིན་ཏེ། སྒྲུབ་ཚུགས་ རྗེ་རྒོད་ཚང་པ་དང་མཉམ་པ་ཡིན། ཁོང་གིས་དུས་ཕྱིས་སུ་འགོས་ ཡུལ་འབྲིང་མཚམས་སུ་དགོན་པ་གསར་འདེབས་མཛད་ཅིང་ཚོགས་པ་ བསྐྱངས། འོད་གསལ་འཁོར་ཡུག་ཏུ་མངའ་ཞིང་འཕྲིན་ལས་ཤིན་ཏུ་ཆེ་ བར་གྱུར། ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས།། ཁོང་ནི་རབ་བྱུང་དང་པོའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་མོ་ཡོས་ ལོ་སྟེ་སྤྱི་ལོ་ལོར་སྐུ་གཤེགས། ཁོང་ནི་ས་ཆེན་ཀུན་དགའ་སྙིང་ པོའི་བླ་མ་ཡིན་ལ། འཁོན་དཀོན་མཆོག་རྒྱལ་པོ་སྐུ་གཤེགས་རྗེས་སྲས་ ཀུན་དགའ་སྙིང་པོ་ནར་མ་སོན་བར་ཁོང་གིས་དཔལ་ལྡན་ས་སྐྱའི་ གདན་ས་བསྐྱངས་སོ། །ཁོང་གི་བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས། [1076] པ་དོན་ཡོད་ཞགས་པའི་སྙིང་པོའི་མདོ། རྟེན་དབང་ཕྱུག་གི་རྟོགས་པ། བསྟན་འབྱུང་ལས་ པའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ ལེའུ་སྒྲུབ་ཐབས། ག། ་འཁོར་ལོ་སྡོམ་པའི་དཀའ་འགྲེལ། ལོ་སྡོམ་པ་ཨི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ། པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆར་འགྲེལ་བ། ཏན་མ་ལུས་པའི་གནས། སྦྱར། མཆོག་གི་སྤྱིན་སྲེག་སྤྱིའི་གསལ་བྱེད། དཀྱིལ་འཁྲོ་བྱ་བའི་ཐབས། པ་འཇམ་དཔལ་གྱི་སྒྲུབ་ཐབས། བཞུས་སོ། ། བ་རེག་ཐོས་བ་དགའ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་ཕྱག་ན་རྡོ་རྗེ་ལ་སོགས་པའི་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་ཕྱག་རྒྱ་ཆེན་པོའི་གྲུབ་པའི་སྐོར་དང། སྙིང་ [1077] པོའི་སྐོར། དོན་ཧའི་སྐོར་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད་པ་ དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་ དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་ བསྟན་བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི། ཐབས་རིན་པོ་ཆེའི་སྒྲོན་མ། པས་ ་ བཅོས་པ་དང། ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག། ང། ། བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དབུས་སྟོད་སྤྲུན་དྲུག་རྫོང་དུ་ཡབ་སྡེ་བ་སྒམ་བུ་དང། ཡུམ་བསོད་ ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་པཎ་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་ ནས་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་ བཀའ་པོད་ལྔ་ལ་གསན་བཞེས་མཛད། དགུང་ལོ་ཉི་ཤུ་རྩ་བཞི་པར་གྱལ་ དབང་ལྔ་པ་བློ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ ཉི་ཤུ་རྩ་དྲུག་པར་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་མཁས་ པའི་གྲགས་པ་ཐོབ། དེ་ནས་རང་དགོན་དུ་ཕེབས་ཏེ་བྱ་ཕུག་མདོ་ སྔགས་དར་རྒྱས་གླིང་དང་རྟ་ཚག་དགོན་པ་སོགས་དགོན་ཁག་སུམ་ཅུ་ ཙམ་དང། དགེ་འདུན་སྟོང་ཕྲག་གཉིས་ཙམ། མེ་སེར་དུད་ཁག་སྟོང་ [1078] ཕྲག་བདུན་ལ་ཉེ་བའི་བླ་མ་དང་དཔོན་གཉིས་ཀ་མཉམ་དུ་མཛད་དེ་ ཆོས་སྲིད་གཉིས་ཀྱིས་དགོན་པ་དང་སྡེ་བ་བསྐྱངས། དགུང་ལོ་བཞི་ བཅུ་ཞེ་བཞི་པར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་ལ་རང་རྣམ་རྩོམ་ དགོས་པའི་ཞབས་བསྐྲུལ་ཞུས། དགུང་ལོ་བཞི་བཅུ་ཞེ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གུའི་གསུང་རྩོམ་ནི། རྒྱ་ཆེན་པོ་ངེས་དོན་སྦྲང་རྩིའི་སྨན་བཅུད། གཅོད་པའི་རྩ་བའི་རྡོ་རྗེའི་མགུར། བཅས་ཆོས་ཚན་ལྔ་བཅུ་ང་གཉིས་ལོངས་པའི་བྲིས་མ་པོད་གཉིས་ བཞུགས་སོ། ། བ་སོ་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ལོར་ གཙང་ལ་སྟོད་ལྡོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང། ཡུམ་ འབྲོག་རྒྱལ་མོ་བུ་འདྲེན་གཉིས་ཀྱི་སྲས་སུ་འཁྲུང།་རབ་བྱུང་ བརྒྱ་དཔའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ལོར་དགའ་ལྡན་བྱང་གླིང་དུ་ སྐུ་གཤེགས། ཁོང་སུ་གཞོན་ནུའི་དུས་ནས་རྗེ་ཙོང་ཁ་ཡབ་སྲས་ཀྱི་ ཞབས་ལ་གཏུགས་ཤིང། ཁྱད་པར་གཅེན་པོ་མཁས་གྲུབ་རྗེ་ཡོངས་ འཛིན་དུ་བསྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་ བའི་བཀའ་དང། དགོངས་འགྲེལ་གྱི་བསྟན་བཅོས་མང་པོར་གསན་ བསམ་ཡུན་དུ་མཛད་དེ་མཁས་པའི་ཡང་རྩེར་སོན། རྗེ་རྒྱལ་བ་གཉིས་ པའི་དགོངས་པ་ཐུན་མོང་མ་ཡིན་པ་ཐུགས་ཉམས་སུ་བཞེས། གསང་ཕུ་ [1079] ར་བ་སྨད་དུ་འཆད་ཉན་ལོ་འགར་མཛད། དེ་ནས་གཙང་གི་རོང་ལྷན་ གྱི་ཡུལ་གྲུར་ཕེབས་ནས་བ་སོ་ལྷུན་གྲུབ་བདེ་ཆེན་དུ་ཡུན་རིང་བཞུགས་ པས་བ་སོ་ཆོས་རྒྱན་དུ་གྲགས། ཤབ་སྟོད་སེང་གེ་དང་ཉེ་བའི་སར་རི་ བོ་བདེ་ཆེན་ཞེས་པའི་རི་ཁྲོད་བཏབ། དེའི་རྗེས་ནས་ཀྱང་བདེ་ཆེན་ གྱི་མིང་ཟུར་ཡོད་པའི་དབེན་གནས་མང་དུ་བཏབ། དགུང་ལོ་རེ་ གཅིག་པར་པཎ་ཆེན་དགེ་འདུན་གྲུབ་ཀྱིས་ཞལ་བཀོད་ལྟར་ཤབ་སྟོད་ ནས་བཀྲ་ཤིས་ལྷུན་པོར་གདན་དྲངས། དེ་ནས་རིམ་གཞིས་དཀའ་ལྡན་ དུ་ཕེབས་ཏེ་དགུང་ལོ་རེ་གཉིས་པ་སྟེ་སྤྱི་ལོ་ལོ་ལ་གའ་ལྡན་ གསེར་ཁྲི་སྟེང་དུ་ཕེབས་པར་མཛད། རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་ པ་དང། བཤད་ཁྲིད་དབང་ལུང་མན་ངག་སོགས་མཐའ་ཡས་པ་ བསྩལ་ཞིང་བཤད་སྒྲུབ་ཀྱི་བསྟན་པ་དབྱར་གྱི་ཆུ་བོ་ལྟར་སྤེལ། དགའ་ ལྡན་འདུ་ཁང་དུ་རྟེན་རྒྱལ་བ་སེང་གེ་ང་རོའི་གསར་དཀུ་དང། གདན་ ས་ན་རིམ་གྱི་སྐུ་བརྙན་སོགས་ཀྱི་བསྟན་པ་དབྱར་གྱི་ཆུ་བོ་ལྟར་སྤེལ། དགའ་ ལྡན་འདུ་ཁང་དུ་རྟེན་རྒྱལ་བ་སེང་གེ་ང་རོའི་གསེར་སྐུ་དང། གདན་ ས་ན་རིམ་གྱི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་ མཛད། ཁོང་ནི་དཀའ་ལྡན་ཁྲི་ཐོག་དྲུག་པ་ཡིན། བ་སོ་སྤྲུལ་སྐུ་སྟེ་ རྟ་ཚག་སྐུ་ཕྲེང་དང་པོ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གནས་ རྙིང་ཀུན་དགའ་བདེ་ལེགས་དང། ཁྱུང་པོ་དགེ་འདུན་བཟང་པོ་ མདོ་སྨད་པ་ཆོས་ཀྱི་རྡོ་རྗེ། སྟོད་ལུང་པ་དཔལ་ལྡན་རྡོ་རྗེ། ཁམས་ པ་རྡོ་རྗེ་དཔལ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་མགུར་མ་དང་ དུས་འཁོར་གྱི་བསྐྱེད་རིམ། དབུ་མའི་ལྟ་ཁྲིད། གསང་འདུས་ལམ་ རིམ་དམར་ཁྲིད། འཇིགས་བྱེད་བསྐྱེད་རིམ་རྣམ་བཤད། རྫོགས་ རིམ་རིམ་ལྔའི་ཁྲིད་བཅས་པོ་ཏི་གཅིག་ཏུ་བཞུགས་སོ་ [1080] ཕ་སོ་རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོ།། ཁོང་ནི་རྟ་ཚག་ཡེ་ཤེས་བློ་བཟང་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། བ་སོ་རྟ་ཚག་བསྟན་པའི་མགོན་པོ།། ཁོང་ནི་རྟ་ཚག་ཡེ་ཤེས་བློ་བཟང་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཁུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཤིང་མོ་སྦྲུལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཡབ་ཡུམ་ གཉིས་ལ་རབ་ཏུ་བྱུང་དགོས་པའི་ཞུ་བ་གསོལ། བླ་མ་ཀུན་དགའ་ བཟང་པོ་སློབ་དཔོན་དུ་བསྟེན་ནས་ཆོས་སྤྱོད་སོགས་ཐུགས་འཛིན་ གནང། དགུང་ལོ་བཅུ་གཉིས་པར་རྒྱལ་བ་དམ་པ་འཕགས་པ་སངས་ རྒྱས་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ལྷ་དབང་ཆོས་ཀྱི་རྒྱལ་ མཚན་ཞེས་གསོལ་ནས་སྒར་ཐོག་དགོན་གྱི་ཆོས་གྲྭར་ཞུགས། དགུང་ ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་གསང་ཕུ་སོགས་ལ་ལོ་བཅུ་ གཅིག་རིང་དུ་བཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་ མཛད། གངས་ཅན་མགོན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་ བར་འབྲས་སྤུངས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ་ དགུང་ལོ་སུམ་ཅུ་སོ་བཞི་པར་རང་ཡུལ་དུ་ཕྱིར་ཕེབས། དགུང་ལོ་ བཞི་བཅུ་ཞེ་བཞི་པ་རབ་བྱུང་བཅུ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ [1081] ལོ་་ལོར་ཆབ་མདོ་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ ཆོས་སྲིད་གཉིས་ཀྱིས་སྡེ་དགོན་བསྐྱངས། དགུང་ལོ་རེ་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་པའི་ མཚན་གཞན་ལ་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཞེས་ཞུའོ། ཁོང་ གི་གསུང་རྩོམ་ནི་སྙན་ངག་དང། ཆབ་ཤོག་རྣམ་ཐར། སྒྲུབ་ ཐབས། དྲིས་ལན། རྗེས་གནང་བཅས་བྲིས་མ་པོད་གཅིག་བཞུགས་ སོ། ། བབ་སྟོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་ བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་རབ་བྱུང། དགེ་ཚུལ། དགེ་སློང་གི་སྡོམ་པ་བཞེས་ཤིང་ འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ལེགས་ སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི། དུ་སྐྱེ་བ་བླངས་མདོ། ། བལ་བུ་གོང་བ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ མང་པོའི་ཞབས་ལ་གཏུགས་ཏེ་མཚན་ཉིད་ལ་སོགས་པའི་མདོ་ཕྱོགས་ ཀྱི་ཆོས་ཤིན་ཏུ་མཁས་པས་འབྲི་གུང་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་ [1082] པོར་ ་ རྩོད་པ་མཛད་པའི་ཚུལ་དུ་འབྲི་གུང་ལ་ ཕེབས་ཀྱང་ཞལ་མཇལ་བ་ཙམ་གྱིས་དད་པའི་སྤུ་རླུང་གཡོས་ཤིང་ཕྱག་ མང་དུ་བཙལ་ནས་བཤགས་པར་མཛད། དེ་ནས་ཆོས་རྗེ་སྐྱོབ་པ་ལས་ ཟབ་རྒྱས་ཆོས་ཀྱི་གདམས་ངག་ཐམས་ཅད་མ་ལུས་པར་ཞུས་ནས་སྒྲུབ་ པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། ཁ་ ཆེ་པཎ་ཆེན་ལས་ཀྱང་ཆོས་མང་དུ་གསན། སྐུ་ཚེའི་སྨད་དུ་བལ་བུ་ གོང་བ་དགོན་པ་གསར་འདེབས་མཛད་ཅིང་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས། ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་ ངོར་རྗེ་རས་པ་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི། པོ། ཁོང་ནི་འབྲི་གུང་ ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མ་རས་པ་བརྒྱད་ཀྱི་ཡ་གྱལ་ ཡིན་ནོ།། བིས་པ་ངག་དབང་མི་ཕམ་ཟླ་བ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མར་ནང་ཚོ་ལྔར་བིས་ཐང་འཇའ་མོའི་རིགས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། དགུང་ལོ་ཆུང་དུས་ནས་བིས་པ་དགེ་བཤེས་ཤེས་རབ་ བསྟན་འཛིན་གྱི་སྐུ་སྐྱེ་རུ་ངོས་འཛིན་མཛད། དགུང་ལོ་བཅུ་གསུམ་ པར་ཆོས་གྲྭར་ཞུགས། བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་ རྟགས་དག་གསུམ་དང། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ ངག་དང་མངོན་བརྗོད་བཅས་ལ་ལེགས་པར་སྦྱངས། ཤར་སྐལ་ལྡན་ [000] དགེ་འདུན་འཕྲིན་ལས་རབ་རྒྱས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་དང། ཁྲི་རྒན་སྤྲུལ་སྐུ་ངག་ དབང་འཇམ་དབྱངས་བཀྲ་ཤིས། ཚེ་མགོན་བླ་མ། དགོན་ལུང་གི་ ཝང་བསྐལ་བཟང་ཡེ་ཤེས་དར་རྒྱས། ཞང་བ་སྒོམ་ཆེན་བློ་བཟང་ཟླ་ བ་རྣམས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་གཉིས་ལ་སྦྱངས་པ་ དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་ མ་ལས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་ལེགས་པ་གསན་ དེ་ནས་རོང་བོ་དགོན་གྱི་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་ གླིང་གི་ཁྲིར་བཞུགས། དགུང་ལོ་བཞི་བཅུ་ཐམ་པར་རོང་པོ་དགོན་གྱི་ ཚོགས་ཆེན་ཁྲི་པ་མཛད། འོན་ཀྱང་འཆད་ཉན་དང་ཀུན་སྤྱོད་བསྐྱང་ ཁོམ་མ་བྱུང་བར་ལོ་དེར་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི། སྐལ་ལྡན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར། སྦྲང་རྩིའི་སྙིང་པོ། དོན་གསལ་མེ་ལོང། འབྱེད། བཅས་ཆོས་ཚན་ཆེ་ཆུང་བཞི་བཅུ་ཞེ་བཞི་ཡོད་པ་པོད་གསུམ་དུ་བསྡུས་ ནས་བཞུགས་སོ། ། བུ་སྟོན་རིན་ཆེན་གྲུབ།། ཁོང་ནི་རབ་བྱུང་ལྔ་བའི་ལྕགས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་་ ལོར་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་དགོན་པར་ ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང། ཡུམ་ [000] བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་ པའི་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ དྲུག་པར་གསུམ་གྱིས་ཡི་གེ་སྦྱོར་ཀློག་བསླངས། དེ་ནས་དཔོན་རྒྱལ་ སེང་གིས་རྩིས་དང་ཡི་གེའི་རིག་པ་བསླབས། དགུང་ལོ་བརྒྱད་པར་ ཡུམ་གྱི་ཁུ་བོ་རྙིང་མའི་བླ་མ་ཚུལ་ཁྲིམས་དཔལ་བཟང་གི་མདུན་ནས་ གསང་སྔགས་རྙིང་མའི་ཆོས་སྐོར་མ་ལུས་པ་ཞུས་ཤིང་བཟླས་བརྗོད་ དང། སྒོམ་སྒྲུབ་སོགས་ལ་ཐུགས་བརྩོན་ཆེན་པོ་མཛད། དགུང་ལོ་ བཅོ་བརྒྱད་པར་ཁྲོ་ཕུའི་མཁན་ཆེན་རིན་ཆེན་སེང་གེའི་དྲུང་ནས་རབ་ བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། དགེ་བཤེས་བསོད་ནམས་མགོན་གྱི་ མདུན་ནས་འདུལ་བ་དང་ཕར་ཕྱིན་ལ་ལོ་གཉིས་རིང་དུ་གསན་སྦྱངས་ མཛད། དེ་ནས་ལོ་གཅིག་ལ་ཚད་མ་གསན་པས་རྩོད་པའི་རྩེ་མོར་སོན་ ཏེ་ཕ་སྟོན་ལ་བུ་སྟོན་བྱུང་འདུག་ཅེས་བསྟོད་བསྔགས་བྱས་ཤིང། མཁས་ པའི་གྲགས་པ་དབུས་གཙང་ཀུན་ཏུ་ཁྱབ། དགུང་ལོ་ཉེར་གསུམ་པར་ དཀའ་བཞི་བ་གྲགས་པ་གཞོན་ནུ་སོགས་ཀྱི་མདུན་ནས་བསྙེན་རྫོགས་ ཀྱི་སྡོམ་པ་མནོས། ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ ནས་ཙནྜ་པ་དང་ཀཱ་ལ་པའི་མདོ་འགྲེལ། སྙན་ངག་སྡེབ་སྦྱོར་ མངོན་བརྗོད་སོགས་ལ་སྦྱངས་པས་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་གྱུར། བླ་ མ་དཔལ་ལྡན་སེང་གེ་དང། བླ་མ་རྡོ་རྗེ་རྒྱལ་མཚན་སོགས་ནས་རྒྱུད་ སྡེ་བཞིའི་དབང་དང་བཤད་པ་བཅས་གསང་སྔགས་ཀྱི་ཆོས་སྐོར་མཐར་ དག་གསན། དགུང་ལོ་སོ་གཅིག་ཏུ་ཕེབས་དུས་སྐུ་ཞང་གྲགས་པ་རྒྱལ་ མཚན་གྱིས་ཞྭ་ལུ་དགོན་གྱི་གདན་སར་བཀོད། དེ་ནས་མི་རིང་བར་ [000] ཚད་མ་རྣམ་ངེས། ཕར་ཕྱིན། མངོན་པ་ཀུན་བཏུས་བཅས་སློབ་ མར་ཁྲིད་པར་མཛད། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ ཏེ་དབྱར་དགུན་གཉིས་ཀྱི་དུས་སུ་ཕར་ཕྱིན། མངོན་པ་ཀུན་བཏུས་ ཚད་མ་རྣམ་ངེས། འདུལ་བ་མདོ་རྩ་སོགས་ཀྱི་བཤད་པ་དང། སྟོན་ དཔྱིད་གཉིས་ཀྱི་དུས་སུ་དུས་འཁོར། གསང་འདུས། ཡོ་ག་རྡོ་རྗེའི་ འབྱུང་བ་སོགས་ཀྱི་བཤད་པ་མཛད། ཁོང་གི་གསུང་རྩོམ་ནི་རྒྱལ་ དབང་སྐུ་ཕྲེང་བཅུ་གསུམ་པས་སྤྱི་ལོ་་ལོར་ཤིང་པར་བཞེངས་ཏེ་ པོད་ཉེར་བརྒྱད་དུ་བྱས་སོ། ཞྭ་ལི་བློ་གསལ་བསྟན་སྐྱོང་གིས་ཁོང་གི་ གསང་སྔགས་ཀྱི་སྐོར་ལ་ཆོས་ཚན་ཉིས་བརྒྱ་བཅོ་བརྒྱད། མདོའི་སྐོར་ ལ་ཉེར་ལྔ། རིག་གནས་སྐོར་ལ་ལྔ་བཅུ་ང་ལྔ་སྟེ་ཁྱོན་སྡོམ་ཉིས་བརྒྱ་གོ་ བརྒྱད་ཡོད་པར་གསུངས་སོ། བསྒྱུར་རྩོམ་ཡང་དུ་མ་བཞུགས། ། བུམ་པར་མཁན་ཆེན་དགེ་འདུན་དམ་ཆོས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་མཆོད་གཞིས་ཀླུ་འབུམ་དྲེད་ཁོག་གླང་ཚང་རྒྱུད་ཧོར་ལྡིང་སྡེ་ བར་ཡབ་སྒྲོལ་མ་དོན་སྒྲུབ་དང། ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བཞི་པར་ སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གིས་སྐུ་གོང་མ་ཚུལ་ཁྲིམས་བསྟན་ པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གནང། དགུང་ལོ་དྲུག་ པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད་ཅིང་སྨོན་ལམ་རབ་ འབྱམས་པ་འཇམ་དབྱངས་གྲགས་པ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད་ [000] དགུང་ལོ་བཅོ་ལྔ་པར་དཔལ་དན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ བཅོ་བརྒྱད་པར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས། དགུང་ལོ་ཉེར་ གཅིག་པར་སྐྱབས་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་ བསྙེན་རྫོགས་མཛད། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅོ་ལྔ་པའི་ས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ བཞུགས་ནས་ཆོས་སྲིད་གཉིས་ཀྱི་སྒོ་ནས་འགྲིག་ལམ་ཀུན་སྤྱོད་དང་ ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང་ངོ། ཁྲི་ཟུར་ནས་ ཀྱང་བསྟན་འགྲོའི་དོན་ཆེན་ཁོ་ནར་གཉེར་ནས་དུས་འདའ་བར་མཛད་ དོ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དྲུག་ཅུ་རེ་གཅིག་ པ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བདུན་ཅུ་དོན་ བརྒྱད་པ་ཡིན་ནོ། ། བུམ་པར་མཁན་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ཚོ་བར་ཡབ་ཝང་ཀུན་ཟིན་བ་ཧུན་ ཞོ་དང། ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་ཧོར་ལྡིང་སྒོམ་པ་བློ་བཟང་དགེ་ལེགས་རྒྱལ་ མཚན་གྱི་མདུན་ནས་རབ་ཏུ་བྱུང་ཞིང་སྐུ་འབུམ་རང་སྒར་དུ་གདན་ སར་བཀོད། དགུང་ལོ་བཅུ་གཉིས་པར་ཉ་ཀྱཱ་ལྷ་རམས་པ་སློབ་དཔོན་ དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་ བཀའ་པོད་ལྔ་ལ་ཐོས་བསམ་མཛད་ཅིང་ཚོགས་ལངས་ཀྱང་བཞེངས་ [1087] དགུང་ལོ་བཅུ་དགུ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་ལས་ བསྙེན་པར་རྫོགས་ཤིང་རྒྱུད་པ་གྲྭ་ཚང་གི་ཆོས་གོར་ཞུགས་ནས་སྔགས་ ཕྱོགས་ལ་སློབ་གཉེར་ལེགས་པར་གནང། དགུང་ལོ་ཉི་ཤུ་ཐམ་པར་ རྒྱུད་པའི་བླ་མ་དབུ་མཛད་བཞུགས། དགུང་ལོ་ཉེར་གཉིས་པ་རབ་བྱུང་ བཅོ་ལྔ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་དུས་འཁོར་དཔོན་ སློབ་ཀྱི་ཁྲི་ལ་བཞུགས། དགུང་ལོ་ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ ནས་དུས་ཀྱི་དབང་དང་བསྟུན་པའི་འགྲིག་ལམ་གང་ཡོད་དང་ཆོས་ འཆད་ཉན་གྱི་རིམ་པ་རྣམས་ལ་ཡར་རྒྱས་ཡོང་བའི་ཐབས་ཚུལ་ནན་ ཏན་དུ་མཛད། ཁྲི་ཟུར་ནས་དབུས་གཙང་དག་པའི་ཞིང་དུ་འབྱོར་ ཕྲལ་དགོངས་པ་རྫོགས་པའི་ཚུལ་བསྟན་ཏོ། ཁོང་ནི་སྐུ་འབུམ་དུས་ འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་གཅིག་པ་དང། རྒྱུད་པ་མཁན་ པོའི་ཁྲི་རབས་ལྔ་བཅུ་ང་དགུ་པ་ཡིན་ནོ། ། བུམ་པར་ངག་དབང་ཆོས་ཀྱི་ཉི་མ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རབ་ བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་ པ་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་འགྲིག་ལམ་ཀུན་ སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ལེགས་པར་མཛད་ རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྤྲེལ་ལོ་་ལོར་སྐུ་འབུམ་དགོན་གྱི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་གདན་ས་བསྐྱངས་ རབ་བྱུང་བཅུ་བཞི་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བཙན་ཁང་ [1088] ཆེན་མོའི་ཁྱམས་ར་དང་དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་ཆེན་མོ་ བཅས་གསར་བཞེངས་མཛད། རབ་བྱུང་བཅུ་བཞི་པའི་མེ་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་ཁོང་གིས་གཙོ་འགན་བཞེས་ཏེ་རྗེ་ཡབ་སྲས་གསུམ་ གྱི་གསུང་འབུམ་ཤིང་དཔར་དུ་བརྐོ་རྒྱུ་དགོན་པ་ཡོངས་ནས་གྲོས་ མཐུན་བྱུང་སྟེ་དཔར་ཁང་ངོ་མཚར་རིན་ཆེན་གླིང་གསར་དུ་བཙུགས་ སྐྱབས་རྗེ་གསེར་ཏོག་མཁན་ཆེན་དང། སྟག་མཚེར་མཁན་ཆེན་རྣམ་ གཉིས་དཔར་ཁང་གི་བདག་པོར་བཞུགས་ཏེ། མཚོ་སྔོན་རབ་འབྱམས་ པ་ངག་དབང་ལེགས་གྲུབ་དང། རབ་འབྱམས་པ་ངག་དབང་ཉི་མ་ སོགས་འགོ་བ་དུ་མ། ཞུས་དག་པ་སྐྱབས་རྗེ་ཆེ་ཤོས་ཡོངས་འཛིན་ ངག་དབང་འཇམ་དབྱངས་དབང་རྒྱལ། ཨ་ཀྱཱ་ཡོངས་འཛིན་བློ་ བཟང་དོན་གྲུབ། དཀའ་བཅུ་ཚུལ་ཁྲིམས་རབ་རྒྱས་སོགས་དང་ དབུ་ལྷ་འབྲི་མཁན་ལྷ་བཟོ་རབ་འབྱམས་པ་བློ་བཟང་འཕྲིན་ལས་ དཔར་ཡིག་འབྲི་མཁན་དགེ་སློང་འཇམ་དབྱངས་རིན་ཆེན། དགེ་ སློང་དགེ་འདུན་དར་རྒྱས་སོགས་དང། རྐོ་མཁན་དགེ་སློང་བསྟན་པ་ ཡར་འཕེལ། བསྟན་འཛིན་ཡར་འཕེལ། བསྟན་འཛིན་རྒྱ་མཚོ་ སོགས་ཀྱིས་འབད་རྩོལ་དང་ལེན་ལྷུར་དུ་བཞེས་ཤིང། མ་ཞུས་དང་ བུ་ཞུས། སྐྱར་ཞུས། དཔར་ཞུས་ཏེ་ཞུས་དག་བཞི་རེ་མཛད་ དངུལ་སྲང་ལྔ་བརྒྱ་དང་བཅུ་དྲུག་དོང་རྩེ་ཆོན་ཁྲི་ཚོ་གཉིས་དང་སྟོང་ ཕྲག་གཉིས་ལས་བརྒལ་བའི་རྒྱུ་སོང་གིས་རྗེ་ཡབ་སྲས་གསུམ་གྱི་གསུང་ འབུམ་ཆ་ཚང་དཔར་དུ་ལེགས་པར་གྲུབ་ཅིང་རབ་གནས་ཀྱང་རྒྱས་ པར་མཛད། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་སོ་ལྔ་པ་ [1089] དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཞེ་དགུ་པ་ཡིན་ནོ།། བེ་རི་མཐུ་སྟོབས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཤིས་ཚང་བེ་རིའི་རིགས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་རྒྱུད་སྟོད་མུ་ཏོ་རྒྱ་མཚོ་དོན་ལྡན་ལས་ རབ་ཏུ་བྱུང། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་ཁྲི་རྒན་ བསེ་ངག་དབང་བཀྲ་ཤིས་ལས་བསྡུས་གྲྭའི་བརྩི་བཞག་གསན་ཞིང་ཟིན་ བྲིས་ཀྱང་བཏབ་ཅིང་དཔར་ཤིང་བླ་བྲང་དུ་ཡོད། གཞུང་རྣམས་ལས་ མཛོད་ཀྱི་བར་དུ་སློབ་གཉེར་གནང། དེ་ནས་དབུས་སུ་ཕེབས་ཏེ་ སློབ་གཉེར་བསྐྱར་བས་དགེ་བཤེས་ཐོན། རྒྱུད་སྟོད་དུ་ཞུགས་ཤིང་ སྔགས་ལ་སྦྱངས། གདོང་གོང་ཕུན་ཚོགས་རྒྱ་མཚོ་ལས་བེག་ཙེའི་ གཏོར་སྒྲུབ་ཀྱི་ཕྱག་ལེན་བསླབས། དེ་ནས་མདོ་སྨད་དུ་ཕེབས་ཏེ་ཤིས་ ཚང་དང་མཛོད་དགེ་མར་ཁུའི་ཉིན་གཉིས་ཀར་རི་ཁྲོད་བཏབ་ཅིང་སྐལ་ ལྡན་གྱི་གདུལ་བྱ་རྣམས་ལ་བཀའ་ཆོས་ཚིམ་པར་གནང། དགུང་ལོ་ ང་བཞི་པ་རབ་བྱུང་བཅུ་གསུམ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ གཙོས་དགོན་ཆེན་དུ་མཚན་ཉིད་བཙུགས་ཏེ་ཐོག་མའི་འཆད་ཉན་གྱི་ ཁྲི་ལ་བཞུགས་ནས་དཔེ་ཁྲིད་གནང། དགུང་ལོ་དོན་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི། གྲྭའི་ཟིན་བྲིས། བཞུགས་སོ། ། [1090] བེ་རི་དོན་ཡོད་རྡོ་རྗེ།། ཁོང་ནི་ཁམས་མདོ་སྟོད་ལྡན་ཆོས་འཁོར་ཡུལ་དུ་ཡབ་བེ་རི་ དོན་ཡོད་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། རབ་ བྱུང་བཅུ་གཅིག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སོག་གུ་ ཤྲཱི་ཧན་གྱིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་ སོགས་ལ་སྦྱངས་པ་དང། དེ་ནས་སྐུ་ན་སོན་རྗེས་ཡབ་མེས་ཀྱི་སྲིད་ དབང་རྒྱུན་བསྐྱངས་ཤིང་མངའ་ཐང་ཇེ་ཆེར་གཏོང་ཆེད་ཁམས་ཁུལ་གྱི་ ཡུལ་སྡེ་མང་པོར་དམག་དྲངས་ནས་དབང་དུ་བསྡུས། ཀརྨ་བསྟན་ སྐྱོང་དབང་པོར་དམག་རོགས་བྱེད་པའི་བསམ་བློ་ཡོད་ཀྱང་དོན་དུ་མ་ འཁེལ། ཁོང་བོན་པོའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་དབང་གིས་ ནང་པའི་བླ་མ་དང། གྲྭ་པ་མང་པོ་བཀྲོངས་པ་དང་བཙོན་འཇུག་ བྱས། ལྷག་པར་དུ་གུ་ཤྲཱི་ཧན་སོགས་སོག་པོའི་ཇག་ཚོགས་ཀྱིས་བོད་ ལ་བཙན་འཇུག་བྱས་པར་འགོག་རྒོལ་ཤུགས་ཆེན་བྱས་སྟབས། རབ་ བྱུང་བཅུ་གཅིག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ ལྔ་པའི་ནང་ནས་སོག་གུ་ཤྲཱི་ཧན་གྱིས་ཁམས་ཕྱོགས་བེ་རི་རྒྱལ་པོ་དོན་ ཡོད་རྡོ་རྗེའི་ཐོག་ཏུ་དཔུང་འཇུག་བྱས་ཏེ་ཧོར་ཟླ་བཅུ་གཅིག་པའི་ནང་ ནས་བདེ་རི་རྒྱལ་པོ་གསོན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་རོ། ། བོ་དོང་ཕྱོགས་ལས་རྣམ་རྒྱལ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ [1091] ད་དུང་དཔྱད་དགོས། ཁོང་ནི་ལོ་ཆེན་གྲགས་པ་རྒྱལ་མཚན་གྱི་དཔོན་ པོ་ཡིན། ལྷག་པའི་ལྷ་སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བས་རིག་ པའི་གནས་མཐའ་དག་ལ་ཐོགས་པ་མེད་པར་སྨྲ་བའི་མ་ཧཱ་པཎྜི་ཏར་ གྱུར་ཞིང་ཀུན་གྱིས་བོ་དོང་པཎ་ཆེན་ཞེས་འབོད། གངས་ལྗོངས་ མཁས་པ་ཕལ་ཆེར་རྩོད་པས་ཕམ་པར་མཛད། རྡོ་རྗེ་སེམས་དཔའ་ དང། རྡོ་རྗེ་ཕག་མོ་སོགས་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཀྱིས་ གསང་བའི་མཛོད་ཆེན་པོ་བྱིན་པས་དེ་ཉིད་འདུས་པ་ཆེན་པོ་སོགས་ བསྟན་བཅོས་ཕོན་ཆེན་བརྩམས། བོ་དོང་གི་གདན་ས་ཡང་མཛད་ དུས་ཕྱིས་སུ་དཔལ་མོ་ཆོས་སྡིངས་བཏབ་ཅིང་དགེ་འདུན་མོང་པོའི་ ཚོགས་པ་བསྐྱངས། གྲུབ་མཐའི་ཁས་ལེན་ཅུང་ཟད་མི་འདྲ་བ་མང་ དུ་མཛད་པས་བོ་དོང་པའི་ལུགས་ཞེས་གྲགས། དེང་སང་གདན་ ས་དངོས་སུ་ཆོས་རྒྱུན་སོགས་ཆེར་མི་བཞུགས་ཀྱང་ལོ་རོར་རྗེ་ཉིད་ ཀྱི་རྣམ་འཕྲུལ་སྦྱོར་ར་ཐམས་ཅད་མཁྱེན་པ་རིམ་བྱོན་དང། ཡར་ འབྲོག་བསམ་སྡིངས་སུ་རྡོ་རྗེ་ཕག་མོ་རིམ་བྱོན་སོགས་ཀྱིས་བཟུང་སྟེ་ ཆོས་རྒྱུན་འགའ་ཞིག་ཡོད་དོ། ཁོང་གི་མཚན་གྱི་རྣམ་གྲངས་ནི་ འཇིགས་མེད་གྲགས་པ་དང་ཆོས་ཀྱི་རྒྱལ་མཚན་བཅས་ཡོད། ཁོང་གི་ སློབ་མའི་ཚོགས་ནི་བསྟན་པ་ཡོངས་རྫོགས་ཀྱི་བཀའ་བབས་ཉི་ཤུ་རྩ་ གསུམ་དང། འཁོན་གྱི་གདུང་བརྒྱུད་གསུམ། སྔགས་འཆང་ཆེན་པོ་ གཅིག་མཁས་གྲུབ་གཉིས། ལོ་ཆེན་གསུམ། དཀའ་བཅུ་སྨྲ་བ་སྟོང་ ཕྲག་གཅིག་དཀའ་བཞི་སྨྲ་བ་སྟོང་ཕྲག་གཉིས། ཕར་ཚད་ཤེས་ པའི་སློབ་མ་ཁྲི་ཕྲག་ལས་བརྒལ་བ་བྱོན་ནོ། ཁོང་གི་གསུང་རྩོམ་ནི་ [1092] ཕར་ཕྱིན་དང། དབུ་མ། ཚད་མ། མངོན་པ། འདུལ་བ་ སྒྲུབ་ཐབས་སྣ་ཚོགས། སྒྲ། སྙན་ངག་རྩིས། སྨན། སུམ་རྟགས་ དག་གསུམ། ལོ་རྒྱུས་ཆོས་འབྱུང་སོགས་བཞུགས་པ་རྣམས་ཕྱོགས་ གཅིག་ཏུ་བསྡུས་ནས་པོ་ཏི་བརྒྱ་དང་སོ་གཉིས་སུ་བཞུགས་སོ། དེའི་ ནང་དུ་སྔོན་བྱོན་མཁས་པའི་གསུང་རྩོམ་ལ་ཞུ་དག་དང་ལེགས་བསྒྲིགས་ མཛད་པ་རྩིས་མེད། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མཁས་ཆེན་རྣམས་ ཀྱིས་ཁོང་གི་གསུང་རྩོམ་ནི་འཛམ་གླིང་ཡོངས་ཀྱི་མི་རིགས་ཁག་གི་ མཁས་པ་སོ་སོའི་གསུང་རྩོམ་ཐམས་ཅད་ཀྱི་ནང་ནས་ཀྱང་ཆེས་མང་བ་ ཞིག་ཡིན་ནོ་ཞེས་མགྲིན་གཅིག་ཏུ་སྨྲས་སོ། ། བོ་དོང་རིན་ཆེན་རྩེ་མོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གིས་བླ་མ་སེ་མོ་ ཆེ་བ་ལ་བསྟེན་ནས་དུས་ཀྱི་འཁོར་ལོའི་བཤད་པ་དང་མན་ངག་ཐམས་ ཅད་ཞུས་ཏེ། སྟན་ཐོག་གཅིག་ཏུ་བཟླས་བསྙེན་བྱེ་བ་རྫོགས་པར་ མཛད་པས་སྦྱིན་བསྲེགས་མཛད་པ་ན་མེ་ལྕེ་དཔལ་བེའུ་དང་གཡུང་ དྲུང་འཁྱིལ་བ་ལ་སོགས་པ་བཀྲ་ཤིས་པའི་མཚན་མ་ཡང་མང་དུ་བྱུང་ དུས་ཀྱི་འཁོར་ལོ་བཤད་པས་སློབ་མ་མང་དུ་བྱུང་བ་ལས། ཁྱད་པར་ དུ་གདུགས་ཐོགས་པ་བཅོ་བརྒྱད་བྱུང། ཁྲིད་བཏབ་པས་སློབ་མ་གྲུབ་ ཐོབ་ཀྱང་མང་དུ་བྱོན། བོ་དོང་དུ་དུས་འཁོར་ལྷ་མོ་ཆེ་ཞེས་གྲགས་སྐུ་ ཆེན་པོ་ཞིག་ཀྱང་བཞེངས་སོ། བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་ཅིང་དགུང་ལོ་ལྔ་བཅུ་ང་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ [1093] འཐིམས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྟག་སྡེ་བ་སེང་གེ་རྒྱལ་ མཚན་ཡིན། ། བོད་མཁས་པ་མི་ཕམ་དགེ་ལེགས་རྣས་རྒྱལ།། ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། འདས་ལོ་མི་གསལ། དགུང་ལོ་ཆུང་ངུའི་དུས་ནས་བཀའ་ བརྒྱུད་པའི་ཆོས་སྒོར་ཞུགས་ཏེ་འབྲུག་པ་སངས་རྒྱས་རྡོ་རྗེ་ལ་བསྟེན་ ཞིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་གངས་ཅན་མཁས་པའི་མིག་རྒྱན་དུ་གྱུར། ད་ཡོད་ཀྱི་ དཔྱད་གཞི་ཡིག་ཆ་ལ་བལྟས་ན། ལྷག་པར་དུ་གསོ་བ་རིག་པ་དང་ སྙན་ངག་ལ་ཤིན་ཏུ་མཁས་པས་བརྩམས་ཆོས་ཀྱང་མང་དུ་མཇལ་རྒྱུ་ འདུག་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ དགོངས་རྒྱན། པོར་བཞུགས་ཡོད་པ་འདྲའོ། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་ རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི། བཤད་པ་བཻ་ཌཱུརྱའི་མེ་ལོང། ཆེའི་སྣང་བ་གསལ་བ། གི་ཡང་ལན་རབ་དགའི་རྒྱུད་མངས། ཚིག་ཚངས་པའི་མགྲུལ་རྒྱན། རོལ་མཚོ། གཏམ་ལེགས་བཤད་རོལ་མཚོ། [1094] དཔེར་བརྗོད་ལེགས་པར་བཤད་པ་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས། བཅས་མང་དུ་བཞུགས་སོ། ། བྱ་ཁྱུང་ངག་དབང་ཆོས་གྲགས།། ཁོང་ནི་བྱང་རྩེ་ངག་དབང་ཆོས་གྲགས་དང་མི་གཅིག་པ་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། བྱ་ཁྱུང་ངག་དབང་མཆོག་ལྡན།། ཁོང་ནི་གཅན་ཚ་ངག་དབང་མཆོག་ལྡན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། བྱ་ཁྱུང་ངག་དབང་སྙན་གྲགས།། ཁོང་ནི་སྣུབས་ངག་དབང་སྙན་གྲགས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། བྱ་ཁྲི་བཙན་པོ།། ཁོང་ནི་སྤུ་དེ་གང་རྒྱལ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། བྱ་སྟོན་འཆད་ཁ་བ་ཡེ་ཤེས་རྡོ་རྗེ།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ལུ་ར་ལ་སྐུ་འཁྲུངས། གདུང་རུས་བྱ་ཡིན། རབ་བྱུང་ གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་གཞོན་པའི་དུས་སུ་ལོ་རོ་ཞིང་གསར་དུ་མཁན་པོ་རྩེ་བོར་བ་ དང་སློབ་དཔོན་དྭགས་པོ་གཙང་འདུལ་བ་གཉིས་ལས་རབ་ཏུ་བྱུང་ ཞིང་མཚན་ལ་ཡེ་ཤེས་རྡོ་རྗེ་ཞེས་གསོལ། ཚ་རོང་ཇོ་སྟན་དང་དྭགས་ [1095] གཙང་འདུལ་བ་གཉིས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཤ་མི་ བ་སྨོན་ལམ་འབར་ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ གསན། དགུང་ལོ་སུམ་ཅུ་ཐམ་པར་དབུ་རུར་བྱོན་ཏེ་ཤ་ར་བ་ཡོན་ ཏན་གྲགས་མཇལ་ཞིང་བློ་སྦྱོང་གི་ཁྲིད་ཚར་གཅིག་ལ་ལོ་ངོ་བཅུ་གསུམ་ གྱི་རིང་དུ་གསན་པས་ཇི་ལྟ་བ་བཞིན་དུ་ཐུགས་རྒྱུད་ལ་འཁྲུངས་ཤིང་ བདག་ཉིད་མོས་པ་མང་བའི་རྒྱུས། བདེ་སྡུག་གཏམ་ངན་ཁྱད་ བསད་ནས། བདག་འཛིན་འདུལ་བའི་གདམས་ངག་ཞུས། ད་ནི་ཤི་ ཡང་མི་འགྱོད་དོ། དེ་ནས་མལ་གྲོར་བྱོན་ཞིང་ འཆད་ཁ་རྙིང་མ་གསར་འདེབས་མཛད་ཅིང་ལོ་ངོ་སུམ་ཅུ་རྩ་བཞིའི་ རིང་དུ་ཚོགས་པ་བསྐྱངས། དེ་ནས་བྱ་དུར་མོར་བྱོན་ཞིང་སྒྲུབ་པ་ ཉམས་ལེན་ཡང་མཛད་དེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ མཐར་ཐུག་གསུམ་གྱི་གདམས་པ་དང། རང་རྣམ་ཚིགས་བཅད་མ་ བཅས་བརྩམས་པ་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་ཅིང་དགུང་ལོ་བདུན་ཅུ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་སེ་སྤྱིལ་བུ་བ་ཆོས་ཀྱི་ རྒྱལ་མཚན་ཡིན། ཁོང་ནི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་ ཞིག་ཡིན་ནོ། ། བྱ་གདོང་ཅན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ [1096] རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི། རྗེ་འོག་གི་རྒྱུད། ། བྱ་འདུལ་འཛིན་བརྩོན་འགྲུས་འབར།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་རོང་གཡུང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་མེ་ཕོ་ ཁྱི་ལོ་སྤྱི་ལོ་་ལོར་ཟུལ་ཕུའི་གཟིམས་ཁང་དུ་སྐུ་གཤེགས། ཁོང་ དགུང་ལོ་གཞོན་པའི་དུས་སུ་འབྲེ་ཆེན་པོ་ཤེས་རབ་འབར་ལས་རབ་ཏུ་ བྱུང་ཞིང་མཚན་ལ་བརྩོན་འགྲུས་འབར་ཞེས་གསོལ། སོག་འདུལ་ འཛིན་ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ལ་གསན་པར་ མཛད། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར་དང་རྨ་ཚོ་ བྱང་ཆུབ་རྡོ་རྗེ་དགེ་སློབ་གཉིས་ཀྱི་ཞབས་ལ་གཏུགས་ཤིང་འདུལ་བ་ མཁས་པར་བསླབས། རྒྱལ་ཚ་ཞང་ཡེ་ལས་དབུ་ཚད་དང། ཟངས་ དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ལས་ཡོ་ག་སྟོད་ལུང་པ་ཆེན་པོ་ ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། དེ་རྗེས་ཟུལ་ཕུར་ བཤད་གྲྭ་བཙུགས་ཏེ་ལོ་ངོ་དགུའི་རིང་དུ་ཚོགས་པ་བསྐྱངས། དེ་ནས་ མན་ངག་ཟབ་མོའི་ཉམས་ལེན་མཛད་ཅིང་བཞུགས། བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ཅིང། དགུང་ལོ་བདུན་ཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་བསྟན་འགྲོ་ [1097] ལ་ཕན་ཐོགས་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱོན། དེ་དག་ལས་གྲགས་ ཆེ་བ་ནི་རྩིས་པ་གཞོན་ནུ་སེང་གེ་དང། གཙང་རོང་པ་ལྕེ་འདུལ་ འཛིན། བྱའི་སྣག་དབོན་ཆོས་དབང་བཅས་ཡིན་ནོ། ། བྱ་བྲལ་བློ་བཟང་རྣམ་རྒྱལ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ལུང་པར་ཡབ་མངོན་པོ་ ་ལོར་གཙང་ཁུལ་ལྕགས་ལུང་པར་ཡབ་མངོན་པོ་ཚེ་རྒྱལ་དང་ ཡུམ་སྲས་མོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་གྲུབ་ཆེན་བློ་ བཟང་བྱམས་པ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ མནོས་ཤིང་མཚན་ལ་བློ་བཟང་རྣམ་རྒྱལ་ཞེས་གསོལ། ཐོས་བསམ་ གླིང་དུ་ཞུགས་ནས་ཞལ་སྔ་འཇམ་དབྱངས་ཆོས་འཕེལ་ལ་བསྟེན་ཏེ་ བསྡུས་གཞུང་དང། ཚད་མ་རྣམ་འགྲེལ་ལ་སོགས་པའི་ཚད་མ་སྡེ་ བདུན་དང། མངོན་རྟོགས་རྒྱན། དབུ་མ། འདུལ་བ་སྡེ་བཞི་ མཛོད་བཅས་ལ་མཁས་པར་བསླབས། པཎ་ཆེན་བློ་བཟང་ཡེ་ཤེས་ དང་ཞབས་དྲུང་ལྷ་པ་བློ་བཟང་འཕྲིན་ལས་ལས་སྣར་ཐང་བརྒྱ་རྩ་ དང། བྱང་ཆུབ་ལམ་རིན། སྤྱོད་འཇུག་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ སྔགས་རིམ་ཆེན་མོ། དབེན་ས་སྙན་བརྒྱུད་བཅས་གསན་པར་མཛད་ གཞན་ཡང་དགེ་བཤེས་བློ་བཟང་ཚེ་དབང་དང། བློ་བཟང་རིག་ གྲོལ། བྱ་བཏང་འཕྲིན་ལས་ཆོས་འཕེལ། གྲུབ་དབང་ཆོས་ཀྱི་རྒྱ་ མཚོ་བཅས་ལས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་སོ་ [198] བདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་ གསང་བདེ་འཇིགས་གསུམ་དང། དུས་འཁོར། ཚེ་དཔག་མེད་ལྷ་ དགུ། མི་འཁྲུངས་པའི་དབང་ཆེན་བཅས་དབང་ལུང་མན་ངག་མཐའ་ ཡས་པ་གསན། རྡོ་རྗེ་འཛིན་པ་ལྷུན་གྲུབ་རྒྱ་མཚོ་དང་འདུལ་འཛིན་ དཀོན་མཆོག་གཉིས་ལས་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། སྣའ་རོ་ཆོས་དྲུག་ གི་ཁྲིད། བློ་སྦྱོང་གི་དམར་ཁྲིད་བཅས་ལ་གསན་པར་མཛད། ར་ སྒྲེང་གི་བྲག་སེང་གེའི་ཞོལ་ལ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་ པས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། དེ་ནས་ཙ་རི་དང་ འཕྱོངས་རྒྱས། འོལ་ཁ། རྫིང་ཕྱི། ཛ་མ་ཁ་རག་བྲག་རྒྱ་རྡོ་རྗེའི་ ཕོ་བྲང། རྟ་ནག་ཆོས་སྡིང། དངུལ་ཆུ་རི་ཁྲོད། དིང་རི། བྲག་ དམར་མཆོང་ལུང། ཁུ་བྱུག་དབེན་རྫོང། སྐྱིད་ཕུག་ཉི་མ་རྫོང་ བལ་ཡུལ་བྱ་རོང་ཁ་ཤོར། ལྷ་ལྔ་ཕུག་མེ་ཏོག་མདངས་ཅན། རྫ་ཕུག་ བཅས་ལ་བཞུགས་ཏེ་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་བ་མཛད་ ཅིང་སྐལ་ལྡན་གྱི་བུ་སློབ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཕངས་མེད་དུ་ གནང། དགུང་ལོ་དྲུག་ཅུ་རེ་གཅིག་པར་བཀྲ་ཤིས་ལྷུན་པོར་ཕེབས་ ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་པཎ་ཆེན་བཀའ་འབུམ་གྱི་ལུང་དང་ ལམ་རིམ་མྱུར་ཁྲིད་བཅས་གསན་པར་མཛད། དེ་ནས་གདུལ་བྱ་ རྣམས་ལ་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་གྲུབ་དབང་བློ་བཟང་ རྣམ་རྒྱལ་ཞེས་ཞུའོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལོ་ཙཱ་བ་ལྷ་ [1099] བཙུན་བློ་བཟང་འབྱུང་གནས་དང། སྔགས་རམས་པ་ཡེ་ཤེས་སྐལ་ ལྡན་རྣམ་གཉིས་ཡིན་ལ། ཁོང་གི་གསུང་རྩོམ་ནི། འདོད་དེད་དཔོན་མའི་ཊིཀྐ་ཚིགས་དོན་གསལ་བའི་སྒྲོན་མེ། ཁོང་ནི་ལམ་ རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་པ་ཡིན་ནོ། ། བྱ་ཚང་དགེ་འདུན་བསྟན་པ་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་་ལོར་ རྐ་ཕུག་ཉེ་འདབས་བྱ་ཚང་དུ་ཡབ་བློ་གྲོས་དཔལ་བཟང་དང། ཡུམ་ གདོང་རྐོ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ཆུང་ངུའི་དུས་སུ་ཡབ་བློ་གྲོས་དཔལ་བཟང་ལས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་སྤྱོད་བཅས་ལ་ལེགས་པར་བསླབས། རྗེ་ཐར་ཤུལ་ རིན་པོ་ཆེ་དགེ་འདུན་ཆོས་རྒྱ་མཚོ་བྱ་ཚང་རྒྱལ་མཚན་བཟང་པོའི་ སྤྲུལ་སྐུར་ངོས་བཟུང་ཞིང་དེ་བ་ལས་རབ་བྱུང་བསྒྲུབས། དགུང་ལོ་ བཅུ་གཉིས་པར་བྱ་ཁྱུང་དགོན་དུ་ཕེབས་ཏེ་མདོ་བ་དཀའ་བཅུ་བརྩོན་ འགྲུས་བཟང་པོ་སློབ་དཔོན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་ ཐོས་བསམ་མཛད། གཞན་ཡང་རྗེ་ཞྭ་དམར་རིན་པོ་ཆེ་དགེ་འདུན་ བསྟན་འཛིན་རྒྱ་མཚོ་དང། གསེར་ཏོག་ནི་མིན་ཧན་བློ་བཟང་ཚུལ་ ཁྲིམས་རྒྱ་མཚོ། ཤིང་བཟའ་པཎྜི་ཏ་བློ་བཟང་བསྟན་པའི་དབང་ཕྱུག་ སོགས་ལས་ཆོས་བཀའ་རྒྱ་ཆེར་གསན་པ་མཛད། མདོ་བ་མཁན་ཆེན་ བློ་བཟང་ཚུལ་ཁྲིམས་ལས་བསྙེན་རྫོགས་ཞུས། དེ་ནས་སོགས་ཡུལ་དུ་ བྱོན་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྔ་ཕྱིར་ཕྱག་རྫས་ཅི་འབྱོར་ [1100] ཆུད་ཟོས་སུ་མ་བཏང་བར་བྱ་ཁྱུང་འདུ་ཁང་ཆེན་མོའི་ཀླད་དུ་དངུལ་ སྲང་སྟོང་དང་ལྔ་བཅུའི་རིན་ཐང་གི་རྒྱལ་མཚན་ཆ་གཅིག་དང་ གསེར་ཏོག་དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན། གསེར་གདུང་ཆེན་ མོར་གསེར་ལྗང་རྡུང་གི་མཆོད་རྐོང་སོགས་རྒྱ་ཆེར་བསྐྲུན་པ་ཕུལ་ དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་བཅོ་ལྔ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་ གནང། རབ་བྱུང་བཅོ་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དབང་ཕྱོགས་གསེར་ གྱི་རྒྱལ་ཁབ་ནས་ཞལ་བསྒྱུར་ཏེ་སྐུ་འབུམ་དུ་ཕེབས་པའི་སྐབས་སུ་ མཁན་པོ་འདི་བས་དབུ་དྲངས་ཤིང་བྱ་ཁྱུང་དགོན་དུ་སྤྱན་དྲངས་པ་ བཞིན་དེ་གར་ཕེབས་ནས་དཔེ་ཁྲིད་དང་བྱང་ཆུབ་ལམ་རིམ་གྱི་ལྗགས་ ལུང་གནང། རྒྱུན་ཇའི་ཐེབས་སུ་དོང་ཁྲོན་སྟོང་གསུམ་སྦྱོར་འཇགས་ དང། གཅན་རོང་སྟོད་སྨད་ནས་ཇ་ཚུལ་གཉིས་རེའི་དོ་དམ་པ་བསྐོས་ ཨ་ར་པ་ཙའི་ལྷ་ཁང་དུ་འཇམ་དབྱངས་བསྙུང་གནས་འཛུགས་རྒྱའི་ ལྗགས་བཀོད་དང། ཁྲི་ཁར་ཚེ་ལྷ་རྣམ་གསུམ་གྱི་བརྒྱ་ཐང་གསེར་ ཞུན་མས་བཞེངས་པ་བྱིན་རླབས་ཀྱི་རྟེན་དུ་གནང་བ་ད་ལྟ་ཨ་ར་པ་ ཙའི་ལྷ་ཁང་དུ་བཞུགས་སོ། ད་དུང་རྒྱལ་དབང་རིན་པོ་ཆེས་བྱ་ཁྱུང་ དགོན་དུ་བཀའ་ཤོག་ཕྱག་རྒྱས་བཏབ་པ་དང་ཐམ་ག་གྲུ་སྒོར་ཐམ་ གཡོག་དུ་བཀའ་ཤོག་ཕྱག་རྒྱས་བཏབ་པ་དང་ཐམ་ག་གྲུ་སྒོར་ཐམ་ གཡོག་བཅས་སྲིད་ན་རྙེད་དཀའ་བའི་བཀའི་དྲིན་བླ་ལྷག་ཏུ་བསྐྱངས་ ཁྲི་ཟུར་ནས་བསྟན་འགྲོའི་དོན་ཆེན་ཁོ་ནར་གཉེར་ནས་དུས་འདའ་ [1101] བའོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དགུ་བཅུ་ གོ་བཞི་བ་ཡིན་ནོ། ཁོང་གི་གསུང་རྩོམ་ནི། རྩོམ་འཕྲོ་ཅན། ། བྱ་ཡུལ་བ་ཆེན་པོ་གཞོན་ནུ་འོད།། ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་གོལ་གོ་ལུང་དུ་ཡབ་གཡུང་དྲུང་བརྟན་འབར་དང། ཡུམ་ གྱི་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡབ་གཤེགས་ཤིང་ཡུམ་གཞན་དུ་བག་མ་སོང་བས་ནེ་ནེ་ མོ་ཞིག་གིས་བསྐྱངས། དགུང་ལོ་བཅུ་པར་སྤྱན་སྔ་བའི་སློབ་མ་ཡེ་ཤེས་ རྒྱལ་མཚན་ལས་རབ་ཏུ་བྱུང། མཚན་ལ་གཞོན་ནུ་འོད་ཅེས་གསོལ་ དགུང་ལོ་བཅུ་དྲུག་པར་སྟོད་ལུང་པ་རིན་ཆེན་སྙིང་པོ་ལས་ཆོས་སྐོར་ མང་དུ་གསན་པར་མཛད། དེ་ནས་སྟོད་ལུང་པས་རང་གི་བླ་མ་སྤྱན་ སྔ་བ་ཚུལ་ཁྲིམས་འབར་ལ་ཕུལ། དགེ་བཤེས་སྤྱན་སྔ་བ་ལས་བཀའ་ གདམས་པའི་གདམས་ངག་ཡོངས་སུ་རྫོགས་པ་གསན། སྤྱན་སྔ་པའི་ ཞབས་ཏོག་ལོ་ངོ་དགུ་ཙམ་མཛད། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དུ་ བྱ་ཡུལ་དགོན་པ་གསར་འདེབས་མཛད། སློབ་མ་མང་དུ་འདུས་ནས་ ཚོགས་པ་བསྐྱངས་ཏེ་བཀའ་གདམས་པའི་གདམས་ངག་གི་ཆོས་རྣམས་ སྤྲེལ་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཕྱིའི་ཆེན་པོ་དགུ་ བར་གྱི་ཆེན་པོ་བརྒྱད། ནང་གི་ཐུགས་སྲས་གསུམ་ལས་གཙང་པ་ རིན་པོ་ཆེ་རྡོ་རྗེ་མི་བསྐྱོད། རི་མོ་ཅན་པ་རྒྱ། ཕྱག་རྗེ་བ་སྣུབས་མཆོད་ [1102] གནས་བཅས་ཡིན། ། བྱ་ཡུལ་སངས་རྒྱས་སྒོམ་པ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཡུལ་གཞུང་གི་སྣེའུ་གདོང་པར་ཡབ་འབྲེ་སྤྱན་རས་ གཟིགས་དང། ཡུམ་བྱི་བཟའ་རྒྱས་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཞི་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་བྱིས་པའི་དུས་ནས་ལྐོག་གྱུར་མང་པོ་ཤེས་པའི་གསལ་སྣང་ཡོད་པ་ ཞིག་བྱུང། དགུང་ལོ་བཅུ་བཞི་པར་མཁན་པོ་སྦལ་ཏི་དང་གྱ་བ་དགེ་ བཤེས་མགར་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་ཞིང་མཚན་ལ་ རྡོ་རྗེ་གཞོན་ནུ་ཞེས་གསོལ། མཁན་པོ་སྦལ་ཏེ་ལས་འདུལ་བ་ཉིས་ ཁྲིད་ཚར་གཅིག་གསན། དགུང་ལོ་བཅོ་བརྒྱད་པར་གླང་ལུང་བ་རྩོན་ འགྲུས་གཞོན་ནུའི་ཞབས་ལ་གཏུགས་ཤིང་ལོ་ངོ་བཅུ་བཞིའི་བར་དུ་ བསྟེན་ནས་གདམས་པ་ཐམས་ཅད་མ་ལུས་པར་གསན་པ་མཛད་ ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། གླང་ལུང་པ་སྐུ་ གཤེགས་རྗེས་དད་མོ་ལྷ་ཁང་དུ་ཟོ་གསོད་ལོ་དྲུག་མཛད་སྐབས་སངས་ རྒྱས་ཀྱི་ཞིང་ཁམས་མང་པོ་ཞལ་གཟིགས། དགུང་ལོ་སུམ་ཅུ་རྩ་བརྒྱད་ པར་བྲང་ར་མོ་ཆེར་མཁན་པོ་སྦལ་ཏི་དང། སློབ་དཔོན་མྱང་ གསང་སྟོན་དགེ་བཤེས་སྦས་ཀྱིས་མཛད་ནས་བསྙེན་པར་རྫོགས་ དགུང་ལོ་བཞི་བཅུ་རྩ་གཅིག་པར་ཚོགས་བཤད་མཛད། དགུང་ལོ་ བཞི་བཅུ་ཞེ་གཉིས་པ་རབ་བྱུང་གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཡུལ་དགོན་གྱི་གདན་སར་ཕེབས་ཤིང་དགེ་འདུན་མང་ [1103] པོའི་ཚོགས་པ་ཡུན་རིང་དུ་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་ གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་བཞི་པ་ཡིན་ནོ། ། བྱང་ངོས་ནང་སོ་དར་རྒྱས།། ཁོང་གི་འཁྲུངས་ཡུལ་དང་འཁྲུངས་ལོ་མི་གསལ། རབ་བྱུང་ བཅུ་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གིས་དྲང་སྲོང་བསྟན་འཛིན་རྒྱལ་པོ་སོགས་ཡོངས་སུ་གྲགས་པའི་དགེ་ བའི་ཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་སྤྱིར་མདོ་སྔགས་ རིག་གནས་དང། སོགས་སུ་གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་ ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ ལྷག་པར་ལག་ལེན་གྱི་ཁྲོད་ནས་ཉམས་མྱོང་མང་དུ་བསགས་ཏེ་སྨན་ བཅོས་མཛད་པས་སྙན་གྲགས་ཤིན་ཏུ་ཆེ། དེ་ནས་རྒྱལ་བ་སྐུ་ཕྲེང་ ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་བླ་སྨན་མཛད་ཅིང་གསོ་རིག་ཤིན་ ཏུ་དར་བ་མཛད། ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བོད་ཀྱི་གསོ་ རིག་སློབ་གྲྭའི་སློབ་དཔོན་མཛད་ནས་འཆད་ཉན་བསྐྱངས། རབ་ བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་གྲ་ཐང་རྒྱུད་ བཞིའི་དཔར་ཤིང་གསར་བསྐྲུན་པ་མཛད། མདོར་ན་སྐུ་ཚེ་གང་བོར་ གསོ་བ་རིག་པའི་ཕྱག་ལས་གནང་ནས་འགྲོ་བ་ནད་ཀྱི་སྡུག་བསྔལ་ཞི་བ་ མཛད་ནས་དུས་འདའ་བའོ། །ཁོང་གི་མཚན་གཞན་ལ་དཔོན་ཚང་ ནང་སོ་དར་རྒྱས་ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི་ [1104] བཅད། བཅས་བཞུགས་སོ། ། བྱང་ཆུབ་དཔལ་བཟང་པོ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང། ཡུམ་རིན་ཆེན་འབུམ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འཁྲུངས་ཞེས་འཁོད། ཁོང་གི་བྱིས་ པའི་མིང་ལ་ཤཱཀྱ་མཐའ་ཡས་ཞེས་ཞུ། མཁན་པོ་ལྷ་དེ་པ་ཤེས་རིན་པ་ དང། སློབ་དཔོན་སྣར་ཐང་གི་མཁན་པོ་གྲགས་ཤེ་བ་གཉིས་ལས་ དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་བྱང་ཆུབ་དཔལ་བཟང་པོ་ཞེས་ གསོལ། མཁན་པོ་ལས་ཐུགས་བསྐྱེད་དང་བློ་སྦྱོང་སོགས་ལུང་དུ་མ་ ཞུས། བླ་མ་གྲགས་འབྱོར་པ་ལས་དབང་དང། མེ་ལུགས། ཚལ་ ལུགས་ཀྱི་གདམས་པ་ཐམས་ཅད་ཞུས། དགུང་ལོ་ཉི་ཤུ་པར་མཁན་པོ་ སེང་པ་དང། ལས་སློབ་མཁན་པོ་བསོད་ནམས་དཔལ་བ། གསང་ སྟོན་བླ་མ་ཤར་རྐན་པ་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ མཁན་པོ་ལས་འདུལ་བ་མདོ་རྩ་དང་སྤྱོད་འཇུག་གསན། འདུལ་སྐོར་ གྱི་ལུང་དང་ཕྱག་ལེན་ཞུས། བསམ་སྡིངས་པའི་བླ་མ་མཁས་གྲུབ་ཆོས་ རྗེ་གཞོན་ནུ་ལས་གྲུ་མ་རི་གོངས་པའི་ཆོས་སྐོར་རྣམས་ཞུས། རྗེ་བཙུན་ རི་བོ་པ་བཟང་པོ་ལས་རྔོག་པའི་ཆོས་སྐོར་མཐའ་དག་ཞུས། རྟོགས་ ལྡན་དོན་ཡེ་ལས་ཞང་གི་བཀའ་རྒྱ་མ་སོགས་ཞུས། དགུང་ལོ་སུམ་ཅུ་ [1105] ཐམ་པ་རབ་བྱུང་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ཚལ་ གུང་ཐང་གི་གདན་སར་ཕེབས། བརྟག་གཉིས་མེ་ལུགས་དང། ཞང་ འགྲོ་བའི་མགོན་པོའི་བཀའ་འབུམ་སོགས་བཤད་པ། དབང་ལུང་ མན་ངག་ཁྲི་རིམ་གྱིས་འགྲོ་དོན་མཛད། ཡེར་པ་དགའ་ལྡན་གྱི་རི་ ཁྲོད་གསར་འདེབས་མཛད། ཆོས་ཁྲི་ལྷ་ཁང་དང་བླ་བྲེ་ཕྱི་ནང་ བཞེངས། ལོ་ངོ་བཞི་ཅུ་ཞེ་བདུན་རིང་དུ་གདན་ས་བསྐྱངས། ཁོང་ནི་ ཚལ་གུང་ཐང་གི་བླ་རབས་བཅུ་གཅིག་པ་ཡིན། ། བྱང་ཆུབ་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ། པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་བསྟན་བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི། རྒྱུད་ཀྱི་འགྲེལ་བ། དཀའ་འགྲེལ་རིན་ཆེན་ཕྲེང་བ། འགྲེལ་གསང་བའི་དེ་ཁོ་ཉིད། ། བྱང་ཆུབ་མི་ལ་ངག་དབང་བསོད་ནམས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་དུ་ཡབ་གནམ་ལྷ་རྒྱལ་དང། ཡུམ་དཔལ་ [1106] ཤུལ་བཟའ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བདུན་པར་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་མདུན་ནས་རབ་བྱུང་དང་ དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་བཞི་པར་རོང་བོ་དགོན་ཆེན་དུ་ སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་འབྲས་ སྒོ་མང་ཆོས་གྲྭར་ཞུགས་ཏེ་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ ལ་སྦྱངས་མཐར་ཕྱིན་ནས་མཁས་གྲགས་རྒྱས། གྲྭ་ཚང་ཉིད་དང་དགའ་ ལྡན་སོགས་སུ་དམ་བཅའ་བཞག་སྟེ་དཀའ་བཅུའི་མཚན་བཏགས་ བླངས། རྒྱུད་སྨད་དུ་སྔགས་ལ་སྦྱངས། རྒྱལ་བ་ངག་དབང་བློ་བཟང་ རྒྱ་མཚོ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་བདུན་པར་རང་ཡུལ་ དུ་བྱོན། སྔོན་རྗེས་སུ་ཤར་སྐལ་ལྡན་རྒྱ་མཚོ་དང། རྗེ་དྲུང་དཀོན་ མཆོག་ཉི་མ། ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ། ལྕང་སྐྱ་ངག་ དབང་བློ་བཟང་ཆོས་ལྡན། སྔགས་འཆང་འཇམ་དབྱངས་བློ་གྲོས་ སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགོན་ ལུང་དང་སྐུ་འབུམ་སོགས་སུ་ཕེབས་ཏེ་བཀའ་འགྱུར་གྱི་ལུང་ཚར་ གསུམ་གནང། དགུང་ལོ་ང་གསུམ་པར་ཅོ་ནེ་དགོན་པའི་ཁྲི་བ་མཛད་ དགུང་ལོ་ང་དགུ་པར་དབུས་སུ་བྱོན་ཏེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་མཇལ་གསུང་ཐོས་མཛད་ དགུང་ལོ་དྲུག་ཅུ་རེ་ལྔ་པར་ནགས་མདོའི་ཁྲི་ལ་ཕེབས། དེའི་ཕྱི་ལོ་ ནགས་མདོར་མཚན་ཉིད་གཙུགས། དགུང་ལོ་བདུན་ཅུ་པར་རྒྱལ་བ་ བསྐལ་བཟང་རྒྱ་མཚོ་དང་མཇལ་ནས་མ་ཎི་དང་དམིགས་བརྩེ་མའི་ [1107] ལུང་ཞུས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ ལོ་བདུན་ཅུ་དོན་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་གསུང་རྩོམ་པོད་གཉིས་ཙམ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་ཀུན་དགའ།། ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ དིང་རིའི་ཚེ་གུང་དུ་ཡབ་སྟོད་པ་ཁྲི་བཟང་དང། ཡུམ་ཇོ་མོ་དར་མ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་སྟོད་ ཆུང་འབུམ་མེ་ཞེས་གསོལ། ཁོང་གིས་ང་ཀུན་དགའ་ཡིན་ཟེར་བས་དེ་ ནས་མཚན་ལ་ཀུན་དགའ་ཞེས་ཆགས། དེ་ནས་ཁྱིམ་ཐབ་ཏུ་ཇོ་མོ་ སྐྱུར་མོ་བཟའ་བླངས་པས་སྲས་གསེར་འོད་སྐུ་འཁྲུངས། དགུང་ལོ་སོ་ དགུ་པར་གླང་འཁོར་དུ་བྱོན་ཏེ་ཕ་དམ་པ་སངས་རྒྱས་དང་མཇལ་ཞིང་ གདམས་ངག་རྣམས་ཞུས་ནས་ཕ་ཡུལ་ལ་མིག་གིས་མི་བལྟ་བར་དཀའ་ ཐུབ་མཛད། དེ་ནས་བླ་མ་དམ་པ་རང་ཤོང་ཙམ་གྱི་ཕུག་པར་ཉོལ་ ལྷགས་སྐྱོབས་ཙམ་གྱི་གོས་ཧྲུལ་གྱོན། སྲོག་ཐུབ་ཙམ་གྱི་འཚོ་བར་བསྟེན་ མ་སུན་ཙམ་དུ་ཉམས་ལེན་གྱིས། མ་དྲིས་ཙམ་དུ་མི་དང་འགྲོགས་ཞེས་ གསུངས་པ་ལྟར་སྒོམ་སྒྲུབ་མཛད་པས་རྟེན་འབྲེལ་གྱི་རྟོགས་པ་ཁྱད་ པར་ཅན་འཁྲུངས། དེ་ནས་བླ་མ་དམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་དོན་གྱི་བརྒྱུད་པ་དང། དབང་གི་ཆུ་བོ་དང་བཀའ་བཞིའི་ ཕྱག་དཔེ་སྙན་བརྒྱུད་དང་བཅས་པ་ཁོང་ལ་གནང་སྟེ། ང་དང་མཉམ་ པ་ཀུན་དགའ་ཙམ། ཐུར་ལ་འབབ་པ་ཆུ་བོ་ཙམ། མཁའ་ལ་ཤར་བ་ [1108] ཉི་ཟླ་ཙམ་ཞེས་བསྔགས་བརྗོད་མཛད། བླ་མ་དམ་པ་ལོ་ངོ་ བཅོ་བརྒྱད་འགྲོགས། དེ་ནས་ལོ་ངོ་བཞིའི་བར་དུ་པ་ཚབ་དགོན་ པར་བཞུགས་ཏེ་སློབ་མ་རྣམས་ལ་གདམས་ངག་རྣམས་རྫོགས་པར་ གནང། དེ་རྗེས་ལོ་ངོ་གསུམ་དུ་སྒྲུབ་པ་མཛད་ཅིང་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་རེ་གཉིས་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་ཆིག་བརྒྱུད་སྦས་པའི་བླ་མ་རྣམ་ གསུམ་ལས་བླ་མ་དང་པོ་ཡིན། ཁོང་གི་སློབ་མ་མཆོག་ཏུ་གྱུར་བ་ནི་ པ་ཚབ་སྒོམ་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་ལྔ་པའི་ ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ནས་རབ་བྱུང་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོའི་བར་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་རྒྱལ་ལྷ་ཁང་གི་ གདན་ས་བསྐྱངས་ཤིང་སློབ་མ་མང་དུ་སྤེལ་བར་མཛད། ཁོང་ནི་རྒྱལ་ ལྷ་ཁང་གི་གདན་རབས་བཅུ་དགུ་པ་ཡིན་ནོ། ། བྱང་བ་རྣམ་རྒྱལ་གྲགས་བཟང།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ངམ་རིངས་ཡུལ་དུ་ཡབ་གུའི་གུང་ཆོས་གྲགས་དཔལ་བཟང་དང་ ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བརྒྱད་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་བཞི་ལྔའི་དུས་སུ་ལྷོ་ཕྱོགས་བསྐྱེད་མའི་ཕོ་བྲང་དུ་ཕེབས་ནས། ལོ་ [1109] ཆེན་བྱང་ཆུབ་རྩེ་མོ་དང། བསྟན་པའི་རྒྱལ་མཚན། མཁན་ཆེན་ ཟླ་མགོན་ཤེས་རབས་བཅས་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་དང་སུམ་ རྟགས་དག་གསུམ་ལ་སྦྱངས། དེ་དུས་མཚན་ལ་རྒྱ་རུག་དར་མ་རིག་ འཛིན་གསོལ། དེ་ནས་དཀའ་ལྔ་བ་རིན་ཆེན་དཔལ་བཟང་དང་ པོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱི་དྲུང་ནས་མདོ་སྔགས་རིག་ གནས་ཐམས་ཅད་ལ་དཔྱིས་ཕྱིན་པར་སྦྱངས་ཤིང། སེང་གེ་རྒྱལ་ མཚན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་རྣམ་ རྒྱལ་གྲགས་བཟང་གསོལ། དགུང་ལོ་ཉི་ཤུ་བར་གོང་མ་ཏའི་མིང་གིས་ ཏ་སི་ཏུའི་གོ་གནས་དང་དངུལ་གྱི་ཐམ་ག་བསྩལ། དགུང་ལོ་སོ་གཅིག་ པར་དུས་འཁོར་དང་རྩིས་ས་རིས། གསོ་བ་རིག་པ་བཅས་ལ་སྦྱངས་ པས་ཐུགས་སུ་ལེགས་པར་ཆུད་ནས་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་ དང། པཎ་ཆེན་བྱམས་པ་གླིང་བ། རྒྱལ་བ་དགེ་འདུན་གྲུབ་བཅས་ལ་ དྲི་བ་དྲིས་ལན་མཛད་པ་ལས་ཁོང་ལ་མཁས་པ་ཆེན་པོའི་ཆོ་ལོ་ཐོབ་ པར་མ་ཟད། ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་ མཛད། དགུང་ལོ་སོ་བརྒྱད་པར་བྱམས་ཕྲུག་གི་དགེ་འདུན་གྲངས་ མེད་འདུས་པའི་སྡེ་གྲྭ་ཞིག་གཙུགས་པ་དང། བྱམས་ཆེན་དང་དུས་ འཁོར་གྱི་སྐུ། བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་གསུང་ཐུགས་ རྟེན་མང་དུ་བཞེངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྩེ་ཐང་པ་ སངས་རྒྱས་ལྷུན་གྲུབ་དང། རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན། ཇོ་ནང་ པ་འཇམ་དབྱངས་ནམ་མཁའ་ཆོས་སྐྱོང། བྱམས་པ་གསེར་མཆོག་འོད་ དཔལ། མི་ཉག་ཆོས་གྲགས་བཟང་པོ། ཤངས་སྟོན་ཀུན་དགའ་ [1110] དཔལ་ལྡན། ཚ་སྣ་པ་བསམ་གྲུབ་རྒྱ་མཚོ་བཅས་ཡིན་ལ། དེ་དག་ ལས་ཁྱད་དུ་འཕགས་པ་ནི་མིའི་ཉི་མ་མཐོང་བ་དོན་ལྡན། བྱང་བ་ བཀྲ་ཤིས་དཔལ་བཟང་རྣམ་གཉིས་ཡིན། གསུང་རྩོམ་ནི། གཤེགས་པའི་གདུང་རབས། དང་ཕྱག་མཚན་གྱི་བརྗེད་བྱང། པའི་སྐོར་དང། །།ཊིཀྐ་ཆུང་དོན་གསལ། སྒྲ་རིག་པ་ལ། བཟོ་རིག་པ་ལ། གཤེགས་པའི་སྐུ་གཟུགས་ཀྱི་ཕྱག་ཚད། ཕྲེང་བ།། བྱང་རྩེ་ངག་དབང་ཆོས་གྲགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བྱ་ཁྱུང་དགོན་གྱི་ཉེ་འདབས་སུ་ཡབ་ཚེ་རིང་མགོན་པོ་ དང། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་བདེ་ ཡངས་ངག་དབང་ནོར་བུ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ངག་དབང་ ཆོས་གྲགས་ཞེས་གསོལ། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་ བྱང་བར་མཛད། དགུང་ལོ་ཉེར་གཅིག་པར་དབུས་སུ་བྱོན་ཏེ་སེ་ར་ བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་རྗེ་བློ་བཟང་ཆོས་འཕེལ་དང་བྲག་རི་ངག་ [1111] དབང་དོན་གྲུབ་སོགས་ལ་བསྟེན་ནས་བསྡུས་གཞུང་དང། དབུ་ ཕར། འདུལ་མཛོད། རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་ པར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་ བཀའ་ཆོས་མང་དུ་གསན། གྲུབ་དབང་དང་དཔལ་འབྱོར་ལྷུན་གྲུབ་དང་ རྗེ་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། རྒྱལ་བ་བསྐལ་ བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། ཁྲི་ཆེན་རྒྱལ་མཚན་ སེང་གེ་ཨ་ཀ་བསོད་ནམས་བཟང་པོ། བཀའ་གྱུར་བ་རྒྱལ་མཚན་ འོད་ཟེར་སོགས་ལས་ཟབ་ཆོས་མང་དུ་གསན་ཞིང་བཀའ་འགྱུར་གྱི་ ལུང་སོགས་མཐའ་ཡས་པ་གསན། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ མཛད་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད་ཅིང་རྒྱུད་པའི་བླ་མ་དབུ་ མཛད་དང། རྒྱུད་ཀྱི་མཁན་ཁྲི། བྱང་རྩེའི་མཁན་ཁྲི་བཅས་ལ་ ཕེབས་ནས་འཆད་ཉན་བསྐྱངས། ཞོགས་ཀྱི་རྒྱུད་ཁང་ཞིག་གསོས་རྒྱ་ ཆེར་མཛད། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས་ རྒྱལ་བ་རིན་པོ་ཆེས་ཚིགས་སྔ་ཕྱིའི་སྡོམ་བཞེས་སྐབས་ཀྱི་ལས་སློབ་ མཛད། དགུང་ལོ་ང་བརྒྱུད་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲིར་བཞུགས་ནས་ལོ་བདུན་ གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་རྗེ་རིན་པོ་ཆེའི་དངུལ་སྐུ་མི་ཚད་མ་ ཁྲི་རྒྱབ་ཡོལ་བཅས་བཞེངས་པ་ལྷ་ལྡན་དཀྱིལ་འཁོར་སྡིངས་སུ་བཞུགས་ སོ། གསེར་ཟངས་ལས་ཇོ་སྐུ་མི་ཚད་མ་འཕྲ་རྒྱན་ཕུན་སུམ་ཚོགས་པ་ ཞིག་གསར་བཞེངས་མཛད་པ་བྱ་ཁྱུང་དུ་འབུལ་བར་མཛད། དགུང་ [1112] ལོ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། གདུང་ རྟེན་བྱེས་གྲྭ་ཚང་དུ་བཞུགས། ཁོང་གི་མཚན་གཞན་ལ་བྱ་ཁྱུང་ངག་ དབང་ཆོས་གྲགས་ཞེས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་ པའི་ཁྲི་རབས་ལྔ་བཅུ་ང་བརྒྱད་པ་ཡིན་ནོ།། བྱང་རྩེ་ངག་དབང་སྙན་གྲགས།། ཁོང་ནི་སྣུབས་ངག་དབང་སྙན་གྲགས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། བྱང་རྩེ་དོན་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་ཀྲེ་ཧོར་ནག་ཚང་དུ་ཡབ་སྤེན་པ་ཚེ་རིང་དང། ཡུམ་ དཔལ་བསམ་འཛོམ་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བཅུ་གཉིས་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ ཚང་གི་ཆོས་སྒོར་ཞུགས་ནས་བསྡུས་གཞུང་སོགས་ལ་སྦྱངས་པ་དང་ ཉིན་རེ་ལ་ཤོག་གུ་མདའ་ཚད་མ་བཅུ་རེ་ཙམ་ཆག་མེད་དུ་ཐུགས་འཛིན་ གནང་ཞིང། ཕར་ཕྱིན་དང། དབུ་མ། འདུལ་བ། མཛོད་ རྣམ་འགྲེལ་སོགས་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་སྐྱེད་དེ་ གཟེངས་མཐོ་བའི་མཁས་གྲུབ་ཆེན་པོར་གྱུར། དེ་དག་གི་སྐབས་སུ་ ཡང་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་སྙིང་པོའི་རྒྱན་སོགས་ ཚོགས་རྒྱུགས་སུ་འབུལ་བར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་ བསྙེན་པར་རྫོགས། ལྷ་སའི་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ནས་ལྷ་ [1113] རམས་པ་ཨང་དང་པོའི་མཚན་བཏགས་བཞེས། དགུང་ལོ་ཉེར་དྲུག་ པར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ ཕྱག་ལེན་རྣམས་ལ་ཞིབ་ཏུ་སྦྱངས་པས་ཐམས་ཅད་ཐུགས་སུ་ཆུད་དེ་ ཚང་གི་འཆད་ཉན་སློབ་དཔོན་དུ་ཕེབས་ནས་འཆད་ཉན་ཡུན་རིང་དུ་ བསྐྱངས། དགུང་ལོ་ཞེ་གཅིག་པར་རྒྱུད་སྨད་ཀྱི་མཁན་ཁྲི་དང་བྱང་ རྩེའི་ཁྲི་གཉིས་ཟུང་འབྲེལ་དུ་མཛད། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་ བཅུ་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ ལ་བཞུགས་ནས་ལོ་དྲུག་གི་རིང་དུ་འཆད་ཉན་བསྐྱངས། རྒྱལ་བ་ ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་མཛད། དེ་ནས་ལྷ་བཟང་ ཧན་གྱིས་དགའ་ལྡན་གསེར་ཁྲི་ལས་ཕབས་ཤིང་ས་མཐར་བསྐྲད། བྱ་ ཡུལ་བའི་གདན་ས་བྱ་ཡུལ་ཆོས་སྡེ་ལ་བཞུགས་ནས་འགྲོ་དོན་མཛད་དོ་ དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས་ཏེ་ཡངས་པ་ཅན་གྱི་བདེ་ གཤེགས་ལྷ་ཁང་དུ་བཞུགས་སུ་གསོལ། ཁོང་ནི་དགའ་ལྡན་གསེར་ཁྲིར་ འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་བརྒྱད་ཡིན་ནོ།། བྱང་རྩེ་བློ་བཟང་བཀྲ་ཤིས།། ཁོང་ནི་ཏྲེ་ཧོར་བློ་བཟང་བཀྲ་ཤིས་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། བྱང་རྩེ་བློ་བཟང་དགེ་ལེགས།། ཁོང་ནི་འཕན་པོ་བློ་བཟང་དགེ་ལེགས་དང་མི་གཅིག་ཡིན་པས་ [1114] དེ་ལ་གཟིགས་པར་ཞུའོ།། བྱང་རྩེ་བློ་བཟང་བསྟན་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་སྨད་ཀྱི་ཚ་བ་རོང་དུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་རབ་ལོ་དགོན་པའི་ཆོས་སྒོར་ཞུགས་ཤིང་ རབ་ཏུ་བྱུང། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་སོགས་ལ་ བྱང་ཆུབ་པར་མཛད། དགུང་ལོ་བཅུ་དྲུག་པར་དབུས་སུ་ཕེབས་ཏེ་སེ་ ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་བྲག་རི་ངག་དབང་དོན་གྲུབ་ དང། བློ་བཟང་མཁས་མཆོག་སོགས་ལ་བསྟེན་ཞིང་བསྡུས་གཞུང་ དང། དབུ་ཕར། འདུལ་མཛོད། རྣམ་འགྲེལ་སོགས་ཀྱི་གཞུང་ཆེ་ ཆུང་ཡན་ལག་དང་བཅས་པར་གསན་བསམ་མཐར་ཕྱིན་པ་མཛད་ སེ་རའི་གླིང་བསྲེའི་བཀའ་བཅུའི་གྲྭ་སྐོར་མཛད། རྒྱལ་བ་བསྐལ་ བཟང་རྒྱ་མཚོ་དང། དུང་དཀར་ངག་དབང་ཆོས་གྲགས་རྒྱ་མཚོ་ དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་རྣམ་པ་གསུམ་ལས་ བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་དུ་ཞུས། བཀའ་གདམས་ བསྟན་པའི་སྒྲོན་མེ་རྗེ་བཙུན་ངག་དབང་བྱམས་པ་སོགས་ལས་ལམ་ རིམ་དང། སྔགས་རིམ། གསང་བདེ་འཇིགས་གསུམ་གྱི་དབང་ལུང་ ཁྲིད་གསུམ་བཅས་མང་དུ་གསན་པར་མཛད། དེ་ནས་དཔལ་ལྡན་ སྨད་རྒྱུད་གྲྭ་ཚང་གི་སྒོར་ཞུགས་ཏེ་ཝ་ཤུལ་མཁན་ཆེན་ཆོས་རྒྱ་ མཚོ་སོགས་ལ་བསྟེན་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་ [1115] བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་དགུང་ལོ་སོ་བདུན་པར་ རྒྱུད་སྨད་ཀྱི་དགེ་བསྐོས་དང། བླ་མ་དབུ་མཛད་ཆབས་གཅིག་པ་ ལྟ་བུར་མཛད། དེ་ནས་མི་རིང་བར་རྒྱུད་སྨད་ཀྱི་མཁན་ཁྲི་དང་བྱང་ རྩེ་གཉིས་ཟུང་འབྲེལ་གྱི་འཆད་ཉན་བསྐྱངས། དགུང་ལོ་ཞེ་བརྒྱད་ པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་དྲུག་གི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་འཆད་ཉན་སྤེལ། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་ འཛིན་དུ་བཞུགས། དགུང་ལོ་ང་བརྒྱད་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ ཅུ་པ་ཡིན་ནོ། ། བྱང་རྩེ་བློ་བཟང་དྲི་མེད།། ཁོང་ནི་སྤོ་འབོར་བློ་བཟང་དྲི་མེད་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ།། བྱང་རྩེ་བློ་བཟང་འཕྲིན་ལས།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་ དཀར་རྩེ་གདོང་ཡིན། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་དུས་ནས་རབ་ཏུ་བྱུང་ ཞིང་དབུས་སུ་བྱོན་ཏེ་དགའ་ལྡན་བྱང་རྩེར་ཞུགས། ཀློང་རྡོལ་བླ་མ་ དང་ཡོངས་འཛིན་བྱོན་ཏེ་དགའ་ལྡན་རྒྱལ་མཚན་སོགས་ཀྱི་ཞབས་ལ་བསྟེན་ནས་ བཀའ་ཆོས་མང་དུ་གདན། ཆོ་འཕྲུལ་སྨོན་ལམ་ཆེན་མོར་ལྷ་རམས་ པའི་དམ་བཅའ་བཞག་པས་མཁས་པའི་སྙན་གྲགས་རྒྱས་ཏེ་སྡེ་སྣོད་ [1116] འཆད་པའི་དབང་པོ་ཟླ་དང་བྲལ་བར་གྱུར། དེ་ནས་དགའ་ལྡན་བྱང་ རྩེ་གྲྭ་ཚང་གི་མཁན་པོ་བཞུགས་ཤིང་གདན་ས་ཡུན་རིང་དུ་བསྐྱངས་ རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རོང་པོ་ ཐོས་བསམ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ལྔའི་རིང་དུ་ གདན་ས་བསྐྱངས། ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ ལ་དོ་དམ་གང་ལེགས་གནང། ཁྱད་པར་དུ་སྙོམས་ཆུང་ཚུལ་མཐུན་ དང་དོན་གཉེར་རྣམས་ལ་གཟིགས་པ་ཆེ་ཞིང་བསྔགས་བརྗོད་མཛད་ ཁྲི་ཟུར་ནས་སྤེན་དཀར་ཐང་དགོན་དུ་རྒྱུན་བཞུགས་མཛད་ཅིང་སློབ་ མ་བསྐྱངས། ཁོང་ནི་རོང་པོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ མཁན་རབས་བཅོ་བརྒྱད་པ་ཡིན་ནོ། ། བྱང་རྩེ་བློ་བཟང་སྨོན་ལམ།། ཁོང་ནི་སྤྲོ་ནང་བློ་བཟང་སྨོན་ལམ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། བྱང་རྩེ་བློ་བཟང་ལྷུན་གྲུབ།། ཁོང་ནི་ཁྱུང་རོ་བློ་བཟང་ལྷུན་གྲུབ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། བྱང་སེམས་རྒྱལ་བ་ཡེ་ཤེས།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྤྱིར་ཡོངས་སུ་གྲགས་པའི་དགེ་བའི་བཤེས་ གཉེན་མང་པོའི་ཞབས་ལ་གཏུགས་ཤིང་མདོ་རྒྱུད་བསྟན་བཅོས་ཐམས་ [117] ཅད་ལ་མཁས་པར་བསླབས། དུས་ཕྱིས་སུ་ཇོ་མོ་ནང་དུ་ཕེབས་ནས་ ཆོས་རྗེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་མཇལ་ཞིང་གཞུང་ གདམས་ངག་ཐམས་ཅད་གསན་ཏེ་ཉམས་སུ་རྫོགས་པར་བཞེས་ དགུང་ལོ་ལྔ་བཅུ་བདུན་པ་རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཇོ་ནང་གི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས་ཤིང་འཆད་ཉན་གྱི་མཛད་སྒོ་ཤིན་ཏུ་དར་བར་ མཛད། བླ་མ་ཀུན་དགའ་བསོད་ནམས་ལ་སོགས་པའི་དགེ་བའི་ བཤེས་གཉེན་མང་པོ་དང། དཔོན་ཆེན་བྱང་ཆུབ་རྡོ་རྗེ་དང་དཔོན་ ཆེན་ཡོན་ཏན་བཙུན་པ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ ལ་གཏུགས་ཤིང་བཀུར་བསྟི་ཆེན་པོར་མཛད། ལོ་ངོ་བརྒྱད་ཀྱི་རིང་དུ་ གདན་སར་བཞུགས་ཏེ་དགོན་པའི་མངའ་ཐང་ཤིན་ཏུ་དར་བར་ མཛད་ཅིང་དགུང་ལོ་དྲུག་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་སོ། ཁོང་ནི་ཇོ་ནང་དགོན་པའི་གདན་རབས་གཉིས་པ་ ཡིན། ། བྱང་སེམས་ཤེས་རབ་བཟང་པོ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ཀརྨའི་ཕྱོགས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ པའི་དུས་སུ་དབུས་གཙང་ཆོས་ཀྱི་ཞིང་ཁམས་ལ་ཕེབས་ཏེ་རྗེ་བཙུན་ ཙོང་ཁ་པ་བློ་བཟང་གྲགས་པ་དང། རྒྱལ་ཚབ་དར་མ་རིན་ཆེན་ མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཡོངས་སུ་གྲགས་པའི་དགེ་ [1118] བའི་བཤེས་གཉེན་རྣམས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ དང་གྲུབ་པའི་གོ་འཕང་བརྙེས། དེ་ནས་སེ་ར་ཐེག་ཆེན་གླིང་གི་ཟུར་ ཆོས་པ་མཛད་ནས་མཁས་མང་འདུས་པ་རྒྱ་མཚོར་གཞུང་ཆེན་རྣམས་ ཀྱི་དཀའ་གནད་ཡོད་དོ་ཅོག་དམིགས་སུ་བཀར་ནས་འཆད་ཉན་ བསྐྱངས། སྐབས་ཤིག་ལ་ཀུན་མཁྱེན་བྱང་ཆུབ་འབུམ་གྱིས་ཁོང་ གདན་དྲངས་ཏེ་ཞབས་ཏོག་བཟང་པོ་མཛད་རྗེས་སྣམ་བུ་དང་དབུ་ཞྭ་ ཞིག་གནང་ནས་ཁྱེད་ཁམས་ཕྱོགས་སུ་ཕེབས་ཏེ་བསྟན་པ་ལ་ཕན་པ་རེ་ མཛོད་གསུངས། དེ་ནས་དགའ་ལྡན་དུ་ཕེབས་ཤིང་རྒྱལ་ཚབ་རིན་པོ་ ཆེན་ལ་གོང་གི་གནས་ཚུལ་རྣམས་ཞུས་འཕྲལ་རྒྱལ་ཚབ་རིན་པོ་ཆེས་ཀྱང་ བཤོལ་འདེབས་པ་ལྟ་ཅི་ཁྱོད་ཁམས་སུ་འབྱོན་པ་ཤིན་ཏུ་ལེགས་གསུངས་ ནས་དངོས་པོའི་བརྫངས་པ་རྒྱ་ཆེན་པོ་གནང། རབ་བྱུང་བདུན་པའི་ མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཁམས་ཕྱོགས་སུ་ཕེབས་ཏེ་གདུལ་བྱ་ འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང། དགུང་ལོ་ཞེ་གསུམ་པ་རབ་བྱུང་ བདུན་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ངོམ་ཆུ་དང་རྫ་ཆུ་འདྲེས་ པའི་མདོ་སྟེ་ཆབ་མདོ་བྱམས་པ་གླིང་ཕྱག་འདེབས་མཛད་ཅིང་དགེ་ འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་རི་བོ་དགའ་ལྡན་པའི་བསྟན་ པ་རིན་པོ་ཆེ་དར་བར་མཛད། དགུང་ལོ་རེ་གསུམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་རྗེ་བཙུན་ཙོང་ཁ་པའི་སློབ་མ་དར་ ཆེན་དྲུག་གི་ནང་ཚན་སྨད་ཀྱི་བྱང་སེམས་ཡིན་ནོ། །དེའི་ཁོང་གི་མཚན་ གཞན་ལ་སྨན་ཀྱི་བྱང་སེམས་ཤེས་རབ་བཟང་པོ་ཞེས་ཞུའོ། ། [1119] བྱང་སེམས་བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྙི་མོ་ ཕུན་སུམ་དུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅོ་བརྒྱད་པར་མཁན་པོ་ དཀོན་མཆོག་སྐྱབས་དང། སློབ་དཔོན་གཞོན་ནུ་དར་ལས་རབ་བྱུང་ དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་བཀའ་ཆོས་གསན་ དགུང་ལོ་ཉི་ཤུ་ཐམ་པར་མཁན་ཆེན་བདེ་བ་དཔལ་དང། དཀའ་ བཞི་གྲགས་པ་གཞོན་ནུ། སློབ་དཔོན་གཞོན་ནུ་དར་གསུམ་ལས་ བསྙེན་པར་རྫོགས་ཤིང། མཁན་སློབ་དེ་གཉིས་ལས་མངོན་རྟོགས་ རྒྱན་དང། འདུལ་བའི་མདོ། མངོན་པ་ཀུན་བཏུས། སྤྱོད་འཇུག་ གསང་སྔགས་ཕྱི་ནང་གི་སྒྲུབ་སྐོར། ལམ་རིམ། བློ་སྦྱོང་དོན་བདུན་ མ། དབུ་མའི་མན་ངག་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ། དམིགས་ པ་སྐོར་གསུམ། སྦྱོར་དྲུག་གི་ཁྲིད། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ བཅས་གསན་པར་མཛད། སློབ་དཔོན་གཞོན་ནུ་མཛེས་ལས་ཤེར་ ཕྱིན་དང། ས་སྡེ་ལྔ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ། སློབ་དཔོན་ བསོད་ནམས་ཡེ་ཤེས་ལས་ལུང་སྡེ་བཞི། དབུ་མ་འཇུག་པ། བེའུ་ བུམ་སྔོན་པོ། སྐྱེས་བུ་གསུམ་གྱི་ཁྲིད། དབུ་མ་ཆེན་པོའི་ཁྲིད་ མཁན་ཆེན་ཤཱཀྱ་གཞོན་ནུ་ལས་རྟ་མགྲིན་ལས་ཚོགས། བླ་མ་གྲགས་པ་ ཤེས་རབ་ལས་བདེ་མཆོག་དང་ཀྱཻ་རྡོ། མཁན་པོ་ཆོས་ཀྱི་དཔལ་བ་ ལས་ནག་ཚོའི་བསྟན་རིམ་དང་ཇོ་བོའི་ལྟུང་བཤགས། བླ་མ་ཀུན་ དགའ་ཚུལ་ཁྲིམས་ལས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བཅས་གསན་ [1120] གཞན་ཡང་མངའ་རིས་སངས་རྒྱས་ཡེ་ཤེས་དང། དཔང་ལོ་བློ་གྲོས་ བརྟན་པ། སློབ་དཔོན་བསོད་ནམས་ཤེས་རབ། མཁན་ཆེན་རྒྱལ་ མཚན་དཔལ། མཁན་པོ་གྲགས་པ་དཔལ། རོང་པ་ཤེས་རབ་སེང་གེ་ འཇམ་དབྱངས་རིན་ཆེན་རྒྱལ་མཚན། བླ་མ་ཀུན་དགའ་རྒྱལ་མཚན་ བླ་མ་དོན་ཡོད་རྒྱལ་མཚན། བླ་མ་ཀུན་དགའ་སེང་གེ་སློབ་དཔོན་ རིན་ཆེན་བསམ་གྲུབ་སོགས་སློབ་དཔོན་སུམ་ཅུ་ལྷག་ལ་བསྟེན་ནས་ དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་ང་བཞི་པར་ ཚོགས་པ་ཆོས་ལུང་པའི་མཁན་སར་ཕེབས་ཏེ་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་ དུ་ཚོགས་པ་བསྐྱངས། དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ས་སྐྱ་ཀུན་དགའ་ བློ་གྲོས་དང། དཔལ་ལྡན་བླ་མ། བླ་མ་ཀུན་དགའ་ལེགས་པའི་རྒྱལ་ མཚན། རྒྱས་བའི་སྲས་པོ་ཐོགས་མེད་བཟང་པོ། བུ་སྟོན་རིན་ཆེན་ གྲུབ། ཀུན་མཁྱེན་ཆེན་པོ་བཅས་ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ ཀྱི་བླ་རབས་བདུན་ཅུ་དོན་གཉིས་པ་ཡིན་ནོ། ། བྱམས་གླིང་བསྟན་པ་རིན་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ བྱམས་པ་འབུམ་གླིང་གི་ཉེ་འདབས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ པའི་བགྲང་བྱ་ང་གསུམ་པ་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྡེ་བ་ཆོས་ རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་བྱ་ཁྱུང་དུ་ཐོག་མར་ཕེབས་པའི་ སྐབས་སུ་ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལས་ཐོག་པ་ ཡིན། རབ་བྱུང་བཅུ་པའི་བགྲང་བྱ་ང་བདུན་པ་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་ [1121] ་ལོར་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང། གུང་ རི་མཁའ་འགྲོ་མ་བློ་བཟང་བསྟན་སྒྲོན་རྣམ་གཉིས་ཀྱིས་བདག་རྐྱེན་རྒྱ་ ཆེར་གནང་བར་བརྟེན་མཁན་ཁྲི་ལས་ཐོག་པ་བྱམས་གླིང་བསྟན་པ་ རིན་ཆེན་གྱིས་བྱ་ཁྱུང་དགོན་དུ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་ ཤིང་འཆད་ཉན་ཤིན་ཏུ་དར་བར་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་ མཇལ་རྒྱུ་མེད་པས་ཤིན་ཏུ་ཕངས་སོ། ཁོང་ནི་བྱ་ཁྱུང་དགོན་པའི་ གདན་སའི་མཁན་རབས་དགུ་པ་ཡིན་ནོ། ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གུང་ཐང་ཚལ་དུ་དཔོན་རྒྱུད་ཀྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་མཛོ་མོ་མཁར་དུ་སྐུ་ གཤེགས། ཁོང་གཞོན་ནུ་ཉིད་ནས་མཁྱེན་རབ་རྣམ་པར་བཀྲ་ཞིང་ མཁས་པའི་དབང་པོ་དུ་མ་བླ་མར་བསྟེན་ནས་རྒྱལ་བའི་གསུང་རབ་ མཐའ་དག་ལ་མཁས་པར་སྦྱངས་ཏེ་མཐར་ཕྱིན་པར་མཛད། ཁྱད་ པར་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་མདོ་སྔགས་ཀྱི་ཟབ་ཁྲིད་མང་ པོ་གསན་ཏེ་མཁས་པའི་དབང་པོར་གྱུར། དེ་ནས་གོང་མ་ཡུང་ལོ་ ནས་ནང་ས་ལ་གདན་དྲངས་པ་ལྟར་དགུང་ལོ་ང་བཞི་པར་ ་ རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་ལྷོ་རྒྱུད་ཁམས་ཕྱོགས་ལི་ཐང་བརྒྱུད་དེ་གོང་ མའི་ཕོ་བྲང་དུ་ཕེབས། ཡུང་ལོ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་བདུད་ རྩི་བསྩལ་བས་གོང་མ་ཆེན་པོ་ཡབ་སྲས་གཉིས་ཀྱི་དབུ་བླར་བཀུར་ འཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ་ཆོས་ཉིད་དམ་པ་ [1122] མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ ཅིང་རྒྱལ་ཁམས་སྐྱོབ་པ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་པ་ བྱམས་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་མངའ་གསོལ་ཏེ་འཇའ་ས་དང་འབུལ་ བ་གནང་མཛད། དགུང་ལོ་རེ་གཉིས་པར་བོད་དུ་ཕེབས་ནས་རྗེ་ཙོང་ ཁ་པ་དང་མཇལ་ཏེ་གོང་མས་གནང་པའི་གནས་བཅུའི་འཐག་སྐུ་ ལྗོན་ཤིང་གི་གུར། གསེར་དངུལ་གྱི་མཎ་ཌལ་བཅས་ཕུལ་ནས་ཞབས་ བརྟན་གསོལ་འདེབས་ཀྱང་མཛད། དགུང་ལོ་རེ་ལྔ་བར་ ་ རྗེ་ཙོང་ཁ་པའི་བཀའ་སློབ་ལྟར་སེ་ར་ཐེག་ཆེན་གླིང་བཏབ་སྟེ་འཆད་ མཉན་གྱིས་ལེགས་པར་བསྐྱངས། དགུང་ལོ་བདུན་བཅུ་བར་ ་ ་ གོང་མ་ཡུང་ལོས་སླར་ཡང་གདན་དྲངས་པ་ལྟར་ཕེབས་ཀྱང་གོང་ མའི་ཕོ་བྲང་གི་ཁྱད་ཉེར་འབྱོར་སྐབས་གོང་མ་སྐུ་གཤེགས། འོན་ཀྱང་ སྲས་ཟཱོན་དའེས་ཡབ་རྒྱལ་པོ་ལས་ཀྱང་ལྷག་པའི་གུས་འདུད་མཛད་པར་ མ་ཟད། ནུབ་ཕྱོགས་ཀྱི་ལྷའི་སྲས་པོ་ཏཱ་གུའུ་ཤྲཱི་ཞེས་པའི་ཆོ་ལོ་ གནང་ཞིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་འགྲོ་བ་རྣམས་སྨིན་གྲོལ་ གྱི་ལམ་ལ་འགོད་པར་མཛད་དོ། གསུང་ལས་སྐྱེས་པའི་བུ་སློབ་ཀྱང་ སྙེ་ཐང་བ་ཆོས་རྗེ་ཨ་མོ་ལྷ་བ་དང། ཆོས་རྗེ་བསོད་ནམས་ཤེས་རབ་ སོགས་མང་དུ་བྱོན་ཡང། འདི་རྣམ་པ་གཉིས་ནི་གོང་མ་ཡུང་ལོའི་ སྲས་ཟཱོན་དའེ་རྒྱལ་པོའི་དབུ་བླ་མཛད་པས་ལུགས་གཉིས་ཀྱི་འཕྲིན་ལས་ ཧ་ཅང་རྒྱས་སོ། ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ [1123] ལོར་རོང་གི་སྣར་རྡོ་སྦེར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་མོ་སྤྲུལ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཆོས་ འཁོར་སྒང་དུ་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་ཡི་གེའི་སྦྱོར་ ཀློག་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་གསང་ ཕུ་ནེའུ་ཐོག་ཏུ་ཕྱག་ཕེབས་ཏེ་ཤངས་སྟོན་རིན་ཆེན་གྲུབ་པ་ལས་བཀའ་ ཆོས་གསན་ནས་བཅུ་བཞི་པར་མངོན་དགའི་ཆོས་གྲྭར་གྲྭ་སྐོར་མཛད་ དེ་སྐྱོག་པོ་བཀའ་བཞི་པར་གྲགས། རོང་སྟོན་སྨྲ་བའི་སེང་གེ་སེམས་ དཔའ་གཞོན་ནུ་རྒྱལ་མཆོག་རོང་ཆུང་ཤེར་དཔལ་སོགས་ལ་བསྟེན་ ནས་མདོ་ཕྱོགས་ཀྱི་ཆོས་སྐོར་ལ་གསན་པ་རྒྱ་ཆེར་མཛད་ཅིང་དགུང་ལོ་ བཅོ་བརྒྱད་པར་རྩེས་ཐང་གི་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་ བཅུ་དགུ་པར་མཁྱེན་རབ་དབང་ཕྱུག་གི་གདན་སར་ཕེབས་ཏེ་ལོ་ བཅུའི་རིང་དུ་སློབ་གཉེར་མཛད་ནས་དགུང་ལོ་ཉེར་བརྒྱད་པར་དཔལ་ ལྡན་ས་སྐྱར་བྱོན་ཏེ་པོ་ཏི་བཞི་བཅུ་རྩ་ལྔའི་དམ་བཅའ་བཞག་པས་ བྱམས་ཆེན་རབ་འབྱམས་པ་ཞེས་གྲགས། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་ ཕེབས་ཏེ་ངོར་ཆེན་ཀུན་དགའ་བཟང་པོ་དང། རྗེ་འཁོར་ལོ་སྡོམ་པ་ མཁས་པ་གཞོན་ནུ་སེང་གེ་ལས་བསྙེན་པར་རྫོགས་ཤིང་གསུང་ངག་ རིན་པོ་ཆེས་གཙོས་པའི་བདེ་དགྱེས་གསང་གསུམ་གྱི་རྒྱུད་མན་ངག་གི་ སྙིང་བཅུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་ དགུང་ལོ་སུམ་ཅུ་སོ་བརྒྱད་པར་ཁ་རེག་བོད་འབྲུག་ཏུ་བསྟན་པའི་གཞི་ བཙུགས་ཏེ་འཆད་ཉན་སྦེལ། དགུང་ལོ་སོ་དགུ་པར་རིན་སྦུངས་ནོར་ བུ་བཟང་པོས་མཐུན་རྐྱེན་སྦྱར་ཏེ་འབྲས་ཡུལ་སྐྱེད་ཚལ་དུ་འཆད་རྩོད་ [1124] རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ་ དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་མཁས་གྲུབ་བསྟན་གསལ་དང། རྩེས་ཐང་སངས་ རྒྱས་ལྷུན་གྲུབ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་འབུམ་ ཕྲག་གསུམ་པ། བྱམས་པ་ཆོས་ཀྱི་དོན་གྲུབ། འཇམ་དབྱངས་ཀུན་ དགའ་ཆོས་བཟང་སོགས་ཡིན་ནོ། ། བྱམས་གསར་ཆོས་རྗེ་ཡེ་ཤེས་དཔལ།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རབ་ སྒང་གི་གྲོང་ཚ་མོ་རྒེའི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་ སྟག་ལོ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཨ་ར་དབོན་རྡོ་ རྗེ་རྒྱལ་མཚན་གྱི་དྲུང་དུ་དབུ་སྐྲ་བསིལ་ཏེ་མཚན་ལ་ཡེ་ཤེས་དཔལ་ཞེས་ གསོལ། ཡི་གེའི་འབྲི་ཀློག་ལ་སྦྱོང་པས་མཁས་པར་གྱུར། འདུལ་ འཛིན་རྒྱ་སྟོན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། རྨ་ཁྲ་བློ་གྲོས་ དབང་ཕྱུག་ལས་ཕར་ཕྱིན་དང་བྱམས་ཆོས་སྡེ་ལྔར་སྦྱོང་པས་ཤེས་རབ་ ཆེ་བའི་གྲགས་པ་ཐོབ། དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས་ཏེ་ གསང་ཕུ་ཆོས་གྲྭར་ཞུགས་ནས་ཉིན་ཐང་བཀྲ་ཤིས་དཔལ་བཟང་དང་ གླིང་སྟོད་མཁན་པོ་གྲགས་བཟང་པ། ཟུར་སངས་རྒྱས་རིན་ཆེན་ ཤུག་གསེབ་ལྷ་བཟང་པོ། དཔལ་རི་རིན་འབུམ་དོན་ཡོད། བྲག་ ནག་ཡེ་ཤེས་དཔལ་བ། སྐྱོར་མོ་ལུང་མཁན་ཆེན་ཤེས་རབ་རྡོ་རྗེ། བུ་ སྟོན་རིན་ཆེན་གྲུབ། མཁན་ཆེན་བསོད་ནམས་གྲགས་པ། ཇོ་ནང་ ཀུན་མཁྱེན། པོ་དོང་ཕྱོགས་ལས་རྣམ་རྒྱལ། མཆིམས་བློ་བཟང་ [1125] གྲགས་པ། ཀརྨ་རོལ་པའི་རྡོ་རྗེ་བཅས་མཁས་གྲུབ་སུམ་ཅུ་ལྷག་ལ་ བསྟེན་ནས་ཚད་མ་རྣམ་འགྲེལ་དང། ས་སྡེ་ལྔ། དུས་འཁོར། སྦྱོར་ དྲུག་ཞི་བྱེད་ཆོས་སྐོར། ཕར་ཕྱིན། མདོ་མང། ཡུམ་རྒྱས་པ་ དགྱེས་པ་རྡོ་རྗེ། གསང་འདུས། འདུལ་བ་ལུང་སྡེ་བཞི། བདག་ མེད་ལྷ་མོ་བཅོ་ལྔ། མངོན་པ་ཀུན་བཏུས། རྒྱུད་བླ་མ་སོགས་ལོ་ངོ་ བཅོ་བརྒྱད་རིང་དུ་སྦྱངས་པས་རིགས་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཏོ་ དགུང་ལོ་བཞི་བཅུ་པར་རང་ཡུལ་རབ་སྒང་དུ་ཕེབས་ཏེ་རལ་པ་ཅན་གྱི་ དགོན་པར་གཞི་གསུམ་དང་མཚན་ཉིད་བཙུགས། དུས་བཞི་ལ་ཕར་ ཚད་འདུལ་མཛོད་ཀྱི་འཆད་མཉན་སྦེལ། དགུང་ལོ་ང་གཅིག་པར་སྐྱི་ རུ་རིན་ཆེན་གླིང་བཏབ་པས་བློ་གསལ་མཁས་མང་འདུས་ནས་བསྟན་ པ་དར། དེ་ནས་རུ་ཟི་དགོན་དང། སྟོང་དགོན། སེང་གེ་དགོན་ ནུ་མགོ་བྱང་ཆུབ་གླིང་བཅས་སུ་འཆད་མཉན་རྒྱ་ཆེར་སྦེལ་བས་ཕྱུག་མོ་ གཞོན་ནུ་དཔལ་དང། རིག་སྒྲ་བློ་གྲོས་དཔལ་སོགས་སློབ་མ་མཁས་ པ་མང་དུ་བྱུང། དེ་ལྟར་སློབ་མའི་ཚོགས་གྲངས་མེད་པ་ལ་ཕྱི་ནང་ ཐུན་མོང་དང་ཐུན་མིན་རིག་གནས་ཀྱིས་ཚིམ་པར་མཛད་དོ། ཁོང་ནི་ མི་ཉག་མཁས་དབང་མི་ལྔའི་ནང་གི་གཅིག་ཡིན། ། བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་ལྷོ་ ཕྱོགས་བྱར་ཡུལ་དུ་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་སྔགས་ རིག་གནས་དང་བཅས་པར་བརྩོན་པ་ཆེན་པོས་སློབ་གཉེར་མཛད་པས་ [1126] མཁས་པའི་གྲགས་པ་ཐོབ། ཁྱད་པར་དུ་གསོ་བ་རིག་པ་ལ་དད་མོས་ ཆེ་བའི་སྟབས་ཀྱིས་ཟུར་ལུགས་ཀྱི་བཞེད་པ་གཙོ་བོར་བཟུང་ནས་ སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར། ཀརྨ་པ་སྐུ་ཕྲེང་བདུན་ པ་ཆོས་གྲགས་རྒྱ་མཚོས་ཀྱང་བྱར་པོ་པཎ་ཆེན་ཞེས་མཚན་སྙན་གསོལ་ ཞིང་གཟེངས་སུ་བསྟོད། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པ་ཁོ་ན་གཙིགས་ སུ་བཟུང་དེ་འཆད་རྩོད་རྩོམ་གསུམ་མཛད་པས་ལྷོད་རྒྱུད་ཀུན་ཏུ་ གསོ་བ་རིག་པའི་བསྟན་པ་དར་ཞིང་རྒྱས་པར་སྤེལ། ཁོང་གི་གསུང་ རྩོམ་ནི་རིག་གནས་སྤྱིའི་སྐོར་དང། ཁྱད་པར་དུ་གསོ་བ་རིག་པའི་ སྐོར་ལ་ འབུབས་ལེགས་བཤད་གསེར་གྱི་སྙེ་མ། ཆག། ། བྱར་རོང་སྨན་པ་ཉི་འོད་གསལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ བྱར་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་སྐུ་འཁྲུངས། ཇི་སྐད་དུ་ བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ། ད་ལྟ་ཤི་ཡང་སྲོག་མཐུད་ཤེས་ པ་འབྱུང། ཞེས་པ་ལྟར་ཁོང་ནི་སྨན་པ་མཁས་པ་ཞིག་ཡིན་པ་མ་ཟད་ གྲུབ་ཐོབ་ཀྱི་གཏེར་སྟོན་ཆེན་པོ་ཞིག་ཀྱང་ཡིན། ཁོང་གིས་ལྷོ་བྲག་ རོང་བཧི་རྫ་ནས་རྫོགས་ཆེན་དང་གསོ་རིག་གི་དཔེ་ཆ། འབྲི་ཐང་ཀོ་རོ་ བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་གཏེར་ལས་བཞེས་ ཀྱང་དེང་སང་དཔེ་ལུང་གི་རྒྱུན་ཅི་ཡང་མ་བཞུགས་པ་མ་ཟད་སྔགས་ བཙུན་དཀྱུས་མའི་ཚུལ་དུ་བཞུགས་པས་ཆོས་ཕྱོགས་ཀྱི་འཕྲིན་ལས་དེ་ [1127] ཙམ་མ་རྒྱས་པར་མངོན། གཙང་རོང་གནུབས་ཀྱི་མདོར་སྨན་སྒྲོ་ འཐིམས་པའི་ཤུལ་དུ་སྨན་ཆུ་བརྡོལ་བ་ད་ལྟའང་ཡོད་པས་རྫུ་འཕྲུལ་ལ་ དབང་འབྱོར་བ་ཞིག་ཡིན། ཁྱད་པར་དུ་བྱར་རོང་ཨེ་ཡི་བྲག་ནས་ གཉན་ཆེན་གྱི་ཕྱག་དཔེ་ ཆེ་འབྲིང་ཆུང་གསུམ་སྙིང་པོ་དང་བཅས་པའི་སྐོར་བཞི་སྤྱན་དྲངས་ ནའང་གཞན་ལ་མ་སྤེལ་པས་མཛད་རྒྱུན་མ་བཞུགས་པ་འདྲའོ། ཁོང་ གི་མཚན་གཞན་ལ་གཏེར་སྟོན་ཉི་འོད་གསལ་ཞེས་ཞུའོ། ། བྱིན་གྱི་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་ བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་ བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ ཤོ་ལོ་ཀ་ཉིས་བརྒྱ་བ་བཞུགས་སོ། ། བྱེ་རི་རྒྱལ་མཚན་བཟང་པོ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ བྱེ་རི་སྟག་རྩེའི་སྟག་གི་གྲོང་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ས་ཕོ་ སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པ་ ཆེན་པོར་གྱུར། རྒྱུད་སྨད་པའི་འཆད་ཉན་པ་ཡུན་རིང་མཛད་ནས་ བྱང་རྩེར་བྱོན་ཏེ་འཆད་ཉན་བསྐྱངས། དགུང་ལོ་ལྔ་བཅུ་ཐམ་པ་རབ་ [1128] བྱུང་དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་ངོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་ སྔགས་ཆོས་ཀྱི་འཆད་ཉན་གོང་ནས་གོང་དུ་འཕེལ་བར་མཛད། དགུང་ ལོ་ལྔ་བཅུ་ང་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་དངུལ་གདུང་ལི་མ་ལྷ་ཁང་གི་ཤར་གྱི་གཙོ་བོའི་ གཡོན་ལྔ་པར་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ ཁྲི་རབས་བཅོ་བརྒྱད་པ་ཡིན་ནོ། ། བྲ་ཉེ་མཁན་པོ།། ཁོང་ནི་ཉང་འབན་ངག་དབང་ཐུན་བསྟན་རྒྱ་མཚོ་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། བྲ་ཏི་རིན་ཆེན་དོན་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་ གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་བོད་ལྔ་ལ་སྦྱངས་ པ་དཔྱིས་ཕྱིན་པ་མཛད་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས་ ཞོགས་དོན་ཡོད་མཁས་གྲུབ་ ་ སོགས་ཡོངས་སུ་ གྲགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་ཆོས་ ཀྱི་བདག་པོར་གྱུར། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ ཕངས་སོ། །ཁོང་གི་གསུང་རྩོམ་ནི་ ཀུན་བཟང་ལམ་སྲོལ། འཛིན་རྒྱན་གྱི་སྣང་བ། [1129] ཆུབ་རྒྱན་ཕྲེང། རོལ་མཚོ། རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བཅོས་སུམ་ཅུ་པའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན། སྒྲོན་མེ། འཛིན། ། ཐག་དཀར་བློ་བཟང་དཔལ་ལྡན་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཁམས་དཀར་མཛེས་འབྲུག་ལང་དགོན་འཁྲིགས་ལུང་རི་ཁྲོད་དུ་ཡབ་ བསམ་གཏན་ཚེ་རིང་དང། ཡུམ་ཏེ་རིང་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། དྲབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་བཞི་བར་བྲག་དཀར་བྱང་ཆུབ་རྒྱལ་མཚན་ གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་མཚན་ལ་བློ་བཟང་དཔལ་ལྡན་ བསྟན་འཛིན་སྙན་གྲགས་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ལྔ་ བར་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེའི་འབྲི་ཀློག་གསན། དགུང་ལོ་ དགུ་བ་ནས་འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་སུམ་ རྟགས་དག་གསུམ་དང། སྙན་ངག་མངོན་བརྗོད་སོགས་ཐུན་མོང་ རིག་གནས་ཀྱི་སྐོར་དང། བཀའ་འགྱུར་རིན་པོ་ཆེའི་བཀླགས་ལུང་ ཡོངས་རྫོགས་དང། གཞུང་ཆེན་སྐོར་གྱི་བཤད་ཁྲིད་དང། གསར་ རྙིང་ཟབ་ཆོས་སྐོར་གྱི་དབང་ལུང་ཐམས་ཅད་གསན། དྲུང་སར་བླ་མ་ [1130] བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་ དགུང་ལོ་བཅུ་བདུན་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་ གླིང་གི་ཏྲེ་བོ་ཁང་ཚན་དུ་བཞུགས། མཁན་པོ་བློ་བཟང་དབང་ཕྱུག་ ལས་གཞུང་བཀའ་པོད་ལྔར་གསན་སྦྱངས་རྒྱ་ཆེར་མཛད་དེ་རིགས་ ལམ་རྩོད་གྲྭའི་གྲྭ་སྐོར་མཛད། དགའ་ལྡན་ཁྲི་རབས་གྱ་གཉིས་བ་ཡེ་ ཤེས་ཆོས་འཕེལ་གྱི་མདུན་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་ གཉིས་པར་ཁམས་སུ་ཕེབས་ཏེ་བྲག་དཀར་བྱང་ཆུབ་གླིང་དུ་གདན་ འཇགས། གླིང་ཡོངས་འཛིན་མཆོག་སྤྲུལ་ལས་བསྟན་འགྱུར་གྱི་ལུང་ དང། འཇམ་བཞད་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ལས་བདེ་ མཆོག་གི་ལུས་དཀྱིལ་ལ་སོགས་པའི་གསུང་ཆོས་མང་དུ་གསན་ཏེ་ཐོས་ པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ ཁྲོད་མཱ་ལ་ནང། ཆོས་དབྱིངས་དགོན། བྲག་མགོའི་དགེ་ཐར་ལུང་ དཔལ་སྒང་སོགས་སུ་གདན་ས་མཛད་དེ་གཞུང་བྱམས་ཆོས་སྡེ་ལྔ་དང་ དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་ བཤད་ཁྲིད་གནང་སྟེ་ཆོས་རྭ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་ཨ་མདོད་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང། དགེ་ ཐོག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག། རྭ་ཧོ་མཆོག་ སྤྲུལ་འཇམ་དབྱངས་གྲུབ་པའི་དབང་བོ། འགྱུར་མེད་ཕན་བདེའི་འོད་ ཟེར། དུང་ཁར་སྤྲུལ་སྐུ་དོན་རྒྱ་མཚོ། སྨིན་གླིང་མཁན་ཆེན་ ངག་དབང་མཁྱེན་ནོར་བཅས་ཡིན། ཁོང་གི་གསུང་རྩོམ་ནི་སྙན་ངག་ གི་དཔེར་བརྗོད་དང། བསྟོད་ཚོགས། བླ་མ་བརྒྱུད་པའི་རྣམ་ཐར་ [1131] གཞུང་བཀའ་པོད་ལྔ། གསང་འདུས་རྩ་རྒྱུད། སྔགས་རྫོགས་སྐོར་གྱི་ འགྲེལ་བཤད། སྒྲུབ་སྐོར་སོགས་པར་དུ་འཁོད་པ་པོ་ཏི་བཅུ་བདུན་ཙམ་ བཞུགས་སོ། ། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས།། ཁོང་ནི་རབ་བྱུང་བཅུ་བཞི་བའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཛི་ཀར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་ལྔ་པར་བྲག་དཀར་དགོན་པའི་གདན་སའི་ཁྲི་ལ་བཞུགས་ ཤིང་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱོང་བར་མཛད། དགུང་ ལོ་བཅུ་པར་འཁྲུངས་སར་མཆོག་སྤྲུལ་རིན་པོ་ཆེ་ལས་རབ་བྱུང་གི་སྡོམ་ པ་བཞེས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་ སྤུངས་བློ་གསལ་གླིང་གི་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉེར་གསུམ་པར་ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོའི་ ་ སྤྱོད་འཇུག་ཆེན་མོའི་ཤེར་ཕྱིན་ལེའུ་འགྲེལ་བ་ཀེ་ཏ་ཀ་ལ་ལུང་རིགས་ ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་གཟིགས་ནས་ མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ། དགག་ལེན་དུ་བརྩམས། ཁྲི་ཆེན་རྡོ་རྗེ་འཆང་གི་དྲུང་ནས་བསྙེན་རྫོགས་ ཀྱི་སྡོམ་པ་ཞུས། དགུང་ལོ་ཉེར་བདུན་པར་མདོ་སྨད་དུ་བྱོན་ཏེ་ཧོར་ ཁོག་དགོན་དུ་གཞུང་ཆེན་བཀའ་པོད་ལྔའི་རྩོད་གྲྭ་དང། གསང་ སྔགས་ཀྱི་རྒྱུད་གྲྭ་གསར་དུ་བཙུགས་ཤིང་ཕྱོགས་དེའི་ཡུལ་གྲུ་སྟོད་སྨད་ པར་གསུམ་གྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ [1132] ཞིང་འཕྲིན་ལས་ཤིན་ཏུ་རྒྱས་སོ། ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི། ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན། བླ་མ་བརྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་ བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས། མགུར། བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ། པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ཚིག་དོན་རབ་ཏུ་གསལ་བའི་སྒྲོན་ མེ། འབྱེད་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང། གྱི་གྲུབ་མཐའི་རྣམ་གཞག་ལེགས་བཤད་སྒྲོན་མེ། པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ། པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་ལེགས་བཤད་གསེར་གྱི་ལྡེ་ མིག། པའི་ཉིན་བྱེད། མགོན་དགྱེས་པའི་མཆོད་སྤྲིན། འཇུག་པའི་ཁང་བཟང། པོད་དགུ་བཞུགས་སོ། ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ [1133] དུ་གཏོགས་པའི་གཙོས་བསྟན་འཛིན་སྡེ་ཁྲོད་དུ་སྐུ་འཁྲུངས། རབ་ བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ལྔ་པར་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་ པ་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ ཐུགས་ཐག་བཅད་མཛད། དགུང་ལོ་དྲུག་པར་ཕེབས་སྐབས་དཔལ་ མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་ མཚན་དཀོན་མཆོག་བསྟན་པ་རབ་རྒྱས་སུ་གསོལ། དགུང་ལོ་དགུ་བ་ ནས་དགའ་ལྡན་ཆོས་འཁོར་གླིང་དང། ལྷག་པར་བླ་བྲང་བཀྲ་ཤིས་ འཁྱིལ་དུ་མདོ་སྔགས་རིགས་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ ཕྱིན་གནང་ཐོག་དབུས་སུ་ལན་གཉིས་ཕེབས། སྟག་ཕུ་ཡོངས་འཛིན་ ཡེ་ཤེས་རྒྱ་མཚོ་སོགས་སྤྱིར་བླ་མ་སུམ་ཅུ་རྩ་གྲངས་བསྟེན་ཏེ་དབང་ལུང་ མན་ངག་གི་གདམས་པ་རྒྱ་ཆེར་གསན། སྒོས་སུ་དགུང་ལོ་དགུ་བ་ ནས་ང་གསུམ་གྱི་བར་དུ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ གྱི་དྲུང་དུ་བཅར་བཞུགས་གནང་སྟེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ བསྟེན་ཅིང་མཁས་པའི་དབང་པོར་གྱུར། ཁོང་གི་བརྩམས་ཆོས་གྲགས་ ཆེ་བ་ནི། བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ། འབྱུང། ཁོང་གིས་ཆོས་འབྱུང་འདི་བརྩམ་པའི་ གྲོགས་སུ་གྱུར་བའི་བཀའ་ཆེམས་དང། ཆོས་འབྱུང་དེབ་ཐེར་ བསྟན་རྩིས། ལོ་རྒྱུས་ཡིག་ཚང། འཁྲུངས་རབས། གདུང་རབས་ རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག་དང་རུས་ [1134] མཛོད་བཅས་དཔེ་ཆ་ལྔ་བརྒྱ་སུམ་ཅུ་ལྷག་ལ་གཟིགས་པས་ཁུངས་ བཙན་ཞིང། རྨ་ཆུ་དང་ཀླུ་ཆུ། བསང་ཆུ། དགུ་ཆུ། རྩོང་ཆུའི་ རྒྱུད་སོགས་ཡུལ་གྲུ་མང་པོར་ཆིབས་བསྐྱོད་མཛད་དེ། དྲི་གཏུགས་ དངོས་ཀྱི་ཐོག་ནས་རྩོམ་སྒྲིག་གནང་བས་སྤྱི་ཁོག་ལ་ཚད་ཐུབ་ཀྱི་ཡིད་ རྟོན་རུང་བ་སོགས་ཕུལ་དུ་བྱུང་བའི་ཁྱད་ཆོས་མང་པོ་ལྡན་པས་ཞིབ་ འཇུག་གི་རིན་ཐང་གཞལ་དུ་མེད་པ་ཞིག་ཡོད་པ་རེད། ། བྲག་པོ་ཆེ་བ་རྡོ་རྗེ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་ཡིན། ཁོང་ གིས་སྤྱིར་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། ཁྱད་པར་དུ་རིན་པོ་ཆེ་གསེར་གླིང་པ་བཀྲ་ཤིས་དཔལ་ ལ་བསྟེན་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་གདམས་ ངག་དང། སྤྱོད་ཡུལ་སྐོར་རྣམས་ལེགས་པར་གསན་ནས་སྒྲུབ་པ་ ཉམས་ལེན་མཛད་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ ཡི་དམ་མང་པོའི་ཞལ་གཟིགས་ཤིང་མགོན་པོས་ཀྱང་ལེགས་པར་རྗེས་ སུ་བཟུང་བ་ཡིན། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་མཆོག་ཏུ་ གྱུར་བ་ནི་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ཡིན་ནོ། ། བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ [1135] མདོ་སྨད་རྨེ་སྟོད་བྱང་དཀར་དུ་ཡབ་དར་རྒྱས་དང། ཡུམ་ལོ་ཡག་ སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡི་ གེའི་སྦྱོར་ཀློག་སློབ་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ ནས་བཅུ་དྲུག་པར་ཆོས་འདོན་དུ་བྱོན། དགུང་ལོ་བཅུ་བདུན་པར་ གྲུབ་ཆེན་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་ བཞེས་ཤིང་མཚན་ལ་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ཉེར་ གཉིས་པར་རྒྱལ་བ་བློ་བཟང་ཆོས་ཉིད་ཀྱི་དྲུང་ནས་ཟབ་ཆོས་མང་དུ་ གསན་ཏེ་མཚན་ལ་འཇམ་དབྱངས་བློ་གྲོས་ཞེས་གསོལ། དགུང་ལོ་ ཉེར་གསུམ་པར་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་གི་ ཆོས་གྲྭར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད་ ཀྲེ་ཧོར་བློ་བཟང་སྦྱིན་པ་དང། མི་ཉག་འཇམ་དཔལ་བློ་གྲོས། གསེར་ ཁང་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་ ཀྱི་ཆོས་ཚུལ་མཐའ་ཀླས་པ་གསན། ཕ་བོང་ཁ་བྱམས་པ་བསྟན་འཛིན་ རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དེ་ནས་བྱ་བྲལ་གྱི་ ཚུལ་དུ་རྟག་བརྟན་རི་ཁྲོད་ཨེ་གསང་ཕུག་ཏུ་ཕེབས་ཏེ་སྒྲུབ་པ་ཉམས་ ལེན་ལ་བརྩོན་པ་མཛད། དགུང་ལོ་སོ་ལྔ་པར་མདོ་སྨད་དུ་ཕེབས་ ཤིང་ དཔའ་ཤོད་དགོན་དུ་གཞུང་ཆེན་བཀའ་པོད་ལྔའི་འཛིན་གྲྭ་བཙུགས་ ཤིང་འཆད་ཉན་མཛད། གཙུག་ཕུག་རི་ཁྲོད་གསར་དུ་ཕྱག་འདེབས་ མཛད། དགུང་ལོ་ང་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་གསུང་རྩོམ་ནི་ [1136] རིན་ཆེན་ཕྲེང་བ། བའི་བང་མཛོད། བ་རིག་པའི་ལྕགས་ཐུར། བཞུགས་སོ། ། བྲག་གཡབ་བློ་བཟང་བསྟན་པ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཁམས་གོ་འཇོ་ལྷ་ཐོག་ཏུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ གཞོན་ནུའི་དུས་ནས་དབུས་སུ་ཕེབས་ཏེ་གསང་ཕུར་བཞུགས་ནས་ སློབ་གཉེར་མཛད། ཁྲི་ཆེན་སྦྱིན་པ་རྒྱ་མཚོ་དང། བཀའ་འགྱུར་བློ་ བཟང་ཆོས་འཛིན་སོགས་ཡོངས་སུ་གྲགས་པའི་སློབ་དཔོན་མང་པོར་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་ འདའ་བར་མཛད། དགུང་ལོ་ལྔ་བཅུ་ང་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི། བླ་མ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་ གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ལེགས་བཤད་ཉིན་མོར་བྱེད་ པ། གྱི་རྣམ་པར་ཐར་པ་ཡོན་ཏན་གཏེར། མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་ རིན་ཆེན་འབྱུང་གནས། [1137] རྣམ་བཤད་ཆེན་མོ་ཕན་བདེའི་འབྱུང་གནས། གི་བསྟོད་ཚོགས་འཕྲིན་ལས་ལྷུན་གྲུབ། ལོངས་པའི་བྲིས་མ་པོད་གཅིག་བཞུགས་སོ། ། བྲག་ལུང་མཁན་པོ་དགེ་འདུན་ལུང་རྟོགས་རབ་རྒྱས།། ཁོང་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ནག་རྩ་ཡུལ་གདོང་དུ་ཡབ་ལིས་ཟི་དང་ཡུམ་ཀ་ཀྲོ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་ རྒྱ་མཚོས་བྲག་ལུང་མཁན་སྤྲུལ་གྱི་ཡང་སྲིད་དུ་ཐུགས་ཐག་བཅད་ཅིང་ རབ་བྱུང་བསྒྲུབས། དེ་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོག་ཆོས་ སྤྱོད་བཅས་ལ་སྦྱངས་པས་མཁྱེན་རབ་ཆེ་བའི་གྲགས་པ་རྒྱས། རྒྱལ་ དབང་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་བྱ་ཁྱུང་དུ་ཕེབས་ནས་ འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་སྐབས་འདི་བས་དོན་བདུན་ཅུའི་ ཤོག་སྣེ་བཟུང་ནས་རྒྱལ་དབང་རིན་པོ་ཆེ་དང་མཉམ་གཟིགས་མཛད་ པའི་སྐལ་བ་བྱུང། དགུང་ལོ་བཅོ་བརྒྱད་པར་བསྡུས་གྲྭའི་དམ་བཅའ་ བཞག་པར་དགེ་བཤེས་རྣམ་པའི་ཐུགས་ཟིན་པར་གྱུར། ས་རལ་ མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ལས་བསྙེན་རྫོགས་བཞེས་ གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང། ཆེ་ཤོས་ བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་ཀྱི་མདུན་ནས་ཆོས་བཀའ་མང་དུ་ གསན་པ་མཛད། དགུང་ལོ་ཉེར་ལྔ་པར་མཁན་པོ་སྒར་བའི་རྗེ་སྐུའི་ ལྷ་ཁང་ཉམས་གསོའི་དོན་དུ་སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་ [1138] བསྐོར་བས་ཕྱག་འབྱོར་རྒྱ་ཆེ་ཞིང་ཕྱིར་བྱོན་ནས་ལྷ་ཁང་རྟེན་དང་ བརྟེན་པ་གསར་བཞེངས་དང། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་ ཉེར་གཅིག་འདུ་ཁང་ཆེན་མོར་གན་ཛི་ར་སོགས་རྟེན་གསར་བཞེངས་ མཛད། དགུང་ལོ་སུམ་ཅུ་སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ ཕེབས་ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་སློབ་ གཉེར་ལ་རྟིང་སྐུལ་དང་གསེར་གདུང་ལྷ་ཁང་སོགས་ཀྱི་ཁྲ་མ་ལ་ཞིབ་ ཚགས་བཏོད། ཁྲི་ཟུར་ནས་བྲག་ལུང་གི་འདུ་ཁང་གསར་བཞེངས་ མཛད། དགུང་ལོ་སུམ་ཅུ་སོ་དགུ་པར་རྗེ་ཨ་བྷྱ་ཡབ་སྲས་ཀྱི་ཞབས་ པད་ལ་བསྟེན་ནས་མི་ཏྲ་རྡོར་ཕྲེང་གི་དབང་དང་བཀའ་འགྱུར་གྱི་ལུང་ སོགས་ཆོས་བཀའ་མནོག་ཆེ་བ་རྣམས་གསན། དེ་ནས་སྒྲུབ་པ་ཉམས་ལེན་ ལ་གཞོལ་བ་མཛད་མུར་དགུང་ལོ་ལྔ་བཅུ་ང་བརྒྱད་པ་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བྲག་ལུང་མཁན་སྤྲུལ་གྱི་སྐུ་ཕྲེང་ དྲུག་པ་ཡིན་ལ། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བརྒྱ་ དང་བདུན་པ་ཡིན་ནོ། ། བྲག་ལུང་ངག་དབང་མཁས་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་ཨ་མདོ་གཅན་ཚའི་རི་ལམ་རྨ་འགྲམ་དུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་ཉིད་ཀྱི་ཕུ་བོ་མཁན་ཆེན་ཡེ་ ཤེས་རྒྱ་མཚོའི་སྐུའི་སྐྱེ་བར་ངོས་འཛིན་མཛད། དགུང་ལོ་ཆུང་ངུའི་ [1139] དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་དབུ་ཕར་གཉིས་ལ་ བྱང་བར་མཛད། དེ་ནས་དབུས་སུ་ཕེབས་ཤིང་སེར་བྱེས་གྲྭ་ཚང་གི་ ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་ མཛད་ཅིང་གླིང་བསྲེའི་མཚན་བཏགས་བཞེས། རྒྱལ་དབང་བསྐལ་ བཟང་རྒྱ་མཚོ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ལས་བཀའ་ ཆོས་རྒྱ་ཆེར་གསན། དཔལ་འཁོར་ཆོས་སྡེའི་མཁན་ཁྲི་ལོ་བདུན་ལ་ བསྐྱངས། ཁོང་ལ་གཞུང་ས་མཆོག་ནས་པཎྜི་ཏ་ཧོ་ཐོག་ཐུ་མཁན་པོ་ ཞེས་པའི་ཆོ་ལོའི་གཟེངས་བསྟོད་དང་བཅས། རྒྱ་ཕིབས་དང། ཇོ་ བོ་ལོ་ཀེ་ཤྭ་རའི་སྐུ་བརྙན། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་ རྟེན་ཐུབ་བ་གྲོང་ཁྱེར་མའི་ལི་སྐུ་ཁྱད་འཕགས་ཅན་བཅས་སྤྱན་དྲངས་ ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རང་ དགོན་བྱ་ཁྱུང་དུ་ཕེབས། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་ སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲིར་བཞུགས་ ནས་བླ་བྲང་གསར་བཞེངས་མཛད། རབ་བྱུང་བཅུ་གསུམ་པའི་ས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ལྕང་སྐྱ་རོལ་བའི་རྡོ་རྗེ་བྱ་ཁྱུང་དུ་གདན་ དྲངས་ནས་ཚོགས་ཆེན་ལ་ཉམས་མགུར་གྱི་བཤད་ལུང་གནང་བ་སོགས་ བཀའ་དྲིན་ཤིན་ཏུ་ཆེ། དབུས་ནས་བཟོས་པའི་དྲུང་ཆེན་དངུལ་གྱི་ ཚིགས་རྒྱན་ཅན་ཡང་ཆོས་སྡེ་འདི་ལ་སྦྱོར་འཇགས་མཛད། ལོ་བཅུ་ གསུམ་གྱི་རིང་དུ་གདན་ས་ལེགས་པར་བསྐྱངས། ཁྲི་ཟུར་ནས་སྒྲུབ་ པ་ཉམས་ལེན་ཁོ་ནས་དུས་འདའ་བར་མཛད་དོ། དགུང་ལོ་དྲུག་ཅུ་རེ་ བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་ [1140] པའི་གདན་སའི་མཁན་རབས་སུམ་ཅུ་སོ་བདུན་པ་ཡིན་ནོ། ། བྲག་ལུང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་བྲག་ཐ་སྡེ་བར་ཡབ་བཀྲ་ཤིས་དར་རྒྱས་ དང། ཡུམ་བསོད་ནམས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་དྲུག་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད་ཅིང་སྐེ་མཁན་ཆེན་བསོད་ནམས་བསྟན་པའི་ཉི་ མ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། སེ་ར་རབ་འབྱམས་པ་ དངོས་གྲུབ་བསྟན་འཛིན་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེའི་ སྦྱོར་ཀློག་དང་འདོན་ཆོག་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ ལོ་བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ བཅུ་དྲུག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གསང་སྔགས་ འབྲས་བུའི་ཐེག་པའི་གཞུང་ལུགས་ལ་གསན་བསམ་གང་ལེགས་ གནང། མཚན་སྒྲོག་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ་ལས་ བསྙེན་རྫོགས་བསྒྲུབས། ཞབས་དྲུང་རི་ཁྲོད་པ་འཇམ་དབྱངས་ཚུལ་ ཁྲིམས་རྒྱ་མཚོ་ལ་བསྟེན་ནས་བཀའ་ཆོས་མང་དུ་གསན། གསེར་ཏོག་ བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་བཀའ་འགྱུར་གྱི་ལུང་དང། ལམ་ རིམ་བློ་སྦྱོང་སོགས་བཤད་རྒྱུན། སྤྱི་ཟུར་གྱི་དབང་རྗེས་གནང་བཅས་ གསན་པར་མཛད། རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་དངུལ་སྲང་ཆིག་ [1141] སྟོང་བཞི་བརྒྱ་བརྒལ་བའི་རྒྱུ་སོང་གིས་འདུ་ཁང་གྱན་གྲངས་ཉེར་ལྔ་ སྟེང་ཤོད་དབུས་འཕུག་སྒོ་སྐྱོར་དང་བཅས་པ་སླར་གསོས་དང། ཚོན་ རྩི། སྤེན་རྒྱན། ཀཉྫི་ར་སོགས་གསར་བསྐྲུན་མཛད་ཅིང་རབ་གནས་ རྒྱས་པར་མཛད། གནམ་རྒྱན་རྒྱལ་མཚན་ཀ་འཕན་སོགས་མཆོད་ རྫས་ཡོ་བྱད་རྣམས་རིམ་པར་ལེགས་བསྒྲིགས་མཛད། རབ་བྱུང་བཅོ་ ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་ དམ་གང་ལེགས་མཛད། ཁྲི་ཟུར་ནས་ཀྱང་ཐོས་བསམ་སྒོམ་པས་དུས་ འདའ་བར་མཛད་དོ། ཁོང་ནི་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ རབས་སོ་གསུམ་པ་དང། རྒྱུད་པ་མཁན་པོའི་ཁྲི་རབས་དོན་གཅིག་པ་ ཡིན་ནོ། ། བྲང་ཏི་རྒྱལ་གཉེར་མཁར་ཕུག་ ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བླ་ སྨན་ཆེན་པོ་ཡིན་ནོ། ། བྲང་ཏི་རྒྱལ་བ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ གཙང་ཕྱོགས་སུ་ཡབ་བྲང་ཏི་འཇམ་དཔལ་བཟང་པོའི་སྲས་སུ་སྐུ་ འཁྲུངས། དེ་ནས་ཡབ་ཆེན་བྲང་ཏི་འཇམ་དཔལ་བཟང་པོ་དང་ བི་ཇི་དཔལ་མགོན་སོགས་ལ་བསྟེན་ནས་ཡབ་མེས་གོང་མའི་གསོ་རིག་གི་ མན་ངག་ཞལ་ཤེས་ཀྱི་གདམས་པ་རྣམས་མ་ལུས་པར་ཐུགས་སུ་ཆུད་ [1142] པ་མཛད། གཡུ་ཐོག་འཚོ་བྱེད་ཀྱི་ཞབས་ལ་གཏུགས་ཏེ་རྒྱུད་བཞི་ཆ་ ལག་དང། ལག་ལེན་པོད་ཆུང་ལ་སོགས་པའི་གདམས་པ་མང་དུ་ གསན་ནས་སྒོ་བཞི་རེ་ཐང་དུ་བཤད་གསར་ལ་ཕེབས་པས་སློབ་མ་མང་ པོར་སྨན་གཞུང་གི་བཀའ་ཁྲིད་གནང། སླར་ཡབ་ཆེན་གྱི་གདན་སར་ བྱོན་ཏེ་གསོ་རིག་གི་འཆད་ཉན་བསྐྱངས་ཤིང་ས་སྐྱའི་གདུང་བརྒྱུད་ཁུ་ དབོན་རྣམས་ཀྱི་བླ་སྨན་མཛད། ཡུལ་སྟོད་སྨད་ཀྱི་སློབ་མ་མང་དུ་ འདུས་པ་ལ་གསོ་རིག་གི་གཞུང་ལུགས་དང། ལག་ལེན་དམར་ཁྲིད་ ཟུང་དུ་འབྲེལ་ནས་སློབ་ཁྲིད་མཛད་པས་སློབ་མའི་སྦྱངས་འབྲས་བཟང་ བ་དང། འཕྲིན་ལས་ཤིན་ཏུ་རྒྱས་པ་ཤ་སྟག་བྱུང་ངོ། །ཁོང་གི་ མཚན་གཞན་ལ་བྲང་ཏི་ཤིང་རྐང་ཞེས་ཞུའོ། ། བྲང་ཏི་རྒྱལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་ནང་དུ་རོང་དུར་སྨིག་ རྒྱུད་ལ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་ སོགས་ལ་མཁས་པར་སྦྱངས། དེ་ནས་ཡབ་མེས་ཀྱི་རྗེས་སུ་བཟུང་སྟེ་ གསོ་བ་རིག་པ་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་མཁས་པ་ཆེན་ པོར་གྱུར་ཞིང་རྒྱལ་པོའི་བླ་སྨན་དུ་དབང་བསྐུར་བ་ལོ་རྒྱུད་ཐམས་ཅད་ གཅིག་མཐུན་ཡིན། ཡབ་མེས་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་ བཟུང་བང་ཏི་འཇམ་དཔལ་བཟང་པོའི་བར་དུ་གསོ་རིག་མན་ངག་གི་ རྒྱུན་མ་ཆད་པའི་ཁྱིམ་རྒྱུད་བཀའ་དྲིན་ཅན་ཡིན། གོང་སྨན་དཀོན་ མཆོག་འཕན་དར་གྱིས་མཛད་པའི་ འབྱུང། སྨན་ [1143] གྱི་ཐེམ་ཡིག་ཆེ་མོ་ལ་སོགས་པ། མཁས་པའི་མཆོག་གྱུར་བྲང་ཏི་པ་ ཡི་ལུགས།ཞེས་གསུངས་སོ། ཁོང་ནི་བོད་སྨན་མཁས་པ་མི་དགུའི་ ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་གསུང་རྩོམ་ནི། ཐིག། ། བྲང་ཏི་འཇམ་དཔལ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ གཙང་ཕྱོགས་སུ་ཡབ་བྲང་ཏི་བསོད་ནམས་འབུམ་གྱི་སྲས་སུ་སྐུ་ འཁྲུངས། །ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཤེས་རབ་དང་མཐུ་ སྟོབས་ཆེ་བ་ཞིག་བཞུགས་པས་ཀརྨ་པཀྵི་ཆོས་ཀྱི་བླ་མས་ ་ ་ བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པ་རྒྱ་ཆེར་མཛད་པ་ ཞིག་འོངས་ཞེས་གསུངས། ཡབ་ཆེན་བྲང་ཏི་བསོད་ནམས་འབུམ་ ལས་གསོ་རིག་གི་བརྒྱད་པ་རྩ་འགྲེལ་དང། སྨར་བྱང་མ་བུ། ཨ་ ཙརྐྱཱི་གསོ་དཔྱད་སྐོར་གསུམ་བཅས་ལ་སློབ་གཉེར་མཛད། གཡུ་ ཐོག་འཇམ་དཔལ་ལས་རྒྱུད་བཞི་ཆ་ལག་དང་བཅས་པ་གསན་ཞིང་ ལྷག་པར་དུ་ལྗང་སྨན་པ་ཡེ་ཤེས་བཟང་པོ་ལ་ཡུན་རིང་དུ་བསྟེན་ནས་ ཡན་ལག་བརྒྱད་པའི་ཞལ་ཤེས་མན་ངག་དང་བཅས་པར་གནད་དུ་ སྨིན་པའི་གསན་བསམ་མཛད་པས་གསོ་རིག་སྨན་པའི་ཁྱུ་མཆོག་ཏུ་ གྱུར། དེ་ནས་ས་སྐྱའི་བླ་མ་བདག་ཉིད་ཆེན་པའི་ས་སྐྱའི་གདན་སར་ གདན་འདྲེན་ཞུས་ཏེ་གསོ་དཔྱད་ཀྱི་འཆད་ཉན་བཙུགས་ཤིང་བླ་སྨན་ གྱི་མཐིལ་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ [1144] དགུང་ལོ་ལྔ་བཅུ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། ཁོང་གི་གསུང་རྩོམ་ནི་ བཅས་བཞུགས་སོ། ། བྲང་ཏི་དཔལ་ལྡན་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ གཙང་ས་སྐྱར་སྐུ་འཁྲུངས། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་སྐུ་ཚ་ ཡིན། ཁོང་གིས་ཁུ་ཆེན་བྲང་ཏི་དཔལ་ལྡན་འཚོ་བྱེད་ལ་བསྟེན་ནས་ ཡབ་མེས་གོང་མའི་ཐུན་མོང་མ་ཡིན་པའི་མན་ངག་ཞལ་ཤེས་ཀྱི་ གདམས་པ་རྣམས་གསན་ཞིང་སྔར་མུས་ལྟར་ཡབ་མེས་ཀྱི་སྲོད་རྒྱུན་ འཛིན་ཏེ་གསོ་རིག་གི་འཆད་ཉན་དང། ས་སྐྱའི་གདུང་བརྒྱུད་ཁུ་ དབོན་རྣམས་ཀྱི་བླ་སྨན་མཛད་ནས་བཞུགས་སོ། ཁོང་གི་གསུང་རྩོམ་ ནི་ སོ། ། བྲང་ཏི་དཔལ་ལྡན་འཚོ་བྱེད།། ཁོང་ནི་རབ་བྱུང་བཞི་པ་སྟེ་སྤྱི་ལོའི་དུས་རབས་བཅུ་གསུམ་ པའི་དུས་སྟོད་ཙམ་དུ་གཙང་ཕྱོགས་སུ་ཡབ་འཇམ་དཔལ་བཟང་པོའི་ སྲས་སུ་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བཟུང་གསོ་བ་རིག་པའི་ཕྱག་ལས་གནང་སྟེ་རང་གི་གཅེས་པོ་རྒྱལ་ བ་བཟང་པོ་དང། ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་དུ་སློབ་དཔོན་ ལ་བསྟེན་ནས་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་དམར་ཁྲིད་དང་བཅས་ པའི་གཞུང་དོན་ཡོངས་སུ་རྫོགས་པར་ཞུས་ཏེ་ཐོས་ལོ་ཙམ་མ་ཡིན་པར་ [1145] ཐུགས་སུ་ཆུད་པར་གསན་ཅིང། སྐལ་ལྡན་གྱི་གདུལ་བྱ་རྣམས་དང་ འགྲོ་བ་མང་པོའི་རེ་བ་ཡོངས་སུ་བསྐོངས། ཁོང་གི་སྐུ་ཚེ་གང་བོར་ གསོ་བ་རིག་པའི་བསྟན་དོན་ཁོ་ནར་གཉེར་ནས་འཆད་རྩོད་རྩོམ་ གསུམ་གྱིས་དུས་འདའ་བར་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་ པའི་བླ་སྨན་གྱི་འགན་ཁུར་བཞེས་ཏེ་ཁོང་དང་མཉམ་དུ་མདོ་དབུས་ ཁམས་གཙང་བཞི་དང་བཅས་པའི་ཡུལ་གྲུབ་མང་པོར་ཞབས་ཀྱིས་ བཅགས་ནས་འགྲོ་བ་མང་པོའི་དོན་ཆེན་མཛད། ཁོང་གི་གསུང་རྩོམ་ ནི་ རྒྱུད་ཀྱི་འགྲེལ་བ་རྒྱུད་དོན་རབ་གསལ། ཚུལ་གསུམ་སྣང་བ། བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་བཞུགས་སོ། ། བྲང་ཏི་ཇ་ཡ་རཀྵི་ཏ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ཅན་ གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ངག་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་ རྟོགས་པ། བཅས་བཞུགས་སོ། ། བྲང་ཏི་ཤིང་རྐང།། [1146] ཁོང་ནི་བྲང་ཏི་རྒྱལ་བ་བཟང་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། བྲན་ཀ་དཔལ་གྱི་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ ་ གྱི་བན་དེ་བཀའ་ཆེན་པོ་ལ་གཏོགས་པ་ཞིག་ཡིན་ ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་མི་ཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། བ་དང། མཁས་པའི་དགའི་སྟོན། ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། ་ ་ གྱི་བློན་ཆེན་མཛད་ཀྱང། བློན་པོ་དབས་རྒྱལ་ཏོ་རེས་ བྲན་ཀ་དཔལ་གྱི་ཡོན་ཏན་དང་བཙུན་མོ་དཔལ་གྱི་ངག་ཚུལ་མ་ཀློག་ཏུ་ ཉལ་བཤམས་སོ་ཞེས་བཙན་པོའི་ ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ སྙན་དུ་གསོལ་བས། ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན་བློན་ ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་ཁོ་བསད་ན་རྒྱལ་པོ་ཡང་ དགྲོངས་ཀྱི་དོགས་ནས་བྱང་དུ་བྲོས་ཏེ་ ཡིབས་པའི་སྐབས་སུ་ དམུས་ ལོང་ཞིག་གིས་ཤེས་ནས་དབས་སྟག་རྣ་ཅན་ལ་སྨྲས་ཤིང་བློན་ཆེན་ པོ་བཟུང་ནས་བསད། དུ་འཁོད་འདུག་གོ་ [1147] བྲན་ཀ་བློན་རྒྱལ་བཟང་འདུས་ཀོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། མཁས་པའི་དགའ་སྟོན། བྲན་ཀ་བློན་བསམ་པ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། མཁས་པའི་དགའ་སྟོན། བླ་ཆེན་དགོངས་པ་རབ་གསལ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གེ་མེ་མཁའ་རྒྱ་མཚོའི་ལོ་སུམ་ བརྒྱ་ཉེར་དགུ་པར་བབས་པ་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་མཚོ་སྔོན་ ཞིང་ཆེན་ཧྭ་ལུང་རྯོང་གི་མངའ་ཁོངས་རི་བོ་དན་ཏིག་དང་ཁྱད་ཤིང་ཏུ་ ཉེ་བའི་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་སོར་སྐུ་འཁྲུངས། རབ་ [1148] བྱུང་དང་པོའི་བགྲང་བྱ་དགུ་བ་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ མྱ་ངན་ལས་འདས་སོ། ཁོང་དགུང་ལོ་བཅོ་ལྔའི་སྟེང་ནས་གཙང་རབ་ གསལ་གྱིས་མཁན་པོ་བྱས། གཡོ་དགེ་བའི་འབྱུང་གནས་ཀྱིས་སློབ་ དཔོན་དང། དམར་ཤཱཀྱ་མུ་ནེས་དུས་གོ་བ་བྱས་ཏེ་རབ་ཏུ་བྱུང་ཞིང་ དགེ་ཚུལ་དུ་བསྒྲུབས་ནས་མཚན་ལ་དགེ་བ་རབ་གསལ་དུ་བཏགས་ ཕྱིས་སུ་མཁྱེན་རབ་ཤིན་ཏུ་ཆེ་བ་གྱུར་བས་དགོངས་པ་རབ་གལ་དུ་ གྲགས། དེའི་ཕྱི་ལོ་བསྙེན་རྫོགས་ཞུས་པས་མཐའ་འཁོབ་ཏུ་མ་མཐའ་ དགེ་སློང་ལྔ་མ་ཚང་བས་སྒྲུབ་མི་རུང་གསུངས་པ་ལྟར། ལྷ་ལུང་དཔལ་ གྱི་རྡོ་རྗེས་རྒྱའི་ཧྭ་ཤང་ཀེ་ཝང་དང་གྱི་ཕན་ཟེར་བ་གཉིས་བ་ཏང་སྟེ་ལྔ་ ཚོགས་ཀྱི་སོགས་བསྙེན་པར་རྫོགས་པར་མཛད་དོ། ཁོང་གིས་ནོན་འཇམ་ དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་སེམས་སྐྱེས་ ཞུས། སྐྱི་རྒྱལ་བའི་གཙུག་ཏོར་ལས་དབུ་མ་དང་ཚད་མར་སྦྱངས་ ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་ལ་སོགས་པའི་ཆོས་ཀྱང་ཅི་རིགས་ གསན། དེ་ནས་ཁོང་དན་ཏིག་ཏུ་བཞུགས་པའི་ཚེ་སློབ་མ་སྔ་བ་ཁམས་ ཀྱི་ཟོག་པོ་མི་དྲུག་རྣམས་དང་པོ་མཁན་སློབ་ཆ་མི་ཚང་བས་བཙུན་པའི་ ཆ་བྱད་བླངས་ནས་འདུལ་བ་ལ་སོགས་པའི་ཆོས་རྣམས་གསན་པས་ འདུལ་འཛིན་མང་དུ་བྱུང། དབུས་གཙང་གཉིས་ནས་མཁས་པ་མི་ལྔ་ རེ་མདོ་སྨད་དུ་ཕེབས་ནས་ཁོང་གིས་མཁན་པོ་དང་དམར་གཡོ་གཙང་ གསུམ་གྱིས་སློབ་དཔོན་མཛད་ནས་མི་བཅུ་བོ་དེ་སྟན་ཐོག་གཅིག་ལ་ སྡོམ་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། ཁོང་གིས་བསྟན་པ་ཕྱི་ དར་གྱི་མེ་རོ་དེ་མདོ་ཁམས་སྨད་ནས་གསོས་ཏེ་བོད་རིགས་ཀྱི་རིག་ [1149] གནས་ལོ་རྒྱུས་སྟེང་དུ་ཆེས་ངོ་མཚར་ལ་བརྗིད་ཆགས་པའི་དཔེ་རིས་ ཤིག་བྲིས་ཡོད་པ་མ་ཟད། འཛམ་གླིང་གི་རིག་གནས་ལོ་རྒྱུས་སྟེང་ དུའང་དགེ་མཚན་ལྡན་པའི་བསམ་བློའི་དཔལ་ཡོན་ཞིག་གསར་དུ་ བསྐྲུན་ཡོད་པ་རེད་ བླ་ཆེན་ཡོན་ཏན་གཟུངས།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཉི་བོའི་སྲ་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགུང་ལོ་བཅུ་གཅིག་ པར་སློབ་གཉེར་མཛད། དགུང་ལོ་བཅུ་གསུམ་པར་ཁུ་པོ་ལྕེ་སྟོན་རྒྱ་ ནག་ལས་བཀའ་བསྐྱེད་རྯོགྶ་གསུམ་གྱི་རྒྱུད་ལུང་མན་ངག་དང་ བཅས་པ་ཀུན་ལ་སློབ་གཉེར་རྫོགས་པར་མཛད། དགུང་ལོ་ཉི་ཤུ་རྩ་ བཞི་པར་ཁུ་བོ་ལྕེ་སྟོན་རྒྱ་ནག་སྐུ་གཤེགས་ཤིང་དན་ས་བསྐྱངས་ སློབ་གཉེར་གྱི་ལྷག་འཕྲོ་རྣམས་དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་ པོ་གཉིས་ལས་ཚར་བ་མཛད། དེ་ནས་སྒོམ་སྒྲུབ་ལ་ཞུགས་ཏེ་མཚམས་ འོག་ནས་གདན་ས་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་བསྐྱངས་ཤིང་བསྟན་ འཛིན་གྱི་བུ་སློབ་མང་དུ་གསོ་སྐྱོང་མཛད་ཅིང། གདན་ས་ཡང་ཤིན་ ཏུ་དར་བར་མཛད། གཞན་དོན་ཕུན་སུམ་ཚོགས་པ་གྲུབ་སྟེ། དགུང་ ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་ཞིག་པོ་བདུད་རྩི་དང། སྟོན་པ་བླ་བསྐྱངས་ དབུས་པ་ཇོ་བསོད། སྙེ་སྟོན་ཉི་མ་རྡོ་རྗེ། མེས་སྟོན་མགོན་པོ་ དཔྱལ་ཀུན་དགའ་རྡོ་རྗེ་བཅས་ཡིན་ནོ། །ཁོང་གི་མཚན་གཞན་ལ་ལྷ་ [1150] རྗེ་ལྷ་ཁང་པ་ཡང་ཞུའོ། ། བླ་ཆེན་བསོད་ནམས་བློ་གྲོས།། ཁོང་ནི་ཏཱི་ཤྲཱི་བསོད་ནམས་བློ་གྲོས་དང་མིག་ཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། བླ་གོའི་བླ་སར་འཇམ་དབྱངས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་ཡབ་བླ་མ་སྐྱབས་དང། ཡུམ་མཁའ་འགྲོ་སྐྱིད་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མཚན་སྒྲོགས་དགོན་དུ་སྐུ་གཤེགས། ཁོང་ཐོག་མར་དུས་ འཁོར་གྲྭ་ཚང་དུ་ཞུགས་ནས་དཀའ་རམས་པར་དུ་སོང་ཞིང་ཚོགས་ བསགས་རབ་འབྱམས་པའི་མཚན་བཏགས་བླངས། དེ་ནས་ཐོས་ བསམ་གླིང་དུ་ཞུགས་ཏེ་བསྡུས་གྲྭ་བློ་རྟགས། ཐལ་ཕྲེང་ཡོངས་རྫོགས་ ཐུགས་འཛིན་མཛད་དེ་ཕར་ཚད་ཀྱིས་མཚོན་བཀའ་པོད་ལྔ་ལ་ཕུལ་དུ་ ཕྱིན་པ་སྦྱངས། རྡོ་རམས་པའི་མཚན་བཏགས་བཞེས། སྡེ་ཁྲི་རིན་པོ་ ཆེ་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། དེ་ནས་གྲྭ་ ཚང་གི་དགེ་བསྐོས་མཛད་ཅིང་འགྲིག་ལམ་ལ་དོ་དམ་གང་ལེགས་ གནང། ཀ་མདོ་དང། ཁོ་ཚེ། རྒྱུད་པ། ཚ་གན་པེ་ཤིང། ཨུ་ རྒེ། དམུ་དགེའི་ཁྲི་བཅས་ལ་བཞུགས་ནས་མདོ་སྔགས་ཀྱི་འཆད་ཉན་ བསྐྱངས། དགུང་ལོ་དྲུག་ཅུ་ཐམ་པར་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ལོ་ གཅིག་བཞུགས་ནས་འཆད་ཉན་བསྐྱངས། ཁྲི་ཟུར་ནས་མཚན་སྒྲོགས་ [1151] དགོན་གྱི་ཁྲི་བ་མཛད་ནས་ལུགས་གཉིས་ཀྱིས་ཚོགས་མང་བསྐྱངས་པར་ མཛད། དགུང་ལོ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྔ་བཅུ་བ་ཡིན་ནོ། ། བླ་ཆེན་ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཞ་ལུ་ཁང་གསར་དུ་ཡབ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་ ཡུམ་ཡོན་ཏན་དཔལ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཤབ་སྡིངས་སུ་སྐུ་གཤེགས་ ཁོང་གི་བྱིས་པའི་མིང་ལ་ཟླ་བ་རྒྱལ་མཚན་ཞེས་ཞུ། དེ་ནས་ཡི་གེའི་སྦྱོར་ ཀློག་སོགས་ལེགས་པར་མཁྱེན། གཞོན་ནུ་ཉིད་ནས་བླ་མ་དམ་པ་ བསོད་ནམས་རྒྱལ་མཚན་དང། བླ་མ་མཉམ་མེད་པ་སོགས་ལ་བསྟེན་ ཏེ་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པར་མཛད་ཅིང། བླ་ མ་དམ་པའི་ཚབ་ཏུ་གོང་མའི་ཕོ་བྲང་ལ་ཕེབས་ཀྱང་རྒྱལ་ཁམས་མ་བདེ་ བའི་དབང་གིས་ཁམས་ནས་ཡར་བྱོན། གདན་ས་ཆེན་པོ་དང་བསམ་ ཡས་སོགས་སུ་བཞུགས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ གསུང་འབུམ་འཐོར་བ་རྣམས་ཕྱོགས་བསྒྲིགས་མཛད། གདུང་རྒྱུད་ རིན་པོ་ཆེ་སྤེལ་བའི་བཙུན་མོ་མ་གཅིག་ནམ་མཁའ་རྒྱལ་མོ་ཁབ་ཏུ་ བཞེས་ནས་རིགས་སྲས་བསྐྲུན་ཡང། ཕྱིས་སུ་བླ་མ་དམ་པ་བསོད་ ནམས་རྒྱལ་མཚན་ལས་རབ་བྱུང་བསྙེན་རྫོགས་ཞུས་ཏེ་མཚན་ལ་ཀུན་ དགའ་རྒྱལ་མཚན་ཞེས་གསོལ། སྐབས་ཤིག་ཏུ་གོ་ཇོ་དཔོན་པོས་ གདན་འདྲེན་ཞུས་པ་ལྟར་ཁམས་སུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ [1152] བསྐོར་ནས་གདུལ་བྱ་ཐམས་ཅད་སྨིན་གྲོལ་གྱི་ཞིང་དུ་བཀོད། དེ་ནས་ གདན་ས་ཆེན་པོར་ཕེབས་ཏེ་ཤིང་ཁང་བླ་བྲང་དུ་དགེ་བའི་བཤེས་ གཉེན་མང་པོ་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་ འབུམ་རྣམས་ཀྱི་ཞལ་ལུང་དང། གསང་སྔགས་ཟབ་མོའི་དབང་ལུང་ མན་ངག་བཅས་བཀའ་ཆོས་མཐའ་ཡས་པ་བསྩལ་མུར་དགུང་ལོ་བདུན་ ཅུ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ རིན་ཆེན་སྒང་བླ་བྲང་གི་གདན་རབས་གཉིས་པ་ཡིན་ནོ། ། བླ་བན་ཆོས་ཀྱི་བརྩོན་འགྲུས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པའི་ལོ་ཙཱ་ བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ ཞུགས་ཏེ་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་ བསྟན་བཅོས་གསུམ་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི། གསང་བའི་རྒྱུད་དཔལ་གཏུམ་པོ། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ། བཅས་བཞུགས་སོ། ། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ།། ཁོང་ནི་དྲུང་ཆེན་ཤེས་རབ་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ [1153] ལ་གཟིགས་པར་ཞུའོ། ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཞ་ལུ་ ཁང་གསར་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་མ་ གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་ པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རིན་ཆེན་སྒང་བླ་བྲང་དུ་སྐུ་ གཤེགས། ཁོང་དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ཀློག་དང་ཡབ་མེས་ ཀྱི་ཆོས་ལ་བྱང་བར་མཛད། དགུང་ལོ་བཅུ་གཅིག་པར་བླ་ཆེན་ཀུན་ དགའ་བློ་གྲོས་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་ཐེག་ཆེན་སེམས་ བསྐྱེད་སོགས་གསན། དགུང་ལོ་བཅུ་བདུན་པར་མཁན་པོ་བསོད་ ནམས་གྲགས་པ་སོགས་ལས་རབ་ཏུ་བྱུང་སྟེ་མཚན་ལ་བསོད་ནམས་ རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ནས་བླ་མ་དཔལ་ལྡན་ སེང་གེ་དང། མཁན་ཆེན་བསོད་ནམས་བཟང་པོ། དཔང་ལོ་བློ་ གྲོས་བརྟན་པ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ་བ་ སྲོན་པ་ཆོས་དཔལ་བཟང་པོ། བྲག་ཁ་བ་གྲགས་པ་སེང་གེ་སོགས་ལ་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་པོ་དོང་བྱ་རྒོད་གཤོངས་ ཀྱི་གཙུག་ལག་ཁང་དུ་མཁན་ཆེན་བསོད་ནམས་གྲགས་པ་དང། མཁས་ མཆོག་དཔལ་ལྡན་སེང་གེ་བླ་མ་བཟང་པོ་གསུམ་ལས་བསྙེན་པར་ རྫོགས་ཤིང་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་ ཉེར་ལྔ་པར་བུ་སྟོན་རིན་ཆེན་གྲུབ་ལས་གདན་བཞི་དང། རྡོར་དབྱིངས་ [1154] སོགས་ཀྱི་དབང་བཀའ་མན་ངག་མང་དུ་གསན་ཞིང་བུ་སྟོན་རིན་པོ་ ཆེའི་གསུང་རྩོམ་ཕལ་ཆེར་གྱི་བསྐུལ་བ་པོའང་མཛད། དེའི་སྐབས་སུ་ ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཐོ་གྭན་ཐེ་མུས་གདན་འདྲེན་ཐེངས་ གསུམ་ཞུས་ཀྱང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕེབས་དགོས་མ་བྱུང་ དགུང་ལོ་སུམ་ཅུ་སོ་གཉིས་པར་ས་སྐྱའི་གདན་སའི་ཁྲི་ལ་བཞུགས་ནས་ ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། དགུང་ལོ་དྲུག་ཅུ་རེ་ གཅིག་པར་བོ་དོང་ཨེ་དང། དགུང་ལོ་རེ་གཉིས་པར་བསམ་ཡས་ གཉིས་སུ་སྔར་ནས་མེད་པའི་ཆོས་འཁོར་བསྐོར། དགུང་ལོ་རེ་གསུམ་ པར་རྗེ་ཙོང་ཁ་པ་ཆེན་པོས་ཞབས་ལ་གཏུགས་ཏེ་གསུང་ངག་ཟབ་ཆོས་ ལེགས་པར་གནང། དགུང་ལོ་དྲུག་ཅུ་རེ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྗེ་བཙུན་ཙོང་ ཁ་པ་དང། ལོ་ཆེན་བྱང་ཆུབ་རྩེ་མོ། ཀརྨ་བྱམས་ཆོས་བྱང་ཆུབ་ རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་བཅས་ཡིན། ཁོང་གི་ གསུང་རྩོམ་ནི། དང། འཇུག་གི་ཊིཀྐ། ཊིཀྐ། འགྲེལ་ཆེན་གྱི་ཊིཀྐ། གཞི། ཆོས་ཚན་བདུན་ཅུ་དོན་དགུ་བཞུགས་སོ། ཁོང་ནི་ས་སྐྱའི་གདན་སའི་ [1155] ཁྲི་རབས་བཅུ་གསུམ་པ་ཡིན་ནོ། ། བླ་མ་གཞོན་ནུ་རིན་ཆེན།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཡབ་འབུམ་གཉིས་དང་ཡུམ་སྐྱིད་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གིས་ཁུ་བོ་རོ་སྐམ་ཉི་མ་ཤེས་རབ་དང། སྤྱན་སྔ་རིན་པོ་ཆེ་སོགས་ དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་སྤྱིས་ཕྱིན་པ་མཛད། རབ་བྱུང་བཞི་པའི་མེ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་དཔོན་ཆེན་རིན་ཆེན་རྒྱལ་བས་རོ་སྐམ་ དགོན་པའི་གདན་སར་བསྐོས་ཏེ་ལོ་ངོ་སུམ་ཅུ་སོ་གསུམ་པར་དུ་ཚོགས་ པ་བསྐྱངས་ཤིང་དགོན་པའི་མངའ་ཐང་དར་བར་མཛད། དགུང་ལོ་ དྲུག་ཅུ་རྩ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ རོ་སྐམ་དགོན་པའི་གདན་རབས་གསུམ་པ་ཡིན། ། བླ་མ་ཡོན་ཏན་རིན་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ རྒྱལ་ཚ་འབུམ་གྱི་སྲས་སུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ ཁོང་ནི་ཚོགས་ཆེན་མཁན་པོ་བསོད་ནམས་དཔལ་སོགས་ལས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། ཁོང་གི་གཅེན་པོ་རིན་ཆེན་བླ་མ་འཇམ་ དབྱངས་ ་ དང། རྔོག་པ་རིན་ཆེན་བཟང་པོ་ དགའ་ལྡན་བླ་མ་ཀུན་དགའ་བསོད་ནམས། ཡང་དགོན་རིན་པོ་ཆེ་བྱང་ ཆུབ་དཔལ་བཟང་པོ་རྣམས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ [1156] བཅས་པ་མ་ཟད། བོད་ཀྱི་གྲུབ་མཐའ་སོ་སོའི་ཐུན་མོང་མ་ཡིན་པའི་ བཞེད་སྲོལ་རྣམས་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། རབ་བྱུང་ ལྔ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དཔོན་ཆེན་སྨོན་ལམ་གྱིས་རོ་ སྐམ་དགོན་པའི་གདན་སར་བསྐོས་ཏེ་ལོ་ངོ་ཉི་ཤུ་རྩ་བརྒྱད་པར་དུ་ གདན་ས་བསྐྱངས་ནས་ནམ་མཁའ་སེང་གེ་ལ་གདན་ས་གཏད། ཁོང་ ལོགས་སུ་བཞུགས་ནས་སྒོམ་སྒྲུབ་ཉམས་ལེན་མཛད། ཁོང་ནི་རོ་སྐམ་ དགོན་པའི་གདན་རབས་ལྔ་པ་ཡིན། ། བླ་མ་རིན་བཟངས་དཀར་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་ ནགས་ཤོད་ལ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ གིས་སྤྱིར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་ནས་མདོ་ སྔགས་རིགས་གནས་དང་བཅས་པར་ལེགས་པར་སྦྱངས་ཏེ་མཁས་པ་ཆེན་ པོར་གྱུར། དེ་ནས་ཞྭ་དམར་བ་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་ པོའི་ཞབས་ལ་གཏུགས་ནས་གདམས་ངག་མང་དུ་ཞུས་ཏེ་རྟོགས་པའི་ ཡོན་ཏན་ཆེན་པོར་མངའ་བརྙེས། དུས་ཕྱིས་སུ་གྲིབ་གདོང་དགོན་པ་ གསར་འདེབས་མཛད་ཅིང། དགེ་འདུན་ཡང་བརྒྱ་ཙམ་འདུས་ཏེ་ ཚོགས་པ་བསྐྱངས་ཤིང་འཆད་ཉན་གྱི་སྒོ་ནས་ཆོས་རྗེ་མཁའ་སྤྱོད་ དབང་པོའི་འཕྲིན་ལས་བསྒྲུབས་པ་མཛད། ཞྭ་དམར་བ་སྐུ་ཕྲེང་གསུམ་ པ་ཆོས་དཔལ་ཡེ་ཤེས་ཀྱི་བླ་མ་མཛད་དོ། ། བླ་སྨན་ཐབས་མཁས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་དུ་ [1157] ལྷོ་ཁ་ཡར་ལུང་ཤམ་པའི་འདབས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་ གཅིག་པར་འཕྱོངས་རྒྱས་རི་བོ་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད་ ཅིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ ལོ་བཅུ་གསུམ་པར་འཚོ་བྱེད་ངག་དབང་སངས་རྒྱས་དཔལ་བཟང་གི་ མདུན་དུ་ཕེབས་ཏེ་དཔལ་ལྡན་རྒྱུད་བཞི་ཐུགས་འཛིན་གནང། དགུང་ ལོ་བཅུ་དྲུག་པར་དབུས་སུ་ཕེབས་ནས་ལྕགས་རི་རིག་བྱེད་འགྲོ་ཕན་ གླིང་དུ་ཞུགས་ཏེ་གསོ་རིག་གི་གཞུང་ལུགས་ལ་ཐོས་བསམ་རྨད་དུ་བྱུང་ བ་མཛད་དེ་སྨན་རམས་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་ དྲུག་པར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ ་ གྱི་བླ་ སྨན་མཛད། དགུང་ལོ་སུམ་ཅུ་ཐམ་པར་མཚོ་སྔོན་དུ་ཕེབས་ཏེ་ལོ་ངོ་ བཅུའི་རིང་དུ་བདེ་ཆེན་དཔོན་སློབ་འཇམ་དབྱངས་དཔལ་ལྡན་སོགས་ སློབ་མ་མང་དུ་གསོ་སྐྱོང་མཛད། དགུང་ལོ་ཞེ་བརྒྱད་པར་ཕོ་ལྷ་ཐའི་ ཇིའི་བཀའ་ལྟར་སློབ་མ་བཅུ་དྲུག་ལ་གསོ་རིག་ཆེད་དུ་སློབ་པར་མཛད་ ཅིང་གཞན་ཡང་སློབ་མ་བརྒྱ་དང་སུམ་ཅུ་སོ་ལྔ་ཙམ་བྱོན། དགུང་ལོ་ ལྔ་བཅུ་ཐམ་པར་ཕོ་ལྷ་ཐའི་ཇིའི་རིམ་གྲོར་རིན་ཆེན་རིལ་བུ་སྦྱོར་བ་ མཛད། དགུང་ལོ་དགུ་བཅུ་བཞེས་དུས་དབུས་གཙང་ནས་སློབ་མ་ལྔ་ བརྒྱ་འདུས་ཏེ་རིལ་ནག་ཆེན་མོའི་ལག་ལེན་མཛད་པས་སྡེ་བ་གཞུང་ ནས་གནང་སྦྱིན་དང་བཀའ་ཤོག་ཐམ་ཁ་བཅས་བསྩལ། དགུང་ལོ་ དགུ་བཅུ་གོ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ་ ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་གཙང་སྨན་ཡེ་ཤེས་ བཟང་པོ་ཡིན་ནོ། ། [1158] བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ སྟོད་ཤེལ་དཀར་ཆོས་སྡེ་ཞེས་པའི་ཁུལ་བྱ་སྦུག་ཚང་དུ་སྐུ་འཁྲུངས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་ མཛད་དེ་རབ་ཏུ་བྱུང། དེ་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ བཅས་ལ་བྱང་བ་མཛད། མེས་པོ་གོང་མ་རྣམས་ཀྱི་ཕྱག་རྒྱུན་རྒྱུད་ འཛིན་གནང་སྟེ་གསོ་བ་རིག་པའི་གཞུང་ལུགས་ལ་ཐུགས་གཉེར་ལེགས་ པར་མཛད་པས་སྟོད་ལུགས་ཀྱི་སྨན་པ་མཁས་ཆེན་གྱུར། རབ་བྱུང་ བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་ཐུབ་བསྟན་རྒྱ་ མཚོས་བྱ་སྦུག་པའི་སྙན་གྲགས་གསན་ཏེ་བཀའ་ལུང་བསྩལ་ནས་བླ་ སྨན་གཞོན་པའི་གདན་ཐོབ་ཕྱག་རྟགས་གནས་ཤིང་ཕོ་བྲང་ཆེན་པོ་པོ་ ཏ་ལར་བཞུགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ལུང་ལྟར་གསོ་ བ་རིག་པའི་ཁྲིད་རྒྱུན་སྤེལ་ནས་སློབ་མ་མང་དུ་གསོ་སྐྱོང་མཛད་ཅིང་ འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། སྐུ་ཚེའི་མཇུག་ ཏུ་བླ་སྨན་གྱི་ལས་ཚན་དགོངས་ཞུ་མཛད་ནས་ལྷ་སའི་བྱང་ཕྱོགས་ཀྱི་ཉེ་ འདབས་དོག་སྡེ་གནས་སྒོ་གསར་པ་ཞེས་པའི་དབེན་གནས་སུ་ཕེབས་ ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་དགོངས་པ་ཆོས་དབྱིངས་སུ་ གཤེགས་སོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལྷོ་ཁ་ཐུབ་བསྟན་དར་ རྒྱས་དང། ལྷོ་ཁ་བསྐལ་བཟང་ལེགས་བཤད། ལྷོ་ཁ་མཁྱེན་རབ་ བསྟན་འཕེལ། རྒྱལ་རྩེ་ངག་དབང་ཕྱོགས་ལས། སྟོད་ལུང་བློ་གྲོས་ འོད་ཟེར། ཆུ་ཤུལ་བསྐལ་བཟང་དགེ་ལེགས་བཅས་ཡིན། ཁོང་གི་ [1159] གསུང་རྩོམ་ནི། ། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ ཀོང་པོར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཀོང་པོ་ཆབ་ དཀར་དགོན་དུ་ཆོས་ཞུགས་མཛད་དེ་དགེ་བསྙེན་དང་རབ་བྱུང་ བསྒྲུབས། ཡི་གེའི་སྦྱོར་ཀློག་ནས་བཟུང་རིག་གནས་ཆུང་བ་རྣམས་ལ་ མཁས་པར་སྦྱངས། དེ་ནས་དབུས་སུ་ཕེབས་ཏེ་ལྕགས་རི་རིག་བྱེད་ འགྲོ་ཕན་གླིང་དུ་ཞུགས་ཏེ་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་ བསམ་ནན་ཏན་མཛད་པས་མཁས་པ་ཆེན་པོར་གྱུར་ཏེ། རྒྱལ་བ་ཐུབ་ བསྟན་རྒྱ་མཚོ་ ་ དང། དེ་མོ་རྒྱལ་ཚབ་ངག་ དབང་བློ་བཟང་འཕྲིན་ལས་རབ་རྒྱས་རྣམ་གཉིས་ཀྱི་བླ་སྨན་གཞོན་པ་ མཛད། ཞོར་དུ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་སློབ་ཁྲིད་པའི་ འགན་ཁུར་བཞེས་ཏེ་གསོ་བ་རིག་པའི་མན་ངག་རྣམས་ཞལ་ནས་ཞལ་ དང། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པའི་སློབ་མ་ མང་དུ་གསོ་སྐྱོང་མཛད། ཁོང་གིས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ དུ། ཐབས། སྙིང་ཐིག་གི་ཆོ་ག། ཆོག་བདུད་རྩིའི་ཆུ་རྒྱུན། མངོན་རྟོགས། [1160] དེ་མོ་རྒྱལ་ཚབ་ཀྱི་དོན་རྐྱེན་བྱུང་བར་བརྟེན་སྡེ་བ་གཞུང་གིས་ཁོང་ཉིད་ ཁྲིམས་ལ་སྦྱར་ཏེ་འབྲུག་ཡུལ་ལ་རྒྱང་འབུད་བཏང། དེ་ནས་ཀྱང་ ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་སྨན་སྒྲུབ་ཀྱི་མཆོད་རྫས་ཀ་རིང་ བཞི་ལ་ཀ་འཕན་བཞི་དང། རྒྱལ་མཚན་གསུམ། ཕྱེ་ཕུར་གསུམ་ གདུང་ཁེབས་གཉིས། མཐོང་སྐོར་ལ་ལྕེ་འཛར་ཆ་ཚང་བཅས་འབུལ་ གནང་མཛད་དོ། ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ།། ཁོང་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། བློ་གྲོས་སེང་གེ་ ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་བརྒྱད་པ་ ཡིན། དགུང་ལོ་བཞི་བཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་ བློ་བཟང་རྒྱལ་མཚན་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཁྲོམ་ཐོག་ཡུལ་དུ་དྲུང་པ་ལྕགས་པོ་བྱམས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་མཛོད་དགེར་ སྐུ་གཤེགས། དགུང་ལོ་བདུན་པར་ལྷ་མོའི་དགོན་དགའ་ལྡན་བཤད་ སྒྲུབ་གླིང་དུ་གདན་སར་བཀོད། རྔ་པ་ཆོས་སྐྱོང་རྒྱ་མཚོ་ལས་རབ་ [1161] ཏུ་བྱུང། བློ་བཟང་ཐོས་བསམ་ལས་ཡི་གེའི་འབྲི་ཀློག་ལ་སྦྱངས་ དཔོན་སློབ་མཁས་གྲུབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ འཇིགས་བྱེད་བཅུ་གསུམ་མའི་དབང་ལུང་ཞུས། དགུང་ལོ་ཉེར་བཞི་ བར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ མནོས། དགུང་ལོ་ཉེར་དྲུག་པར་དབུས་གཙང་དུ་གནས་མཇལ་དང་ སློབ་གཉེར་ལ་ཕེབས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་མཇལ་ འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཉིན་རེ་ལ་མདའ་ཚད་མ་ཤོག་ གྲངས་བཅུ་གསུམ་རེ་ཆག་མེད་ཀྱིས་བློར་འཛིན་མཛད། དེ་ནས་བཟུང་ ལོ་འཁོར་སུམ་ཅུ་ལྷག་ལ་སྔ་རྗེས་སུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ དང། ཀློང་རྡོལ་ངག་དབང་བློ་བཟང། ཕ་བོང་ཁ་བ་རྒྱ་མཚོ་མཐའ་ ཡས། ཉི་ཐང་ངག་དབང་དོན་གྲུབ། ཤར་མཁན་པོ་བློ་བཟང་སྦྱིན་ པ། སྒོ་མང་དཔོན་སློབ་ཧོར་བསྐལ་བཟང་དངོས་གྲུབ་སོགས་མཁས་ གྲུབ་རྣམས་ཀྱི་མདུན་ནས་ཆོས་རྒྱུན་མཐའ་དག་ལེགས་པར་གསན་ དགུང་ལོ་ང་བདུན་པར་རྩེ་ནས་དགའ་ལྡན་བསྟན་པའི་གསལ་བྱེད་ ཨེརྟི་ནི་པཎྜི་ཏའི་ཆོ་ལོ་གནང། དགུང་ལོ་ང་བརྒྱད་པར་མདོ་སྨད་དུ་ ཕེབས་ཏེ་གཙོས་དགེ་ལྡན་ཆོས་གླིང་གི་གདན་སར་བཞུགས། སྨད་དུ་ སོག་ཡུལ་ཐེངས་གཉིས་པར་ཕེབས་དུས་གསེར་ཁང་ཆེན་མོ། ཇོ་ཁང་ སྟོང་སྐུའི་ལྷ་ཁང། དཔར་ཁང་སོགས་རྟེན་བརྟེན་པ་མང་པོ་བཞེངས་ པ་དང་ཆོས་ཀྱི་གྲུ་ཆར་མང་དུ་ཕབ། མདོ་སྨད་ཀྱི་དགོན་ལག་མང་ པོར་ཕེབས་ནས་དབང་ལུང་མན་ངག་གི་ཞལ་རྒྱུན་རྒྱ་ཆེར་སྤེལ་བས་ འཆད་རྩོད་རྩོམ་གསུམ་དང། མཁས་བཙུན་བཟང་གསུམ་གྱི་སློབ་མ་ [1162] མཁས་གྲུབ་མང་པོར་བྱོན་ནོ། ཁོང་གི་གསུང་རྩོམ་ནི། རྣམ་གཞག་ནོར་བུའི་ཕྲེང་བ། དོན་མདོར་བསྡུས། ལན་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་ཀེ་ཏ་ཀ། གངས་ཅན་བོད་ཀྱི་བརྡ་ཤན་སྦྱར་ཏེ་ཀཱ་ལིའི་ཕྲེང་བར་བསྒྲིགས་པ་ མཁས་པ་དགའ་བྱེད། ཀྱི་རྣམ་གཞག། གི་རྣམ་བཤད་ཉིན་མོའི་སྣང་བ། མཁས་པའི་མགུལ་རྒྱན། བརྒྱད་དུ་དཔར་ཏེ་བཞུགས་ཡོད་ བློ་བཟང་གྲགས་པ།། ཁོང་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། བློ་བཟང་ངག་དབང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ བོད་ལྗོངས་སྟོད་ལུང་གི་མདའ་བསམ་འགྲུབ་སྒང་དུ་སྐུ་འཁྲུངས། ཁོང་ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གུང་རུ་སངས་རྒྱས་ བཀྲ་ཤིས་དགེ་རྒན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སོགས་བླ་མ་མང་ པོ་དང། ཁྱད་པར་དུ་གྲུབ་ཆེན་བསོད་ནམས་གྲགས་པ་ལས་རྗེ་ཙོང་ ཁ་པའི་མདོ་སྔགས་ཀྱི་གདམས་པ་དུ་མ་གསན། དཔལ་ལྡན་བཀྲ་ཤིས་ [1163] སྒོ་མང་གི་ཁྲིར་ཕེབས། དེ་རྗེས་སོག་ཡུལ་དུ་བྱོན་ནས་ཆོས་ཀྱི་འཁོར་ ལོ་རྒྱ་ཆེན་བསྐོར། དེ་ནས་མདོ་སྨད་དུ་ཕེབས་ཏེ་རབ་བྱུང་བཅུ་གཅིག་ པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་གླིང་ གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ དེ་ནས་དབུས་སུ་བྱོན་ཞིང་ར་སྒྲེང་དགོན་པའི་མཁན་པོ་མཛད་དེ་གཙུག་ ལག་ཁང་ཉམས་གསོ་གང་ལེགས་གནང། དེ་རྗེས་བྱམས་པ་གླིང་ མཁན་པོ་མཛད་ཅིང་པཎ་ཆེན་བྱམས་པ་གླིང་པའི་ལེགས་བཤད་ཕལ་ མོ་ཆེའི་ལྗགས་ལུང་གསན། ཐུགས་དམ་ཏིང་ངེ་འཛིན་ཤིན་ཏུ་བརྟན་ ཞིང་མནལ་ལམ་དུ་འཁོར་ལོ་སྡོམ་པ་གཞོན་ནུའི་རྣམ་པ་ཅན་ཡང་ཡང་ གཟིགས་ཤིང་ལུང་བསྟན་ཅི་རིགས་གསུངས། དེ་ནས་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་གསུམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ གདན་སའི་མཁན་རབས་བཅུ་གཅིག་པ་ཡིན། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་སྨིན་གྲོལ་ནོ་མིན་ཧན་ངག་དབང་འཕྲིན་ལས་ལྷུན་གྲུབ་དང་ ཁྲི་ཆེན་བློ་གྲོས་རྒྱ་མཚོ། འབྲུ་ལ་མཁན་ཆེན་བཅས་ཡིན། ཁོང་གི་ གསུང་རྩོམ་ནི། ། བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོ་ཙམ་ལ་ཁུ་ཁེ་ནོར་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོ་ཙམ་ལ་སྐུ་གཤེགས། ཁོང་དགུང་ལོ་ [1164] གཞོན་པའི་དུས་ནས་དབུས་ལྷ་ལྡན་དུ་གནས་སྐོར་ཕེབས་ཏེ་གྲྭ་སར་ ཞུགས། མདོ་སྔགས་ཀྱི་གཞུང་ལུགས་ཡོངས་ལ་གསན་སྦྱངས་མཛད་ བླ་མ་ངག་དབང་བློ་བཟང་བཀྲ་ཤིས་ཀྱི་མདུན་ནས་དགེ་ཚུལ་སློང་གི་ སྡོམ་པ་མནོས། ད་དུང་འཇམ་དབྱངས་བློ་གྲོས་དང་ངག་དབང་ཆོས་ སྐྱོང་སོགས་སློབ་དཔོན་དུ་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་ པ་མཐར་ཕྱིན་པ་མཛད་དེ་མཁས་པར་གྱུར། དབང་དང་ལུང་ཁྲིད་ བཅས་ཀྱང་ཤིན་ཏུ་མང་པོ་ཐོབ། དེ་ནས་མི་རིང་བར་གོང་མ་ཡུའུ་ཛི་ ནས་རྒྱ་ནག་པེ་ཅིན་དུ་གདན་དྲངས་ཏེ། ཧུའི་ཨུ་ཆན་དགའ་ ལྡན་ཤི་རེ་ཐུ་ཧུའུ་ཐོག་ཐུར་ ཞེས་པའི་མཚན་སྙན་གནང། པེ་ཅིན་ཙན་དན་དགོན་ཇོ་བོའི་བླ་བྲང་ དུ་ཡུན་རིང་བཞུགས་ཏེ་གསུང་ཆོས་མང་པོ་བརྩམས། དེ་ནས་སོག་ ཡུལ་མཚོ་བདུན་དགོན་དུ་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱིས་སྐུ་ ཚེ་རྫོགས་པར་མཛད། ཁོང་གི་གསུང་རྩོམ་ནི་སྙན་ངག་དང། གསོལ་ འདེབས། མདོ་སྔགས་ཀྱི་གཞུང་ལུགས་སོགས་པོད་ཆེན་བཞི་པེ་ཅིན་ མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། ། བློ་བཟང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་ད་ལྟ་ཀན་ལྷོའི་ཅོ་ནེ་རྫོང་གི་ཁྱ་དགེ་ཞང་ལ་གཏོགས་པའི་ གྲོ་ཆེན་ཞེས་པའི་སྡེ་གྲོང་དུ་ཡབ་ཚེ་རིང་དོན་གྲུབ་དང་ཡུམ་ཀླུ་མོ་ཡག་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་འདུན་པར་ཁྱ་དགེ་དཔོན་ [1165] སློབ་བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་བསྒྲུབས། ཕྱིས་སུ་ཁྱ་དགེ་ཁྲི་ རྒན་བློ་གྲོས་བསོད་ནམས་ལས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་ བསྟན་འཛིན་ཞེས་གསོལ། རྗེ་དེ་ཉིད་ལ་བསྟེན་ནས་ཡི་གེའི་འབྲི་ཀློག་ དང་འདོན་ཆ་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་དགུ་པར་ ཀུན་མཁྱེན་འཇིགས་མེད་དབང་པོ་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད་ གསན། དགུང་ལོ་ཉེར་གཅིག་པར་ཡ་ཕུའི་དཔོན་སློབ་བརྩོན་འགྲུས་ བཟང་པོ་ལས་བསྙེན་པར་རྫོགས། སྔ་གཞུག་ཏུ་མདོ་སྨད་ཕྱོགས་ཀྱི་ མཁས་པའི་དབང་པོ་ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་དང་ གཡོ་ས་དཔོན་སློབ་གྲགས་པ་བཤད་སྒྲུབ། མུ་ནེ་དཔོན་སློབ་སངས་ རྒྱས་དཔལ་བཟང། ཆས་པ་བླ་མ་བློ་བཟང་འཕྲིན་ལས། བེ་རིའི་ མཐུ་སྟོབས་རྒྱ་མཚན། བྲག་སྒོམ་པ་བློ་བཟང་ཤེས་རབ། འདུལ་ འཛིན་ཆོས་འབྱོར། ཁྱ་དགེ་དོན་ཡོད་རིན་ཆེན་སོགས་དགེ་རྒན་དུ་ བསྟེན་ནས་ཟབ་ཆོས་དུ་མར་གསན། དགུང་ལོ་ཉེར་བདུན་པ་ནས་ལོ་ བཅུ་གཉིས་ཙམ་གྱི་རིང་ལ་ལོ་མཚམས་ཟླ་མཚམས་བཅད་ནས་ཆོས་ དོན་དང་སློབ་གཉེར་ཁོ་ན་མཛད། དགུང་ལོ་སོ་དགུ་བར་ཀུན་མཁྱེན་ འཇིགས་མེད་དབང་པོ་ལས་བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ་གྱི་ དབང་ཞུས། ལོ་བཅུའི་རིང་ལ་ཁོང་གིས་བཅུ་ཕྲག་རིག་པའི་གནས་ཀྱི་ དོན་ཐམས་ཅད་དཔྱིས་ཕྱིན་པར་རྟོགས་ནས་མཁས་པའི་ཡང་རྩེར་ སོན། དགུང་ལོ་ཞེ་དགུ་པར་ཕ་ཡུལ་དུ་ཁྱ་དགེ་བྱམས་སྐུ་བཞེངས་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཛོད་དགེ་མཁས་གྲུབ་བསྟན་འཛིན་ ཤུག་ཚང་སྒོམ་པ་ཡེ་ཤེས་རྒྱ་མཚོ། རེབ་ཚ་སྤྲུལ་སྐུ་དཀོན་མཆོག་དམ་ [1166] ཆོས་ཡར་འཕེལ། ཨ་ཁྱུང་ངག་དབང་མཁྱེན་རབ། ཁྱ་དགེ་ནང་འོག་ མ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་སོགས་ཡིན། ཁོང་གི་གསུང་ རྩོམ་ནི། པའི་གསུང་རྒྱུན་ཡི་གེར་བཀོད་པ་བློ་བཟང་དགོངས་རྒྱན། བདེ་ངག་འདོན་དུ་བཀོད་པ་ཉེས་ལྟུང་མུན་སེལ་ཟླ་བའི་འབུམ་འཕྲོ། དང། ཡིག། ། བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་རྨ་ཆེན་གངས་རིའི་བྱ་འདབས་སུ་ཨ་རིག་སངས་རྒྱས་ཀྱི་གདུང་ རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ལ་མོ་ སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་ སྤྲུལ་དུ་ངོས་འཛིན་གནང། དེ་ནས་ཁོང་གིས་རྒྱལ་དབང་བསྐལ་ བཟང་རྒྱ་མཚོ་དང། ཁྲི་ཆེན་བསྟན་པའི་ཉི་མ། ཨ་རིག་དགེ་བཤེས་ ཆེན་མོ། ཞྭ་དམར་ངག་དབང་འཕྲིན་ལས་སོགས་དམ་པ་མང་པོ་ བསམ་སྦྱོར་དག་པས་ཚུལ་བཞིན་གཙུག་ཏུ་བཀུར་ནས་ཐོས་བསམ་ སྒོམ་སྒྲུབ་དང་འཆད་རྩོད་རྩོམ་གསུམ་བཅས་ལུང་རྟོགས་ཡོན་ཏན་རྒྱ་ མཚོའི་དཔལ་ལ་དབང་འབྱོར། ཆོས་དཔལ་ཛ་སག་ལ་རིགས་རྒྱུད་སྲིད་ འཛིན་མ་བྱུང་བས་ཛ་སག་གི་ཐམ་ག་རུ་སྡེ་དང། ད་ལྟའི་ཐུན་ཏི་ས་ [1167] ཁུལ་འབལ་གཞུང་སྟོད་སྨད་ཀྱི་ས་ཆ་བསས་ཚ་ཀན་ནོ་མིན་ཧན་ལ་ ཕུལ། དེ་ནས་བཟུང་བླ་དཔོན་སྦྲགས་མ་མཛད། ཀོས་ནན་རྫོང་གི་ ཆར་གཏོགས་པའི་མང་ར་དང། བྱ་གཞུང་རབ་འོག་ཁྱད་པར་དུ་ ཤེལ་ལུང་བཞུགས་ཁྲི་སོགས་སུ་ཨུ་རྒེ་བཏབ་ནས་སོག་ཡུལ་དུ་རྒྱུན་ བཞུགས་གནང། མཚོ་སྔོན་པོའི་གཡས་རུ་དང་གཡོན་རུའི་དཔོན་ཁག་ ཐམས་ཅད་ཀྱི་དབུ་བླར་གྱུར་བས་ཨུ་རྒེའི་ཕྱི་ནང་བར་གསུམ་གྱི་བཀོད་ པ་སོགས་སྲིད་ཀྱི་ཡོང་ལུང་བརྒྱ་བྱིན་ལྷའི་ཕོ་བྲང་དང་མཚུངས་ཞེས་ ཀུན་གཟིགས་བདུན་པས་བསྟོད་བསྔགས་ཚད་མེད་གནང། ཁོང་གིས་ རྨ་མགུར་རྣམ་རྒྱལ་གླིང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མི་ཚད་གཉིས་ ལྷག་རིན་པོ་ཆེ་ཛྷེ་ཀྵིམ་ལས་གྲུབ་པ་ནང་རྟེན་རྩ་ཆེན་གྱིས་ཕུར་བར་ གཏམས་པ། བྱིན་རླབས་བདུད་རྩིའི་རྒྱུན་བཟང་འབབ་པ་ཞིག་བཞེངས་ དེ་ལ་རྣམ་པར་རྒྱལ་བའི་ཁང་བཟང་ཐོག་ཚད་བཞི་བ། གསེར་ཟངས་ ཀྱི་རྒྱ་ཕིབས་གཟི་བྱིན་འབར་བ་མདའ་ཡབ་འོག་མ་གསུམ་ནི་སོ་ཕག་ གཡུ་རྩིས་བྱུགས་པ་ལྟ་བས་ཆོག་མི་ཤེས་པ་བསྟན་འགྲོའི་ཉེར་འཚོར་ བསྐྲུན། འདིས་མཚོན་བྱ་བ་ལས་ཀྱི་འཁོར་ལོས་ཡངས་པའི་ས་ཆེན་ཀུན་ ལ་མངའ་དབང་བསྒྱུར་བ་ཞིག་གོ་ཞི་བར་གཤེགས་པའི་སྐུ་མཆོད་རྟེན་ ནི་ལ་མོ་བདེ་ཆེན་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་དྲི་གཙང་ ཁང་དུ་ལྷམ་མེར་བཞུགས་པ་དེ་རིག་གནས་གསར་བརྗེའི་སྐབས་སུ་ བརླགས་པར་བྱས་སོ་ བློ་བཟང་དོན་གྲུབ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ [1168] ནི་མཚོ་སྔོན་རྒྱ་ཏིག་གི་འབྲོག་སྡེ་ཡིན། ཁོང་ནི་བཙན་པོ་དོན་གྲུབ་རྒྱ་ མཚོའི་སྐྱེ་བར་གྲགས། དགུང་ལོ་ཆུང་ངུའི་དུས་ནས་དགོན་ལུང་ བྱམས་པ་གླིང་དང་གསེར་ཁོག་དགོན་གྱི་ཆོས་སྒོར་ཞུགས་ནས་མཚན་ ཉིད་སོགས་ཀྱི་གཞུང་ལ་སློབ་གཉེར་མཛད། དེ་ནས་དབུས་སུ་ཕེབས་ཏེ་ དཔོན་སློབ་བློ་བཟང་དམ་ཆོས་སོགས་ལ་བསྟེན་ཞིང་གཞུང་བཀའ་པོད་ ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་པས་དུས་ཐོག་དེར་སྟོན་བཟང་ གི་གྲགས་པ་ཡང་ཆེ། སྐབས་ཤིག་ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་ཉེ་བར་ གཏུགས་པ་ན། སྒོ་མང་དཔོན་སློབ་ཀྱིས་ཚད་མ་རིག་པའི་རྒྱན་བློ་འཛིན་ ཕྲལ་དུ་ཐུབ་པ་ལ་ལྷ་རམས་པའི་མིང་བཏགས་སྟེར་བ་ཡིན་གསུང་བར་ ཁོང་ཐུགས་འཛིན་ཤིན་ཏུ་ཡངས་པས་ཚད་མ་རིག་པའི་བསྟན་བཅོས་ ཞག་བདུན་གྱིས་བློ་ལ་བྱང་བར་བཟུང་ནས་སྒོ་མང་དཔོན་སློབ་ལ་ རྒྱུགས་ཕུལ་ཏེ་ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་མཛད། དེ་དུས་དམ་བཅའ་ སོགས་ཤིན་ཏུ་ལེགས་པར་བྱུང། དེ་ནས་མདོ་སྨད་དུ་བྱོན་ཏེ་ཐོག་ མར་དགོན་ལུང་བྱམས་པ་གླིང་གི་རྒྱུད་པའི་བླ་མ་མཛད། རབ་བྱུང་ བཅུ་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་ པ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་འགྲིག་ ལམ་ཀུན་སྤྱོད་དང། ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་ གནང། མཚན་ཉིད་ཀྱི་སྐུ་ཡོན་ནི་དུས་ཐོག་དེར་འགྲན་ཟླ་བྲལ་བ་ ཞིག་ཡིན། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་ རབས་སུམ་ཅུ་སོ་གཅིག་པ་ཡིན་ནོ། ། བློ་བཟང་དོན་ལྡན།། [1169] ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་དྲུག་ལྕགས་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་དྭགས་པོ་གླང་མདུན་དུ་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ སྒོར་ཞུགས་ཏེ་དགེ་བསྙེན་དང། རབ་བྱུང། དགེ་ཚུལ། དགེ་ སློང་གི་སྡོམ་པ་མནོས་ཤིང་ཚུལ་ཁྲིམས་གཙང་མ་མིག་འབྲས་བཞིན་དུ་ བསྲུངས། ཐོག་མར་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ་གཞུང་ཆེན་ བཀའ་པོད་ལྔ་དང། གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ནན་ ཏན་མཛད། དེ་ནས་བྱ་བྲལ་རྟོགས་ལྡན་གྱི་ངང་ཚུལ་འཛིན་ཏེ་དབེན་ པའི་གནས་ཡུལ་ལྷ་ལུང་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་ བརྩོན་པ་མཛད་ཅིང་སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་འཛིན་ནས་དུས་ འདའ་བར་མཛད་དོ། །ཁོང་གི་གསུང་རྩོམ་ནི། པ་ཐར་འདོད་དེད་དཔོན། བྱུང་གསེར་གྱི་ཕྲེང་བ། སུ་བཅད་པ་ཆེན་མོ། གཉིས་ལོངས་པའི་པོད་གཅིག་བཞུགས་སོ། ། བློ་བཟང་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ཀན་ལྷོའི་ཅོ་ནེ་རྫོང་གི་ཨ་བཟི་ཐང་ཞང་ལ་གཏོགས་པའི་ཡུ་གུར་ ཞེས་པའི་སྡེ་གྲོང་དུ་ཡབ་ཧོར་ལྷ་སྐྱབས་དང། ཡུམ་ཚེ་རིང་འཚོ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ [1170] ་ལོར་གུར་ཡག་རི་ཁྲོད་དུ་སྐུ་གཤེགས། དགུང་ལོ་ཆུང་བའི་ དུས་ནས་རབ་ཏུ་བྱུང་འདོད་ཡོད་ཀྱང་ཡུམ་གྱིས་མ་གནང། དགུང་ ལོ་བཅོ་ལྔ་པར་ཡབ་ཡུམ་གཉིས་ཀྱིས་བག་མ་ལེན་རྩིས་བྱས་པ་ལ། ཁོང་ གི་ཐུགས་སུ་དོ་ནུབ་ཅིས་ཀྱང་འགྲོ་དགོས་དགོངས་ནས་དེའི་མཚན་མོ་ ཕུ་བོའི་གཟན་ཤམ་གཉིས་ཀློག་ཏུ་བླངས་ཏེ་མདའ་གཞུ་ཤང་ལང་ བཟུང་ནས་ཀླུ་ཆུ་བརྒྱུད་དེ་གུར་ཡག་རི་ཁྲོད་ཀྱི་ཕྱོགས་སུ་གཤེགས་ ཕྱི་ཉིན་རྗེ་ནེའུ་མགོ་པ་ངག་དབང་རྒྱལ་མཚན་ལས་རབ་ཏུ་བྱུང། ཕ་ ཡུལ་བློས་བཏང་སྟེ་བླ་མའི་དྲུང་དུ་བཅར། ཡི་གེའི་འབྲི་ཀློག་ནས་མགོ་ བཟུང་སྐྱབས་འགྲོ་དང། འདོན་ཆ། སུམ་རྟགས། དག་ཡིག་ སྔགས་ཀློག་ཐབས་བཅས་ལ་ལེགས་པར་སྦྱངས། དགུང་ལོ་ཉེར་དྲུག་ པར་དབུས་སུ་ཕེབས་ཏེ་བླ་མ་ནེའུ་མགོ་པའི་བཀའ་ལྟར་དབུས་ལྷ་ལྡན་ ནས་ཁྲི་ཆེན་བློ་བཟང་དར་རྒྱས་ལ་བསྟེན་ནས་སྤྱོང་གཉེར་མཛད་དེ་ བསྙེན་པར་རྫོགས། ཁྲི་ཆེན་གྱི་ཞལ་བཀོད་ལྟར་དབུས་དང་གཙང་གི་ གནས་མཆོག་མང་པོར་མཇལ་ནས་རང་ཡུལ་དུ་ཕེབས། དགུང་ལོ་སོ་ གཅིག་པར་གུར་ཡག་རི་ཁྲོད་བསམ་གཏན་གླིང་ཉིད་ལེགས་པར་ བསྐྱངས་ཏེ་ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུའི་བླ་མར་གྱུར་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་བདེ་ཐང་སྤྲུལ་སྐུ་ཚུལ་ཁྲིམས་རྣམ་རྒྱལ་ དང། སྟག་ཚང་དཔོན་སློབ། ཐང་ཚང་དཔོན་སློབ། ཅོ་ནེ་དཔོན་ པོ་འཇམ་དབྱངས་ནོར་བུ། དེའི་དགུང་བློ་བཟང་དཔལ་འབྱོར་ སོགས་ཡིན། ཁོང་གི་གསུང་རྩོམ་ནི། དང། [1171] དོན་བཀྲལ་ཏེ་བཤད་པ་ནོར་བུའི་ཕྲེང་བ། སྐོར་གྱི་རྩོམ་མང་པོ་ཡོད། ། བློན་སྐྱེས་བཟང་རྒྱལ་ཀོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བོད་ལུགས་ ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མི་འཇིགས་ གདོང་ལྔའི་ཁྲི་ལ་མངའ་གསོལ་ཞིང་རྒྱལ་པོའི་བཀའ་ལས་མི་འདའ་ བར་ཞབས་འདེགས་ལེགས་པར་བསྒྲུབས་ཏེ་ཆབ་སྲིད་སྔར་ལས་བརྟན་ པ་མཛད་དོ། ། བློན་ཁྲི་སྒྲ་སྟག་ཚབ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་བློན་ཡིན་ཏེ། བོད་ ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཁོང་གིས་མདོ་སྨད་ཀྱི་དབྱར་ འདུན་སླ་ཤོད་ཀྱི་སྣིག་ཏུ་བསྡུས་སོ། ། བློན་ཁྲི་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཕྱི་བློན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་ གཉིས་ཀྱིས་བསྒྱུར་བའི། པོའི་སྲིད་ལུགས། འོངས། དེ་ཕྱིར་ལོག་སྐབས་ས་མཚམས་སུ་མ་སླེབས་གོང་དུ། བཧོད་ [1172] དམག་ཡུག་ཀྲིག་ལ་དྲངས་ཏེ། ཏིན་ཡོན་མཁར་དུ་ལིན་ཀྲིག་སྲུང་བའི་ དམག་དང་འཐབ་སྟེ་བཧོད་དམག་ཕམ། དམག་མི་ཉིས་སྟོང་གཡུལ་དུ་ ཤི། ཕཱིན་ལེང་ཀྲིན་ཨི་ཧྲིའི་ཐབས་ཡོད་པ་ཧི་ཚི་བྱ་བས་བཧོད་དམག་ ཉིས་ཁྲི་ཕམ་པར་བྱས། ཞ་ཀྲིག་ཅེ་ཏུའུ་ཧྲིའི་ཐབས་ཡོད་པ་ཐཱེན་ཅིན་ བྱ་བས་བཧོད་དམག་སུམ་སྟོང་ཕམ་པར་བཏང། གོང་མས་བློན་ཁྲི་ བཟང་སོགས་ཕྱིར་བཏང་མི་ཆོག་པའི་བཀའ་བབས། ཅན་ནན་གྱི་སྲུང་ དམག་གིས་བཧོད་ཀྱི་ཨོ་ཧི་མཁར་དང་ཆུ་ཤུས་མཁར་གཉིས་བཅོམ་ ཡོན་ཧི་ཁྲི་ལོ་བཅུ་བཞི་པར་ སྤྱི་ལོ་ལོ་ བློན་ཁྲི་བཟང་སོགས་བཧོད་ དུ་བཏང། ། བློན་སྟག་བཞེར།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཕྱི་བློན་ཞིག་ཡིན་ཏེ། ཁྲང་ཆིན་ཁྲི་ལོ་གཉིས་པ། བོད་ ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཐང་གི་ཕོ་ཉ་བ་ བོད་ དུ་ སླེབས་དུས། ཅི་ཧྲི་ཀྲུང་གི་ཐབས་ཡོད་པ་བློན་སྟག་བཞེར་བྱ་བ་མཇལ་ དུམ་གྱི་གྲོགས་བྱེད་དུ་འོངས། ཞེས་དོན་གྲུབ་རྒྱལ་དང་ཁྲིན་ཆིན་ དབྱིན་གཉིས་ཀྱིས་བསྒྱུར་བའི། བོད་ཆེན་པོའི་སྲིད་ལུགས། བློན་ན་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ [1173] ་ གྱི་ཕྱི་བློན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་ གཉིས་ཀྱིས་བསྒྱུར་བའི་ པོའི་སྲིད་ལུགས། སྤྱི་ལོ་ལོ་ བཧོད་ཀྱི་ཕོ་ཉ་བ་བློན་ན་ལོད་བྱ་བ་དང་ལྷན་དུ་ཁྲང་ཨན་མཁར་གྱི་ནུབ་ ཕྱོགས་སུ་མཇལ་དུམ་བྱས། ལོ་དེའི་རྗེས་མར་ སྤྱི་ལོ་་ལོ་ ། བཧོད་ནས་ས་མཚམས་འབྱེད་རྒྱུའི་རེ་བ་བཏོན། ལིག་ཡོན་ཏཱིན་བཧོད་དུ་ སོང་ནས་བློན་ན་ལོད་དང་ལྷན་དུ་མནའ་བོར། བཧོད་ཀྱི་བློན་པོ་ རྣམས་ཀྱི་མིང་རྟགས་ཀྱང། བཀོད། ཅེས་གསུངས་སོ། ། བློན་པོ་འཇིན་འཇིན།། ཁོང་ནི་སྤྱི་ལོའི་དུས་བདུན་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ ཤིང། རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ་ཡིན། ཁོང་དགུང་ལོ་ གཞོན་ནུའི་དུས་ནས་རྒྱ་ཡུལ་དུ་ཕེབས་ཏེ་རྒྱ་ཡིག་དང་རྒྱ་སྐད་བཅས་ལ་ མཁས་པར་བསླབས། བོད་ལུགས་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ རྒྱལ་པོ་མང་སྲོང་མང་བཙན་གྱིས་ཐང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་ དུ་ལེགས་སྐྱེས་འབུལ་བའི་ཕོ་ཉ་བཏང། ཐང་གོང་མས་བོད་ཀྱི་གནས་ ཚུལ་བཀའ་འདྲི་མཛད་པའི་ལན་དུ་ང་ཚོའི་རྒྱལ་པོ་ནི་མཁྱེན་རྒྱ་དང་ སྙིང་སྟོབས་བཙན་པོ་སྔ་མ་ལས་ཀྱང་ལྷག་པ་ཙམ་བཞུགས། ཆབ་སྲིད་ ལ་དོ་དམ་ཆེ་ཞིང། བློན་པོ་རྣམས་ཀྱིས་དབུ་སྐོར་ཞུ་མི་ཐུབ་པ་ཞིག་ ཡོད། བོད་འབངས་རྣམས་གྲང་ངར་ཆེ་བའི་ཡུལ་དུ་གནས་པས་སྟོན་ ཐོག་ཉུང་ཞིང་ནོར་ཕྱུགས་བསྐྱངས་བ་ཡིན། མཚོ་ནག་གི་བྱང་ངོས་སུ་ [1174] དབྱར་ཁ་ཡང་གངས་མི་བཞུ་བར་སྡོད་ཡོད། མི་རྣམས་དབྱར་དུས་སུ་ བལ་གྱི་ཕྱིང་བ་དང། དགུན་ཁ་སློག་པ་གྱོན་ཞིང། ལུང་ཁུག་ཏུ་ བབས་ཏེ་སྦྲ་གུར་སོགས་ཕུབ་ནས་སྡོད་ཀྱི་ཡོད། དུས་རྒྱུན་རྩྭ་ཆུ་ གང་དུ་བཟང་བའི་སར་སྡོད་གནས་སྐྱལ་སྤོ་བྱེད་པ་ཡིན། ཚོང་ཐོག་ ནི་རྒྱའི་ཡུལ་ལས་ཧ་ཅང་དཀོན། ཡིན་ནའང་དབུལ་ཕྱུག་ཚང་མ་ བློ་སེམས་གཅིག་ཏུ་མཐུན་ཞིང། གཅིག་རོགས་གཅིག་གིས་བྱེད་པ་ ཡིན་པས་བོད་ཀྱི་རྒྱལ་ཁམས་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་ཡང་དེ་ ཡིན་ཞེས་ཞུས་སོ། ། འཇིན་གྱི་གནས་ཚུལ་དེ་འདྲ་ཞིག་འཁོད་འདུག་གོ། ། བློན་ཡར་མོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་དམག་དོན་བློན་ཆེན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ཁྲིན་ ཆེན་དབྱིན་གཉིས་ཀྱིས་བསྒྱུར་བའི་ བའི་བོད་ཆེན་པོའི་སྲིད་ལུགས། སྤྱི་ ལོ་་ལོ་ བོད་ཀྱི་ཅེ་ཏུའུ་བློན་ཨར་མོ་ཡིས་ བོད་ དམག་ ཁྲི་བཅོ་ལྔ་ཁྲིད་དེ་ཡན་ཁྲིག་ལ་བསྐོར་ནས། གནམ་སྐས་དང་ཤིང་རྟ་ སོགས་ལ་བརྟེན་ནས་མཁར་ལ་རྒོལ། ། དབང་ཕྱུག་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ [1175] བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་ བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་ པའི་རྒྱན། བརྗིད་ཀྱི་རྒྱལ་པོའི་བརྟག་པ་སྣང་བའི་རྒྱན། ། དབའ་བློན་མདོ་བཅན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། དབའ་བློན་མང་རྗེ་ལྷ་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ [1176] འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་བློན་ཆེན་ཡིན་ཏེ། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་ པ་ཞེས། ཀྱི་མ་ཡིག་ཆ་ཚང་ནི་ འདུག་གོ་ དཔའ་བློན་ལྷ་བོ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། དྦའྶ་སྐྱེས་བཟང་སྟག་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ཡིན་ ཏེ། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོའི་ཡན་མན་ཙམ་དུ་ ཐང་རྒྱལ་རབས་ཀྱི་དམག་ལ་གཡུལ་བཤམས་ནས་དམག་དཔོན་ཧོན་ ཛེ་སངས་དང་འཐབ་འཛིངས་བྱས་མཐར་འགུ་ལོག་སྒང་དུ་ཐང་དམག་ མང་པོ་བསད་དེ་འགུ་ལོག་རྒྱ་དུར་དུ་བཏགས་སོ། ། དྦའྶ་ཁོ་བཞེར་ལེགས་སྟེང།། [1177] ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་སྐུ་གཤེགས་ནས་ གདུང་སྲས་མངའ་བདག་འོད་བསྲུངས་དང་མངའ་བདག་ཡུམ་བརྟན་གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས་ བར་མ་རུངས་པའི་རྐྱེན་སོགས་འཛོམས་ནས་བོད་ལུགས་ས་མོ་གླང་ལོ་ སྟེ་སྤྱི་ལོ་་ལོར་དང་པོ་དྦའྶ་ཁོ་བཞེར་ལེགས་སྟེང་གིས་ལག་ དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་ འབངས་གྱེན་ལོག་ བྱས། ཞེས་ ཆོས་འབྱུང། ཕྱྭ་མཁན་འདུན་ས་འཛིན་མཁན་ལྷ་དང་དྲུག་ཡུལ་རེར་རྗེ་དཔོན་ཚན་ རེ་ཆགས་དང་བདུན། ཁོང་ནི་འབངས་གྱེན་ལོག་ སྐབས་ཀྱི་སྙན་གྲགས་ཆེ་བའི་འགོ་ཁྲིད་པ་ཞིག་ཡིན་ནོ། ། དྦའྶ་ཁྲི་གཟིགས་ཞང་ཉེན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནག་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དེ་ནས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ ཚོམ་ཅན་དགུང་ལོ་ཆུང་བའི་དུས་སུ་ཆབ་སྲིད་ཀྱི་རོགས་སྐྱོང་པ་ཕྱི་མོ་ འབྲོ་བཟའ་ཁྲི་མ་ལོད་ཀྱིས་བོད་ལུགས་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོ་ ཡན་མན་དུ་ནང་བློན་ཆེན་པོའི་གོ་སར་བསྐོ་བཞག་མཛད་ཅིང་སེ་རིབ་ རྒྱལ་ཕྲན་ངོ་ལོག་བརྒྱབ་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ ཏེ་རྒྱལ་པོའི་ཆབ་སྲིད་ཇེ་བརྟན་དང་བོད་ཡུལ་བདེ་འཇགས་སུ་བཏང་ [1178] བོད་ལུགས་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ མེས་ཨག་ཚོམ་ཅན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཞིང་ ཆབ་སྲིད་ཀྱི་གཙོ་འགན་ལོ་བཅུ་བདུན་གྱི་རིང་དུ་བཞེས་ཏེ། བོད་ ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་སོ། ། དྦའྶ་ཁྲི་གསུམ་རྗེ་བཙན་བཞེར།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱིས་ བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ནང་བློན་ཆེན་པོ་བསྐོ་ བཞག་མཛད་ཅིང་ལོ་ངོ་ལྔའི་རིང་དུ་སྲིད་དོན་བསྒྲུབས་ནས་བོད་ ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་སོ། ། དྦའྶ་རྒོད་ལྡོངས་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན། དྲག་ རྩལ་ལ་ཤིན་ཏུ་མཁས་པས་མིག་རྒྱང་གསུམ་གྱི་ས་ལ་མདའ་རྒྱང་གཅིག་ གིས་སླེབས་ཐུབ་པ་དང། དྲག་པོ་གཡུལ་གྱི་ལས་ལ་ཞུགས་ནས་མཚོན་ གྱི་འཁོར་ལོ་བསྐོར་ཏེ་ཡུལ་ཁམས་དུ་མ་དབང་དུ་བསྡུས། དམག་ དཔོན་རྩལ་བོ་ཆེ་མི་བདུན་ནང་གི་ཡ་གྱལ་ཞིག་ཡིན་ནོ། །ཁོང་གི་ མཚན་གཞན་ལ་སྦས་རྒོད་མདོང་ཅན་ཞེས་ཞུའོ། ། དྦའྶ་རྒྱལ་ཏོ་རེ་སྟག་སྙ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་ [1179] དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། དྦའྶ་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་བློན་པོ་ཡིན་ཞིང། བོན་ཆོས་ལ་ཤིན་ཏུ་ཞེན་པས་བོད་ལུགས་ ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་མངའ་བདག་ཁྲི་རལ་པ་ཅན་ མལ་གྲོ་ཞམ་པའི་ཕོ་བྲང་དུ་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་ གཟིམ་པ་ལ་དྦའྶ་སྟག་རྣ་ཅན་བཅས་ཀྱིས་དབུ་ལྟག་རྒྱབ་ཏུ་བསྐོར་ ནས་བཀྲོངས་སོ། ཞེས་ གསུངས་སོ། དེ་ནས་འུ་དུམ་བཙན་པོ་མི་འཇིགས་གདོང་ལྔའི་ཁྲི་ལ་ མངའ་གསོལ་ཏེ། དྦའྶ་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་ཡིས་ ནང་བློན་གྱི་འགན་ཁུར་བཞེས་ཤིང་སངས་རྒྱས་ཆོས་ལུགས་ལ་བཀས་ བཀྱོན་ནོ། །ཁོང་གི་མཚན་གཞན་ལ་སྤས་སྟག་སྣ་ཞེས་ཞུའོ། ། དྦའྶ་སྟག་སྒྲ་ཁོང་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱིས་བོ་ [1180] བཞག་མཛད་ཀྱང་སྲིད་དོན་ཐམས་ཅད་རྒྱལ་པོའི་བཀའ་བཞིན་དུ་མ་ འགྲུབ་པས་ལོ་ངོ་གཉིས་ཀྱི་མཚམས་ནས་ནང་བློན་ཆེན་པོའི་གོ་ས་ལས་ འབྱུངས་སོ། ། དྦའས་བློན་ཁྲི་སྲམ་བཞེར་མདོ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་བློན་ཆེན་ཡིན་ཏེ། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་ པ་ཞེས་ ཀྱི་མ་ཡིག་ཆ་ཚང་ནི་ འདུག་གོ་ དྦའས་བློན་ཁྲོམ་བཞེར།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། དྦའས་བློན་ཁྲོམ་ལེགས།། [1181] འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། དྦའས་བློན་འཕན་ལེགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། དྦའས་བློན་མྱེ་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ [1182] བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། དྦའས་དབྱི་ཚབ།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་སྐུ་འཁྲུངས་ཤིང་ སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བློན་པོ་ཡིན། དེ་ནས་ཟིང་ པོ་རྗེ་ལ་བློ་ལོག་ཅིང་རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་འབུལ་ཞུས་ ཀྱང་སྟག་རི་གཉན་གཟིགས་དགུང་དུ་གཤེགས། དེ་ནས་རྒྱལ་པོ་ གནམ་རི་སྲོང་བཙན་གྱི་ཞབས་ལ་གཏུགས་ཏེ་ཐུན་མོང་དུ་མནའ་ཚིག་ བོར་ཞིང་ཟིང་པོ་རྗེའི་ཆབ་སྲིད་བརླགས་ནས་གནམ་རི་སྲོང་བཙན་གྱི་ མངའ་ཞབས་སུ་ཚུད་པར་མཛད། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ ཀྱང་དྦའས་དབྱི་ཚབ་ལ་ཟ་གད་གཤེན་གྱི་ཡུལ་ཁ་དང། མལ་གྲོ་ ཕྱོགས་ནས་བྲན་གཡོག་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་བྱ་དགའ་གནང་ ཞིང་བློན་པོར་མངའ་གསོལ། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པའི་ བློན་པོ་མཛད་ཅིང། ཁོང་གི་བུ་ཚ་རྣམས་དང་རྒྱལ་པོ་བཅས་པ་ཐུན་ མོང་དུ་མནའ་ཚིག་བོར་ནས་རྒྱལ་པོས་ཀྱང་དབྱི་ཚབ་ཀྱི་བུ་ཚ་སུ་འོས་ གཅིག་ལ་གསེར་ཡིག་རྒྱུན་ཆད་མེད་པར་གནང་རྒྱུའི་དབུ་མནའ་བཞེས་ པ་མཛད་དོ། ། དྦའས་མཉྫུ་ཤྲཱི།། [1183] འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་ཞིག་ཡིན་ ཁོང་གི་བསྒྱུར་རྩོམ་ནི་ བསྟོད་པ། ཚིག་རྐང་ སྐང་ བཅུ་གཉིས་པ། ཐབས། སོ། ། དྦའས་བཙན་བཞེར་མདོ་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ ཡིན་ཏེ། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོའི་ཡན་མན་ཙམ་ དུ་མཁར་ཚན་ཡན་ཆད་དུ་དམག་དྲངས་ཤིང། མཁར་ཅུ་བ་བརྒྱད་ ཕབ་ནས་མཁར་དཔོན་ངོ་ལོག་པ་རྣམས་ཕུད་དེ་ཆབ་འབངས་སུ་ བཅུག་ཅིང། ཆབ་སྲིད་རྒྱ་བཀྱེད་ནས་ལོང་ཤན་རི་རྒྱུད་ཡན་ཆད་ མངའ་འོག་ཏུ་བསྡུས་ཏེ། མཐོང་ཁྱབ་ཁྲི་སྡེ་ལྔ་བཙུགས་ནས་བློན་ ཁམས་ཆེན་པོ་གཅིག་གསར་དུ་བཀྱེད་དོ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ གྱིས་དོར་སྡེ་ཕྱུགས་མཚམས་སྡེ་འཛོམས་དཔའ་བའི་རྟགས་མཚན་དུ་ སྟག་གི་ཐོག་བུ་བསྩལ་ཏོ། ། དྦའས་ལོ་ཕོ་ལོ་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་སྐུ་གཤེགས་ནས་ [1184] གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས་ པའི་དུས་བབས་དང། ལྷག་པར་དུ་དབུ་རུ་ནས་འབྲོ་སྦས་རུས་ཚན་ གཉིས་འཁྲུགས་པ་ལ་བརྟེན་ཏེ་སྤྱི་ལོ་་ལོའི་ཡན་མན་དུ་འྦའྶ་ལོ་ ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་དབུ་རུ་ས་ཁུལ་ནས་ཁེང་ལོག་ འབངས་གྱེན་ལོག་ བྱུང་ཞིང། དཔེ་དང་ལག་དཔོན་རྒྱུ་མཚན་གསུམ། ཕྱྭ་མཁན་འདུན་ས་འཛིན་ མཁན་ལྷ་དང་དྲུག་ཡུལ་རེར་རྗེ་དཔོན་ཚན་རེ་ཆགས་དང་བདུན། ཞེས་འབངས་གྱེན་ལོག་བྱེད་པར་འཛོམས་དགོས་པའི་ཆ་རྐྱེན་རྣམས་ བཀོད་འདུག་ཁོང་ནི་འབངས་གྱེན་ལོག་སྐབས་ཀྱི་སྙན་གྲགས་ཆེ་ བའི་འགོ་ཁྲིད་པ་ཞིག་ཡིན་ནོ། ། དབལ་མང་དཀོན་མཆོག་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་ད་ལྟ་ཀན་ལྷོའི་བསང་ཆུ་རྫོང་ལ་གཏོགས་པའི་བསང་ གཞུང་ཚར་ཚའི་རྒྱུད་དུ་ཡབ་དབང་དྲག་སྐྱབས་དང། ཡུམ་བདེ་བཟའ་ ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཀུན་ མཁྱེན་འཇིགས་མེད་དབང་པོས་དབལ་མང་བློ་བཟང་དོན་གྲུབ་ཀྱི་སྤྲུལ་ སྐུར་ཐུགས་ཐག་བཅད་དེ་གདན་སར་བཀོད། རྒྱུད་པ་དགེ་བཤེས་ བསམ་གཏན་སེང་གེ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་ཏེ་ཆོས་ སྤྱོད་དང་རྒྱན་འཇུག་སོགས་ཐུགས་སུ་འཛིན། དགུང་ལོ་བཅུ་གཅིག་ [1185] བསྡུས་གྲྭ། བློ་རིགས་ རྟགས་རིགས། གྲུབ་མཐའ་བཅས་ལ་གསན་སྦྱོང་མཛད། དགུང་ལོ་ བཅུ་དགུ་པར་ཀུན་མཁྱེན་མཆོག་ལས་བསྙེན་པར་རྫོགས། དགུང་ལོ་ སུམ་ཅུ་བར་རྡོ་རམས་པའི་མཚན་བཏགས་བླངས། དགུང་ལོ་སོ་བཞི་བར་ཀུན་མཁྱེན་མཆོག་སྤྲུལ་བཙལ་བའི་ཆེད་དུ་དབུས་སུ་ཕེབས་ དགུང་ལོ་ཞེ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ལ་ ཕེབས་ཏེ་བཅའ་ཡིག་སོགས་སྒྲིག་ལམ་ཐད་ལ་དག་ཐེར་དང་དོ་དམ་ གང་ལེགས་མཛད་པ་རེད། འདུ་ཁང་སྟེང་ཤོད་དུ་མཉམ་མེད་ཇོ་བོ་ ཆེན་པོ། ཁུ་རྔོག་འབྲོམ་གསུམ་སོགས་བཀའ་གདམས་གོང་མ་རགས་ བསྡུས་ཀྱི་སྐུ་བརྙན་ལི་མ་ནང་བཞུགས་ཀྱི་བཀའ་གདམས་ལྷ་ཁང་ གནམ་རྒྱན་མཆོད་ཆ་དང་བཅས་པ་གསར་དུ་བསྒྲིགས། གཞན་ཡང་ རྒྱུད་ཁང་གསར་བཞེངས་དང་མགོན་ཁང་དུ་མགོན་ཆོས་འཛིགས་ གསུམ་གྱི་སྐུ་བརྙན་བཞེངས། བསྟན་པའི་རྟེན་རྣམས་ལེགས་པར་ བཞེངས་ཏེ་ཕྱི་རབས་པ་ལ་ཕན་བདེར་བསྒྲུབས། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་དབང་ལུང་མན་ངག་གི་གཏེར་མཛོད་ཆེན་པོ་རྗེ་ཤེས་ རབ་རྒྱ་མཚོ་དང། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། སུ་ཉིད་ དཀོན་མཆོག་ནོར་བུ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་གདན་ རབས་དང། རྣམ་ཐར། ལོ་རྒྱུས། གཞུང་འགྲེལ་རྒྱུད་འགྲེལ་ སོགས་བསྟན་བཅོས་ཆིག་བརྒྱ་སུམ་ཅུ་ལྷག་ཙམ་ཡོད་པ་རྣམས་པོ་ཏི་ བཅུ་ཐམ་པར་བསྡུས་ཏེ་ཤིང་པར་བརྐོས་ནས་ཨ་མཆོག་དགོན་དུ་ བཞུགས་ཡོད་ [1186] དབལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གླས་དྲུག་ཏུ་ཡབ་བླ་མ་བཀྲ་ཤིས་དང། ཡུམ་ཆོས་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཀུན་མཁྱེན་བླ་ མས་རྒྱུད་པ་དཔོན་སློབ་བཀྲ་ཤིས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་ ཅིང་དགུང་ལོ་བདུན་པར་རབ་ཏུ་བྱུང། དགུང་ལོ་བཅུ་གཅིག་པར་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་བསྡུས་གྲྭ་ནས་བཟུང་ གཞུང་བཀའ་ལྔ་ལ་ཐུགས་གཉེར་དཔྱིས་ཕྱིན་པ་མཛད་པས་རྡོ་རམས་ པའི་མཚན་བཏགས་བཞེས། རྒྱུད་པའི་བླ་མ་དབུ་མཛད་དང། གྲྭ་ ཚང་གསུམ་གྱི་ཁྲི་བ་མཛད་ཅིང་འགྲེལ་བ་བཞི་སྦྲགས་འཆད་པ་ལ་ འགྲན་ཟླ་དང་བྲལ་བ་ཞིག་ཡིན། རྒན་གྱའི་བྲག་དཀར་དང། ཚ་ གན་པེ་ཤིང། བདེ་མོ་ཐང་རྣམས་ཀྱི་ཁྲི་ལ་ཕེབས་ནས་མདོ་སྔགས་ ཆོས་ཀྱི་འཆད་ཉན་སྤེལ། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ སའི་ཁྲི་ལ་བཞུགས་ཤིང་བརྩི་བཞག་ཆག་མེད་དང། ཚར་གཅོད་རྗེས་ འཛིན་གྱི་དོ་དམ་གང་དྲག་གནང། ཁྲི་ཟུར་ནས་ཨུརྒེའི་ཁྲི་བ་ལན་ ཏའི་ཆོ་ལོ་གནང། དེ་ནས་ཕྱིར་ཕེབས་ཤིང་རྔ་བའི་ཨ་མཆོག་དགོན་ སོགས་སུ་ཆིབས་བསྒྱུར་གནང་སྟེ་གདུལ་བྱ་རྣམས་ལ་བཀའ་ཆོས་གང་ འདོད་བསྩལ་ནས་དུས་འདའ་བའོ། ཁོང་ནི་བླ་བྲང་དགོན་པའི་ གདན་རབས་ཉེར་དགུ་བ་ཡིན་ནོ། ། [1187] དབལ་ཤུལ་ངག་དབང་བརྩོན་འགྲུས།། ཁོང་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། དབལ་ཤུལ་འཇམ་དབྱངས་དཔལ་ལྡན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་ཤུལ་རྙིང་བའི་ཁྲོད་དུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་གཞོན་པའི་སྐབས་སུ་དབུས་སུ་ཕེབས་ཏེ་ཡོངས་སུ་གྲགས་ པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་ལ་གཏུགས་ནས་ཐོས་ བསམ་ནན་ཏན་དུ་མཛད། དེ་ནས་མདོ་སྨད་དུ་བྱོན་ཏེ་ཀུན་མཁྱེན་ ཡབ་སྲས་ཀྱི་དྲུང་དུ་མདོ་སྔགས་སྤྱི་དང་ཁྱད་པར་དུ་སྔགས་ཀྱི་མན་ངག་ དང་ཕྱག་ལེན་བཅས་ལ་ཞུ་གཏུགས་དོགས་གཅོད་ནན་ཏན་དུ་མཛད་ རྒྱུད་པ་དཔོན་སློབ་དགེ་འདུན་རྒྱལ་མཚན་དང། གྲུབ་དབང་སྡེ་ཁྲི་ རིན་པོ་ཆེ་གཉིས་ཀྱི་རིང་ལ་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་ དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་ཕེབས་ཏེ་ལོ་རེ་ བཞིན་དབྱར་ཁར་འགྲེལ་བ་བཞི་སྦྲགས་ཡོངས་རྫོགས་དང། བསྐྱེད་ རིམ་གསུང་བཤད་དང་བཅས་པ་འགྲོ་ཞིང། དགུན་ཁར་བསྐྱེད་རྫོགས་ ཆེན་མོ་གཉིས་ཀྱི་གཟབ་བཤད་དང་དཀའ་གནད་ཀྱི་དོགས་གཅོད་རྒྱུན་ རིང་སོགས་འཆད་ཉན་ཟླ་མེད་མཛད། འགྲེལ་བ་བཞི་སྦྲགས་དང་ ཡིག་ཆའི་མཛོད་གཉིས་པར་དུ་བརྐོས། ཁྲི་ཟུར་ནས་ཨུརྒེ་གྲྭ་ཚང་ [1188] འཆད་ཉན་གོང་ནས་གོང་དུ་འཕེལ་བར་མཛད། དགུང་ལོ་དོན་ གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བདུན་པ་ཡིན་ནོ། ། དབལ་ཤུལ་བློ་བཟང་གནས་བརྟན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་ཤུལ་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ཤི་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་རྣམ་དཔྱོད་ཤིན་ཏུ་ཆེ་བ་ཞིག་ཡིན་ཕྱིར་རྟགས་ གསལ་སོགས་ལ་ཐོགས་པ་མེད། དེ་ནས་བྱ་ལག་མདོར་ཕེབས་ཏེ་ཀུན་ མཁྱེན་འཇམ་དབྱངས་བཞད་པ་ལས་བསྡུས་གྲྭ་དང། བསེ་ངག་ དབང་བཀྲ་ཤིས་ལས་བློ་རྟགས་དབུ་ཕར་བཅས་ལ་སྦྱངས་པ་མཛད་ དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་ གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པས་ལྷ་རམས་ པའི་གྲྭ་སྐོར་མཛད་དེ་མིང་དང་མཐུན་པའི་དགེ་བཤེས་ཀྱི་གོ་འཕང་ ཐོབ། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་གཞུང་བཀའ་པོད་ ལྔ་ལ་དམ་བཅའ་རྨད་དུ་བྱུང་བ་བཞག་པས་བསེ་ངག་དབང་བཀྲ་ཤིས་ ཀྱང་བསྔགས་བརྗོད་ཡང་ཡང་མཛད། ཀུན་མཁྱེན་འཇིགས་མེད་ དབང་པོའི་ཡོངས་འཛིན་གཞོན་པ་ཡང་མཛད། དེ་ནས་རིམ་བཞིན་ ཚོགས་ཆེན་ཞལ་ངོ་དང། རྒྱུད་པ་བླ་མ་དབུ་མཛད་བརྒྱུད་དེ་རྒྱུད་ པའི་ཁྲི་བ་མཛད་ཅིང་རྒྱུད་ཀྱི་འཆད་ཉན་དང་བསྐྱེད་རྫོགས་ཀྱི་གཞུང་ [1189] རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ ཕེབས་ནས་ཆོས་ཀྱི་འཆད་ཉན་སྤེལ་བཞིན་པའི་སྒང་དུ་སྐུ་གཤེགས་སོ་ ཁོང་ནི་བླ་བྲང་དགོན་པའི་གདན་སའི་ཁྲི་རབས་བདུན་པ་ཡིན་ནོ། ། དབུས་པ་ཇོ་བོ་བསོད་ནམས།། ཁོང་ནི་རབ་བྱུང་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་གཡུ་རུ་སྟོད་དུ་ཡབ་རྟ་སྟོན་ཇོ་བོ་འབུམ་གྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གིས་ཞིག་པོ་བདུད་རྩིའི་ཞབས་ལ་གཏུགས་ཤིང་སེམས་ཕྱོགས་ཀྱི་རྒྱུད་ གདམས་ངག་རྫོགས་པར་གསན། དེ་ནས་བླ་མ་ཞིག་པོ་བདུད་རྩིའི་ བཀའ་ལྟར་ཁོང་གི་སློབ་དཔོན་ལྷ་རྗེ་ལྷ་ཁང་པ་སྟེ་བླ་ཆེན་ གིས་ཞིག་པོ་བདུད་རྩིའི་ཞབས་ལ་གཏུགས་ཤིང་སེམས་ཕྱོགས་ཀྱི་རྒྱུད་ གདམས་ངག་རྫོགས་པར་གསན། དེ་ནས་བླ་མ་ཞིག་པོ་བདུད་རྩིའི་ བཀའ་ལྟར་ཁོང་གི་སློབ་དཔོན་ལྷ་རྗེ་ལྷ་ཁང་པ་སྟེ་བླ་ཆེན་ཡོན་ཏན་ གཟུངས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལ་ ལེགས་པར་གསན། ཞིག་པོ་བདུད་རྩི་དང་བླ་ཆེན་ཡོན་ཏན་གཟུངས་ གཉིས་ཀྱི་ཐུགས་སྲས་དབུས་པ་ཇོ་བསོད་ཅེས་མཁས་པའི་ཕུལ་དུ་ཕྱིན་ ཏེ་སྙན་གྲགས་ཀྱིས་ཕྱོགས་བཞིར་ཁྱབ་པར་གྱུར། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་སུམ་ཅུ་རྩ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྒྱུ་འཕྲུལ་གཙོ་བོར་ གྱུར་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ། ། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས།། ཁོང་ནི་ཨར་བྱང་ཆུབ་ཡེ་ཤེས་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། [1190] དབེན་ས་བློ་བཟང་དོན་གྲུབ།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་གཙང་གཡས་རུའི་དགེ་རྒྱས་བྱེ་མ་ལྷོ་ཁུད་ཀྱི་ཕུ་དབེན་སའི་ཡུལ་དུ་ གདུང་རུས་མདོངས་ཡིན་པའི་ཡབ་བསོད་ནམས་རྡོ་རྗེ་དང། ཡུམ་ དཔལ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་ པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་མགོན་པོ་སྐྱབས་ཞེས་བཏགས། དགུང་ལོ་བཅུ་གཅིག་པར་ལྷ་ རྩེ་བ་གྲགས་པ་དོན་གྲུབ་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་ སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་དོན་གྲུབ་ཅེས་གསོལ། དེ་ནས་ རྗེ་ལྷ་པའི་མདུན་ནས་བྱང་ཆུབ་ལམ་རིམ་དང། འཇམ་དབྱངས་བློ་ བཟང་བཤེས་གཉེན་ལས་གཞུང་སོགས་ཅི་རིགས་གསན། དགུང་ལོ་ བཅུ་བདུན་པར་རྗེ་བཙུན་ཆོས་ཀྱི་རྡོ་རྗེའི་རྗེས་འབྲངས་པས་ཐུན་མོང་ མ་ཡིན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་ཐོབ་སྟེ་ལུང་ རྟོགས་ཀྱི་ལུས་སྟོབས་ཡོངས་སུ་རྒྱས་པར་གྱུར། བྱ་བྲལ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་འཁོར་དུ་གྲུབ་པ་ཐོབ་པའི་སློབ་མ་བཅུ་ཙམ་ཡོད་པའི་ ནང་ནས་ཁོང་ཉིད་སྲས་ཀྱི་ཐུ་བོར་དགོངས་ནས་སྙན་བརྒྱུད་ཀྱི་བེའུ་ བུམ་དང། སྤྲུལ་པའི་གླེགས་བམ་ཕྱག་ཏུ་གཏད་དེ་རྒྱལ་ཚབ་དམ་པར་ དབང་བསྐུར། དེའི་སྐབས་སུ་དབེན་སར་མདུན་ས་ཆོས་ཀྱི་ཕོ་བྲང་ ཞེས་པའི་དགོན་པ་འདེབས་པར་མཛད། དགུང་ལོ་སོ་གསུམ་པར་ འབྲས་སྤུངས་དགོན་དུ་འབྲོམ་སྟོན་ཐམས་ཅད་མཁྱེན་པ་རྒྱལ་བ་དགེ་ འདུན་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལྷ་སར་ཕེབས་ཏེ་ [1191] མཛད། དེ་ནས་པཎ་ཆེན་བྱང་ཆུབ་བློ་གྲོས་དང། མངའ་རིས་ལོ་ ཆེན་རྣམ་རྒྱལ་བཅས་ལས་གསང་འདུས་རྩ་རྒྱུད་སྒྲོན་གསལ་སོགས་ཀྱི་ གདམས་པ་མཐའ་ཡས་པ་གསན་ཅིང། དབེན་གནས་བྲག་རྒྱ་རྡོ་རྗེའི་ ཕོ་བྲང། གཡེ་མ་སྟག་གཟིག་གླང་ཆེན། ཀོ་བྲག་ཁྱད་པར་དུ་པ་ སྣམ་ཇོ་མོ་ལྷ་རི་ལ་སོགས་པའི་རི་ཁྲོད་རྣམས་སུ་སྒྲུབ་པ་སྙིང་པོར་ མཛད། ཁོང་ནི་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་གསུམ་པ་ཡིན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་ཀུན་མཁྱེན་ལེགས་པ་དོན་གྲུབ་དང། བྱང་ སྟོན་སྨྲ་བའི་དབང་པོ་བསམ་གཏན་འོད་ཟེར། རྗེ་བློ་གྲོས་རྣམ་རྒྱལ་ ཆོས་རྗེ་དགེ་ལེགས་རྣམ་རྒྱལ། སངས་རྒྱས་རྒྱལ་མཚན། ཆོས་རྗེ་ངག་ དབང་གྲགས་པ་སྐུ་མཆེད། ཀོང་སྟོན་ཆོས་རྗེ་འཇམ་དབྱངས་རྒྱལ་ པོ། བཀྲ་ཤིས་རྒྱལ་མཚན་བཅས་ཡིན། ཁོང་གི་གསུང་རྩོམ་ནི་དཀར་ ཆག་དང། གསོལ་འདེབས། ཟིན་བྲིས། སྐུ་བསྟོད། རྣམ་ཐར་ བསླབ་བྱ། སྒྲུབ་ཐབས་བཅས་པོ་ཏི་གཉིས་བཞུགས་སོ། ། དབེན་ས་སྨྱོན་པ།། ཁོང་ནི་གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་དུ་སྐུ་འཁྲུངས། གདུང་རུས་འབལ་ཡིན། རབ་བྱུང་བཞི་ པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཅུ་ [1192] དགུང་ལོ་བཅུ་ བདུན་པར་ཁུ་བོ་འབལ་ཐམས་ཅད་མཁྱེན་པའི་དྲུང་དུ་རབ་ཏུ་བྱུང་ ཞིང་ཆོས་མང་དུ་གསན། དེ་ནས་ལྷ་སར་ཆོས་འཁོར་བྱུང་བ་ཅིག་ལ་ ཁུ་བོའི་ཕྱག་ཕྱིར་ཕྱིན་པས་གྲྭ་པ་གཅིག་གིས་རྣམ་གཞག་བྱས་པའི་སྐལ་ བ་དར་ཡུག་གསུམ་དང། ཟངས་ཕྱེ་མར་དང་བཅས་པ་ཁྱེར་ནས་ འཕགས་པ་ལྕེ་སྒོམ་པའི་ཞབས་ལ་གཏུགས་ཤིང་ཐུགས་རྗེ་ཆེན་པོའི་ དབང་ཁྲིད་ཞུས། དེ་ནས་སྐྱེར་སྒང་དུ་མཚམས་བཅད་དེ་སྒྲུབ་པ་ མཛད་པས་སྤྱན་རས་གཟིགས་ཀྱི་ཞལ་མཐོང། སྔགས་བཟླས་པས་ གཤིན་རྗེ་གཤེད་ཀྱི་ཞལ་ཡང་མཐོང། དེ་ནས་ཁུ་བོ་འབལ་ཐམས་ ཅད་མཁྱེན་པའི་ཞལ་བཀོད་ལྟར་གསེར་ཞོ་གང་དང་དར་ཡུག་རྣམས་ བསྣམས་ཤིང་ལ་སྟོད་དུ་བྱོན་ཏེ་ཙ་རི་སྒོམ་པ་དང་མཇལ་ཞིང་རས་ ཆུང་ལུགས་ཀྱི་དབང་དང་གདམས་པ་རྣམས་རྫོགས་པར་ཞུས། དེ་ ནས་འུ་ཡུག་ཏུ་བྱོན་ཏེ་བླ་མ་སྤེན་ཕུག་པའི་ཞབས་ལ་གཏུགས་ཤིང་ ཇོ་བོ་རྗེའི་གསང་སྔགས་ཀྱི་གདམས་པ་རྣམས་ལོ་ངོ་ལྔའི་རིང་དུ་བསྟེན་ ནས་རྫོགས་པར་ཞུས། དེ་ནས་ལྐུགས་ལུང་དུ་བྱོན་ཏེ་བླ་མ་རྨོག་ལྕོགས་ པ་དང་ཞལ་མཇལ་ཞིང་གདམས་པ་རྣམས་ཞུས་ཏེ་རྟོགས་པ་འཁྲུངས་ དེ་ནས་བླ་མ་རྨོག་ལྕོགས་པའི་ཞལ་བཀོད་ལྟར་སྐྱེར་སྒང་དུ་བྱོན་ཏེ་ གདན་ས་མཛད་ཅིང་སྐུ་འབུམ་ཡང་བཞེངས། དགོན་པའི་ལྕགས་རི་ བརྩིགས་ཤིང་བླ་མ་རྨོག་ལྕོགས་པའི་གདན་ས་ལ་ཡང་འབུལ་བ་སྐྱེལ་ གདུལ་བྱ་མཐའ་ཡས་པའི་དོན་ལེགས་པར་གྲུབ་ཅིང་དགུང་ལོ་དོན་ གསུམ་པར་ཞི་བར་གཤེགས། ཁོང་ནི་ནི་གུའི་ཆོས་དྲུག་གི་གདམས་ [1193] ཁོང་གི་མཆོག་ཏུ་གྱུར་པའི་ སློབ་མ་ནི་སངས་རྒྱས་གཉན་སྟོན་པ་ཡིན། ། དབོན་པོ་དཀར་པོ།། ཁོང་ནི་སྐུ་ཡལ་བ་རིན་ཆེན་མགོན་པོ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། དབོན་པོ་ཉི་མ་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ལེགས་པར་ གསན་སྦྱངས་མཛད་ཅིང་དབང་ལུང་མན་ངག་མང་དུ་ཐོབ། སྒོས་སུ་ ཆོས་རྗེ་དབོན་པོ་གཞོན་ནུ་སེང་གེ་ལ་བསྟེན་ནས་འདུལ་བ་དང་ ཚད་མ་རྣམ་འགྲེལ། མངོན་པ། བློ་སྦྱོང་དོན་བདུན་མ། སྦྱོར་དྲུག་ བརྟག་གཉིས། དུས་འཁོར། རྫོགས་ཆེན་ཆོས་སྐོར། མ་ཧཱ་མཱ་ཡཱ། སྒྱུ་ འཕྲུལ། ནཱ་རོ་ཆོས་དྲུག་བདེ་མཆོག་སྙན་བརྒྱུད། གསང་འདུས་དབང་ ཆེན། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། ཟབ་མོ་བླ་མའི་ རྗེས་གནང་བཅས་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པར་ མངའ་བརྙེས། དགེ་ཚུལ་སློང་གི་སྡོམ་པ་བཞེས་ཤིང་ཚུལ་ཁྲིམས་གཡག་ རྔ་བཞིན་དུ་བསྲུངས་བར་མཛད། རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་ར་ལུང་དགོན་པའི་གདན་སར་ཕེབས་ནས་དགེ་ འདུན་མང་པོའི་ཚོགས་པ་བསྐྱངས། གདན་སར་ལོ་གཅིག་བཞུགས་ [1194] དབྱིངས་སུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་བཞི་ པ་ཡིན། བར་འབྲོག་རྡོ་རྗེ་གླིང་གི་གདན་ས་ཡང་མཛད་དོ། ། དབོན་པོ་ནམ་མཁའ་བདེ་ལེགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ གཙང་ཤབ་སྟོད་ཚ་རོང་མདོ་སྤེར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཞང་པོ་ཚ་རོང་དཔལ་ལྡན་རྒྱལ་མཚན་གྱི་དྲུང་ནས་ཡི་ གེའི་སྦྱོར་ཀློག་བསླབས་ཏེ་ལེགས་པར་མཁྱེན། དེ་ནས་གསོ་རིག་ལ་ མོས་པ་སྐྱེས་པས་དཔལ་ལྡན་རྒྱུད་བཞི་དང། དེའི་འགྲེལ་བ་རྒྱུད་ དོན་རབ་གསལ། ཡན་ལག་བརྒྱད་པ། གསེར་བྲེ། ཉམས་ཡིག་ བརྒྱ་རྩ། བྱེ་བ་རིང་བསྲེལ། གདམས་པ་སུམ་ཅུ། ལག་ལེན་པོད་ ཆུང་བཅས་ལ་ཐོས་བསམ་མཛད་པས་མཁས་པ་ཆེན་པོར་གྱུར། ལྷག་ པར་དུ་ཞང་པོ་ཚ་རོང་དཔལ་ལྡན་རྒྱལ་མཚན་ལས་སྦུར་ཚོ་ཡོན་ཏན་རྒྱ་ མཚོའི་ཐུན་མོང་མ་ཡིན་པའི་མན་ངག་ཆིག་བརྒྱུད་བཅས་གསན་པ་ མཛད་དེ་གསོ་རིག་གི་བསྟན་པ་གོང་ནས་གོང་དུ་འཕེལ་བ་གནང་ངོ།། ཁོང་གི་གསུང་རྩོམ་ནི་ དང། དང་གཉེན་པོ་གསོ་ཐབས་གསུམ་གྱི་དབྱེ་བསྡུ། བ། ཐབས་རྡོ་རྗེ་ཕ་ལམ། ། དབོན་པོ་གཞོན་ནུ་སེང་གེ་ [1195] ལོར་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་ བསྟེན་ནས་དབང་ལུང་མན་ངག་དང་བྱིན་རླབས་བཅས་མང་དུ་ཞུས་ དེ་ནས་ཆོས་རྗེ་དཔོན་རས་དར་མ་སེང་གེ་ལ་བསྟེན་ནས་འདུལ་བ་མདོ་ རྩ་དང། སྤྱོད་འཇུག་བསླབ་བཏུས། བློ་སྦྱོང་དོན་བདུན་མ། ཤེས་ རབ་བརྒྱ་བ། ཚད་མ་རྣམ་འགྲེལ། རྫོགས་ཆེན་ཆོས་སྐོར། བཀའ་ གདམས་པའི་ལམ་རིམ། མ་ཧཱ་མཱ་ཡཱ། སྒྱུ་འཕྲུལ། ཞི་བྱེད། བཀའ་ བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། དབང་ལུང་མན་ངག་ནཱ་རོ་ ཆོས་དྲུག་བདེ་མཆོག་གསང་འདུས། དུས་འཁོར་རྣམས་ཀྱི་དབང་ ཆེན་དང། ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས་ནས་སྒོམ་སྒྲུབ་ མཛད་པས་བདེ་དྲོད་ལ་དབང་འབྱོར་བས་སྐུ་མདུན་ན་ཡོད་པ་རྣམས་ ཀྱང་གྲང་བའི་འཇིགས་པ་མེད་པ་བྱུང་ངོ། རབ་བྱུང་བཞི་པའི་མེ་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་ར་ལུང་དགོན་པའི་གདན་སར་ཕེབས་ཏེ་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས། རྟེན་དང་བརྟེན་པ་བཞེངས་ པར་མཛད། ལོ་ངོ་སུམ་ཅུའི་རིང་དུ་གདན་སར་བཞུགས་ནས་དགོན་ པ་དང་སྡེ་བ་ཚང་མ་ཤིན་ཏུ་དར་རྒྱས་བྱུང། དགུང་ལོ་དྲུག་ཅུ་རྩ་ བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ར་ལུང་ དགོན་པའི་གདན་རབས་གསུམ་པ་ཡིན། ། དབོན་པོ་བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ [1196] འདས་ལོ་མི་གསལ། ཁོང་དགུང་ལོ་སུམ་ཅུ་རྩ་བཞི་པ་ རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་ གི་གདན་སར་ཕེབས་ཤིང། རབ་བྱུང་བདུན་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ ལོ་་ལོའི་བར་དུ་ལོ་ངོ་ཉི་ཤུ་རྩ་གསུམ་གྱི་རིང་དུ་གདན་ས་ བསྐྱངས་ཏེ་སློབ་མ་མང་དུ་གསོ་སྐྱོང་མཛད། ཁོང་ནི་རྒྱལ་ལྷ་ཁང་གི་ གདན་རབས་ཉི་ཤུ་རྩ་ལྔ་པ་ཡིན་ནོ། །ཁོང་ལ་སྤྱན་སྔ་བསོད་ནམས་ གྲགས་པ་ཡང་ཞུའོ། ། དབོན་རས་དར་མ་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གིས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ཁྱད་པར་དུ་ཆོས་རྗེ་གཙང་པ་རྒྱ་རས་ལས་སྤྱོད་འཇུག་དང། བློ་སྦྱོང་ དོན་བདུན་མ། འདུལ་བ། མངོན་པ། ཚད་མ། ཡོ་ག་གུར་ བརྟག་ཞི་བྱེད། རྫོགས་ཆེན། མ་ཧཱ་མཱ་ཡཱ། མཚན་བརྗོད་ཕྱག་ལེན་ དང་བཅས་པ། སྒྱུ་འཕྲུལ། ཐུགས་རྗེ་ཆེན་པོ་གཏེར་མ། ནཱ་རོ་ཆོས་ དྲུག་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར། སྙན་བརྒྱུད། གདམས་ ངག་བཅས་ཞུས་པ་དང། དེ་ནས་བདེ་དགྱེས་གསང་གསུམ་གྱི་དབང་ ཆེན་དང། དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། ཟབ་མོ་བླ་ མའི་རྗེས་གནང་བཅས་ཞུས་ནས་སྒྲུབ་པར་མཛད་པས་རྟོགས་པ་ལ་ མངའ་བརྙེས། ཁོང་ནི་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་རིགས་ཀྱི་དབོན་ [1197] མ་རྣམས་ཀྱི་བླ་མ་ཡིན། ཆོས་རྗེ་གཙང་པ་རྒྱ་རས་སྐུ་གཤེགས་པའི་ དགོངས་རྫོགས་ལེགས་པར་བསྒྲུབས་ཏེ་གདན་ས་གཙང་ཉང་སྟོད་ར་ ལུང་དུ་གསེར་གྱི་གདུང་རྟེན་བཀྲ་ཤིས་སྒོ་མང་བཞེངས་པ་མཛད་ རབ་བྱུང་བཞི་པའི་ཆུ་ཕོ་སྤྲེལ་ལོས་ཏེ་སྤྱི་ལོ་་ལོར་ར་ལུང་དགོན་ པའི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ ཤིང། གཙུག་ལག་ཁང་དང། སྐུ་གསུང་ཐུགས་རྟེན་བཅས་བཞེངས་ པར་མཛད། ལོ་ངོ་ཉེར་ལྔའི་རིང་དུ་གདན་སར་བཞུགས་ནས་དགོན་ པ་དར་བར་མཛད། དགུང་ལོ་དྲུག་ཅུ་རྩ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་གཉིས་ པ་ཡིན། ། དབོན་ཤེས་རབ་འབྱུང་གནས།། ཁོང་ནི་སྤྱན་སྔ་ཤེས་རབ་འབྱུང་གནས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། དབོན་བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་སྐུ་ འཁྲུངས། གདུང་རུས་སྐྱུ་ར་ཡིན། རབ་བྱུང་བཞི་པའི་ཤིང་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡིག་རྩིས་སོགས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་ གཅིག་པར་འབྲི་གུང་བྱང་ཆུབ་གླིང་དུ་ཕེབས་ཏེ་ཁུ་བོ་ཆོས་རྗེ་སྐྱོབ་པ་ [1198] ཞེས་གསོལ། བཀའ་བརྒྱུད་གོང་མ་རྣམས་ཀྱི་གདམས་ངག་གསན་ཏེ་ དགུང་ལོ་བཅུ་གསུམ་པར་སྐུ་མཚམས་བཞུགས་ནས་ལོ་བཅུ་གསུམ་རིང་ དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་གྲུབ་པ་ཐོབ། དེ་ནས་སྟག་ཕུར་ བྱོན་ཏེ་ཇོ་བོ་ཡོན་ཏན་གྲགས་པ་ལས་གསང་འདུས་བདེ་དགྱེས་སོགས་ གསན་ཞིང་འབྲི་གུང་དུ་ཕེབས། སླར་ཡང་ལོ་དྲུག་གི་བར་དུ་སྐུ་ མཚམས་བཞུགས། དགུང་ལོ་སོ་ལྔ་པར་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་བཅུ་གསུམ་གྱི་རིང་དུ་ཆོས་སྲིད་ གཉིས་ཀྱི་སྒོ་ནས་གདན་ས་བསྐྱངས། དགུང་ལོ་སོ་དགུ་པར་རིན་པོ་ ཆེ་སྣ་བདུན་ལས་གྲུབ་པའི་བཀྲ་ཤིས་སྒོ་མངས་རྒྱ་ཁྱོན་ཚད་ལས་འདས་ པའི་རྟེན་དང་བརྟེན་པ་གསར་བཞེངས་མཛད། དེ་ལྟར་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ཞེ་བརྒྱད་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་མཁན་རབས་གཉིས་པ་ཡིན་ནོ། ། དབྱངས་ཅན་གྲུབ་པའི་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་གཡས་རུའི་བྱེ་བྲག་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་ སྔོན་དུས་འཇད་ཅེས་གྲགས་ཀྱང། ཕྱིས་སུ་སློབ་དཔོན་པདྨ་འབྱུང་ གནས་ཀྱིས་ཡུལ་དེའི་ཆེ་བའི་དགེ་མཚན་ལ་ཞལ་འཛུམ་ལན་གསུམ་ གྲོལ་བས་བཞད་ཅེས་ཐོགས་པའི་ཡུལ་དུ་ཡབ་བཀྲ་ཤིས་དང་ཡུམ་ ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ [1199] ཁོང་དགུང་ལོ་ལྔའི་སྟེང་ ནས་ཁུ་བོ་དྷརྨ་བྷ་དྲའི་དྲུང་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་ བཅུ་བར་ཐོབ་རྒྱལ་བླ་མ་ངག་དབང་སྙན་གྲགས་ཀྱི་དྲུང་ནས་རྩིས་ཀྱི་ས་ རིས་དང་སྙན་ངག་བཅས་ལ་སྦྱངས་ཏེ་ཞོར་དུ་མངོན་བརྗོད་སྣ་ཚོགས་ བློ་ལ་བཟུང། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་དགོན་ གྱིས་གྲྭ་ཁྲལ་དུ་བསྡུས་ཏེ་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་ མདུན་ནས་རབ་ཏུ་བྱུང་བས་མཚན་ལ་བློ་བཟང་ཆོས་འཕེལ་ཞེས་ བཏགས། དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་ འཕེལ་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ ནས་བཟུང་རྗེ་མི་ལའི་རྣམ་མགུར་དང། ཐིག་ཚད་བློས་བཀོད་ འདོན་རྟ་དབྱངས་རོལ་མོ་བཅས་ལ་སྦྱངས་པར་མཐར་ཕྱིན་མཛད་དེ་ དབང་ལུང་སོགས་ཀྱང་མང་པོ་ཐོབ། དགུང་ལོ་བཅུ་དགུ་པ་ནས་བླ་ མ་ཆོས་བཟང་གི་ཞབས་ཞུ་བ་མཛད་དེ། སྒྲ་དང། རྩིས། སྙན་ངག་ སུམ་རྟགས་སོགས་ལ་ལེགས་པར་སྦྱངས་ནས་བླ་མ་ལ་རྒྱུགས་ཕུལ་ སྐབས་སློབ་འབྲས་ཤིན་ཏུ་བཟང་བས་བླ་མ་དགྱེས་ནས་ལྷ་རྫས་སྲིད་དུ་ རིང་བ་མགུལ་དུ་བསྩལ་ཏེ་ཀུན་བཏགས་ཀྱི་མིང་ལ་དབྱངས་ཅན་གྲུབ་ པའི་རྡོ་རྗེ་ཞེས་གནང་བ་རེད། དགུང་ལོ་སོ་བཞི་བར་བླ་མ་ཆོས་ བཟང་གི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་རེ་གཅིག་ པར་ས་སྐྱ་དང་བཀྲ་ཤིས་ལྷུན་པོ། གདན་ས་གསུམ་དུ་ཕེབས་ནས་བླ་ དཔོན་རྣམས་ལ་ཆོས་ཀྱི་བདུད་རྩི་ཡང་ཡང་ཕུལ། མཁས་པ་ཀུན་གྱིས་ གཙུག་ཏུ་བཀུར། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ངག་དབང་ཚུལ་ [1200] སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ། བླ་མ་ཡེ་ཤེས་ ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ། ཆུ་ བཟང་ཧུ་ཐོག་ཐུ་སོགས་མཁས་གྲུབ་ཤིན་ཏུ་མང་པོར་བྱུང་ངོ། ཁོང་ གི་གསུང་རྩོམ་ནི་བསྟན་བཅོས་བདུན་ཅུ་དོན་བདུན་ཡོད་པ་རྣམས་པོ་ ཏི་གསུམ་དུ་བསྡུས་ཡོད། འཇམ་དབྱངས་རྡོ་རྗེ་དང་བློ་བཟང་ཆོས་ འཕེལ་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན་ དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཨོ་རྒྱན་རིག་འཛིན་དང། ཡུམ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་རུས་ཀྱི་ཁུ་དབོན་མདོ་ རྒྱུད་གྲགས་པ་ལས་ཡི་གེའི་འབྲི་ཀློག་བསླབས་པས་ལེགས་པར་མཁྱེན་ དེ་ནས་གླག་བྲག་རྫོང་དགོན་དུ་ཕེབས་ཏེ་མཁན་པོ་བསོད་ནམས་ཆོས་ གྲུབ་ལས་གཞུང་ལུགས་གསན་ནས་མཁས་པའི་གྲགས་པ་ཐོབ། དེ་ནས་ འཁྲུལ་ཞིག་པདྨ་བདུད་འདུལ་ཡབ་སྲས་ཀྱི་གདན་ས་ཀླུ་མོ་རབ་ཏུ་བྱོན་ ཏེ་གཞུང་ལུགས་ཐམས་ཅད་ཐོས་བསམ་གྱིས་སྒྲོ་འདོགས་བཅད། ཡེ་ ཤེས་དགོན་གྱི་མཁན་པོ་དྲང་སྲོང་དམ་པ་ཚུལ་ཁྲིམས་མཆོག་རྒྱལ་ལས་ བསྙེན་པར་རྫོགས། དབལ་ཁྱུང་གཏེར་སྟོན་བསྟན་གཉིས་གསང་ སྔགས་གླིང་པ་དང། མཁས་པའི་དབང་ཕྱུག་ཧོར་བྲག་དཀར་སྤྲུལ་སྐུ་ སོགས་རིས་མེད་ཀྱི་བླ་མ་དམ་པ་དུ་མར་བསྟེན་ནས་ཐུགས་རྒྱུད་ཡོན་ ཏན་གྱིས་བཀང་ཞིང་མཁས་བཙུན་བཟང་པོའི་རྣམ་ཐར་བསྙེགས་ [1201] བསྟེན་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་རིང་ལུགས་གཙང་མའི་མདོ་ རྒྱུད་ཀྱི་གཞུང་བཤད་དང། རྫོགས་ཆེན་གྱི་མན་ངག་དབང་ཁྲིད་དང་ བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད། འཕྲིན་ལས་ ཀྱང་ཤིན་ཏུ་རྒྱས་སོ། དགུང་ལོ་དྲུག་ཅུ་རྩ་གསུམ་པར་ཞི་བར་གཤེགས་ ཁོང་གི་གསུང་རྩོམ་ནི་ འགྲེལ་བ། ལན་སྐབས་ལྔ་བ། དགོངས་པ་གཅིག་དྲིལ། རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར། སོ་ འབའ་ར་བ་རྒྱལ་མཚན་དཔལ་བཟང།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཤངས་ཀྱི་ཆབ་ལུང་དུ་ཡབ་དབོན་འབུམ་ཞེས་པའི་མི་ཆེན་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བདུན་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། དགུང་ལོ་གཞོན་པའི་དུས་སུ་ཆོས་རྗེ་བསོད་ནམས་རྒྱལ་ མཚན་གྱི་གསོལ་ཇ་བ་མཛད། དེའི་མོད་ལ་སྐྱོ་ཤས་དྲག་པོ་འཁྲུངས་ ཏེ་སྒྲོ་མོན་ཅན་པ་ལ་སོགས་པའི་བླ་མ་རྣམས་ལ་ཁྲིད་ཞུས་པས་ཇི་ལྟ་བ་ བཞིན་དུ་འཁྲུངས། དུས་ཕྱིས་སུ་ཟུར་ཕུག་པ་དང། ཤུག་གསེབ་རི་ པ་ལ་སོགས་པ་ལས་གདམས་པ་ཟབ་དགུ་གསན། བརྩོན་འགྲུས་དྲག་ [1202] འབའ་ར་དགོན་ པ་གསར་འདེབས་མཛད་ཅིང་ཚོགས་པ་བསྐྱངས། དེ་ནས་སྤ་གྲོ་ལ་ བྱོན་ཏེ་བསྟན་འགྲོའི་ཞབས་ཏོག་མཛད་པས་འཕྲིན་ལས་ཤིན་ཏུ་རྒྱས་ སླར་ཡང་ཤངས་སུ་ཕེབས་ནས་འགྲོ་དོན་ཡུན་རིང་དུ་མཛད། དེ་ནས་ ཡང་སྤ་གྲོ་ལ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར་ནས་གཞན་དོན་ ཕུན་སུམ་ཚོགས་པ་བདེ་ལེགས་ཀྱིས་འགྲུབ་ཅིང། དགུང་ལོ་བརྒྱད་ཅུ་ རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཟུར་ ཕུག་པའི་མཆོག་ཏུ་གྱུར་བའི་སློབ་མ་ཡིན་ཞིག་ འབའ་རེ་བཀྲ་ཤིས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་མང་གི་ནང་ཚན་འབའ་རེ་ཞེས་པའི་རུས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གཞོན་ནུའི་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ སྒོར་ཞུགས་ཤིང་དབལ་མང་རབ་འབྱམས་པ་བློ་བཟང་དོན་གྲུབ་དགེ་ རྒན་དུ་བསྟེན་ནས་བསྡུས་གཞུང་དང། མདོ་སྔགས་རིག་གནས་བཅས་ ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད། དེ་ནས་འཛིན་གྲྭའི་སྐྱོར་དཔོན་ དང་ཚོགས་ཆེན་ཞལ་ངོ། རྒྱུད་པའི་བླ་མ་དབུ་མཛད་བཅས་ཀྱི་ཐུགས་ འགན་བཞེས་ཏེ་དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚམ་པར་མཛད་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་ཕེབས་ཏེ་ལོ་ བདུན་གྱི་རིང་དུ་བཞུགས་ཏེ་ལོ་རེ་བཞིན་འགྲེལ་བ་བཞི་སྦྲགས་ཀྱི་ བཤད་པ་རྫོགས་པར་འགྲོ་ཞིང། བསྐྱེད་རིམ་གསུང་བཤད་དང་ [1203] ཊིཀ་ཆེ་ཆུང་གི་ལེའུ་མཚམས་ཡན་ཆད་ ལོ་གཉིས་རེ་ལ་རྫོགས་པར་མཛད། ཁྱད་པར་དུ་ཁྲི་རིན་པོ་ངག་དབང་ བསྟན་འཛིན་དང། ཁྲི་བ་བློ་བཟང་དོན་གྲུབ་གཉིས་ལས་འགྲེལ་བའི་ བཤད་ལུང་ཁ་ཡང་གསན་པ་སོགས་ཀྱིས་རྒྱུད་པའི་གདན་རབས་རྣམས་ ཀྱི་ཁྲོད་ན་འགྲེལ་བ་བཞི་སྦྲགས་འཆད་པ་ལ་འགྲན་ཟླ་མེད་པའི་མཁས་ གྲགས་རྒྱས། རྒྱུད་ཀྱི་ཁྲི་བ་མཛད་སྐབས་གཏོང་སྒོའི་སྐོར་སྔར་སྲོལ་ གང་ཡོད་ལས་འཕར་མའི་ཐོག་སྔར་མེད་ཀྱི་མཆོད་རྫས་གང་དགོས་ གསར་བསྒྲིགས་དང། དངུལ་སྲང་སུམ་བརྒྱའི་ཡོན་སྦྱར་ཏེ་རྒྱུད་ཊིཀ་ ཆེན་མོ་དཔར་དུ་བཞེངས་པ་སོགས་ཆོས་སྲིད་གང་ནས་ཀྱང་བཀའ་ དྲིན་གྱིས་བསྐྱངས། ཁྲི་ཟུར་ནས་ཐུགས་དམ་ཉམས་བཞེས་མཛད་མུས་ དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་གཅིག་པ་ ཡིན་ནོ། ། འབང་རོམ་དར་མ་དབང་ཕྱུག་ ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ འཕན་ཡུལ་གྱི་དཀའ་བ་ཡུལ་སྣར་ཡབ་སྟོན་པ་འབྱུང་གནས་བློ་གྲོས་ དང། ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་ བྱིས་པའི་མིང་ལ་འབུམ་སྐྱབས་ཞེས་ཞུ། དགུང་ལོ་བརྒྱད་པར་མཁན་ པོ་ཀ་བ་དར་མ་སེང་གེ་དང། སློབ་དཔོན་དབང་ཕྱུག་གཞོན་ནུ་ གཉིས་ལས་རབ་ཏུ་བྱུང། མཚན་ལ་དར་མ་དབང་ཕྱུག་ཅེས་གསོལ་ [1204] པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་གཉིས་ ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། དགུང་ལོ་ཉེར་གཅིག་ པར་སངས་རྒྱས་སྒོམ་པ་རོགས་ལ་ཁྲིད་ནས་རྗེ་སྒམ་པོ་བ་དང་མཇལ་ བཀའ་བརྒྱུད་ཀྱི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས། དཀའ་ ཚེགས་མེད་པར་རྟོགས་པ་ཅི་ཆར་དུ་འཁྲུངས། དགུང་ལོ་ཉེར་བརྒྱད་ པར་རྗེ་སྒམ་པོ་བའི་ཞལ་བཀོད་མཛད་པ་ལྟར་བྱང་འབའ་རོམ་རྫ་དེ་ལ་ འུ་རིན་ཆེན་སྤུངས་པ་ལ་ཕེབས་ནས་ལོ་ངོ་བདུན་གྱི་རིང་དུ་བསྒྲུབས་པ་ མཛད་ཅིང། ཕལ་ཆེར་ཏིང་ངེ་འཛིན་གྱིས་དངོས་སུ་འཚོ་བ་བྱུང་ དེ་ནས་ཁམས་སུ་བྱོན་ཏེ་དཔོན་ཆེན་ཡེ་ཤེས་གསལ་གྱིས་ཞབས་ཏོག་ ལེགས་པར་མཛད། ཀོ་མཚོ་དང་ལོ་སྡེའི་དགོན་པ་གསར་འདེབས་ མཛད། དེ་ནས་སླར་བྱང་འབའ་རོམ་དུ་ཕེབས་ཏེ་བྲག་དམར་གྱི་ ལོགས་སུ་འབའ་རོམ་དགོན་པ་ཞེས་བྱ་བ་དེ་གསར་འདེབས་མཛད་ རིན་པོ་ཆེ་སྟག་ལུང་བ་དང་འབྲི་གུང་ཆོས་རྗེ་སོགས་ལ་ཆོས་འབྲེལ་མང་ དུ་ཞུས། སྐུ་ཚེ་གང་བོར་སློབ་མའི་ཚོགས་པ་བསྐྱངས་ནས་དུས་འདའ་ བར་མཛད་ཅིང། འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཆེན་ འབྱེད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྩེ་བྲོམ་དབང་ཕྱུག་སེང་ གེ། བྲག་ཀ་ཇོ་བཙུན། བླ་ཆེན་ལྷ་པ། སྟོན་པ་རིན་ཆེན་བླ་མ་ བྲག་ཀ་ལྷ་སྟོན། སྒོམ་པ་གཞོན་ནུ་བུ་གྲགས། ཁྱི་མཉེ་ཨཱརྱ་དེ་ཝ་ ལྷ་རྗེ་བློ་གྲོས་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ མའི་གསོལ་འདེབས། དུ་བཞུགས་སོ། ཁོང་ནི་རྗེ་སྒམ་པོ་པའི་སློབ་མ་བརྒྱུད་པ་འཛིན་པ་ [1205] ། འབལ་ལྡོང་ཙབ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བློན་ པོ་ཡིན། བོད་ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་ལྡེ་ གཙུག་བརྟན་མེས་ཨག་ཚོམ་ཅན་ལྐོག་ཏུ་བཀྲོངས་ནས་སྲིད་འགྱུར་ བསླང་བའི་ངན་སེམས་ཡོད་ཀྱང། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ བོད་ལུགས་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་འབལ་ལྡོང་ཙབ་དམག་ དང་ཁྲིམས་ཀྱིས་ཚར་བཅད་ཅིང་ཁྱིམ་གཞིས་རྒྱུ་ནོར་དང་བཅས་པ་ གཞུང་བཞེས་མཛད་ནས་དུས་ཟིང་ལྷིང་འཇགས་སུ་བཏང་ངོ་ འབལ་བློན་འབྲོ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། འབུམ་ཕྲག་གསུམ་པ།། ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གཡས་རུ་ཁང་དམར་བྲག་ཁུང་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ [1206] ཁོང་དགུང་ལོ་བདུན་ པར་སེམས་དཔའ་གཞོན་ནུ་རྒྱལ་མཆོག་ལས་རབ་ཏུ་བྱུང་ཞིང་ཡི་གེའི་ སྦྱོར་ཀློག་བཅས་ལ་ལེགས་པར་བསླབས། དེ་ནས་མདོག་ཆོས་འཁོར་ སྒང་དུ་ཕེབས་ཏེ་པཎ་ཆེན་སངས་རྒྱས་སེང་གེ་དང། བྱང་སེམས་བློ་ གྲོས་རིན་ཆེན། དོལ་ཕྲུག་ཆོས་བཟང་རྣམས་ལ་བསྟེན་ནས་གཞུང་ ཆེན་དག་ལ་སློབ་གཉེར་མཛད་དེ་ས་སྐྱར་དཀའ་བཅུའི་གྲྭ་སྐོར་མཛད་ དེ་ནས་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་ཤིང་བྱམས་ཆེན་རབ་འབྱམས་ པ་སངས་རྒྱས་འཕེལ་ལས་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཏེ་ བཤད་པ་མཛད་པས་འབུམ་ཕྲག་གསུམ་པ་ཞེས་མཚན་སྙན་གསོལ་ སྒྲ་པ་ཤེས་རབ་རིན་ཆེན་དང་ཤངས་པ་ཀུན་དགའ་དཔལ་ལྡན་ལས་སྒྲ་ དང། སྙན་ངག་སྡེབ་སྦྱོར་བཅས་ལ་སྦྱངས་པར་མཛད། དགུང་ལོ་ སུམ་ཅུ་ཐམ་པར་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ཞྭ་ལུ་དཀའ་བཅུ་བ་ གསུམ་ལས་བསྙེན་པར་རྫོགས་ཤིང་རྩེས་ཐང་དུ་གཞུང་ལུགས་དྲུག་ཅུ་ བཤད་པའི་དགའ་སྟོན་སྤེལ། དགུང་ལོ་སོ་གཅིག་པར་ངམ་རིང་དུ་ ཕེབས་ཏེ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་བཤད་པའི་སྲོལ་ཆེན་པོ་བཏོད་ དགུང་ལོ་སོ་གསུམ་པར་ངོར་ཆེན་ཡབ་སྲས་ལས་ངོར་ལུག་སྡང་ བདག་ཆེན་རྒྱ་གར་བ་ལས་རྫོང་ལུགས། བཤེས་གཉེན་བློ་གྲོས་རྒྱལ་ མཚན་ལས་བོ་དོང་པའི་དེ་ཉིད་འདུས་པ། སྟག་ལུང་ངག་དབང་གྲགས་ པ་ལས་དྭགས་པོ་བཀའ་བརྒྱུད་དང་རས་ཆུང་སྙན་བརྒྱུད། མཁྱེན་རབ་ ཡོན་ཏན་དཔལ་བྱུང་ལས་ཤངས་པ་བཀའ་བརྒྱུད་དང་རི་ཆོས། ཀ་ [1207] རྣལ་འབྱོར་རྡོ་རྗེ་ ལས་ཞི་བྱེད་ཀྱི་ཆོས་སོགས་མཐའ་ཡས་པ་གསན། དེ་ནས་ཆུ་མིག་ དང། ཡར་འབྲོག་རྐྱང་འདུར། ནོར་བུ་སྒང་སོགས་འགྲིམས་ཤིང་ ལོ་བཅུའི་བར་དུ་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ལྔ་བཅུ་ང་ བདུན་པ་རབ་བྱུང་བརྒྱད་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་བསོད་ནམས་རྒྱལ་མཚན་གྱིས་མཐུན་རྐྱེན་སྦྱར་ཏེ་མཉན་ ཡོད་བྱ་རྒོད་གཤོངས་ཀྱི་ཆོས་གྲྭ་ཆེན་པོ་གསར་འདེབས་མཛད་ཅིང་ གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་དང་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དགུང་ལོ་དོན་གཉིས་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ འཕགས་མཆོག་ཀླུ་སྒྲུབ་དང། ཨར་སྟོན། བློ་གྲོས་རྒྱ་མཚོ། ཀུན་ མཁྱེན་ལྕགས་ཐང་ཆོས་རྗེ། རྒྱལ་བ་དཀོན་མཆོག་དཔལ་བ། ལྷོ་ བྱང་གི་ལྷ་དབང་རྣམ་གཉིས། འཇམ་མགོན་བློ་གྲོས་བཀྲ་ཤིས་སོགས་ ཡིན་ནོ། ། འབུལ་སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་སྦྱོར་ཀློག་དང། ཆོས་སྤྱོད་བཅས་ལ་བྱང་བར་མཛད་ཅིང་གྲྭ་ ས་ཆེན་པོའི་ཆོས་སྒོ་འགྲིམས་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ ཆེན་རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས། རབ་བྱུང་བཅོ་ལྔ་པའི་ཆུ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་རོང་ཐ་དམ་ཆོས་རྒྱ་མཚོ་ལས་རྩིས་རིག་ [1208] དེ་ནས་མདོ་དབུས་ཁམས་གསུམ་དུ་ཕེབས་ ཏེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གདུལ་བྱ་ཐམས་ཅད་སྨིན་ པར་མཛད། སྐུ་ཚེའི་སྨད་དུ་ལྷ་ལྡན་ཀུན་བདེ་གླིང་དུ་བཞུགས་ནས་ སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་གསུང་རྩོམ་ནི་ ཆོས་འཕེལ་གྱི་རྣམ་ཐར་བྱིན་རླབས་བདུད་རྩིའི་བུམ་བཟང། སྲིད་ཞིའི་མཛེས་རྒྱན། བཅད། བསམ་གཏན་གླིང་གི་གསུང་རྒྱུན་ལྟར་སྤྱོར་ཆོས་ནག་འགྲོས་སུ་བཀོད་ པ། སོ། ། འབེ་བཟའ་ཝ་མོ་སྐྱིད།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་སྐུ་གཤེགས་ ནས་གདུང་སྲས་མངའ་བདག་འོད་བསྲུངས་དང། མངའ་བདག་ཡུམ་ བརྟན་གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་གཉིས་སུ་ གྱེས་པའི་དུས་བབས་དང། ལྷག་པར་དུ་གཡོ་རུའི་ཞང་རྗེ་གསས་སྣེ་ བཙན་གྱིས་རང་གི་དབོན་པོ་གཡུ་སྣེ་བསད་པར་བརྟེན་ཏེ་གཡུ་སྣེའི་ བཟའ་ཟླ་འབེ་བཟའ་ཝ་མོ་སྐྱིད་ཀྱིས་འགོ་ཁྲིད་བྱས་ནས་མཆིམས་ཀོང་ ཡུལ་གྱི་མི་དྲུག་ཙམ་གྲོས་ཁོངས་སུ་བསྡུས་ནས་འབངས་གྱེན་ལོག་བྱས་ [1209] ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་དང་ཆུང་སྲིད་ མང་ཚན་དང་ཆུང་ཚན། གསེར་པ་དང་གཡུ་པ། ཤ་ཟན་དང་རྩམ་ ཟན་ཞེས་སྡེ་ཚན་གཉིས་གཉིས་སུ་འཆད་དེ་རྩོད། མཁས་པའི་དགའ་སྟོན། འཐོར་བ་རེད། ཁོང་མོ་ནི་འབངས་གྱེན་ལོག་སྐབས་ཀྱི་སྙན་གྲགས་ཆེ་ བའི་འགོ་ཁྲིད་པ་ཞིག་ཡིན་ནོ། ། འབྲས་བློ་གླིང་དགེ་བཤེས་ངག་དབང་ཆོས་གྲུབ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་དང། རབ་ བྱུང་བསྒྲུབས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་ མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ ཆོས་སྒོར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་དེ་མཁས་ པའི་གྲགས་པ་ཐོབ། དགུང་ལོ་ལྔ་བཅུ་ང་ལྔ་པར་སྦྱིན་བདག་གིས་ གདན་ཞུས་ལྟར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ ཆེར་བསྐོར། དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་མཚན་གཞན་ལ་ལྡན་མ་སྟོང་ཕུད་ཅེས་ཞུའོ། ། ཁོང་གི་གསུང་རྩོམ་ནི་ བསྟན་བཅོས་རིག་པའི་ཉིན་བྱེད། [1210] བཅས་པོད་ཆུང་གཅིག་བཞུགས་སོ། ། འབྲས་མོ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གིས་ཆོས་རྗེ་ གཙང་པ་རྒྱ་རས་རྩ་བའི་བླ་མར་བསྟེན་ནས་གདམས་ངག་ཐམས་ཅད་ ཞུས་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། དུས་ཕྱིས་སུ་མྱང་སྟོད་ དུ་འབྲས་མོ་དགོན་པ་གསར་འདེབས་མཛད་ཅིང་ཚོགས་པ་བསྐྱངས་ཏེ་ བསྟན་པའི་ཞབས་ཏོག་ལེགས་པར་མཛད་དོ། ། འབྲི་གུང་ཀུན་དགའ་རིན་ཆེན་དཔལ་བཟང་པོ། །། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་ བཟང་པོ་དང། ཡུམ་མགར་བཟའ་རིན་ཆེན་དཔལ་མོ་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། རབ་བྱུང་དགུ་པའི་མེ་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་གཤེགས་ གོང་གི་བྱིས་པའི་མཚན་ལ་རིན་ཆེན་ལྷུན་པོ་ཞེས་ཞུའོ། དགུང་ལོ་ བདུན་པར་སློབ་དཔོན་སྦྱིན་གྲགས་ལས་ཡི་གེའི་སྦྱོར་ཀློག་ལེགས་པར་ བསླབས། དགུང་ལོ་བཅུ་གཅིག་པ་ཁུ་བོ་ཝང་རིན་ཆེན་ཆོས་རྒྱལ་ལས་ བཀའ་བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་གནག་བྱོའི་ཚུལ་ དུ་གསན། དགུང་ལོ་བཅུ་བདུན་པར་མཁན་ཆེན་ཀུན་དགའ་བློ་གྲོས་ དང། སློབ་དཔོན་བློ་གྲོས་བསྟན་པ། དུས་སྒོ་བ་ལེགས་པ་རིན་ཆེན་ [1211] ཤིང་མཚན་ལ་ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་ པོ་ཞེས་གསོལ། མཁན་སློབ་དེ་དག་ལས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་ གྱུར། དགུང་ལོ་ཉི་ཤུ་ཐམ་པར་རབ་བྱུང་གི་མཁན་སློབ་ལས་བསྙེན་ རྫོགས་མཛད་ཅིང་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་ བཞུགས་ནས་ཆོས་སྲིད་གཉིས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ ཤིང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་བསྟན་མང་དུ་གསར་ བཞེངས་མཛད། དུས་དེར་དབུས་གཙང་གི་ས་ཁུལ་དུ་ཟིང་འཁྲུག་དང་ ནད་ཡམས། མུ་གེ་ལ་སོགས་པ་བྱུང་བ་ལ་བྱང་ཆུབ་སེམས་དཔའ་ ཆེན་པོའི་བརྟུལ་ཞུགས་འཛིན་ནས་དེ་དག་བཟློག་པའི་མཐུན་རྐྱེན་ཁོ་ ན་མཛད་དོ། དགུང་ལོ་ཞེ་ལྔ་པར་ཞྭ་དམར་ཆོས་ཀྱི་གྲགས་པ་དང་ མཇལ་ཞིང་དབང་ལུང་མན་ངག་མང་དུ་ཞུས། དགུང་ལོ་ལྔ་བཅུ་ཐམ་ པར་བཀྲ་ཤིས་སྒོ་མང་ལེགས་པར་གྲུབ་སྟེ་རབ་གནས་ཆོ་ག་རྒྱས་པ་ མཛད། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱི་བླ་མར་གྱུར་ཏེ་ཀུན་ གྱིས་སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་འཕྲུལ་དུ་ངོས་འཛིན་བྱས་ སོ། དགུང་ལོ་ལྔ་བཅུ་ང་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་ རབས་བཅོ་ལྔ་པ་ཡིན་ནོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རས་ཆེན་ རིན་ཆེན་རྒྱ་མཚོ་དང། །སློབ་དཔོན་འཇམ་དབྱངས་རིན་ཆེན་ མཁན་ཆེན་ཀུན་དགའ་རྒྱ་མཚོ། པཎ་ཆེན་རྡོ་རྗེ་རྒྱལ་མཚན། རབ་ [1212] ཆོས་སྒོ་བ་བཅས་དང། གསུང་རྩོམ་ ནི་ སྲོག་འཁོར་གྱི་ཁྲིད། བཞུགས་སོ། ། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམས་ལྡན་སྟོད་གཙོང་དུ་ཡབ་སྐྱུ་ར་རྡོ་རྗེ་དང། ཡུམ་བཙུན་མ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཡི་ གེའི་སྦྱོར་ཀློག་དང་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སོགས་ཡབ་ལས་ཞུས་ དགུང་ལོ་བརྒྱད་པར་རྭ་སྒྲེང་སྒོམ་ཆེན་དང་སློབ་དཔོན་སྐྱེས་བུ་གཉིས་ ལས་བསྟན་རིམ་དང། ལྷོ་པ་རྡོ་རྗེ་སྙིང་པོ་ལས་གསང་འདུས་འཕགས་ སྐོར་གྱི་སྒྲུབ་ཐབས་སོགས་གསན། དགུང་ལོ་ཉི་ཤུ་ཐམ་པར་ལྷོ་ལ་ བྱོན་ཏེ་སློབ་དཔོན་ཡེ་ཤེས་ལས་རྗེ་བཙུན་སྒྲོལ་མའི་དབང་དང་མན་ ངག་རྣམས་ཞུས། དགུང་ལོ་ཉེར་གཉིས་པར་སྒྲུབ་པ་ཉམས་ལེན་མཛད་ ཅིང་བཅད་རྒྱ་མཛད། དེ་ནས་དབུས་སུ་ཕེབས་ཏེ་དགུང་ལོ་ཉེར་ལྔ་ པར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ཤིང་བྱང་ཆུབ་སེམས་ སྡོམ་ཞུས་པས་མཚན་ལ་རིན་ཆེན་དཔལ་ཞེས་གསོལ། ཕྱག་རྒྱ་ཆེན་ པོའི་མན་ངག་སོགས་ཟབ་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན་པར་མཛད། དགུང་ལོ་ཉེར་དགུ་པར་གཡེ་ཆུང་དུ་བྱོན་ཏེ་ལོ་ གསུམ་གྱི་རིང་དུས་གྲུབ་པ་ཉམས་ལེན་མཛད། དགུང་ལོ་སོ་ང་པར་ [1213] སློབ་དཔོན་རྩི་ལུང་པ། གཉལ་བ་འདུལ་ འཛིན་སོགས་ལས་བསྙེན་པར་རྫོགས་ཤིང་འདུལ་བ་གསན། དེ་ནས་ ཕག་གྲུར་ཕེབས་ཏེ་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ ཉན་སྤེལ། དགུང་ལོ་སོ་བདུན་པ་རབ་བྱུང་གསུམ་པའི་ས་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་འབྲི་ཐེལ་བྱང་ཆུབ་གླིང་གསར་འདེབས་མཛད་ ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་པས་འབྲི་གུང་བཀའ་ བརྒྱུད་ཀྱི་བསྟན་པའི་སྲོལ་ཚུགས། ཕག་གྲུའི་གདན་ས་དང་བསམ་ ཡས་གཙུག་ལག་ཁང་སོགས་ཞིག་གསོས་མཛད་ཅིང། དབུས་གཙང་ གི་གནས་རི་མང་པོར་འགྲིམས་ནས་བྱིན་གྱིས་བརླབས། དགུང་ལོ་ང་ དྲུག་པར་ཕག་གྲུར་གཙུག་ལག་ཁང་དང་རྟེན་བརྟེན་པར་གསར་ བཞེངས་མཛད། དགུང་ལོ་དྲུག་ཅུ་ཐམ་པར་སིང་ག་ལའི་དགྲ་བཅོམ་ པས་མེ་ཏོག་ཕུལ་བ་དང་ཁ་ཆེ་པཎ་ཆེན་གྱིས་ཀླུ་སྒྲུབ་གཉིས་པ་ཞེས་ བསྔགས་བརྗོད་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པར་སྤྱན་སྔ་གྲགས་ པ་འབྱུང་གནས་ཕག་གྲུའི་གདན་སའི་ཁྲི་ལ་མངའ་གསོལ། དགུང་ ལོ་དོན་གསུམ་པར་འབྲི་གུང་དུ་དགེ་འདུན་ཁྲི་ཚོ་བཅོ་བརྒྱད་འཛོམས་ པ་ལས་ཆོས་རྗེ་ཕུན་ཚོགས་རྒྱ་མཚོ་སོགས་ཀྱི་གཙོས་པའི་སློབ་མ་མང་པོ་ ཏེ་སེ་དང། གུ་གེ་གུ་ཡ་སྒང། མང་ཡུལ། སྤུ་རངས་སོགས་སུ་ མངགས་ནས་འབྲི་གུང་གི་བསྟན་པ་དར་བར་མཛད། དགུང་ལོ་དོན་ ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་འཛམ་གླིང་ རྒྱན་ཞེས་པ་ཞིག་བཞེངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྤྱན་ སྔ་ཤེས་རབ་བྱུང་གནས་དང། སྤྱན་སྔ་གྲགས་པ་འབྱུང་གནས་སོགས་ [1214] གཉོས་རྒྱལ་བ་ལྷ་ནང་པ་སོགས་ཐུགས་སྲས་བརྒྱད་ དཔལ་ཆེན་ཆོས་ཡེ་སོགས་དཔལ་ཆེན་བརྒྱད། ངོར་རྗེ་སོགས་རས་པ་ བརྒྱད། གུ་ཡ་གངས་པ་སོགས་གངས་པ་གསུམ། ཁྲོ་ཕུ་ལོ་ཙཱ་བ་ སོགས་ལོ་ཙཱ་བ་བརྒྱད། ཐག་མ་འདུལ་འཛིན་སོགས་འདུལ་འཛིན་ བཅུ། ཉི་མ་སེང་གེ་སོགས་ཞིག་པོ་ལྔ་བཅས་བྱོན་ནོ། ཁོང་གི་གསུང་ རྩོམ་ནི་ ཆོས། འབྲོམ་མ། རྟོགས་མགུར། མི་ཟད་རྒྱ་མཚོའི་གཏེར། གཟི་བརྗིད། ། འབྲི་གུང་ཆོས་ཀྱི་རྒྱས་པོ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་གཞུ་སྨད་འཇོན་མར་ཡབ་ཀུན་དགའ་རྒྱལ་མཚན་དང་ ཡུམ་དབུར་པ་དར་འཇམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས་ ཁོང་དགུང་ལོ་བརྒྱད་པར་འབྲི་གུང་རྡོ་རྗེ་རྒྱལ་པོ་ལས་རབ་ཏུ་བྱུང་ཞིང་ མཚན་ལ་འཛམ་གླིང་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དགུང་ལོ་དགུ་པར་ འདུལ་འཛིན་རིན་ཆེན་རྒྱལ་མཚན་དང། ཆོས་སྒོ་བ་གཞོན་ནུ་དཔལ་ གཉིས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་པར་ [1215] ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་བཅུ་བདུན་ པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་བཞུགས་ནས་ཆོས་སྲིད་ གཉིས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཉི་ཤུ་ཐམ་པར་ས་པཎ་ཀུན་ དགའ་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས་ཤིང་འདུལ་བའི་ཆོས་ གཞུང་བཅས་ལ་གསན་པར་མཛད། གཞན་ཡང་སློབ་དཔོན་ཆོས་ཀྱི་ རྒྱལ་མཚན་དང། བདེ་ལེགས་བཟང་པོ། གཡག་སྡེ་པཎ་ཆེན། རྩེ་ ཆེན་དོན་གྲུབ་དཔལ་བཟང། ལོ་ཆེན་ཚུལ་ཁྲིམས་མགོན་པོ། འཇམ་ དབྱངས་བསོད་ནམས་རྒྱལ་མཚན་སོགས་ལ་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ ལོ་ཉེར་དགུ་པར་དྭགས་ཀོང་སོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་ བསྐོར། བཀའ་འགྱུར་དང། བསྟན་འགྱུར། བཀའ་བརྒྱུད་གོང་ མ་རྣམས་ཀྱི་རྣམ་ཐར་བཅས་བཞེངས་པར་མཛད། དགུང་ལོ་རེ་ གཅིག་པར་འབྲི་གུང་གི་གདན་ས་ཆོས་རྗེ་དོན་གྲུབ་རྒྱལ་པོར་གཏད་ ནས་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་དོན་གསུམ་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་མཚན་གཞན་ལ་འཛམ་གླིང་ ཆོས་ཀྱི་རྒྱལ་པོ་དང། ཉེར་གཉིས་པ་ཆོས་ཀྱི་རྒྱལ་པོ་ཞེས་ཞུའོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ལ་ཕྱི་ནམ་མཁའ་རྒྱལ་མཚན་དང། སྨན་ སྒོམ་འོད་ཟེར་སེང་གེ་ས་བཟང་འཕགས་པ། འབྲི་གུང་ལོ་ཙཱ་བ་ རྗེ་བཙུན་བློ་བཟང་གྲགས་པ་བཅས་སོ། ཁོང་གི་གསུང་རྩོམ་ནི་ ལྡན་ནོར་བུའི་ཕྲེང་བ། [1216] ཆེར་མིག་གི་སྤྱོད་ཡུལ་དུ་མ་གྱུར་ཏོ། །ཁོང་ནི་འབྲི་གུང་བྱང་ཆུབ་ གླིང་གི་གདན་སའི་མཁན་རབས་བཅུ་པ་ཡིན་ནོ། ། འབྲི་གུང་ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དཔལ་བཟང་པོ།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ རྒྱ་མ་ཁྲི་ཁང་དུ་ཡབ་རྗེ་རིན་ཆེན་ཕུན་ཚོགས་དང། ཡུམ་རིག་འཛིན་ བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང། གདུང་རུས་སྐྱུ་ར་ཡིན་ རབ་བྱུང་བཅུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཡངས་རི་སྒར་དུ་ སྐུ་གཤེགས། ཁོང་དགུང་ལོ་བདུན་པར་འབྲི་གུང་དུ་གདན་ཏེ་ཡབ་རྗེ་ རིན་ཆེན་ཕུན་ཚོགས་ལས་འབྲི་གུང་བཀའ་བརྒྱུད་པའི་ཟབ་ཆོས་ རྣམས་ཀྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན། དགུང་ལོ་བཅུ་གཉིས་པར་ཁུ་བོ་རིན་ཆེན་རྣམ་རྒྱལ་ལས་རབ་ བྱུང་བསྒྲུབས་ཏེ་ལོ་པ་ཆོས་གྲགས་རྒྱལ་མཚན་ལས་གསར་མའི་ཆོས་ སྐོར་མང་དུ་གསན། དེ་ནས་ཀོང་པོ་དང། དྭགས་པོ། ལོང་པོ་ སྙེ་མོ། འོ་ཐང། རྩ་ནང་སོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ ཞིང་སྐུ་གསུང་ཐུགས་བསྟན་མང་དུ་བཞེངས། ཕྱོགས་ལས་རྣམ་རྒྱལ་ སྐུ་གཤེགས་རྗེས་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ ཏེ་ཆོས་སྲིད་གཉིས་ཀྱིས་འབྲི་གུང་གི་གདན་ས་བསྐྱངས། དཔོན་ས་ གཡང་ཁུག་བྱ་བ་མཁའ་འགྲོ་མ་ཞིག་བདག་ཡུམ་བཞེས་ཏེ་རིགས་སྲས་ དཀོན་མཆོག་ཕུན་ཚོགས་དང། དཀོན་མཆོག་རིན་ཆེན་བཅས་ཆོས་ [1217] དགུང་ལོ་ང་ལྔ་པར་གཞུ་སྨད་ཕུ་གུ་གདོང་ དུ་རྫོང་གསར་བཀྲ་ཤིས་གསར་འདེབས་མཛད། དགུང་ལོ་ང་དྲུག་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་འབྲི་གུང་བྱང་ ཆུབ་གླིང་གི་གདན་སའི་མཁན་རབས་ཉི་ཤུ་པ་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་བླ་མ་སངས་རྒྱས་རིན་ཆེན་དང། མཁན་ཆེན་རྣམ་ འཇོམས་ཕུན་ཚོགས། སྤྲུལ་སྐུ་བསྟན་འཛིན་ཕུན་ཚོགས། ནག་ཤོད་ ཤཱཀྱ་རིན་ཆེན། རྔོད་བཀྲ་ཤིས་དར་རྒྱས། ཏི་སེ་རྡོར་འཛིན་ངག་ དབང་རྣམ་རྒྱལ། ལ་ཕྱི་རྡོར་འཛིན་ཀུན་དགའ་དཔལ་ལྡན། མགར་ བསྟན་འཛིན་ཕུན་ཚོགས་བཅས་མང་དུ་བྱོན་ནོ། ། འབྲི་གུང་ཆོས་རྒྱལ་རིན་ཆེན་དཔལ་བཟང།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་རིན་ཆེན་དབང་རྒྱལ་དང། ཡུམ་ དཔལ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་སྐྱུ་ར་ཡིན་ རབ་བྱུང་བརྒྱད་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་མཚེའུ་ཁ་བདེ་ ལྡན་ཕོ་བྲང་དུ་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་ སྦྱོར་གསུམ་ལེགས་པར་མཁྱེན་ཞིང་ལྔ་ལྡན་གྱི་རྩ་ཚིག་སོགས་ཐུགས་ ནས་སྐྱོར་བར་མཛད། དགུང་ལོ་བཅོ་ལྔ་པར་འབྲི་གུང་བྱང་ཆུབ་གླིང་ གི་གདན་སའི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀའི་ཐུགས་འགན་ བཞེས་ཏེ་མངའ་རིས་རྒྱལ་པོའི་སྲས་མོ་ཆོས་རྒྱལ་བཟང་མོ་ཁབ་ཏུ་ བཞེས་པ་བ་རིགས་སྲས་རིན་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས། མགར་ ལུང་ནས་བདག་ཡུམ་ཆུང་བ་ཞིག་བཞེས་པ་ལ་རིགས་སྲས་རིན་ཆེན་ [1218] འབྲི་གུང་དུ་སྐུ་གསུང་ཐུགས་རྟེན་ མང་དུ་བཞེངས་པ་དང། གདུལ་བྱ་འདུལ་དཀའ་བ་རྣམས་ལ་གསོལ་ དཀར་ཇ་དང་བཅས་པ་ཕྱག་གིས་བཏེགས་ནས་གྱང་ལོགས་སུ་བརྒྱབ་ པ་ན་ཇ་ཡང་མ་བོར་ཞིང་དཀར་ཡོལ་ཡང་ཆག་གས་མེད་པའི་གྲུབ་ རྟགས་བསྟན། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་ལས་ཤ་ ཝ་རི་པ་མིའི་གཟུགས་སུ་སྤྲུལ། བློ་གྲོས་སྟོབས་ལྡན་གླང་གི་ལོ་པ་ གཅིག་མིའི་དབང་པོ་ཆོས་རྒྱལ་རཏྣའི་མཚན། གཏེར་སྒྲོམ་དང་ནི་ འབྲི་ཡི་ཕྱོགས་སུ་འབྱུང། དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་ སའི་མཁན་རབས་བཅུ་གསུམ་པ་ཡིན་ནོ། ། འབྲི་གུང་དོན་གྲུབ་རྒྱལ་པོ།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་གཞུ་སྨད་འཇོན་མར་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་སྐུ་ འཁྲུངས་ཤིང་གདུང་རུས་སྐྱུ་ར་ཡིན། རབ་བྱུང་བདུན་པའི་མེ་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་དགུ་ པར་ཕྱི་ནང་ཐུན་མོང་གི་རིག་གནས་ལ་ལེགས་པར་སྦྱངས་ཏེ་མཁས་ པར་མཁྱེན། ཁོང་ལ་སྐུ་མཆེད་གཞན་མེད་པས་ཐོག་མར་བདག་ཡུམ་ བཞེས་ཏེ་རིགས་སྲས་རིན་ཆེན་དབང་རྒྱལ་སྐུ་འཁྲུངས། དེ་རྗེས་ལ་ ཕྱི་ནམ་མཁའ་རྒྱལ་མཚན་དང། སློབ་དཔོན་རིན་ཆེན་རྒྱལ་མཚན་ དུས་སྒོ་བ་བསོད་ནམས་རིན་ཆེན། གསང་སྟོན་པ་གྲགས་པ་གཞོན་ནུ་ [1219] དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་དཀྱུས་ གཅིག་ཏུ་བཞེས་ཤིང་དོན་གྲུབ་རྒྱལ་པོ་ཞེས་གསོལ། དེ་ནས་མདོ་ སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ཕུལ་དུ་བྱུང་བ་མཛད་ ཅིང་མཁས་པ་ཆེན་པོར་གྱུར། འབྲི་གུང་ཆོས་ཀྱི་རྒྱལ་པོ་ལས་བཀའ་ བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ ཐུགས་སུ་ཚུད་པར་མཛད། དགུང་ལོ་སོ་དགུ་པར་འབྲི་གུང་བྱང་ཆུབ་ གླིང་གི་གདན་སར་བཞུགས་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ བཞེས། དགུང་ལོ་ཞེ་བཞི་པར་ཏཱ་མིན་གོང་མས་ཀྭན་ཏིང་ཏཱ་གུ་ཤྲཱིའི་ ལུང་དང་ཆོ་ལོ་གནང། དེ་ནས་ནག་ཤོད་དང། བྲག་གསུམ་ལུང་ པ། དྭགས་པོ། ཀོང་པོ། ཙ་རི། ལྷ་ས་སོགས་ཕེབས་ཏེ་ཆོས་ཀྱི་ འཁོར་ལོ་རྒྱ་ཆེན་བསྐོར། འབྲི་གུང་དུ་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས་པ་དང་གདུལ་བྱ་འདུལ་དཀའ་བ་རྣམས་ལ་ཉི་མ་བགྲོད་མི་ ཐུབ་པ་སོགས་གྲུབ་རྟགས་མཐའ་ཡས་པ་བསྟན། དགུང་ལོ་ང་དགུ་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་འབྲི་གུང་བྱང་ ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་གཅིག་པ་ཡིན་ནོ། ། འབྲི་གུང་རྡོ་རྗེ་རྒྱལ་པོ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་གཞུ་སྨད་དུ་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས་ གདུང་རུས་སྐྱུ་ར་ཡིན། རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་བཀྲ་ཤིས་ལྗོངས་སུ་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ འབྲི་གུང་གླིང་ལོག་བྱུང་ཞིང་ཀོང་པོར་ཕེབས་ཏེ་གཙུག་ལག་རིག་ [1220] གཅེན་ པོ་རྡོ་རྗེ་རིན་ཆེན་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་རྡོ་རྗེ་རྒྱལ་པོ་ ཞེས་གསོལ། དགུང་ལོ་བཅུ་གསུམ་པར་གནས་ཆེན་གཏེར་སྒྲོམ་གྱི་ དབེན་གནས་རྣམས་སུ་བཞུགས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་ ཚོགས་ཟངས་གླང་ལུང་མ་སོགས་གཏེར་ལས་བཞེས། དགུང་ལོ་སོ་ གཅིག་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ ལོ་ངོ་སོ་བརྒྱད་ཀྱི་རིང་དུ་ཆོས་སྲིད་གཉིས་ཀྱི་སྒོ་ནས་གདན་ས་ བསྐྱངས་ཏེ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། དགུང་ལོ་ལྔ་བཅུ་ཐམ་པར་བཀྲ་ཤིས་ལྗོངས་ཀྱི་གཙུག་ལག་ ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། གཞུ་སྨད་གཡའ་ མ་རི་ལ་མགོན་ཁང་དང་སྒྲུབ་སྡེ་ཡང་བཏབ། དེ་ལྟར་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་རེ་བརྒྱད་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་གི་མཚན་གཞན་ལ་ཉེར་བརྒྱད་པ་རྡོ་རྗེ་ རྒྱལ་པོ་ཞེས་ཞུའོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ མཁན་རབས་དགུ་པ་ཡིན་ནོ། ། འབྲི་གུང་རྡོ་རྗེ་ཚུལ་ཁྲིམས།། ཁོང་ནི་སུམ་པ་ཚུལ་ཁྲིམས་རྡོ་རྗེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། འབྲི་གུང་རྡོ་རྗེ་རིན་ཆེན།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་གཞུ་སྨད་དུ་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས་ཤིང་ [1221] རབ་བྱུང་ལྔ་པའི་ཤིང་མོ་ཡོས་ ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་མཚམས་བཅད་པ་གྲགས་ པ་བསོད་ནམས་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་རྡོ་རྗེ་རིན་ཆེན་ ཞེས་གསོལ། གྲུབ་ཆེན་ས་ར་ཧའི་རྣམ་འཕྲུལ་ཡིན་པར་ལུང་བསྟན་ དགུང་ལོ་བཅུ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་ས་སྐྱ་པས་འབྲི་གུང་ལ་དམག་དྲངས་ཏེ་ཕམ་ཉེས་ཚབས་ ཆེན་བྱུང་བས་ དེ་ནས་ཀོང་པོར་ཕེབས་ ཏེ་ལོ་གཉིས་ཙམ་བཞུགས། དགུང་ལོ་བཅུ་གསུམ་པར་ཡོན་གོང་མས་ འཇའ་ས་དང་སྟག་མགོའི་ཐམ་ཁ་གནང་ནས་འབྲི་གུང་སྒོམ་པའི་གོ་ སར་བཀོད། དགུང་ལོ་བཅུ་དགུ་པར་འབྲི་གུང་བྱང་ཆུབ་གླིང་གི་ གདན་སར་ཕེབས་ནས་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ བསྐྱར་གསོ་དང་བསྐྱར་བཞེངས་མཛད། དགུང་ལོ་ཉེར་གཅིག་པར་ སྐུ་མཚམས་བཞུགས་ཤིང་གྲུབ་པ་བརྙེས། དགུང་ལོ་ཉེར་བརྒྱད་པར་ གངས་ཏེ་སི་དང་ཙ་རི་སོགས་ལ་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ དེ་ལྟར་ལོ་བཅོ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས་ཏེ་དགུང་ལོ་སོ་ བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་གི་མཚན་ གཞན་ལ་བཅུ་གཉིས་པ་རྡོ་རྗེ་རིན་ཆེན་དང་གླིང་རིན་པོ་ཆེ་ཞེས་ཞུའོ་ ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ ཡིན་ནོ། ། འབྲི་གུང་ནག་ཚང་བ།། ཁོང་ནི་དཔལ་ཆེན་ཆོས་ཀྱི་ཡེ་ཤེས་དང་མི་གཅིག་ཡིན་པས་དེ་ [1222] ། འབྲི་གུང་ཕྱོགས་ལས་རྣམ་རྒྱལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཡབ་ཕག་མོ་ གཅུང་རིན་པོ་ཆེ་དང་ཡུམ་ཧོར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས་ཤིང་གདུང་རུས་སྐྱུ་ར་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཁུ་བོ་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་ བཟང་པོ་དང། རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་གཉིས་ལས་ རབ་བྱུང་བསྒྲུབས་ཤིང་མཚན་ལ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་ རབ་བྱུང་གི་མཁན་པོ་གཉིས་ལས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཐུན་ མོང་མ་ཡིན་པའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ ཐོས་བསམ་མཛད། རབ་བྱུང་བཅུ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ གཙུག་ལག་ཁང་དང་བཀྲ་ཤིས་སྒོ་མང་དངུལ་ལས་གྲུབ་པ་སོགས་སྐུ་ གསུང་ཐུགས་རྟེན་མང་དུ་བཞེངས་ཏེ་རབ་གནས་ལེགས་པར་མཛད་ དགུང་ལོ་ཉེར་གསུམ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ་ ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་དགུ་ པ་ཡིན་ནོ། ། འབྲི་གུང་ཚེ་དབང་བརྟན་པ།། ཁོང་ནི་དཀོན་མཆོག་འགྲོ་ཕན་དབང་པོ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། འབྲི་གུང་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ།། [1223] འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་ ཡུམ་མགར་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཤིང་གདུང་རུས་སྐྱུ་ར་ཡིན། རབ་བྱུང་བརྒྱད་པའི་ཤིང་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་སློབ་དཔོན་རིན་ཆེན་འོད་ལ་བསྟེན་ཏེ་ཕྱི་ནང་ཐུན་མོང་ གི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་ པོར་གྱུར། དགུང་ལོ་ཉི་ཤུ་ཐམ་པར་མཁན་པོ་བཤེས་གཉེན་བཟང་པོ་ སོགས་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་འདུལ་ བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དགུང་ལོ་ཉེར་གཅིག་ པར་ཀོང་པོ་དང། འོག་ཤོད། དྭགས་པོ་སོགས་སུ་ཕེབས་ཏེ་ཆོས་ཀྱི་ འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་འབྲི་གུང་དུ་ཕེབས་ཏེ་ཡབ་རྗེའི་ དགོངས་རྫོགས་སུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་ཐོག་ཚད་ མ་ཞིག་བཞེངས་པ་དང་ཆོས་འཁོར་སྒང་དུ་ས་འབུམ་ལས་མཆོད་རྟེན་ ཆེན་པོ་དག་ཀྱང་བཞེངས། དེ་ནས་འབྲི་གུང་གི་ཆེ་དགུ་རྣམས་ཀྱིས་ གདུང་རྒྱུད་སྤེལ་བ་ཞུས་པའི་ངོར་རེ་ཞིག་ཏུ་ཚུལ་ཁྲིམས་ཀྱི་སྡོམ་པ་ཕུལ་ ནས་མགར་བཟའ་རིན་ཆེན་དཔལ་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་ རིན་ཆེན་རྣམ་རྒྱལ་དང། རྒྱལ་དབང་ཀུན་དགའ་རིན་ཆེན། ཆོས་ ཀྱི་རྒྱལ་པོ་བསྟན་པ་རྒྱལ་མཚན། སྲས་མོ་འགྲོ་བའི་སྒྲོལ་མ་བཅས་སྐུ་ འཁྲུངས། དེ་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་བསྐྱར་དུ་ཞུས་ཏེ་འབྲི་གུང་ བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་བཤད་སྒྲུབ་གཉིས་ཀྱི་ [1224] སུ་འཐིམས་སོ། ཁོང་གི་མཚན་གཞན་ལ་ཆོས་རྗེ་བཅོ་ལྔ་པ་ཞེས་ཞུའོ་ ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་བཞི་ པ་ཡིན་ནོ། ། འབྲི་གུང་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།། ཁོང་ནི་རབ་བྱུང་དགུ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ལྷ་བོ་སྟོད་དུ་ཡབ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ལེགས་ལྡན་རིན་ཆེན་ དཔལ་བཟང་པོ་དང། ཡུམ་སྐྱིད་ཤོད་བཟའ་བསོད་ནམས་སྒྲོལ་མ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གདུང་རུས་སྐྱུ་ར་ཡིན། རབ་བྱུང་ བཅུ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་ སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་ སྤྱོད་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་པར་མཁན་པོ་གྲགས་ པ་རྒྱལ་མཚན་དཔལ་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། འབྲི་ གུང་རིན་ཆེན་ཕུན་ཚོགས་ལས་བཀའ་བརྒྱུད་གོང་མའི་གདམས་ངག་ དང་སྒོས་སུ་འབྲི་གུང་པའི་ཆོས་མཛོད་མཐའ་དག་བུམ་པ་གང་བྱོའི་ ཚུལ་དུ་གསན། གཞན་ཡང་ཀརྨ་མི་སྐྱོད་རྡོ་རྗེ་དང། ཞྭ་དམར་ དཀོན་མྖྒོ་ཡན་ལག་གཏེར་སྟོན་ཞིག་པོ་གླིང་པ། མཁན་ཆེན་ ཀུན་དགའ་བཀྲ་ཤིས། མཁན་ཆེན་གྲགས་རྒྱལ་བ། སྣང་གསལ་བ་ བཀྲ་ཤིས་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་བཅུ་དྲུག་པར་ [1225] གཉིས་ཀྱིས་གདན་ས་བསྐྱངས། དགུང་ལོ་བཅོ་བརྒྱད་པར་མཁན་པོ་ ཀུན་དགའ་རྣམ་རྒྱལ་དཔལ་བཟང་ལས་བསྙེན་པར་རྫོགས་ཏེ་འདུལ་ བའི་ཆོས་གཞུང་སོགས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད། དགུང་ ལོ་ཉེར་གཉིས་པར་ཐེལ་གྱི་ཐོག་ཁ་གསེར་ཁང་དང་འཛམ་གླིང་རྒྱན་སྒོ་ མང་སོགས་ཀྱི་སྐུ་གསུང་ཐུགས་རྟེན་བཅས་ཞིག་གསོས་དང་གསར་ བཞེངས་མཛད། དགུང་ལོ་སུམ་ཅུ་ཐམ་པར་མཛོ་སེར་དང། འབབ་ རོམ། སྒོམ་སྡེ་སོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ ལོ་དེར་རྒྱ་ནག་གོང་མ་ཆེན་པོས་འཇའ་ས་གནང། དགུང་ལོ་སོ་ གསུམ་པར་འཕན་ཡུལ་དང། ཞོགས་པ། རང་ཞབས་སོགས་སུ་ ཕེབས་ཏེ་གདུལ་བྱ་རྣམས་སྨིན་གྲོལ་དུ་བཀོད། རྒྱལ་བའི་བཀའ་ འགྱུར་གྱི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དགུང་ལོ་ ཞེ་བདུན་པར་གཅུང་པཎ་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་འབྲི་ གུང་བྱང་ཆུབ་གླིང་གི་གདན་སར་དབང་བསྐུར། དེ་ནས་དབུས་གཙང་ གི་དུས་ཟིང་ལངས་བ་ལ་བརྩེ་སེམས་ཆེན་པོས་འདུན་མ་འགྲིག་པའི་ མཐུན་རྐྱེན་མང་དུ་བསྒྲུབས་ཀྱང་ཕན་འབྲས་དེ་འདྲ་མ་བྱུང། དེ་ ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ང་བརྒྱད་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་ གླིང་གི་གདན་སའི་མཁན་རབས་བཅུ་བདུན་པ་ཡིན་ནོ། ། འབྲི་གུང་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ།། ཁོང་ནི་རབ་བྱུང་དགུ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ [1226] ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གདུང་ རུས་སྐྱུ་ར་ཡིན། རབ་བྱུང་དགུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ རྒྱ་མ་ཁྲི་ཁང་དུ་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་སྐྱུ་རའི་གདུང་ བརྒྱུད་ཡིན་མིན་ལ་ནང་ཁུལ་ནས་རྩོད་པ་ཅུང་ཟད་བུད་པར་བརྟེན་སྐུ་ འཁོར་ཉུང་བསྡུས་དང་བཅས་ཡར་ཀླུང་ཕྱོགས་སུ་ཕེབས་ཏེ་མཁན་ཆེན་ བསོད་ནམས་བཀྲ་ཤིས་ལས་དབང་ལུང་མན་ངག་མང་དུ་གསན་ དགུང་ལོ་བརྒྱད་པར་ཞྭ་དམར་ཆོས་ཀྱི་གྲགས་པ་ལས་རབ་བྱུང་བསྒྲུབས་ ཤིང་མཚན་ལ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དེ་ ལྟར་ཞྭ་དམར་བ་སོགས་ལ་བསྟེན་གསར་རྙིང་གི་ཆོས་སྐོར་དང་རིག་ གནས་བཅས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད། དགུང་ལོ་བཅུ་ དྲུག་པར་འབྲི་གུང་དུ་ཕེབས་ཏེ་སྔར་གྱི་རྩོད་པ་ཞི་བར་གྱུར་ཞིང་འབྲི་ གུང་ཀུན་དགའ་རིན་ཆེན་ལས་བཀའ་བརྒྱུད་གོང་མའི་ཆོས་སྐོར་ཐམས་ ཅད་བུམ་པ་གང་བྱའི་ཚུལ་དུ་གསན་པ་མཛད། དགུང་ལོ་ཉི་ཤུ་ཐམ་ པར་མཁན་ཆེན་གྲགས་པ་རྒྱལ་མཚན་དང། སློབ་དཔོན་བསོད་ནམས་ དཔལ་བཟང། གསང་སྟོན་གྲུབ་ཆེན་ཚེ་འཕེལ་བཟང་པོ་སོགས་ལས་ བསྙེན་རྫོགས་མཛད་ཅིང་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་ བཞུགས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། དགུང་ལོ་ཉེར་ བཞི་པར་རྒྱ་ནག་གོང་མ་ཡུང་ལོ་རྒྱལ་པོས་ཝང་གི་ཆོ་ལོ་དང་འཇའ་ས་ གནང། དགུང་ལོ་ཉེར་དྲུག་པ་ནས་བཟུང་ཡངས་རི་སྒར་གྱི་གཙོས་ སྒྲུབ་སྡེ་བརྒྱད་ཙམ་གསར་འདེབས་མཛད་ཅིང་དགེ་འདུན་པ་རྣམས་ [1227] དགུང་ལོ་སུམ་ཅུ་ཐམ་པར་རིག་ འཛིན་བདུད་འཇོམས་རྡོ་རྗེ་དང། རྒྱ་མ་མི་འགྱུར་ཀུན་དགའ་དཔལ་ བཟང། མངའ་རིས་པཎ་ཆེན་སོགས་ལ་བསྟེན་ནས་བཀའ་བརྒྱད་ བདེ་འདུས་བཅས་གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་གསན་ཏེ་ བསྟན་པ་གཉིས་ལྡན་གྱི་བདག་པོར་གྱུར། དེ་ནས་རིག་འཛིན་བུ་ཁྲིད་ བདག་ཡུམ་དུ་བཞེས་ཏེ་རིགས་སྲས་ཆོས་རྒྱལ་ཕུན་ཚོགས་སྐུ་འཁྲུངས་ འབྲི་གུང་དུ་གཙུག་ལག་ཁང་ཞིག་གསོས་དང་བཀའ་བསྟན་འགྱུར་ གཙོས་སྐུ་གསུང་ཐུགས་བསྟན་མང་དུ་བཞེངས། དབུས་གཙང་སྟོད་ སྨད་ཀྱི་ཡུལ་གྲུ་ཕལ་ཆེར་ཞབས་ཀྱིས་བཅགས་ནས་ཆོས་ཀྱི་འཁོར་ལོ་ བསྐོར་བ་དང་དབུས་གཙང་གི་དུས་ཟིང་བསླངས་སྐབས་ཀྱང་ཆིངས་ མཛད་པ་སོགས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་འབྲི་གུང་ བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་དྲུག་པ་ཡིན། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་རིན་ཆེན་རྣམ་རྒྱལ་དང། པཎ་ཆེན་རིན་ཆེན་ བསོད་ནམས་དཔལ་གྱི་རྒྱ་མཚོ། དྲུང་ཆེན་བྱམས་པ་ཆོས་ཀྱི་རྒྱལ་ མཚན། དྲུང་པ་རིན་ཆེན་དཔལ། བླ་མ་ཆོས་སྐྱོང་རིན་ཆེན། བྱ་བཏང་ རྡོ་རྗེ་དཔལ་འབར། མཁས་གྲུབ་བྱམས་པ་དཔལ་བ། སྣང་གསལ་ བ་བཀྲ་ཤིས་རྒྱ་མཚོ་བཅས་མང་དུ་བྱོན་ནོ། ། འབྲི་གུང་རིན་ཆེན་དབང་རྒྱལ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་འབྲི་གུང་གཞུ་སྨད་དུ་ཡབ་དོན་གྲུབ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ [1228] འདས་ལོ་མི་གསལ། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཕྱི་ནང་ཐུན་མོང་གི་རིག་གནས་དང་དྲག་རྩལ་ བཅས་ལ་ལེགས་པར་སྦྱངས། སྐུ་ན་སོན་རྗེས་འབྲི་གུང་ཁྲི་སྐོར་གྱི་ཁྲི་ དཔོན་མཛད་ཅིང་སྨིན་ལེགས་དཔལ་འདྲེན་ཁབ་ཏུ་བཞེས་ཏེ་རིགས་ སྲས་ཆོས་རྒྱལ་རིན་ཆེན་དཔལ་བཟང་སྐུ་འཁྲུངས། ཏཱ་མིན་གོང་མས་ ཝང་གི་ཆོ་ལོ་དང་འཇའ་ས་གནང་བས་མཚན་དུ་བདག་པོ་ཝང་ཞེས་ གྲགས། སྐབས་ཤེད་དུ་ནག་སོག་གིས་འབྲི་གུང་ལ་དམག་དྲངས་པས་ ཁོང་གིས་དམག་དཔོན་མཛད་ནས་རྒོལ་ལན་སྤྲད་དེ་རྣམ་པར་རྒྱལ་ དེ་ནས་བཟུང་ངེས་འབྱུང་གི་བློ་སྐྱེས་ཏེ་ཁྲི་དཔོན་གྱི་ཐུགས་འགན་ བཞག་ཅིང་ཡབ་རྗེ་དོན་གྲུབ་རྒྱལ་པོ་ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་ལ་རིན་ ཆེན་དབང་རྒྱལ་ཞེས་གསོལ། བཀའ་བརྒྱུད་གོང་མ་རྣམས་ཀྱི་ཟབ་ མོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ལོ་ བཅུ་གཅིག་གི་རིང་དུ་སྐུ་མཚམས་བཞུགས་ཤིང་རྟོགས་པའི་ཡོན་ཏན་ ལ་མངའ་བརྙས། དགུང་ལོ་སོ་གསུམ་པར་འབྲི་གུང་བྱང་ཆུབ་ གླིང་གི་གདན་སའི་ཁྲི་ལ་བཞུགས་ཏེ་ཟླ་བ་ཕྱེད་གཉིས་ཀྱི་རིང་དུ་གདན་ས་ བསྐྱངས་ནས་བཙན་ཐབས་སུ་རྒྱ་ནག་རི་བོ་རྩེ་ལྔར་བྲོས་ཕེབས་གནང་ ཞིང་སྒྲུབ་པ་ཉམས་ལེན་ཁོ་ནར་གཞོལ་ནས་འཆི་མེད་རིག་འཛིན་གྱི་ གྲུབ་པ་བརྙེས་པར་གྲགས་སོ། གང་ལྟར་ཡང་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ ནི་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་ནི་འབྲི་གུང་བྱང་ ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་གཉིས་པ་ཡིན་ནོ། ། [1229] འབྲི་གུང་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ལྷ་པོ་སྟོད་དུ་ཡབ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ལེགས་ལྡན་དཔལ་ བཟང་དང། ཡུམ་སྐྱིད་ཤོད་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས་ཤིང་གདུང་རུས་སྐྱུ་ར་ཡིན། རབ་བྱུང་བཅུ་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་ གཤེགས། ཁོང་གི་བྱིས་པའི་མཚན་ལ་རིན་ཆེན་དབང་གི་རྒྱལ་པོ་ཞེས་ ཞུའོ། དགུང་ལོ་བདུན་པར་ཁུ་པོ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་ པོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་ མཚན་ལ་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་ཞེས་གསོལ། དེ་ ནས་ཀརྨ་པ་ཡབ་སྲས་དང། དཔའ་པོ་གཙུག་ལག་ཕྲེང་བ། སྣང་ གསལ་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ལས་འཕྲོ་གླིང་པ། ཇོ་གདན་ འོད་གསལ་ཀློང་ཡངས་སོགས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་ དང། བཀའ་རྙིང་གི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་ དུ་གསན་པ་མཛད། དགུང་ལོ་བཅོ་བརྒྱད་པར་ཀྲེ་པོ་ཆོས་ཀྱི་རྒྱ་མཚོ་ ལས་བསྙེན་པར་རྫོགས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད། ཁུ་པོ་རིན་ཆེན་ཕུན་ཚོགས་ལས་ཐེག་ཆེན་ བསྟན་པའི་སྙིང་པོ་དང་ཕྱག་ཆེན་ལྔ་ལྡན། ནཱ་རོ་ཆོས་དྲུག་དམ་ཆོས་ དགོངས་པ་གཅིག་པ། མོས་གུས་སྲོག་གི་འཁོར་ལོ་སོགས་ཀྱི་དབང་ དབང་ལུང་ཁྲིད་གསུམ་ལེགས་པར་ཞུས་ཏེ་འབྲི་གུང་བསྟན་པའི་བདག་ པོར་གྱུར། དགུང་ལོ་སོ་གསུམ་པར་འབྲི་གུང་ཐེལ་གྱི་གླིང་ཁ་དར་ [1230] མངའ་བརྙེས། དགུང་ལོ་སོ་དགུ་པར་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་ལོ་ངོ་བརྒྱད་ཀྱི་ རིང་དུ་གདན་ས་བསྐྱངས། འབྲི་གུང་དུ་སྐུ་གསུང་ཐུགས་རྟེན་མང་ དུ་བཞེངས་པ་དང་བཤད་སྒྲུབ་ཀྱི་བསྟན་པ་དམིགས་སུ་བཟུང་མུར་ དགུང་ལོ་ཞེ་བཞི་པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅོ་བརྒྱད་པ་ ཡིན་ནོ། ། འབྲི་གུང་རིག་འཛིན་ཆོས་གྲགས།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་གཞུ་སྨད་སྤྲོ་ལུང་དུ་ཡབ་རྗེ་ཆོས་རྒྱལ་ཕུན་ཚོགས་དང་ ཡུམ་དཔོན་ས་གཡང་ཁུག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གདུང་ རུས་སྐྱུ་ར་ཡིན། རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡབ་རྗེ་ ལས་བཀའ་བརྒྱད་བདེ་འདུས་ཀྱི་གཙོས་དབང་ལུང་མན་ངག་མང་དུ་ གསན། དགུང་ལོ་བཅུ་གཅིག་པར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་ དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་སྦྱོང་ པར་མཛད། དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དང། སྡེ་པ་ དཀོན་མཆོག་མཁན་ཆེན་རྣམ་འཇོམས་ཕུན་ཚོགས་སོགས་ལ་བསྟེན་ ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་མཁས་པ་ཆེན་པོར་གྱུར། དགུང་ལོ་བཅོ་བརྒྱད་པར་ [1231] གསང་སྔགས་གསར་རྙིང་གི་དཀའ་གནད་མང་དུ་གསན། དེ་ནས་ མདོ་ཁམས་སྟོད་སྨད་དུ་ཕེབས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ དགུང་ལོ་ཉེར་བདུན་པར་ཙ་རི་དང། མཚོ་དཀར། གཡུ་མཚོ། མེ་ འབར་མཚོ། མཚོ་གཉིས་མ། ཀ་ལ་དུང་མཚོ་སོགས་སུ་གནས་མཇལ་ དུ་ཕེབས། དགུང་ལོ་སོ་གཉིས་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་ སར་ཕེབས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། དེ་ནས་ གཞན་གྱིས་ཕྲ་མ་བཅུག་པར་བརྟེན་དགའ་ལྡན་ཕོ་བྲང་གིས་གནས་ སྐབས་ཤིག་ལ་དོ་དམ་བྱས་ཀྱང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་ རྒྱ་མཚོས་གློད་གྲོལ་དུ་བཏང་སྟེ་ཐུགས་མཐུན་ཁྲིམས་གཙང་གིས་ཆོས་ འབྲེལ་མཛད། འབྲི་གུང་གི་གདན་ས་དང། དེ་མིན་གྱི་སྒྲུབ་སྡེ་ཁག་ ལ་སྐུ་གསུང་ཐུགས་བསྟན་མང་དུ་བཞེངས་པ་མཛད། དེ་ལྟར་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་ལྔ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་དཀོན་ མཆོག་ཕུན་ཚོགས་ཞེས་ཞུའོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་མཁན་རབས་ཉེར་གསུམ་པ་ཡིན། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་དཀོན་མཆོག་འཕྲིན་ལས་བཟང་པོ་དང། ལྷོ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ། རྒྱལ་སྲས་བཀྲ་ཤིས་ཕུན་ཚོགས། པཎ་ཆེན་ དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་འགྲོ་ཕན་དབང་པོ་བཅས་ མང་དུ་བྱོན། ཁོང་གི་གསུང་རྩོམ་ནི་ འགྲེལ། [1232] ལྷ་ལྔ། ལུགས། རྣམ་བཞི། སོང་ཡོངས་སུ་སྦྱོང་བ་གཙུག་ཏོར་དགུ། བརྒྱད། མེའི་སྤུ་གྲི། སེལ། མང་དུ་བཞུགས་སོ། ། འབྲི་གུང་ཤེས་རབ་འབྱུང་གནས།། ཁོང་ནི་སྤྱན་སྔ་ཤེས་རབ་འབྱུང་གནས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། འབྲི་རྒྱལ་བའི་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་ འཁོར་ཡིན་ཞིང་མིང་ལ་མགོན་པོ་ཞེས་ཞུའོ། སྐུ་ཚེའི་སྨད་དུ་རབ་ བྱུང་བསྒྲུབས་ཏེ་མཚན་ལ་རྒྱལ་བའི་བློ་གྲོས་ཞེས་ཞུའོ། དེ་ནས་རྒྱ་གར་ དུ་བྱོན་ཞིང་སློབ་དཔོན་ཧཱུཾ་ཀ་ར་ལས་དམ་ཆོས་མང་དུ་གསན་ནས་བོད་ ཡུལ་དུ་ཕེབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་ གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད་ ཅིང་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་ནུས་པའི་དངོས་གྲུབ་ [1233] ལངས་གསེར་དུ་བསྒྱུར། ཁོང་ནི་གྲུབ་ཐོབ་རྗེ་ དང་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན་ནོ། ། འབྲི་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ ་ གྱི་སྐབས་སུ་སྙན་གྲགས་ཅན་གྱི་བྲིས་པ་ཞིག་ཡིན་ ཏེ། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ པོ་སྦྲང་རྩིའི་བཅུད། ཁྲི་ལྡེ་སྲོང་བཙན་སད་ན་ ལེགས་མཇིང་ཡིན་ སྐུ་རིང་ལ་ཡི་གེའི་མཁན་པོ་འབྲི་ཡོན་ཏན་ཞེས་བྱ་ བ་བྱུང་སྟེ། རྗེ་ལ་ཡི་གེ་སྟངས་སུ་ཕུལ་བས། ཉ་ལྟོ་དཀར་ཆུ་ནས་ བཏོན་པ་འདྲ་བ་ཞིག་བྱུང་སྟེ། གུང་བློན་རྣམས་ཀྱི་གཡར་དམ་དུ་ བཟང་བས། རྗེས་རྩིས་དང་བསྙེན་བཀུར་བ་ནི། དབུ་སྟོན། གཞུང་ སྟོན། ཐ་སྟོན། ཟ་སྲུང། ཟླ་སྟོན། སྐྲ་འཁྲུད་ཆུ་སྟོན། ཟ་ འདེགས། བྱ་དགའི་སྟོན་མོ་དཔག་ཏུ་མེད་དོ། གོ་ འབྲི་སེ་རུ་གུང་སྟོན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་འབྲི་ གུང་ལ་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་ མེད་པའི་བློན་པོ་བཞི་ཡི་ཡ་གྱལ་ཡིན། དེ་ནས་བློན་པོ་མགར་སྟོང་ བཙན་ཡུལ་ཟུང་དང་མཉམ་དུ་བལ་ཡུལ་དང། ཐང་རྒྱལ་རབས་ཀྱི་ [1234] རྒྱ་བཟའ་ ཀོང་ཇོ་གཉིས་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་ཤིང་ཕྱི་ ནང་བར་གྱི་ཁོད་རྣམས་སྙོམས་པར་མཛད་དོ། ། འབྲིང་སྟོན་ཡེ་ཤེས་ཡོན་ཏན།། ཁོང་ནི་རབ་བྱུང་དང་པོའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ལྔ་བཅུ་རྩ་བདུན་པ་རབ་བྱུང་གཉིས་པའི་ཆུ་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ཤིང་ལོ་ ངོ་བཅུ་བདུན་གྱི་རིང་དུ་གདན་ས་བསྐྱངས་ཤིང་སློབ་མ་མང་དུ་གསོ་ སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་བདུན་ཅུ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་གསུམ་པ་ཡིན་ནོ། ། འབྲིང་ཡས་བློན་སྟག་རྨ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། འབྲིང་ཡེ་ཤེས་ཡོན་ཏན།། [1235] སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་ཙོང་ཁའི་ ཡུལ་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་ དེང་སང་མཚོ་ སྔོན་ཞིང་ཆེན་ཞུང་ཧྭ་རྫོང་ཁོངས་ དུ་བྱོན་ནས་བླ་ཆེན་དགོངས་པ་ རབ་གསལ་ ་ ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་དབུས་གཙང་དུ་ལོག་ ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ཁང་སོགས་ལ་ཞིག་གསོས་ མཛད། དེ་རྗེས་ཁོང་གིས་ངན་ལམ་དུ་སྤྱི་མོ་བརྩིགས་ཤིང་དཀར་ཆུ་ དང་སྙེ་ཐང་བྲག་སྣ་བཟུང་སྟེ་འདུལ་བའི་བསྟན་པ་སྤེལ་ནས་དགེ་ འདུན་མང་པོའི་ཚོགས་པ་བསྐྱངས་ཤིང། དེ་ལས་གྱེས་པའི་ཆོས་རྒྱུད་ ལ་འབྲིང་ཚོ་སྟོད་པ་དང་འབྲིང་ཚོ་སྨད་པ་ཞེས་གྲགས་སོ། ཁོང་ནི་ བསྟན་པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་ བསྙེན་རྫོགས་ཞུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། འབྲུག་ཁམས་སྦྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་ཁམས་རྫ་སྟོད་དཔོན་ཚང་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ཁམས་ཕུན་ཚོགས་ཆོས་ འཁོར་གླིང་དུ་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་ཁམས་ལྷ་ཐོག་ རྒྱལ་པོའི་མངའ་ཁོངས་འབྲུག་པ་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་ ཕུག་ཚོགས་ཆོས་འཁོར་གླིང་གི་སྤྲུལ་སྐུར་ངོས་འཛིན་ཞུས་ཏེ་གདན་ [1236] དེ་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་དང་འཇམ་དཔལ་ དཔའ་བོ་སོགས་ཡོངས་འཛིན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་ བཅས་པར་ཐོས་བསམ་རྨད་དུ་བྱུང་བ་མཛད། དགུང་ལོ་བཅུ་དྲུག་པ་ ནས་བཟུང་རྣམ་རྒྱལ་ཆོས་འཁོར་གླིང་དང། གསང་ཆེན་མཐོང་གྲོལ་ གླིང་སོགས་གསར་འདེབས་མཛད་ཅིང་རང་དོན་ཐོས་བསམ་སྒོམ་ གསུམ་དང། གཞན་དོན་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་ བར་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགུང་ལོ་ལྔ་བཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ་ ཁོང་ནི་འབྲུག་ཁམས་སྤྲུལ་གྱི་སྐུ་ཕྲེང་བཞི་པ་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་མཁས་གྲུབ་བསོད་ནམས་རབ་འཕེལ་དང། རབ་ འབྱམས་པ་བློ་གྲོས་བརྟན་པ། འཛི་སྒར་རྡོ་རྗེ་གྲགས་པ་སོགས་དང་ གསུང་རྩོམ་གྲགས་ཆེ་བ་ནི་ མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ། བཞུགས་སོ། ། འབྲུག་པ་ཀུན་དགའ་སེང་གེ་ ཁོང་ནི་འཇམ་དབྱངས་ཀུན་དགའ་སེང་གེ་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། འབྲུག་པ་ཉི་མ་སེང་གེ་ ཁོང་ནི་དབོན་པོ་ཉི་མ་སེང་གེ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། འབྲུག་པ་ནམ་མཁའ་དཔལ་བཟང།། [1237] གཟིགས་པར་ཞུའོ། ། འབྲུག་པ་པདྨ་དཀར་པོ།། ཁོང་ནི་རབ་བྱུང་དགུ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ མཆིམས་ཡུལ་དུ་ཡབ་ཇོ་སྲས་ཀླུའི་དབང་པོ་དང། ཡུམ་ཆོས་སྐྱོང་ སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་འབྲུག་པ་ རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་མཇལ། དགུང་ལོ་དགུ་པར་ ལྷ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ་ཕེབས། དགུང་ལོ་བཅུ་པར་ གདན་ས་སེང་གེའི་ཁྲི་ཆེན་དུ་མངའ་གསོལ། དེ་ནས་བཟུང་སློབ་ དཔོན་ཤེས་རབ་གོ་ཆ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་མཛད་ སློབ་དཔོན་ཆོས་གྲགས་བསྟན་འཕེལ་དང། ཀུན་མཁྱེན་བཀྲ་ཤིས་ སོགས་མཁས་ཆེན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་གསན། བསྟན་པའི་བདག་པོ་ངག་གི་དབང་པོ་ལས་དགེ་ བསྙེན་གྱི་སྡོམ་པ་མནོས། དབང་ལུང་རྗེས་གནང་མང་པོ་ཐོབ་ དགུང་ལོ་བཅུ་བདུན་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་ ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོས་མཁན་པོ་མཛད་ ལས་སློབ་སྡེ་སྣོད་འཛིན་པ་དཀོན་མཆོག་རིན་ཆེན་པ། གསང་སྟོན་ སློབ་དཔོན་སངས་རྒྱ་ཡེ་ཤེས། གྲིབ་ཚོད་ཉང་རམ་པ། གྲོགས་དན་ པ་དགེ་སློང་སངས་རྒྱས་ལྷུན་གྲུབ། དད་པའི་དགེ་འདུན་གྲངས་ཚང་ བའི་དབུས་སུ་དགེ་བསྙེན། དགེ་ཚུལ། གསོལ་བ་དང་བཞིའི་ལས་ [1238] མཚན་ལ་ངག་དབང་ ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོ་ཞེས་གསོལ། བྱང་ཆུབ་ སེམས་བསྐྱེད་པའི་མཚན་ལ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་ པར་རྒྱལ་བའི་སྡེ་ཞེས་གསོལ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་ གྱིས་བསྟན་འགྲོའི་དོན་མཛད་ནས་དུས་འདའ་བར་མཛད་དོ། ཁོང་ གི་གསུང་རྩོམ་ནི་ དང། རྟོགས་རྒྱན་གྱི་འགྲེལ་བ་བྱམས་པའི་ཞལ་ལུང། གེ་སྒྲའི་ལོ་རྒྱུས། ཏི་བཅུ་བཞིར་བསྡུས་ནས་བཞུགས་སོ། ། འབྲུག་པ་བློ་གྲོས་སེང་གེ་ ཁོང་ནི་བློ་གྲོས་སེང་གེ་དང་མི་གཅིག་ཡིན་པས་དེར་གཟིགས་ པར་ཞུའོ། ། འབྲུག་པ་གཞོན་ནུ་སེང་གེ་ ཁོང་ནི་དབོན་པོ་གཞོན་ནུ་སེང་གེ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། འབྲུག་པ་ཡེ་ཤེས་རིན་ཆེན།། ཁོང་ནི་ཡེ་ཤེས་རིན་ཆེན་དང་མི་གཅིག་ཡིན་པས་དེར་གཟིགས་ པར་ཞུའོ། ། འབྲུག་པ་ཤེས་རབ་སེང་གེ་ [1239] པར་ཞུའོ། ། འབྲུག་པ་སེང་གེ་རྒྱལ་པོ།། ཁོང་ནི་བཅུ་གསུམ་པ་སེང་གེ་རྒྱལ་པོ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། འབྲུག་པ་སེང་གེ་རིན་ཆེན།། ཁོང་ནི་སྤོས་སྐྱ་སེང་གེ་རིན་ཆེན་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། འབྲེ་ཤེས་རབ་འབར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་རྔོག་བློ་ལྡན་ཤེས་རབ་ ་ ཀྱི་སློབ་ མ་ཡིན། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད། སྒོས་སུ་རྔོག་བློ་ལྡན་ཤེས་རབ་ཀྱི་ཞབས་ལ་གཏུགས་ནས་མཚན་ ཉིད་ལ་སོགས་པའི་ཆོས་སྐོར་རྣམས་ལ་ལེགས་པར་སྦྱངས་པས་སངས་ རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སྤྱི་དང། ལྷག་པར་དུ་ཕར་ཕྱིན་ ལ་མཁས་པའི་མཆོག་ཏུ་གྱུར། དེ་ནས་སྐྱེགས་གནས་རྙིང་དང། གཞན་ རྣམས་སུའང་ཆོས་གཞི་བཟུང་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ མདོ་དང་བསྟན་བཅོས་གཉིས་ཀའི་སྟེང་ནས་འཆད་ཉན་རྒྱ་ཆེར་ མཛད། ཁོང་གི་འཆད་ཉན་མཛད་པ་དེ་ནི་བསྟན་པ་སྔ་དར་གྱི་ཕ་ རོལ་ཏུ་ཕྱིན་པའི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན་ [1240] ཡེ་ཤེས་ཀྱིས་བཟུང་བ་ཡིན། ཁོང་ནི་རྔོག་བློ་ལྡན་ཤེས་རབ་ཀྱི་བུ་ཆེན་ ཐུགས་སྲས་བཞིའི་ཡ་གྱལ་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་ ཕྱིན་གྱི་འགྲེལ་བ། འགྲེལ་བ། ། འབྲོ་རྒྱལ་མཚན་སེང་གེ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞང་བློན་དང། དབུས་ གཙང་རུ་བཞི་ནང་གི་རུ་ལག་སྟོད་ཀྱི་རུ་དཔོན་ཡིན་ཞིང། རུ་རྟ་ནི་ ངང་པ་ཕུང་དམར་དང། རུ་དར་ནི་སེང་དཀར་གནམ་འཕྱོང་ཡིན་ ནོ། ། འབྲོ་ཆུང་བཟང་འོར་མང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱིས་ བོད་ལུགས་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ནང་བློན་ཆེན་པོའི་གོ་ སར་བསྐོ་བཞག་མཛད་ཅིང་སྲིད་དོན་ཐམས་ཅད་རྒྱལ་པོའི་བཀའ་ བཞིན་དུ་བསྒྲུབས་པ་དང། ལྷ་ས་མཁར་བྲག་བྲག་དམར་མགྲིན་ བཟང། མཆིམས་ཕུ་ནམ་རལ། བྲག་དམར་ཀ་རུ། མ་ས་གོང་གི་ གནས་ཏེ་གཙུག་ལག་ཁང་ལྔ་བཞེངས་པའི་ཞབས་ཏོག་ཀྱང་ཕུན་སུམ་ ཚོགས་པ་མཛད་དོ། ། འབྲོ་ལྡོག་སྲོང་སྟོན།། [1241] འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ ཡང་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་ བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གཙིགས། ཚང་ནི་ འབྲོ་ཞང་ཀླུ་བཟང་ལྷ་བོ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཕྱི་བློན་ཞིག་ཡིན་ཏེ། ཁྲང་ཆིན་ཁྲི་ལོ་གསུམ་པ། བོད་ ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ངམ་ པོའི་བློན་པོ་ཕལ་གྱི་ཐབས་དང་མྱིང་རུས། སྙུང་རྡོ་རིང། འབྲོ་བཟའ་ཁྲི་རྒྱལ་མོ་བཙན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། དུས་ ཕྱིས་སུ་རབ་ཏུ་བྱུང་སྟེ་མཚན་ལ་བྱང་ཆུབ་རྗེ་ཞེས་ཞུའོ། ཁོང་མོས་ དགེ་རྒྱས་བྱེ་མ་གླིང་བཞེངས་པར་མཛད་དོ། ། [1242] འབྲོ་བཟའ་ཁྲི་མ་ལོད།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་མང་སྲོང་མང་བཙན་གྱི་བཙུན་མོ་དང་ རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་རྒྱལ་པོའི་མ་ཡུམ་ཡིན་ སྲས་དགུང་ལོ་ཆུང་བའི་དུས་སུ་ཆབ་སྲིད་འགན་དབང་བཟུང་སྟེ་རྒྱལ་ སྲིད་མ་ཉམས་པར་མཛད་ཅིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ ཨག་ཚོམ་ཅན་གྱི་ཆབ་སྲིད་ཀྱང་རོགས་སྐྱོར་ཆེན་པོ་མཛད་ནས་བོད་ ལུགས་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་སོ།། འབྲོ་བཟའ་ཁྲི་མོ་ལེགས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ ཡོན་གྱི་བཙུན་མོ་ཆེན་མ་ཡིན་པ་དང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་ཁྲི་ རལ་པ་ཅན་དང་རྒྱལ་པོ་འུ་དུམ་བཙན་པོ་ཁྲི་གླང་དར་མའི་མ་ཡུམ་ ཡིན་ནོ།། འབྲོ་བཟའ་དུང་པྱང་བཞེར།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཉན་གཟུངས་བཙན་གྱི་བཙུན་མོ་དང་ རྒྱལ་པོ་འབྲོང་གཉན་ལྡེའུ་མ་ཡུམ་ཡིན། དགའ་སྟོན། འཁོད་འདུག་གོ་ འབྲོ་ཤེས་རབ་གྲགས་པ།། [1243] སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་ བའི་ཆོས་གཞུང་བཅས་ལ་ལེགས་པར་སྦྱངས། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་མཁས་པར་སྦྱངས་ནས་ བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ དབང་མདོར་བསྟན་པ། རྒྱུད། པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། འགྲེལ་བ། ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་ བ་རྡོ་རྗེ་ཚིག་འབྱེད་པ། བཅུ་གཅིག་པ། འབྱེད་པ། ཐབས། རྣལ་འབྱོར་མའི་སྒྲུབ་ཐབས། [1244] བཅས་ཆོས་ཚན་སུམ་ཅུ་སོ་གསུམ་བཞུགས་སོ།། འབྲོ་སེང་དཀར་ཤཱཀྱ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། དེ་རྗེས་བལ་ ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་ པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་སློབ་གཉེར་ གནང་སྟེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ བམ་པོ་གཉིས་པ་དང། གྱི་རྒྱ་ཆེར་འགྲེལ་བ། ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་བ། པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་མན་ངག་གི་ བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུ་བྱས་པའི་རྣམ་ པར་འགྲེལ་བ། སྡུད་པ་དང་སྦྱར་བའི་འགྲེལ་བ། ངེས་པར་གྲུབ་པ།། འབྲོ་བྷིརྨ་བཧི།། [1245] སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ལེགས་པར་ སྦྱངས་ཏེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ ཐབས་ཞི་བ་འོད་ཀྱི་རིམ་པ། རྡོ་རྗེ་འོད་ཀྱི་རིམ་པ། སེམས་བསྐྱེད་དབང་བཞིའི་གདམས་པ། ངག། གི་ཆོ་ག། གི་དངོས་གྲུབ་སྒྲུབ་ཐབས་ཀྱི་མན་ངག། ངག།། འབྲོག་མི་ཁྱེའུ་ཆུང་ལོ་ཙཱ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང་གདུང་རུས་འབྲོག་མི་ཡིན། གཞོན་ནུའི་དུས་ནས་ལོ་ཙཱ་ བ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་པདྨ་འབྱུང་ གནས་ལས་དབང་དང་གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ ལེན་ལ་བརྩོན་པ་མཛད་པས་རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་ སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས་ཤིང། [1246] ཟིན། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ ལྕང་ལོ་ཅན་ཡིན། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་ གི་ཡ་གྱལ་ཞིག་ཡིན་ནོ།། འབྲོག་མི་ཇོ་སྲས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་བོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་ལེགས་སྦྱར་གྱི་སྐད་ ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་བཅོས་གཉིས་ཙམ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ ། འབྲོག་མི་དཔལ་གྱི་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ཆེན་ཞུ་ དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་ བཀའ་བབས་ཡིན་ཞིང། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་ སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་བཀོལ། ལོ་ ཙཱ་བ་ལ་ཡང་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་བོད་ཡིག་ཏུ་ བསྒྱུར་བ་མཛད། དེ་ནས་ཡར་སྟོད་ཤམ་པོ་གངས་རི་སོགས་སུ་ཕེབས་ ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་གྲུབ་པ་བརྙེས་ཤིང་ [1247] འཁོར། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། འབྲོག་མི་ཤཱཀྱ་བློ་གྲོས།། ཁོང་ནི་རྨ་ལོ་དགེ་བའི་བློ་གྲོས་ ་ དང་ དུས་མཉམ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་ སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་ རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ ནན་ཏན་དུ་མཛད། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་པད་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ ཅིང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ སོར་ཐར་བའི་ཆོས་བཞི་བསྒྲུབ་པའི་མདོ། རྒྱ་མཚོའི་མདོ། དགེ་མི་དགེའི་འབྲས་བུ་བརྟག་པའི་མདོ། དཔལ་གྱི་རྩ་བའི་རྟོགས་པ་སུམ་ཅུ་རྩ་དྲུག་པ། ལས་ པ། ལོང། སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། [1248] ཚིག་ལེའུ་བྱས་པའི་འགྲེལ་བ། དང་སྦྱར་ནས་སེམས་ཙམ་དུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བརྒྱད་པའི་དཀའ་འགྲེལ་སྙིང་པོ་མཆོག། བརྒྱད་པ། བརྒྱད་པའི་སྙིང་པོ། འགྲེལ་བའི་སྨད་དུམ། པ། ཐབས།། འབྲོག་མི་ཤཱཀྱ་ཡེ་ཤེས།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མང་མཁར་དུ་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་འབྲི་ཀློག་སོགས་ལ་ལེགས་པར་སྦྱངས། ལོ་སྟོན་རྡོ་རྗེ་དབང་ ཕྱུག་དང། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་ རྗེ་རྒྱལ་མཚན་བཞི་ལས་རབ་བྱུང་བསྒྲུབས་ཤིང་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་ནས་རྒྱ་གར་དང་བལ་ ཡུལ་སོགས་སུ་ཕེབས་ཏེ་ལོ་བཅུ་གསུམ་གྱི་རིང་དུ་སློབ་གཉེར་མཛད་ ཅིང་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ཏེ་ས་སྐྱའི་ཆོས་རྒྱུད་ཀྱི་ཆུ་ [1249] དགུང་ལོ་ང་གཉིས་པ་རབ་བྱུང་དང་པོའི་ཆུ་མོ་ལུག་ལོ་སྟེ་ སྤྱི་ལོ་་ལོར་རང་ཡུལ་མང་མཁར་དུ་མྱུ་གུ་ལུང་བཏབ་ཅིང་ འཆད་ཉན་སྤེལ་བས་སློབ་མའི་གཙོ་བོ་མན་ངག་ཚར་བ་གསུམ་དང་ རྒྱུད་ཚར་བ་ལྔ། གྲུབ་ཐོབ་བདུན་སོགས་བྱོན། ལེགས་སྦྱར་གྱི་སྐད་ ཡིག་ལ་ཡང་ཤིན་ཏུ་མཁས་པས་བསྟན་བཅོས་མང་པོ་བོད་ཡིག་ཏུ་ བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་ བཅུ་བ། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། རྒྱལ་པོ། འབྱོར་མ་ཟླ་བའི་ཕྲེང་བ། རྟོགས་པའི་རིམ་པ། གཅིག་པའི་སྒྲུབ་ཐབས། པ། སྒྲུབ་ཐབས་རྒྱས་པར་བསྟན་པ། བཞུགས་སོ།། འབྲོང་གཉན་ལྡེའུ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྟོད་ཙམ་དུ་ཡབ་རྒྱལ་ [1250] ཡུམ་འབྲོ་བཟའ་དུང་པྱང་བཞེར་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཁུའི་མང་རྗེ་ལོད་ པོས་མཛད། བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་མོ་མཚོ་ཁབ་ཏུ་ བཞེས་ཏེ་རིགས་སྲས་སྟག་རི་གཉན་གཟིགས་སྐུ་འཁྲུངས། ཁོང་གིས་ མཛེ་ནད་བཞེས་ཏེ་གདུང་རྒྱུད་རྣམས་ལ་སྙུན་མི་ཕོག་པའི་ཆེད་དུ་ཡར་ ལུང་ཞང་མདར་བང་སོ་བརྩིགས་ནས་བཙུན་མོ་དང། བློན་པོ་སྙགས་ ཐང་པ་ཡར་རྗེ་བཅས་གསོན་པོར་དུར་དུ་ཞུགས་པར་གྲགས་ཤིང་ བང་སོའི་མིང་ལ་ཡང་གསོན་མཆད་བཟླུམས་པོ་ཞེས་ཟེར་རོ། ། འབྲོང་རྩེ་ཚུལ་ཁྲིམས་ཆོས་འཕེལ།། ཁོང་ནི་རབ་བྱུང་དགུ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་གཙང་གི་ཉང་འབྲོང་རྩེར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་འབྲོང་རྩེ་ཆོས་སྡེར་རབ་ཏུ་བྱུང། བཀྲ་ཤིས་ལྷུན་པོར་ཕེབས་ ནས་སློབ་གཉེར་མཛད། དེ་ནས་དབུས་སུ་བྱོན་ཏེ་སེ་ར་བྱེས་པ་གྲྭ་ ཚང་དུ་ཞུགས་ནས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་མཁས་པར་ སྦྱངས་ཤིང་རབ་འབྱམས་པའི་གྲྭ་སྐོར་མཛད། བྱང་རྩེ་གྲྭ་ཚང་གི་ འཆད་ཉན་པ་དང། གསང་སྔགས་མཁར་རི་བོ་བདེ་ཆེན་སོགས་ཀྱི་ མཁན་པོ་མཛད། ལྕང་ལོ་ཅན་དུ་བཞུགས་པས་ལྕང་ལ་ཅན་པར་ གྲགས། དགུང་ལོ་དྲུག་ཅུ་ཐམ་པ་རབ་བྱུང་བཅུ་པའི་ལྕགས་ཕོ་སྤྲེལ་ ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་བཞི་ ཡི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ཉན་ [1251] དགུང་ལོ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གདུང་བྱང་ཆུབ་མཆོད་ རྟེན་བཞེངས་ཏེ་ལི་མ་ལྷ་ཁང་གི་ཤར་གྱི་གཙོ་བོའི་གཡོན་གཉིས་པར་ བཞུགས་ཤིང་དུས་མཆོད་ཀྱང་ལེགས་པར་ཚུགས་སོ། ཁོང་ནི་དགའ་ ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་གཉིས་པ་ཡིན་ནོ། ། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མཇུག་ཙམ་དུ་ གཙང་གི་འབྲོང་རྩེ་ཞེས་པར་བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་དུ་སྐུ་ འཁྲུངས། ཁོང་གིས་མཁས་གྲུབ་དགེ་ལེགས་དཔལ་བཟང་ ་ ་ ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་རིག་གནས་བཅས་ལ་ཐོས་བསམ་མཛད་པ་ དང། སྒོས་སུ་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་པ་མཛད་ཅིང་ རྩ་བའི་ཕྱག་བཞེས་ནི་སྟོད་བརྒྱུད་དྲི་མ་མེད་པ་ཡིན། ཁོང་གི་མཚན་ གཞན་ལ་བློ་གྲོས་དཔལ་བཟང་དང་འབྲོང་རྩེ་ལྷ་སྲས་ཞེས་ཞུའོ། ཁོང་ གི་གསུང་རྩོམ་ནི་ མའི་ལྟ་བའི་ཡིག་ཆུང། ཤེས་མན་ངག་གི་ཡིག་ཆུང། སོང་གི་སྒོ་འགོག་ཐར་བའི་ལམ་སྟོན། དངོས་གྲུབ་གཏེར་མཛོད། རྒྱ་མཚོ། ། འཐོང་ཞི་ལེགས།། [1252] པོ་གུ་རུ་ལེགས་དང། ཡུམ་གུར་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་གིས་དབོན་གསས་གུ་རུབ་བཙན་དོ་མི་སེར་བསྟེན་ཞིང་ལྷ་བོན་ཅོ་ སྙན་རིང་གིས་མཛད། གསས་ཁང་རིན་ཆེན་ཟུར་མང་དང་སྐུ་མཁར་ ཁྲི་རྩེ་བཞེངས། བཙུན་མོ་མཚོ་སྨན་འབྲོང་མོ་ཁབ་ཏུ་བཞེས་ཏེ་རིགས་ སྲས་ཐི་ཤོ་ལེགས་སྐུ་འཁྲུངས། ཁོང་གི་བང་སོ་གཡའ་སྤང་མཚམས་སུ་ བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་བཞི་པ་ཡིན་ནོ། ། འབྲོམ་སྟོན།། ཁོང་ནི་རབ་བྱུང་དང་པོའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་གསུམ་པ་རབ་བྱུང་གཉིས་པའི་ ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ ཕེབས་ཏེ་ལོ་ངོ་བཞི་ཡི་རིང་དུ་གདན་ས་བསྐྱངས། དགུང་ལོ་དྲུག་ཅུ་ རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་རྗེས་རབ་བྱུང་ གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་གསུམ་པའི་ ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ཨར་གྱིས་དབྱར་གཅིག་རྒྱལ་ ལྷ་ཁང་གི་གདན་སར་བཞུགས་པ་མ་གཏོགས་ལོ་ནོག་དགུའི་རིང་དུ་ གདན་ས་སྟོངས་ཞེས་འགོས་ལོས་གསུངས། ཁོང་ནི་རྒྱལ་ལྷ་ཁང་གི་ གདན་རབས་དྲུག་པ་ཡིན་ནོ། ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།། ཁོང་ནི་རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་ཕོ་ [1253] སྒྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང། ཡུམ་ཁུ་འོད་བཟའ་ ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་གི་ བྱིས་པའི་མིང་ལ་ཆོས་འཕེལ་བཏགས། དགེ་བཤེས་གཡུང་ཆོས་ མགོན་ལས་ཡི་གེའི་འབྲི་ཀློག་བསླབས་ཏེ་ལོ་བཞིར་བཞུགས། རྒྱལ་གྱི་ ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་ མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། དགུང་ལོ་བཅུ་དགུ་ བར་གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་ལ་བསྟེན་ནས་དབུ་མ། སྤྱོད་ ཕྱོགས། སྔགས་རྙིང་མ་སོགས་ལ་ལེགས་པར་སྦྱངས། པཎྜི་ཏ་སྨྲི་ཏི་ ལས་སྒྲ་རིག་པ་དང་སཾསྐྲྀ་ཏའི་སྐད་ལ་བསླབས། དགུང་ལོ་སོ་བརྒྱད་ པར་ སྤྱི་ལོ་་ ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས། སྤུ་ཧྲངས་སུ་ཇོ་བོ་དང་མཇལ་ནས་བླ་མར་བསྟེན་ཏེ་བཀའ་ ཆོས་མང་དུ་གསན། དགུང་ལོ་ང་བཞི་བར་ སྤྱི་ལོ་་ལོར་ འཕྲང་ཁ་བེར་ཆུང་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་ བཏབ། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞེངས། དེ་ ནས་ཇོ་བོའི་སློབ་མ་རྣམས་ཁོང་གིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར། ཁོང་ནི་ དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་བསྲུངས་བར་དགེ་སློང་ལས་ཀྱང་ ལྷག་པར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་ གསལ་དང། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་ [1254] ཁོང་གི་གསུང་རྩོམ་ནི་ ཕྲེང་བ། བ། ས་དཔྱད། ལོ་རྒྱུས། རྣམ་ ཐར། བཅའ་ཡིག་འཕྲིན་ཡིག་བཅས་བསྟན་བཅོས་མང་པོར་ བཞུགས་པ་མ་ཟད། ཆེན། ཕྱོགས་ཀྱི་སྐོར་དང། ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད་དོ། ། འབྲོམ་བློན་རྒྱལ་བཞེར་ཁར་ཙེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། འབྲོམ་ཡང་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ [1255] བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་ མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། མཁས་པའི་དགའ་སྟོན། འབྲོམ་སེ་རི་སྟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། རྦ་ཚུལ་ཁྲིམས་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་དབུས་ སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་ཙོང་ཁའི་ ཡུལ་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་ དེང་སང་མཚོ་ སྔོན་ཞིང་ཆེན་ཞུང་ཧྭ་རྫོང་ཁོངས་ དུ་བྱོན་ནས་བླ་ཆེན་དགོངས་པ་ རབ་གསལ་ ་ ལས་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་དབུས་གཙང་དུ་ལོག་ [1256] མཛད། དེ་རྗེས་ཡུངས་འགུར་བརྩིགས་ཤིང་ལན་པའི་སྤྱིལ་བུ་བཟུང་ སྟེ་འདུལ་བའི་བསྟན་པ་སྤེལ་ནས་དགེ་འདུན་མང་ཚོགས་ཀྱི་འཚོགས་ པ་བསྐྱངས། དེ་ལས་འཕེལ་བའི་ཆོས་རྒྱུད་ལ་རྦ་ཚོ་ཞེས་གྲགས་སོ་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་མལ་སེམས་དཔའ་ཤེས་རབ་ཀྱིས་སྟོད་ ལུང་ཆ་ཐོག་བརྩིགས་ཤིང་ཐག་མ་ལྷ་ཁང་དང་མོན་གྲ་བཟུང། ཁོང་ ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་ བསྙེན་རྫོགས་ཞུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། རྦ་ཡེ་ཤེས་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ གི་རིམ་པ་བསྟན་པ། ། སྦ་དཔལ་དབྱངས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ [1257] རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། སྦ་ཡེ་ ཤེས་དབང་པོ་ལྷོ་བྲག་མཁར་ཆུ་བཙན་གྱི་དབེན་གནས་སུ་བསྒོམ་པ་ལ་ ཕེབས་ཤིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་ཉིད་བཅོམ་ལྡན་འདས་ ཀྱི་རིང་ལུགས་སུ་བསྐོས་སོ་ཞེས་ ལས་གསུངས་སོ། ། སྦ་ཡེ་ཤེས་དབང་པོ།། ཁོང་ནི་སྦ་གསལ་སྣང་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། སྦ་རཏྣ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཞིག་ཡིན་ བགྲངས་འདུག་ཁོང་གི་བསྒྱུར་རྩོམ་ནི་ བཞུགས་སོ། ། སྦ་གསལ་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཁོང་ ཐོག་མར་མང་ཡུལ་སྐྱིད་གྲོང་གི་ཁ་བློན་མཛད་ཅིང་རྒྱ་གར་དང་བལ་ ཡུལ་དུ་ཕེབས་ཏེ་མཁན་པོ་བོ་དྷིས་ཏྭ་མང་ཡུལ་དུ་གདན་དྲངས་ཤིང་ དམ་ཆོས་གསན་ནས་ལྷ་ཁང་གཉིས་ཀྱང་བཞེངས། དེ་རྗེས་ཞང་བློན་མ་ཞང་གྲོམ་པ་སྐྱེས་བཀྲོངས་ཏེ་རྒྱལ་པོས་བོད་ཡུལ་དུ་དམ་ཆོས་ [1258] མཁན་པོ་ལྷ་སར་གདན་འདྲེན་ཞུས་ཤིང་དགེ་བ་བཅུ་ལ་སོགས་པའི་ ཆོས་རྣམས་མཁན་པོས་གསུངས། དེ་ནས་རྒྱལ་པོས་ཁོང་ཐང་རྒྱལ་ རབས་ཀྱི་གོང་མའི་ཕོ་བྲང་དུ་ཕོ་ཉ་མངགས་ཤིང་རྒྱ་ནག་ཧྭ་ཤང་ལས་ ཆོས་ཀྱི་སྒོམ་ལུང་མང་པོ་ཞུས་ནས་བོད་ཡུལ་དུ་ཕེབས། ཁོང་སླར་ ཡང་བལ་ཡུལ་དུ་ཐེངས་གཉིས་པ་ཕེབས་ཏེ་མཁན་པོ་བོ་དཧི་ས་ཏྭ་དང་ སློབ་དཔོན་པདྨ་འབྱུང་གཉིས་བོད་ཡུལ་དུ་གདན་དྲངས་ཏེ་བོད་ལུགས་ ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བསམ་ཡས་གཙུག་ལག་ཁང་ བཞེངས་འགོ་བརྩམས་ནས་ཁོང་ཉིད་མཁན་པོ་བོ་དཧི་ས་ཏྭ་ལས་རབ་ཏུ་ བྱུང་ཞིང་མཚན་ལ་ཡེ་ཤེས་དབང་པོ་ཞེས་གསོལ། དེ་ནས་རྒྱལ་པོ་ཁྲི་ སྲོང་ལྡེ་བཙན་གྱིས་ཁོང་ཉིད་ཆོས་ཀྱི་རིང་ལུགས་སུ་བསྐོས་ཏེ་ཡིག་ཚང་ གསེར་གྱི་ཡི་གེ་ཆེན་པོ་གནང་སྟེ་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་ བཞག་ཅིང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ལས་སྒྲ་ བསྒྱུར་ཡང་མང་དུ་མཛད། སྐབས་ཤེད་དུ་ཁོང་ཉིད་མྱང་ཏིང་འཛིན་ བཟང་པོ་དང་མ་འཆམས་ནས་ལྷོ་བྲག་མཁར་ཆུ་བཙན་གྱི་དབེན་ གནས་སུ་གསང་སྟབས་ཀྱིས་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་ པར་མཛད་དོ། ཁོང་ནི་བོད་ཀྱི་སད་མི་མི་བདུན་ནང་གི་ཡ་གྱལ་ཞིག་ ཡིན། ཁོང་གི་གསུང་རྩོམ་ནི་ ། སྦལ་རྡོ་རྗེ་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ [1259] དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ཤིང་བསྟན་ བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ པར་བརྗོད་པའི་རྣམ་པར་བཤད་པ། དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་བ་ སྔགས་ཀྱི་དོན་སྙིང་པོ་བསྡུས་པ། ། སྦས་སྐྱེས་བཟང་སྟོང་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བློན་ པོ་ཡིན། བོད་ལུགས་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཐང་རྒྱལ་ རབས་ཀྱི་གོང་མའི་ཕོ་བྲང་དུ་བྱོན་ཏེ་སྲས་མོ་གྱིམ་ཤིང་ཀོང་ཇོ་བོད་ རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་བསུས་ནས་བོད་ཡུལ་དུ་ཕེབས་ སོ། དེའི་སྐབས་སུ་བོད་ཀྱི་བློན་པོ་སྦས་སྐྱེས་བཟང་སྟོང་བཙན་སོགས་ གྱིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་རྟ་ཐོག་སྤོ་ལོ་འཕེན་པའི་ སྒྱུ་རྩལ་འགྲན་ཟླ་བྲལ་བ་ཞིག་དངོམས་པར་གྲགས་སོ། གནས་ཚུལ་དེ་ ཡང་ཐང་རྒྱལ་རབས་ཀྱི་རི་མོ་འབྲི་མཁས་པ་ཡན་ལི་པན་གྱིས་ མིང་ཧོང་གིས་མཚན་མོར་རྟ་ཐོག་སྤོ་ལོ་འགྲན་པ། བར་གྱི་མཛའ་བརྩེའི་འབྲེལ་བ་མཚོན་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ པའི་དཔེ་རིས་ཉམས་དོད་པོ་ཞིག་བཞེངས་ཡོད་པ་རེད་ [1260] སྦས་ལྕང་དཔལ་གྱི་ལེགས་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་པོ་དྲུག་གི་ ཡ་གྱལ་ཞིག་ཡིན་ནོ། ། སྦས་སྟག་སྣ།། ཁོང་ནི་དྦའས་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། སྦུག་གྱིམ་བཙན་རྨང་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཡིན། ཞང་ ཞུང་རྒྱལ་ཁམས་དབང་དུ་བསྡུས་ཁར་རྒྱལ་པོ་སྲོང་བཙན་སྒམ་པོས་ སྲིང་མོ་སད་མ་དཀར་གྱི་དྲུང་དུ་བང་ཆེན་བཏང་བ་དང། སྲིང་ལྕམ་ སད་མ་དཀར་གྱི་གསང་འཕྲིན་རྣམས་ཀྱང་རྒྱལ་པོ་སྲོང་བཙན་སྒམ་ པོའི་སྙན་དུ་སྒྲོན་པར་མཛད་ཅིང། ཞང་ཞུང་དབང་དུ་བསྡུ་བའི་ ཁྲོད་ནས་ཀྱང་བྱས་རྗེས་ཆེ་གྲས་ཤིག་ཡིན་ནོ། ། སྦུར་ཆོ་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ཤབ་སྟོད་ས་སྐྱའི་སྦུར་ཚོར་ཡབ་རྡོ་རྗེ་དང། ཡུམ་མཚོ་རྒྱལ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་བཞི་ [1261] གཙུག་ཕུད་ཕུལ་ཞིང་མཚན་ལ་ཡོན་ཏན་རྒྱ་མཚོ་ཞེས་གསོལ། དགུང་ ལོ་བཅུ་དྲུག་པར་བློ་གསལ་གྱི་གྲྭ་སྐོར་མཛད་ཅིང་རྣམ་དཔྱོད་ཆེ་བའི་ ཚད་དུ་འཛིན། དགུང་ལོ་བཅོ་བརྒྱད་པར་ལ་སྟོད་དུ་ཕེབས་ཏེ་གོང་ སྨན་དཀོན་མཆོག་འཕན་དར་གྱི་ཞབས་ལ་གཏུགས་ནས་ལོ་གསུམ་ཀྱི་ རིང་དུ་གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་དང། མན་ངག་དམར་ ཁྲིད་བཅས་པར་བསླབས་ཏེ་གཞུང་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ ཆུད། དེ་ནས་འཚོ་བྱེད་མན་མཁར་དྲང་སྲོང་ལ་རྩ་རྒྱུད་འགྲེལ་བ་ རྣམ་དཔྱོད་ཆེ་བས་རྣམ་པར་རྒྱལ། གོང་སྨན་དཀོན་མཆོག་འཕན་ དར་ཐུགས་ཤིན་ཏུ་དགྱེས་ཏེ་མཁས་མཆོག་བྲང་ཏིའི་གསུང་རབ་ནམ་ མཁའི་ཁྱོན། ཇི་བཞིན་སྨྲ་བའི་གཞོན་ནུ་རི་བོང་འཛིན། རྒྱུ་སྐར་ དབུས་ན་མཛེས་པ་ཁྱོད་ཉིད་རྒྱལ། ཕ་རོལ་ཅ་ཅོ་སྒྲོག་པ་ཟུམ་པར་ གྱུར། དགུང་ལོ་ཉེར་གཉིས་པར་ཆོས་ འཁོར་རྩེར་གསོ་རིག་གི་འཆད་ཉན་བཙུགས་ཏེ་གསོ་རིག་བསྟན་པའི་ རྒྱལ་མཚན་བསྒྲེངས། དགུང་ལོ་སུམ་ཅུ་སོ་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་ པ་ནི་མདོ་སྤེ་ཆོས་མཛད་ཡིན་ནོ། ། སྦྱར་ར་བློ་གྲོས་རྒྱལ་པོ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་དབུས་ནས་ ཡིན། རབ་བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ [1262] ལང་ཨ་ཡིས་ཁྲིམས་ལ་སྦྱར་ནས་སྲོག་ཐོག་ཏུ་བཏང། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་ལེགས་པར་ སྦྱངས། དེ་ནས་སྐུ་ན་སོན་ཏེ་རྒྱལ་པོ་ལྷ་བཟང་ཧན་གྱིས་གཟིགས་ སྐྱོང་ཆེ། རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཆིན་གོང་མའི་དམག་དཔུང་དང་མཉམ་དུ་ཇུན་གར་ཚེ་རིང་དོན་ གྲུབ་འཁོར་དང་བཅས་པར་དྲག་པོས་རྒོལ་ལན་སྤྲད་པས་བྱས་རྗེས་ཆེ་ ཤོས་ཡིན། དེ་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་ཆིན་གོང་མས་བཀའ་བློན་དུ་བསྐོ་བཞག་མཛད་ཅིང་ བོད་ཀྱི་ཆབ་སྲིད་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ང་ཕོད་རྡོ་རྗེ་ རྒྱལ་པོ་དང། ལུམ་པ་བཀྲ་ཤིས་རྒྱལ་པོ་དང་མཉམ་དུ་ཆིན་གོང་མའི་ གཙོ་བདག་བཀའ་བློན་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས། དེ་ ནས་དབུས་དམག་ཁྲིད་ཅིང་གཙང་དུ་བཞུགས་པའི་ཕོ་ལྷ་བསོད་ནམས་ སྟོབས་རྒྱལ་འཛིན་བཟུང་བྱེད་པའི་དམིགས་ཡུལ་ཡོད་ཀྱང་དོན་དུ་མ་ འཁེལ་བ་མ་ཟད། དེ་ལས་ལྡོག་སྟེ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ གྱིས་གཙང་དམག་ཁྲིད་ནས་རྒོལ་ལན་མཐའ་གཅིག་ཏུ་སྤྲད་པས་རབ་ བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་ པའི་ནང་ནས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ལ་མགོ་འབུལ་དང་རྒྱལ་ བ་བསྐལ་བཟང་རྒྱ་མཚོ་ལ་སྲོག་སྐྱོབ་ཞུས་སོ། དེ་ནས་ཆིན་གོང་མའི་ དམག་དཔུང་བོད་དུ་སླེབས་འཕྲལ་སྦྱར་ར་བ་སོགས་བཙོན་འཇུག་དོ་ [1263] ། སྦྱིན་པ་ཚུལ་ཁྲིམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། པྲ་བྷཱ་ཀ་ར་ཀི་རྟིས་མཛད་པ་བཞུགས་སོ། ། སྦྲང་རྒྱལ་སྒྲ་ལེགས་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ ཡིན་ཏེ། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོའི་ཡན་མན་ཙམ་ དུ་ཁོང་གིས་སྟོད་ཕྱོགས་སུ་དམག་དྲངས་ནས་མུ་ཛུངས་སུ་ཚུར་རྒོལ་ བཟློགས་ཤིང། ལུང་གི་རྒྱལ་པོ་ནུང་ཀོག་མན་ཆད་མངའ་འབངས་སུ་ བཀུགས་སོ། ། སྦྲན་གཙང་བཞེར།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། རྒྱལ་པོ་ཁྲི་ [1264] ཆེན་བཏང་སྟེ། ཁང་དཔོན་སྦྲན་གཙང་བཞེར། ཤིང་ཀེང་ཤིར་ཕྱིན་སྐབས་ཐང་རྒྱལ་རབས་ཀྱིས་ཀྱང་རྩིག་ངོས་དང་ ནམ་མཁའ་ཀུན་དར་གྱིས་གཡོགས་ཏེ་བདུག་སྤོས་དང་རོལ་མོས་མདུན་ བསུས་པ་དང། ཕོ་ཉ་བོད་དུ་ཕེབས་ཁར་ཐང་གོང་མས་བོད་ཀྱི་ རྒྱལ་པོ་ལ་སྐྱེས་སུ་དར་ཡུག་ཁྲི། ཕྲ་མེན་གྱི་ཞྭ། བླ་གོར་གྱི་སྡེར་མ་ འདོམ་གང་པ་ཞིག་བསྐུར། ཕོ་ཉ་གཞན་རྣམས་ལ་བྱ་དགའ་ཆེ་ཐང་ དུ་བསྩལ་ནས་མཆིད་ལན་དང་བཅས་ཏེ་སླར་བོད་ཡུལ་དུ་མཆིས། ཞེས་ ། [1265] མ་ཁ་ངག་དབང་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀླུ་ཤོད་དུ་མ་ཁ་ཞེས་པའི་རུས་སུ་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་ འཁྱིལ་དུ་ཕེབས་ཏེ་ཆོས་གྲྭར་ཞུགས་ཤིང་ཁྲི་ཆེན་ངག་དབང་བསྟན་ འཛིན་ལས་བསྡུས་གྲྭའི་ཚིག་བཞག་ཐོག་མར་མནོས། གཞུང་ཆེན་ རྣམས་ལ་གཡེང་བ་ཅུང་ཟད་ཀྱང་མེད་པར་སློབ་གཉེར་ལ་གཅིག་དྲིལ་ དུ་མཛད་པས་རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། གྲྭ་ ཚང་ཐོས་བསམ་གླིང་གི་དགེ་བསྐོས་མཛད་སྐབས་ཀུན་མཁྱེན་ལ་ཞུས་ ནས་བཅའ་ཡིག་བཞག་བླ་མ་གཞུང་ལས་པ་མཛད་སྐབས་ཀུན་མཁྱེན་ འཇིགས་མེད་དབང་པོ་ལ་ཞུས་ན་གླིང་བསྲེ་དང། རིགས་གྲྭ་ སོགས་ཀྱི་འགྲིག་ལམ་ལ་དག་ཐེར་མཛད་པར་བརྟེན། དེ་དག་སོ་སོའི་ ཡི་གེ་བཞག་པ་སོགས་གང་ཅིར་ཕན་སྒོ་ཆེར་མཛད། དེ་ནས་རྒྱུད་པ་ གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་ བཅས་ལ་ལེགས་པར་སྦྱངས་པས་སྔགས་ཀྱི་དམ་བཅའ་ལེགས་པ་ཐོན་ [1266] མཆོག་ཛ་སག་གི་བླ་མ་རྒྱུན་རིང་བཞུགས། དེ་ནས་དུས་འཁོར་དཔོན་ སློབ་ཀྱི་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་འཆད་ཉན་གནང་ཞིང་ གྲྭ་ཁང་ཀ་བ་ཉི་ཤུ་མ་དྲི་གཙང་ཁང་དང་བཅས་པ་གསར་བཞེངས་ མཛད། དགུང་ལོ་བདུན་ཅུར་ཉེ་བར་སྒྲུབ་པ་ཉམས་ལེན་མཛད་ནས་ བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་དམ་ཉམས་བཞེས་མཛད། ཁོང་ནི་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བརྒྱད་ པ་ཡིན་ནོ། ། མ་གཅིག་ཞ་མ།། ཁོང་མོ་ནི་རབ་བྱུང་དང་པོའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ཕ་དྲུག་ཏུ་ཡབ་བྱི་བ་ཧབ་ཤ་ཞེས་མཚན་དངོས་ཞ་མ་རྡོ་རྗེ་ རྒྱལ་མཚན་དང། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གསུམ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་མོའི་སྐུ་ལུས་སྤྱི་ལ་པདྨ་ལ་སོགས་པའི་མཚན་བཟང་པོའི་རྒྱན་གྱིས་ བརྒྱན་པ་ཞིག་བྱུང། ཁོང་མོ་དགུང་ལོ་བཅུ་བཞི་པར་སྐྱེས་པ་ཨ་བ་ལྷ་ རྒྱལ་དང་ཁྱིམ་ཐབ་བསྒྲིགས་ཀྱང་ངེས་འབྱུང་སྐྱེས་ནས་ཆོས་མཛད་པར་ བསམས། དགུང་ལོ་བཅུ་བདུན་ནས་ཉི་ཤུ་རྩ་གཉིས་ཀྱི་བར་དུ་བླ་མ་ རྨ་ལོ་དགེ་བའི་བློ་གྲོས་ཀྱི་ཕྱག་རྒྱ་མ་མཛད། བླ་མ་རྨ་ལོ་ལས་རྒྱུད་ཀྱི་ སྒྲུབ་ཐབས་མང་པོ་ཞུས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ མང་པོའི་ཞལ་མཐོང། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བ་དང་ རླུང་གར་འདོད་དུ་ཁྲིད་དེ་ཐིག་ལེའི་ཉམས་འབར་ཞིང་དངོས་གྲུབ་ [1267] དགུང་ལོ་ཉི་ཤུ་རྩ་བརྒྱད་པར་རྨ་ལོ་དགེ་བའི་བློ་གྲོས་དུག་ གིས་བཀྲོངས་པས་ཤབ་ཏུ་བྱོན་ནས་སྤུར་སྦྱངས་པ་སོགས་ཀྱི་དགོངས་ རྫོགས་ཀྱི་བྱ་བ་རྒྱ་ཆེར་མཛད། དགུང་ལོ་སོ་གཅིག་ནས་སོ་གསུམ་གྱི་ བར་དུ་བར་ཆད་བདུན་བྱུང་ཡང་ཕ་དམ་པ་དང་མཇལ་ནས་བཟློགས་ པར་མཛད་པས་སྔོན་གནས་རྗེས་སུ་དྲན་པ་བྱུང། དེ་ནས་པཎྜི་ཏ་བཻ་ རོ་ཙ་ན་དང། དཔལ་ཆེན་རྒྭ་ལོ། པུ་ཧྲངས་ལོ་ཙཱ་བ། ཡེ་རབ་བ་ སེ་མཁར་ཆུང་པ་བཅས་ལ་བསྟེན་ཏེ་བཀའ་བསྟན་བཅོས་གང་ལ་ཡང་ མཁས་པའི་ཕུལ་དུ་ཕྱིན་པར་ཀུན་ལ་མངོན་དུ་གྱུར། ཡུལ་ཉི་ཤུ་རྩ་ བཞི་དང་མོན་བོད་ཀྱི་གནས་རི་མང་པོར་བཞུགས་ཏེ་ཐུགས་དམ་ མཛད་པས་གྲུབ་པ་བརྙེས་ཤིང་གསང་སྔགས་ཆགས་ལམ་ལ་རྟེན་པ་ རྣམས་མིག་གཅིག་ཏུ་གྱུར། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས་པའི་ཚུལ་བསྟན་ཏེ་གདུང་ཅུང་ཟད་ཀྱང་མ་བྱུང་ངོ། ཁོང་ མོ་ནི་རྙིང་མའི་རིག་འཛིན་ཆེན་མོ་ཞིག་ཡིན་ནོ་ མ་གཅིག་ལབས་སྒྲོན།། ཁོང་མོ་ནི་རབ་བྱུང་དང་པོའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་གཡེ་ལབས་སུ་ཡབ་ཆོས་བླ་དང། ཡུམ་ཀླུངས་མོ་འབུམ་ ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ཁེའུ་གང་ཡིན། རབ་ བྱུང་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུ་དུས་ནས་གྲྭ་པ་མངོན་ཤེས་ཅན་ལས་རབ་ཏུ་བྱུང། ཀློག་ མཁས་པས་གྲྭ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པའི་ཀློག་མཁན་ [1268] ཤེར་ཕྱིན་ཀློག་པས་སྟོང་ཉིད་ཀྱི་ལྟ་བ་གཤའ་ མར་སྐྱེས། དེའི་སྐབས་ཤེད་དུ་ཕ་དམ་པ་སངས་རྒྱས་དང་མཇལ་ ནས་གདམས་ངག་ཞུས། དེ་ནས་སྐྱོ་སྟོན་བསོད་ནམས་བླ་མར་བསྟེན་ ནས་སྒྱུ་འཕྲུལ་གྱི་དབང་གསན། ཞི་བྱེད་གཅོད་ཀྱི་གདམས་པའི་ བདག་པོར་གྱུར། ཁོང་མོ་ལ་རིགས་སྲས་ལྔ་ཡོད་དེ་ཀོང་ལྕམ། ལ་ ལྕམ། སྙིང་པོ་གྲུབ་པ། གྲུབ་ཆུང། ཡང་གྲུབ་བཅས་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་སྙགས་པ་རྒྱལ་མཚན། ཨན་སྟོན་རིན་ཆེན་ འབར། དྲེད་ཇོ་སྲས། ཤུད་པུ་ལོ་ཙཱ་བ། རྒྱལ་བ་གྲུབ་བེ། རྟོགས་ ལྡན་རྡོལ་བོ། སངས་རྒྱས་གཉན་ཆུང། མནོ་སྒོམ་ཆེན་པོ་བཅས་ཡིན། ། མ་གཅིག་ཡོང་ཇོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ དུ་འོ་ཡུག་ཏུ་སྐུ་འཁྲུངས་པའི་རྣལ་འབྱོར་མ་ཞིག་ཡིན། གདུང་རུས་རྒྱ་ ཡིན། སྤྱིར་གདམས་ངག་ལ་གཞོན་ནུའི་དུས་ནས་ཐོས་བསམ་མང་པོ་ མཛད། བྱེ་བྲག་ཏུ་ཁྱུང་ཚང་ཡེ་ཤེས་བླ་མ་དང་མཇལ་ནས་སྙན་ བརྒྱུད་ཀྱི་གདམས་ངག་རྫོགས་པར་ཐོབ། གནས་ལུགས་རྟོགས་པའི་ རྟོགས་པ་ཁྱད་པར་ཅན་བརྙེས། དངོས་པོ་ཐམས་ཅད་བླ་མ་ལ་འབུལ་ བའི་སྦྱིན་པ་དང། སྒ་གོང་དུ་དབང་གི་ཤེས་རབ་མ་མཛད་པས་ཉམས་ རྟོགས་སྐྱེས་ཏེ་སྡོམ་པ་གསུམ་ལྡན་དུ་གྱུར་པའི་ཚུལ་ཁྲིམས་ཅན་དང་ གཤིས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་བཟོད་པ་དང། རིམ་ པ་གཉིས་ཆུ་བོའི་རྒྱན་བཞིན་དུ་གྱུར་བའི་བརྩོན་འགྲུས་དང། རང་ [1269] བསམ་གཏན་དང། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་མཚན་མ་མེད་ པར་བླ་མའི་དྲིན་གྱིས་རྟོགས་པའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་ དྲུག་གི་ཡོན་ཏན་དང་ལྡན་པའོ། །རས་ཆུང་སྙན་བརྒྱུད་ཀྱི་བདག་ པོར་གྱུར། ། མ་ཇོ་སངས་རྒྱས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ དུ་ཤྲཱི་རིའི་ཆུ་བཟང་དུ་སྐུ་འཁྲུངས། ཁོང་མོ་ནི་རབ་བྱུང་གཉིས་པའི་ ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་དིང་རིར་ཕེབས་ཏེ་ཕ་དམ་པ་ དང་མཇལ་ཞིང་ཞི་བྱེད་ཀྱི་གདམས་ངག་རྣམས་ཞུས་ཤིང་རང་ཡུལ་དུ་ ཕེབས་ནས་ལོ་དགུར་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་ དུ་ཤར། སྤུར་སྦྱངས་སྐབས་འཇའ་འོད་ཀྱིས་ཁེངས་སོ། ཁོང་ མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་དང་པོ་ཡིན་ནོ། ། མ་ཇོ་གསེར་བཙུན་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ དུ་ཞ་མ་ཕ་དྲུག་ཏུ་སྐུ་འཁྲུངས། དེ་ནས་ཕ་མ་ལ་གནང་བ་ཞུས་ཏེ་ དིང་རིར་ཕེབས་ནས་ཕ་དམ་པ་དང་མཇལ་ཞིང་ཞི་བྱེད་ཀྱི་གདམས་པ་ ཞུས། ཕ་དམ་པའི་བཀའ་ལྟར་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་ པའི་ཡོན་ཏན་ལ་མངའ་བརྙེས། དགུང་ལོ་བརྒྱ་ཐམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས་པ་དང་སྤུར་སྦྱངས་སྐབས་རིང་བསྲེལ་ཡང་ མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་གཉིས་པ་ཡིན་ [1270] ། ཎི་བ་དགེ་འདུན་དཀོན་མཆོག་བློ་བཟང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཨ་རིག་ཏུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་ པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བདུན་པར་སྐུ་གོང་མའི་གདན་སར་མངའ་གསོལ་ཞིང་གུང་ཐང་ འཇམ་པའི་དབྱངས་ལས་རབ་ཏུ་བྱུང། དགུང་ལོ་ཉེར་གཅིག་པར་ དབུས་སུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་བསྟན་པའི་ ཉི་མ་ལས་བསྙེན་པར་རྫོགས། གདུགས་རྟ་དར་དང། ཐམ་ག་གྲུ་ སྒོར་བཀའ་ཤོག་དང་བཅས་པའི་གཟེངས་བསྟོད་གནང། སྣར་ཐང་ བཀའ་འགྱུར་སོགས་ཕྱག་དཔེ་དང་རྟེན་གསུམ་མང་བོ་གདན་དྲངས་ཏེ་ གདན་སར་བྱོན། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཟིམ་ཁང་ལས་འགོ་བརྩམས་ཏེ་ལོ་གསུམ་གྱི་མཚམས་ནས་ལེགས་ པར་གྲུབ། རྔ་བ་ནས་རྡོ་བཟོ་ཆེད་དུ་བོས་ཏེ་རྡོ་གྱང་བརྩིགས་ཤིང་ འདུ་ཁང་བཟོ་བཀོད་ཁྱད་འཕགས་ཅན་གསར་བཞེངས་དང། བྱམས་ ཁང་གི་ཁྱམས་དང། མདའ་ཡབ་བཅས་ཞིག་གསོ་གནང། མགོན་ ཁང་དང་རྒྱལ་ཁང་གཉིས་རྙིང་བ་བསྐྱོད་དེ་གསར་བཟོ་མཛད། རྗེ་ གསེར་ཁང་བ་སྔ་ཕྱིར་ལན་འགའ་གདན་དྲངས་ཏེ་བཀའ་ཆོས་མང་དུ་ གསན་ཞིང་ཉམས་བཞེས་ཆེ་བའི་ཚད་དུ་བྱེད། དེ་ལྟར་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ང་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་མ་ཎི་བའི་སྐུ་ཕྲེང་གསུམ་པ་ཡིན་ནོ།། [1271] མ་ཎི་བ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་མགར་རྩེར་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་སྦྲུལ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་སྐུ་ གོང་མ་གདན་སར་མངའ་གསོལ་ཞིང་སྐྱབས་མགོན་བློ་བཟང་བསྟན་ པའི་རྒྱལ་མཚན་ལས་རབ་ཏུ་བྱུང། རྫོང་དཀར་རྡོ་རྗེ་འཛིན་པ་ཟུར་ བ་རིག་གནས་རྒྱ་མཚོའི་ཕྲེང་འཛིན་འཇིགས་མེད་བློ་གྲོས་སོགས་བླ་མ་ དུ་མའི་ཞབས་ལ་བསྟེན་ཏེ་མཁས་པར་གྱུར། དགུང་ལོ་བཅུ་གཉིས་ པར་རོང་བོ་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་མཁྱེན་རབ་ཀྱི་ སྙན་པ་ཀུན་ལ་གྲགས། དགུང་ལོ་ཉེར་གཉིས་པར་ཁྲི་རྒན་འཇམ་པའི་ དབྱངས་ལས་བསྙེན་པར་རྫོགས། ཡོངས་འཛིན་བློ་བཟང་དཔལ་ལྡན་ དང། ཁྲི་རྒན་འཇམ་པའི་དབྱངས། གཙང་སྟོན་བསྟན་འཛིན་ཆོས་ འཕེལ། བྱ་བཏང་ངག་དབང་ཆོས་ལྡན་སོགས་ལས་བཀའ་ཆོས་མང་ དུ་གསན། དུས་ཞབས་མཚོ་བྱུང་དགྱེས་པའི་དཔལ་ལས་རྩིས་དཀར་ ནག་དང། དབྱངས་ཅན་སྒྲ་མདོ་རྣམས་ལ་སྦྱངས་པས་ཀུན་བཤད་ཀྱི་ མཚན་དུ་དབྱངས་ཅན་གྲུབ་པའི་གཞོན་ནུ་གསོལ། རྒྱ་ནག་རི་བོ་རྩེ་ ལྔ་དང་ཕོ་བྲང་ཆེན་མོ་པེ་ཅིན་མཁར་དུ་ཕེབས་ནས་པཎ་ཆེན་ཆོས་ཀྱི་ ཉི་མ་ལས་གསུང་གི་བདུད་རྩི་ཅི་དགའ་བཞེས། དགུང་ལོ་སོ་གཉིས་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་མ་ཎི་བའི་སྐུ་ཕྲེང་ ལྔ་བ་ཡིན་ནོ།། མ་ཎི་བ་བློ་བཟང་མཁས་མཆོག་ [1272] ལོར་མདོ་སྨད་ཨ་རིག་ཆུ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་རྫོང་དཀར་གྱི་གདན་སར་མངའ་གསོལ་ཞིང་སྐུ་ དབོན་ལས་རབ་ཏུ་བྱུང། ཁྲི་སྤྲུལ་བསྟན་པའི་ཉི་མ་དང། རྗེ་བསྟན་ འཛིན་འཕྲིན་ལས་སོགས་ལ་བསྟེན་ནས་གདམས་པའི་མཛོད་དུ་གྱུར་ དཔོན་ཚང་ཆིང་ཝང་སྦྱིན་བདག་དང་སྐུ་བདག་གི་མཐིལ་དུ་སོང་བས་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ཐོས་བསམ་གནང་ དེ་ནས་དབུས་སུ་ཕེབས་ཏེ་སྨོན་ལམ་ཆེན་མོར་དགེ་འདུན་ཁྲི་ར་ཅན་ལ་ བསྙེན་བཀུར་དང། བྱ་བྲལ་ཁམས་ཚན་བཟུང་སྟེ་འབྲས་སྒོ་མང་ཆོས་ གྲྭར་ཞུགས་ནས་བཀའ་པོད་ལྔ་ལ་སྦྱངས་པས་མཁས་པར་གྱུར། རྒྱལ་ བ་སྐལ་བཟང་རྒྱ་མཚོ་ལས་ཆོས་རྒྱུན་མང་དུ་ཞུས། པཎ་ཆེན་བློ་བཟང་ ཡེ་ཤེས་ལས་བསྙེན་པར་རྫོགས། དེ་ནས་ཕྱིར་རྫོང་དཀར་དགོན་དུ་ ཕེབས་ཏེ། རི་ཁྲོད་པ་ཉིས་བརྒྱར་ཉེ་བ་ལ་ཟླ་རེའི་ནང་དུ་དུས་བཟང་ བརྒྱད་རེ། ལྔ་མཆོད། སྨྱུང་གནས། ཀླུ་དབང་རྒྱལ་བོ་རྣམས་ཀྱི་ ཆོས་ཐོག་ལ་ཇ་འགྱེད་དང། མར་འགྱེད། ཕོག་ཆེན། གྲོ་ནས་ཀྱི་ ཕོག་སོགས་ཟམ་མི་འཆད་པ་དང། ཞིང་བརྒྱ་ལྷག་ཕོག་འཐེབ་ཏུ་སྦྱོར་ འཇགས་མཛད། འདུ་ཁང་དང། བཙན་ཁང་གཉིས་གསར་དུ་ བཞེངས། འཇམ་དབྱང་ཀུན་གཟིགས་མི་ཚད་ཀྱིས་གཙོས་སྐུ་བརྙན་ མང་པོ་གསེར་ཟངས་ལས་བཞེངས། གསེར་དངུལ་གཉིས་ཀྱིས་ བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར། སྡེ་དགེ་ནས་བཀའ་ [1273] དངུལ་སྲང་བརྒྱ་ ཕྲག་མང་པོ་ལས་གྲུབ་པའི་མཆོད་རྟེན་གསར་དུ་བཞེངས་པ་སོགས་ རྟེན་གསུམ་མང་དུ་བཞེངས་སོ། དེ་ལྟར་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་མ་ཎི་བའི་སྐུ་ཕྲེང་གཉིས་པ་ཡིན་ནོ། ། མ་ཎི་བ་བློ་བཟང་ཆོས་འཕེལ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་མགར་རྩེ་གོང་མར་སྐུ་འཁྲུངས། རབ་བྱུང་ བཅོ་ལྔ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་སྐུ་གོང་མའི་གདན་སར་མངའ་གསོལ་ཞིང་ཤིང་ བཟའ་བསྟན་པའི་དབང་ཕྱུག་ལས་རབ་ཏུ་བྱུང། གྲུབ་དབང་ འཇིགས་ཞབས་དང་ཤིང་བཟའ་བསྟན་པའི་དབང་ཕྱུག་གཉིས་གཙོ་ བྱས་པའི་བླ་མ་མང་པོ་ལས་བཀའ་ཆོས་མང་དུ་གསན། རོང་བོ་ཐོས་ བསམ་གླིང་གི་ཆོས་གྲྭར་ཞུགས་ཏེ་སྡོང་སྐམ་རབ་འབྱམས་པ་བསྟན་པ་ དར་རྒྱས་དགེ་རྒན་དུ་བསྟེན་ནས་མཚན་ཉིད་སོགས་ཀྱི་གཞུང་ལ་ སྦྱངས་པ་དཔྱིས་ཕྱིན་པ་གནང། རྭ་རྒྱའི་རྒྱལ་བ་བསྟན་པ་ཆོས་འཕེལ་ རྒྱ་མཚོ་ལས་བསྙེན་པར་རྫོགས། ཤིང་བཟའ་རིན་པོ་ཆེ་རང་དགོན་དུ་ གདན་དྲངས་ཏེ་དུས་འཁོར་དབང་ཆེན་དང་ཐིག་ལེ་བཅུ་དྲུག་སོགས་ ཀྱི་དབང་ཞུས། དགུང་ལོ་ཞེ་གཅིག་པར་རྭ་རྒྱའི་དབུ་མཛད་རྙིང་བ་ ཞིག་དབྱངས་དཔོན་དུ་བོས་ཏེ་ཀུན་རིག་བདག་འཇུག་གསར་འཛུགས་ མཛད། དགུང་ལོ་ཞེ་གཉིས་པར་བྱམས་ཁང་གི་ཡོ་བ་བསྲིངས་ཤིང་ [1274] གཞུང་ཆེན་མོ་རྣམས་དང། རྩིས་ དཀར་ནག་སྒྲ་སྙན་ངག་བཟོ་གསོ་བ་སོགས་ལ་ཧ་ཅང་མཁས་ གསུང་རྩོམ་ཡང་ཡོད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ་དགུང་ལོ་ཞེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་མ་ཎི་བའི་སྐུ་ཕྲེང་བཞི་བ་ཡིན་ནོ། ། མ་ཎི་བ་ཤེས་རབ་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་དུ་ཡབ་རྟིས་ཚང་ཕྱག་རྡོར་རྒྱལ་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ བཅས་ལ་བྱང་བར་སྦྱངས་ཏེ། དགུང་ལོ་བཅུ་གསུམ་པར་ཁུ་ཆེན་ཤེས་ རབ་རྒྱལ་མཚན་ལས་རབ་ཏུ་བྱུང། དགུང་ལོ་བཅུ་དྲུག་པར་ཡབ་རྗེ་ སྐལ་ལྡན་རྒྱ་མཚོ་ལས་བཀའ་ཆོས་གསན་ཞིང་མགར་རྩེ་ཤེས་རབ་ཉི་ མའི་སྤྲུལ་སྐུ་ཡིན་ཞེས་གསུངས། རོང་བོ་དགོན་གྱི་ཐོས་བསམ་རྣམ་ རྒྱལ་གླིང་དུ་ཞུགས་ཏེ་མཚན་ཉིད་ཀྱི་གཞུང་སོགས་ལ་རྟག་སྦྱོར་གྱིས་ བརྩོན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནས་དཔོན་སློབ་བློ་ གྲོས་རྒྱ་མཚོ་སོགས་ལ་བསྟེན་ཞིང་ལོ་ལྔའི་རིང་དུ་དཀའ་སྤྱད་ཀྱིས་ གཞུང་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔ་བར་ལྷ་རམས་པའི་ མཚན་བཏགས་བཞེས། དགུང་ལོ་ཉེར་དྲུག་པར་རྒྱལ་དབང་ལྔ་བ་ ལས་བསྙེན་པར་རྫོགས་ཤིང་ཆོས་རྒྱུན་མང་དུ་གསན། དགུང་ལོ་སོ་ [1275] རྫོང་དཀར་ཀླད་དུ་བཀའ་གདམས་ཕོ་བྲང་བཀྲ་ཤིས་དར་རྒྱས་གླིང་ གསར་འདེབས་མཛད་ཅིང་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་ཡོངས་ འཛིན་མཛད། དགོན་པར་ཐུབ་དབང་གནས་བཅུ་སོགས་དང་ བྱམས་སྐུ་ཁྲུ་བཅུ་གཉིས། དངུལ་འབུམ་བཅས་གསར་བཞེངས་ མཛད། ལི་ཐང་བཀའ་འགྱུར་སོགས་གདན་དྲངས། བིས་མདོར་ ལྟག་རྡོ་དང། རྡོ་ཕུག་རྡོ་སྦིས་སུ། རྩི་རྐྱང་སྒོམ་གྲྭ། ཨ་འགང་ སྒོམ་གྲྭ། གནམ་སྐྱག་དགོན་སོགས་སྒྲུབ་སྡེ་མང་དུ་བཏབ། ལོ་གསུམ་ གྱི་རིང་དུ་ཧོར་སྟོད་སྨད། བོན་རྒྱ། མགར་རྩེ་གོང་འོག་ལྕང་ སྐྱ། སྤྱང་ལུང། ཀོའུ་སྡེ། བསེ་རི་ཆུ་བར་གསུམ། རྒྱལ་བོ་གླིང་ ཚང། ཚོ་བཞི། སྨད་པ་སྡེ་བདུན། གླིང་རྒྱལ། བིས་མདོ། ཨ་ བར་ཉིན་སྲིབ། རྡོ་སྦིས། ཁ་གྱ། རྒན་གྱ་སོགས་སུ་མ་ཎི་བཙུགས་ ཏེ་ལོ་རེར་དུང་ཕྱུར་ལྔ་བཅུ་ལྷག་འགྲོ་བས་རྟིས་ཚང་མ་ཎི་བར་གྲགས་ དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ སའི་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་འཆད་ཉན་བསྐྱངས་ དགུང་ལོ་རེ་དགུ་པར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསེར་ཞལ་ མཇལ། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རོང་ བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་དྲུག་ པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་སྐུ་གཉིས་པ་ [1276] ལ་མོ་གྲགས་རྒན་བློ་བཟང་བཀྲ་ཤིས། ཁྱ་དགེ་བློ་གྲོས་རྒྱ་ མཚོ། ནག་གུ་བློ་བཟང་འཇམ་དབྱངས་བཅས་ཡིན་ནོ། ། མང་སྒྲ་བློན་ཀླུ་རྨ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ལ་སྟོད་ཤེལ་ལུང་དུ་ཡབ་ལྷ་མོ་ལྔ་དར་དང། ཡུམ་སེམས་མ་རྒྱལ་ འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་གཉགས་ཡིན་ འདས་ལོ་མི་གསལ། ཁོང་གི་བྱིས་པའི་མིང་ལ་ཀླུ་རྒྱལ་ནོར་བུ་ཞེས་ཞུ་ དགུང་ལོ་བཅུ་བཞི་པར་ཆོས་འཁོར་གླིང་དུ་ཕེབས་ཏེ་འཇམ་མགོན་ ཕྱོགས་ལས་རྣམ་རྒྱལ་བླ་མར་བསྟེན་ནས་བཤད་གསར་གྱི་གཞུང་འཛིན་ དང་ས་རིས་སོགས་ལ་སྦྱངས་པ་མཛད། དགུང་ལོ་བཅོ་ལྔ་པར་ལྕགས་ ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དང་པཎ་གྲུབ་བཟང་པོ་ བཀྲ་ཤིས་གཉིས་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཀླུ་སྒྲུབ་རྒྱ་མཚོ་ཞེས་ [1277] དགུང་ལོ་ཉེར་གསུམ་པ་ཚར་ཆེན་བློ་གསལ་རྒྱ་མཚོ་ལས་ས་ ལུགས་ཀྱི་ཆོས་སྐོར་མང་དུ་གསན། དགུང་ལོ་ཉེར་དྲུག་པར་ཇོ་ནང་ ཀུན་དགའ་གྲོལ་མཆོག་ལས་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་ ཞུས། དགུང་ལོ་སུམ་ཅུ་ཐམ་པར་མཁན་པོ་བཟང་པོ་བཀྲ་ཤིས་དང་ འཇམ་མགོན་ཕྱོགས་ལས་རྣམ་རྒྱལ་གཉིས་ལས་བསྙེན་པར་རྫོགས་ཤིང་ ཆོས་འཁོར་གླིང་གི་སློབ་དཔོན་མཛད་ཅིང་ལོ་གསུམ་གྱི་རིང་དུ་འཆད་ ཉན་བསྐྱངས། དགུང་ལོ་སོ་གསུམ་པར་ཡ་ག་ཆོས་སྡིངས་ཀྱི་སློབ་ དཔོན་མཛད་ནས་ལོ་བཅོ་བརྒྱད་ཀྱི་རིང་དུ་འཆད་ཉན་མཛད་ དགུང་ལོ་ང་གཉིས་པར་མཉན་ཡོད་བྱ་གཤོངས་ཀྱི་མཁན་པོའི་ཁྲི་ལ་ ཕེབས་ནས་ལོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་འདུ་ཁང་ གསར་བཞེངས་གནང། དགུང་ལོ་རེ་གཅིག་པར་འདར་གྲང་ཆེ་ཆོས་ འཁོར་ཡང་རྩེའི་གདན་ས་གཅིག་ལྕོག་མཛད། དགུང་ལོ་རེ་བརྒྱད་ པར་དགོན་པ་སེང་རྫོང་གི་ཕྱོགས་སུ་སློབ་བཤད་ནོར་བུའི་གླིང་བསྐྲུན་ ཏེ་གྲྭ་བུ་སློབ་ཀྱི་ཚོགས་པ་བསྐྱངས། དགུང་ལོ་བདུན་ཅུ་ཐམ་པར་ བྱང་ངམ་རིང་ཆོས་སྡེའི་མཁན་པོ་མཛད་ནས་མདོ་སྔགས་ཆོས་ཀྱི་ འཁོར་ལོ་བསྐོར་ཞིང་འཆད་རྩོད་གསུམ་གྱིས་དུས་འདའ་བར་མཛད་ དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་འགའ་རོང་པ་དང་ ཆོས་རྗེ་འབུམ་པ་ཤེར་བློ་བ། ཆོས་རྗེ་ཆ་ལུང་པ་སོགས་སོ། ཁོང་གི་ གསུང་རྩོམ་ནི་ དཀའ་འགྲེལ། སྤོང། [1278] བརྒལ་བ་བཞུགས་སོ། ། མང་ཞམ་སྟག་ཙབ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱིས་ བོད་ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ནང་བློན་ཆེན་པོའི་གོ་ སར་བསྐོ་བཞག་མཛད་ཅིང་ལོ་ངོ་གསུམ་གྱི་རིང་དུ་སྲིད་དོན་བསྒྲུབས་ ནས་བོད་ལུགས་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་དགོངས་པ་མྱ་ངན་ ལས་འདས་སོ། ། མང་འོར་བྱང་ཆུབ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་དུ་ མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད། འགྱུར། [1279] པ། བཞུགས་སོ། ། མང་སྲོང་མང་བཙན།། ཁོང་ནི་བོད་ལུགས་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་ པོ་གུང་རི་གུང་བཙན་དང། འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁྲི་དཀར་ ཏི་ཤགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ས་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་མི་ འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་བོད་ཀྱི་རྒྱལ་སྲིད་བསྐྱངས་ མགར་སྟོང་བཙན་ཡུལ་ཟུང་དང། མཆིམས་མང་གཉེར་གཉིས་ཀྱིས་ བློན་པོ་མཛད། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བཞེས་ཏེ་རིགས་སྲས་ འདུས་སྲོང་མང་བཙན་སྐུ་འཁྲུངས། ལོ་ངོ་བཅོ་ལྔའི་རིང་དུ་བོད་ཀྱི་ ཆབ་སྲིད་བསྐྱངས་ཤིང་གྲུ་གུའི་རྒྱལ་ཁམས་སོགས་མངའ་འོག་ཏུ་བསྡུས་ པ་དང། འབྲོག་ལས་ཐོན་སྐྱེད། ཞིང་ལས་ཐོན་སྐྱེད་ཀྱང་མུ་མཐུད་ ནས་གོང་འཕེལ་དུ་བྱུང་བར་ཞིང་འབྲོག་གི་དོར་ཀ་དང་ཐུལ་ཀ་བརྩི་ བའི་བྱེད་ཐབས་སྣ་ཚོགས་བཀོད་དེ་ལོ་ལྟར་འདུ་ཚོགས་ཆེན་པོ་སྐོང་ འཚོགས་བྱེད་པའི་ལམ་སྲོལ་ཡང་བསྟར་ཆགས་སུ་མཛད། དགུང་ལོ་ ཉེར་བདུན་པར་གཙང་གི་བར་སྣང་སྒང་དུ་དགོངས་པ་མྱ་ངན་ལས་ འདས་སོ། བང་སོ་ནི་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ་ ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་ [1280] ། མངྒལ་གུ་རུ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཡབ་ཆོས་ཡགས་དང། ཡུམ་ཟོ་ཟི་བཟའ་གཟུངས་སྒོམ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། དགུང་ལོ་བཅུ་དྲུག་པར་མཁན་པོ་ཐང་སྐྱ་བ་དང་ སློབ་དཔོན་གྲགས་པ་བཟང་པོ་གཉིས་ལས་རབ་ཏུ་བྱུང། མཁན་སློབ་ གཉིས་ལས་འདུལ་བ་དང། ལམ་སྒྲོན། ཇོ་བོ་རྗེ་ནས་བརྒྱུད་པའི་ ཆོས་མང་དུ་གསན། བླ་མ་མཁས་གྲུབ་ཆེན་པོ་ལས་ཀྱེ་རྡོར་དང་ དུས་འཁོར། གསང་འདུས་སྒྲོན་གསལ། གདན་བཞི། མ་ཧཱ་མཱ་ཡཱ་ ཕག་མོ། དཔྱལ་གྱི་ཆོས་དྲུག་སྟག་ལུང་ཟབ་ཆོས། བདེ་མཆོག་སྙན་ བརྒྱུད། སེམས་བསྐྱེད་སུམ་སྦྲེལ། རིན་ཆེན་ཐེམ་སྐས། དབང་གི་ ལག་ལེན། ཟབ་མོ་བླ་མའི་རྗེས་གནང། ལམ་ལྔའི་བཤད་པ་བཅས་ མང་དུ་ཞུས། དགུང་ལོ་ཉེར་ལྔ་པར་སྟག་ལུང་དུ་ཕེབས་ཏེ་ཡང་ དགོན་ནས་སངས་རྒྱས་ཡར་བྱོན་དང་མཇལ་ཞིང་བྱིན་རླབས་ཞུས་ ལོ་དེར་མཁན་པོ་ཐང་དཀར་པ་འོད་ཟེར་འབྱུང་གནས་དང། སློབ་ དཔོན་རིན་ཆེན་བཀྲ་ཤིས་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ དེ་ནས་སངས་རྒྱས་ཡར་བྱོན་ལས་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ ལ་སོགས་པ་གདམས་པ་མང་དུ་ཞུས་ནས་ལོ་ངོ་བཅུ་དྲུག་ཏུ་སྐུ་མཚམས་ དམ་པར་མཛད་ཅིང་རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས། ལོ་ངོ་ བཅུ་དྲུག་སོང་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་གོང་ནས་ཕོད་ [1281] བྱིན་རླབས་སྒྲུབ་ཐབས་དང་བཀའ་ལུང་མང་པོ་ཞུས། དེ་ནས་སངས་ རྒྱས་ཡར་བྱོན་སྐུ་གཤེགས་ཁར་སྟག་ལུང་བ་ཡོན་མཆོད་པ་རྣམས་ངས་ ཇི་ལྟར་བསྐྱངས་པ་བཞིན་དུ་ཁྱོད་ཀྱིས་སྐྱོངས། བཅའ་བ་དང་རྣམ་ ཐར་རྣམས་ཀྱང་ངའི་ལུགས་བཞིན་གྱིས་གསུངས་ནས་ཞབས་སྤྱི་བོར་ བཞག་སྟེ། དགུང་ལོ་ཞེ་གསུམ་པ་རབ་བྱུང་ལྔ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། མཛད་ སྤྱོད་རྣམ་ཐར་ཐམས་ཅད་སྐུ་གོང་མ་རྣམས་ཀྱི་ལུགས་བཞིན་དུ་མཛད་ གདུང་རྟེན་བཀྲ་ཤིས་འོད་འབར་དང། ལྷ་ཆེན་སྟོང་གསུམ་ཟིལ་ གནོན་ལེགས་པར་བཞེངས་ཏེ། ཆོས་རྗེ་དཔལ་བཟང་པོ་དང་ གཅུང་བྱ་བྲལ་བ། མཁན་པོ་གཙང་པ། སློབ་དཔོན་རྒྱལ་བ། ཀོང་ པ་དར་ཤེ། གཉན་ཐོག་ནམ་ཡེ་བཅས་མཁས་གྲུབ་གཉིས་ལྡན་གྱི་བླ་ མ་རྣམས་ཀྱིས་རབ་གནས་རྒྱས་པར་མཛད་དོ། ད་དུང་ཤར་སྒོའི་ནང་ དུ་གྱང་རིས་དང། ལྡེར་སྐུ་རྣམས་ཀྱང་བཞེངས་པ་མཛད་ཅིང་ལོ་ངོ་ ཉེར་ལྔའི་བར་དུ་གདན་སར་བཞུགས། དགུང་ལོ་དྲུག་ཅུ་རྩ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སྟག་ལུང་ དགོན་པའི་གདན་རབས་བཞི་བ་ཡིན། ། མར་ཐུང་དད་པ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ [1282] དེ་རྗེས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་ པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་གཞུང་ ལུགས་ལ་ཐོས་བསམ་ལེགས་པ་གནང་བ་དང་ལེགས་སྦྱར་གྱི་སྐད་ལ་ ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་སྒྲ་བསྒྱུར་ཀྱི་ཕྱག་ལས་གནང་ ཁོང་གི་བསྒྱུར་རྩོམ་ནི་ འགྲེལ། ། མར་སྟོན་ཚུལ་ཁྲིམས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ ཤངས་ཀྱི་བྲུད་ཀྱི་དད་མོ་སྟེངས་སུ་ཡབ་མར་པ་འབར་བ་རྒྱལ་མཚན་གྱི་ སྲས་སུ་སྐུ་འཁྲུངས། ཁོང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ དགུང་ལོ་མཐོ་དུས་བསྙེན་པར་རྫོགས། བཀའ་གདམས་དང་འདུལ་ བ་གསན། འཇང་པ་བྱང་སྐྱབས་ལས་བསླབ་བཏུས་ལ་སོགས་པའི་ སྤྱོད་ཕྱོགས་གསན། སུམ་སྟོན་དགེ་འདུན་ལས་གསང་སྔགས་མང་དུ་ གསན། དེ་ནས་ཁྱུང་ཚང་ཡེ་ཤེས་བླ་མ་ལས་སྙན་བརྒྱུད་ཀྱི་གདམས་ ངག་རྣམས་ལེགས་པར་ཞུས་པས་ཆོས་ཉིད་ཀྱི་རྟོགས་པ་དང་བར་དོ་ལ་ རྩལ་འབྱོངས་ཤིང། འོད་གསལ་གྱི་ངང་ནས་བླ་མ་རྣམས་གཤེགས་ པའི་དུས་མཁྱེན་པ་ལ་སོགས་པའི་ཡོན་ཏན་མང་པོ་མངའ། བྱང་ཆུབ་ ཀྱི་སེམས་ཀྱིས་གཞན་དོན་ལྷུར་མཛད་ཅིང། བྱེ་བྲག་ཏུ་སྙན་བརྒྱུད་ ཀྱི་གདམས་ངག་སློབ་མ་ཤིན་ཏུ་མང་བར་གསུངས་པས་དར་ཞིང་རྒྱས་ པར་མཛད་དོ། རས་ཆུང་སྙན་བརྒྱུད་ཀྱི་བདག་པོར་གྱུར་ཏོ། ། མང་པ་དོ་བ་ཆོས་ཀྱི་དབང་ཕྱུག་ [1283] ཡར་འབྲོག་བླ་དོའི་རྒྱགས་སུ་ཡབ་དགེ་བཤེས་ཆོས་རྒྱལ་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་གཉིས་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་གོ་རུབ་ལོ་ཙཱ་ བ་ཚུལ་ཁྲིམས་རྒྱལ་བ་གཉིས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་ རྣམས་ལ་ལེགས་པར་སྦྱངས། དེ་ནས་བལ་ཡུལ་དུ་ཕེབས་ཏེ་ལྷོ་བྲག་ མར་པ་དང་མཇལ་ཞིང་གསེར་ཞོ་གང་གིས་ཕྱག་རྟེན་མཛད། དེ་ནས་ ལྷོ་བྲག་མར་པའི་གསུངས་ལྟར་རྒྱ་གར་དུ་ཕེབས་ཤིང་ནཱ་རོ་པའི་སློབ་མ་ མ་ན་ཀ་ཤྲཱི་དང། པྲཛྙཱརཀྵིཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མུ་ ད་བཛྲ་རྣམས་ལ་བསྟེན་ནས་ནཱ་རོ་པའི་ལུགས་ཀྱི་བདེ་མཆོག་གི་དབང་ དང། རྒྱུད། མན་ངག་རྣམས་ལེགས་པར་གསན། སླར་བལ་ཡུལ་ དུ་ཕེབས་ཏེ་ཕམ་མཐིང་བ་དང། གཅུང་པོ་ངག་གི་དབང་ཕྱུག་ གཉིས་ལས་ནཱ་རོ་པའི་ཆོས་སྐོར་མང་དུ་གསན། མཁས་པ་སུ་མ་ཏི་ ཀཱི་རྟཱིལ་བསྟེན་ནས་བདེ་མཆོག་སྐོར་གྱི་འགྱུར་ཡང་མང་དུ་མཛད། དེ་ ནས་བོད་དུ་ཕེབས་ཤིང་སློབ་མ་མང་དུ་བསྐྱངས་ཏེ་གྲགས་ཆེ་བ་ནི་ གཙང་གི་མཁས་པ་རྒྱ་ནམ་མཁའ་དང་ངོའི་གཟེ་བ་བློ་ལྡན། ཅོག་རོ་ ཆོས་ཀྱི་རྒྱལ་མཚན་བཅས་ཡིན། ཁོང་གིས་རྩ་བའི་རྒྱུད་དང་ཀུན་སྤྱོད་ གཉིས་ཀ་ལ་བསྡུས་དོན་དང་ཊཱི་ཀ་རྒྱས་པར་མཛད་དོ། ཁོང་གི་ བསྒྱུར་རྩོམ་ནི་ གྱི་རྒྱལ་པོའི་ལེའུ་བདུན། རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ལེའུ་ [1284] བཞི། དང། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔའི་འགྲེལ་བ། ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིད་བཞིན་ ནོར་བུ། དཔལ་འཁོར་ལོ་སྡོམ་ པའི་བསྟོད་པ། འཕྲུལ་སྦྱིན་པ། ཐབས་རིན་པོ་ཆེ་གཙུག་གི་ནོར་བུ། གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ། མདོར་བསྡུས་པ། འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་སྣང་བ། འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག། ཟེར་ཅན། ལ་བསྟོད་པ། ཏཱ་ར་ན་པའི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས། [1285] ཀྱི་ལེའུ་རྒྱ་ཆེར་བཤད་པ། ། མང་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས།། ཁོང་ནི་རབ་བྱུང་སྔོན་ཀྱི་སྤྱི་ལོ་་ལོར་ལྷོ་བྲག་ཆུ་ཁྱེར་དུ་ ཡབ་མར་པ་དབང་ཕྱུག་འོད་ཟེར་དང། ཡུམ་རྒྱ་མོ་འོད་ཟེར་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་ འབྲི་ཀློག་ལེགས་པར་མཁྱེན། དེའི་སྐབས་སུ་སྤྱོད་པ་རྒོད་ཅིང་རྩུབ་ པས་རྩེད་གྲོགས་སུས་ཀྱང་གླགས་མི་འཁེལ་བ་ཞིག་བཞུགས། དགུང་ ལོ་བཅོ་ལྔ་པར་མང་མཁར་མྱུ་གུ་ལུང་དུ་ཕེབས་ཏེ་འབྲོག་མི་ཤཱཀྱ་ཡེ་ ཤེས་ལས་སྒྲ་བསྒྱུར་བསླབས་ཤིང་ལེགས་པར་མཁྱེན། བལ་པོ་སྤྱི་ཐེར་ བ་ལས་དཔལ་གདན་བཞི་སོགས་རྒྱུད་འགའ་ཞིག་གསན་པ་དང། སྒྲ་ ཚད་གསོ་རིག་བཅས་ལའང་ལེགས་པར་སྦྱངས། རྒྱ་གར་ལ་ལན་ གསུམ་དང། བལ་ཡུལ་ལ་ལན་བཞི་བྱོན། ནུབ་ལཀྵི་ཊའི་དགོན་ པར་ཕེབས་ནས་དཔལ་ཡེ་ཤེས་སྙིང་པོ་ལས་གསང་འདུས་དང། སྒྱུ་ ལུས། འོད་གསལ། རིམ་ལྔ་སོགས་གསན། ལྷོ་དུག་མཚོ་ཁོལ་མའི་ གླིང་དུ་བྱོན་ཏེ་དཔལ་ཞི་བ་བཟང་པོ་ལས་མ་ཧཱ་མཱ་ཡ་དང། རྣལ་ འབྱོར་གསུམ། སྒྱུ་མ་གསུམ་སོགས་རྒྱུད་ཀྱི་གདམས་པ་གསན། ཤར་ ཕྱོགས་ཀྱི་རི་རབ་ཏུ་འཁྲུངས་པའི་དགོན་པར་ཕེབས་ནས་མངའ་བདག་ མཻ་ཏྲི་པ་ལས་རྒྱུད་ཀྱི་གདམས་པ་དང། ཕྱག་རྒྱ་ཆེན་པོའི་མན་ངག་ གསན་ནས་རྟོགས་པ་མངོན་སུམ་དུ་འཁྲུངས། བྱང་མཱ་ཧཱ་རིར་བྱོན་ [1286] བསྲེ་འཕོ་མཚམས་སྦྱོར་ གྱི་གདམས་ངག་གཏུམ་མོའི་ལས་རྒྱ་སོགས་ལོ་ངོ་བཅུ་དྲུག་ཏུ་གསན་ ནཱ་རོ་དང་མཻ་ཏྲི་རྣམ་གཉིས་ཀྱིས་བྱང་ཕྱོགས་ཁ་བ་ཅན་འདུལ་བའི་རྒྱལ་ ཚབ་ཏུ་དབང་བསྐུར། ཐ་མལ་པ་རྣམས་ཀྱི་སྣང་ངོར་བུད་མེད་བསྲེལ་ བ། ཡུལ་མི་དང་འཐབ་བ། མཁར་ལས་དང་ཞིང་ལས་མཛད་པ་ སོགས་སྣང་ཡང་སྐལ་བ་དང་ལྡན་པ་དག་གི་སྣང་ངོར་གྲོང་འཇུག་ཀྱང་ ལན་བརྒྱ་ཙམ་མཛད་པ་དང། ངོ་མཚར་བའི་རྫུ་འཕྲུལ་སྣ་ཚོགས་ བསྟན་པ་གྲངས་ལས་འདས་ཤིང། གསང་སྔགས་ཀྱི་བསྟན་པ་རིན་པོ་ ཆེའི་བཤད་སྒྲུབ་གཉིས་ཀྱི་བདག་པོར་གྱུར། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་བཀའ་ཆེན་བཞི་སྟེ། རྔོག་སྟོན་ཆོས་སྐུ་རྡོ་རྗེ་ལ་རྒྱུད་བཤད་ དང། དོལ་གྱི་མཚུར་སྟོན་དབང་ངེ་ལ་འཕོ་བ། མེས་སྟོན་ཚོན་པོ་ ལ་འོད་གསལ། གུང་ཐང་གི་མི་ལ་རས་པ་ལ་ལྟ་སྒོམ་གྱི་བཀའ་བབས་ ཏེ་བཤད་རྒྱུད་དང། སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཆེན་མོ་གཉིས་ཀྱི་ འབྱུང་ཁུངས་ཡིན། ཁོང་གི་བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་ པར་རྒྱལ་བ་རྒྱུད་ཀྱི་རྒྱལ་པོ། བསྟན་འགྱུར་ལས་ ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་ པ། བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ། ། མལ་ཀ་བ་ཅན་པ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་རྟ་ལོ་སྟེ་ལོ་་ལོར་ [1287] ཡུམ་ཧབ་ བརྡལ་བཟའ་མདོ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་ པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་མོ་ ཡུགས་ཤིན་ཏུ་ཕྱུག་པ་ཞིག་ཁྱིམ་ཐབས་བཞེས། དེ་ནས་ཁོང་གི་བདག་ མོས་ཆོས་ལ་སྐུལ་བས་ཆོས་སྒོར་ཞུགས། འོལ་ཁར་ཕེབས་ཏེ་སློབ་ དཔོན་དར་མ་གྲགས་ལས་ཞི་བྱེད་རྨ་ལུགས་རྣམས་ཞུས། མལ་སྤོས་ཀ་ བ་སྨོན་ལམ་ལས་ནཱ་རོ་པའི་ཆོས་དང་བྱ་རོག་མའི་སྒྲུབ་ཐབས་ཞུས་ནས་ ལྡོམ་བུ་བ་མཛད། དེ་ནས་དམ་པ་སྒོམ་སྨོན་གྱི་ཞབས་ལ་གཏུགས་ ནས་བར་དོའི་གདམས་པ་དང། དོན་བརྒྱུད་ཀྱི་གདམས་པ་ཐམས་ ཅད་རྫོགས་པར་ཞུས་ཤིང་ལོ་ངོ་བཅུ་གཉིས་རིང་དུ་སྒྲུབ་པ་ཉམས་ལེན་ མཛད། དགུང་ལོ་སུམ་ཅུ་རྩ་ལྔ་པར་ཤ་མི་སྒོམ་ཆེན་སྨོན་ལམ་འབར་ དང་མཇལ། ལོ་ངོ་བཅུ་གཉིས་བར་དུ་བསྟེན་ནས་ཞི་བྱེད་སོ་ལུགས་ ཀྱི་ཆོས་སྐོར་ཐམས་ཅད་གསན། ལོ་ངོ་བཞི་བཅུ་ཐམ་པར་སྒྲུབ་པ་ ཉམས་ལེན་མཛད། ཡོན་བདག་གེ་རྒོད་ཀྱིས་གདན་དྲངས་ཏེ་ཟླ་བ་ གཉིས་དེར་བཞུགས་པ་མ་གཏོགས་སྒྲུབ་པ་ཉམས་ལེན་ཁོ་ནར་མཛད་ ནས་དུས་འདའ་བ་ལས་གྲོང་གསེབ་ཏུ་འགྲིམ་མ་མྱོང་པ་ཡིན། བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ སློབ་དཔོན་ཀུན་བཟང་དང་གྱེར་སྒོམ་ཚུལ་ཁྲིམས་སེང་གེ་བཅས་ཡིན་ ནོ། ། མལ་གྲོ་སངས་རྒྱས་རིན་ཆེན།། [1288] ལོར་མལ་གྲོ་འབྲོག་སྡེར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཕོ་བྱི་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་ རིན་ཆེན་གླིང་པའི་དབུ་མཛད་ཆོས་བཟང་ཉི་མའི་དྲུང་ནས་རབ་ཏུ་ བྱུང་སྟེ་ཉག་རོང་གྲྭ་ཚང་དུ་སློབ་གཉེར་མཛད། མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར། དགུང་ ལོ་སུམ་ཅུ་སོ་གསུམ་པར་རྩེས་ཐང་ཚེ་བརྟན་རྒྱ་མཚོ་དང་ཞོགས་བྱམས་ པ་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས་ཤིང་སེར་སྨད་པའི་འཆད་ ཉན་དང། ཤར་དང་སྦྲེལ་བའི་བླ་མ་ལོ་གསུམ་མཛད། དགུང་ལོ་ང་ བདུན་པ་རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་ཡངས་པ་ཅན་གྱི་ཞིག་གསོ་ལྡེབས་བྲིས་དང་ལྷ་ས་སྨོན་ ལམ་ཆེན་མོའི་གྲལ་དབུ་མཛད། དགུང་ལོ་དྲུག་ཅུ་རེ་བཞི་པར་ གཟིམས་སྦྱིལ་ཁང་དུ་ཟུར་བཞུགས་མཛད་ཅིང། ཐང་སྐྱ་དང། ཕག་མོ་ཆོས་སྡེ། རིན་ཆེན་གླིང་སོགས་ཀྱི་བླ་མ་དང། རྒྱལ་བ་ཡོན་ ཏན་རྒྱ་མཚོ་རབ་བྱུང་སྒྲུབ་པའི་མཁན་པོ་མཛད། དགུང་ལོ་བདུན་ཅུ་ དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་ རྫོགས་ཀྱི་ཕྱིར་དུ་གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་བཞེངས་ ཏེ་དངུལ་གདུང་མཐོང་བ་དོན་ལྡན་གྱི་རྒྱ་གུར་ཕྱིའི་གཡས་སྨད་དུ་ བཞུགས་ཤིང་དུས་མཆོད་ཀྱང་དབོན་པོས་ལེགས་པར་འཛིན་ནོ་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ཉི་ཤུ་རྩ་བདུན་པ་ [1289] ། མལ་གྱོ་བློ་གྲོས་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་སྙན་གྲགས་ཅན་ཞིག་ཡིན། ཁོང་གིས་ཐོག་ མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་དེ་མགོན་པོའི་ཆོས་སྐོར་སོགས་སྤྱན་དྲངས་ནས་བོད་ཡུལ་དུ་ ཕེབས། འཁོན་དཀོན་མཆོག་རྒྱལ་པོ་ ་ སོགས་ ལ་གསང་སྔགས་གསར་མའི་ཆོས་སྐོར་མང་དུ་གསུངས། ཁོང་གི་ བསྒྱུར་རྩོམ་ནི་ ཐབས། རྟོགས་པ། ཐབས། མཚན་གྱི་རྣམ་པར་དག་པ། བསྟོད་པ། ། མི་ཉག་མཁན་སྤྲུལ་བློ་བཟང་སྐལ་ལྡན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ མདོ་ཁམས་མགར་ཐར་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་ དུས་སུ་མི་ཉག་སྐྱིད་ལེགས་དགོན་དུ་ཆོས་ཞུགས་མཛད་དེ་བསྡུས་ [1290] དེ་ནས་ དབུས་ལྷ་ལྡན་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཤིང་ཁྲི་ཆེན་གྱ་གཅིག་པ་ངག་དབང་ནོར་བུ་དང། ཀེའུ་ཚང་ བློ་བཟང་བསྟན་འཛིན་ཡར་རྒྱས། གླིང་སྤྲུལ་བློ་བཟང་ལུང་རྟོགས་ བསྟན་འཛིན་འཕྲིན་ལས་ ་ སོགས་ལ་བསྟེན་ནས་ གཞུང་ཆེན་བཀའ་པོད་ལྔ་དང། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་ གསན་བསམ་མཐར་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་ གི་གསུང་རྩོམ་ནི། ཤེས་རབ་གོ་ཆའི་རྒྱ་འགྲེལ་གྱི་ཚིག་ཕལ་ཆེར་སོར་བཞག་བགྱིས་པ། དང། ཆོས་ཚན་སུམ་ཅུ་ལོངས་པའི་པོད་གཉིས་བཞུགས་སོ། ། མི་ཉག་རྡོ་རྗེ་བཟང་པོ།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མི་ཉག་གི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ གཞོན་ནུའི་དུས་ནས་དབུས་སུ་བྱོན་ཏེ་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པ་ཆེན་པོར་ གྱུར་ཏེ། སེར་སྨད་ཀྱི་འཆད་ཉན་པ་མཛད་བཞིན་པའི་ངང་ནས་ཤར་ དུ་ཐུང་ཙམ་བཞུགས། དགུང་ལོ་བཞི་བཅུ་ཞེ་དགུ་པ་རབ་བྱུང་དགུ་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས་ [1291] འཆད་ཉན་མཛད་ཅིང་རྣམ་དཀར་དགེ་བའི་འཕྲིན་ལས་ཆེ། གཟིམས་ ཁང་ཆེན་མོའི་ཤིང་རྩི་ལྡེབས་བྲིས་གསར་བཞེངས་མཛད། དེ་ནས་ བདེ་བ་ཅན་དུ་ཟུར་བཞུགས་དང་སྤྲས་རིན་ཆེན་བྲག་གི་ཞལ་འཛིན་ མཛད། ཐེ་བོ་དང་ལྡན་མ་འཁྲུགས་པའི་བར་ལ་བྱོན་པས་དབུ་ལ་རྡོ་ ཕོག་པའི་རྐྱེན་གྱིས་དགུང་ལོ་དྲུག་ཅུ་རེ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་བཅུ་བདུན་པ་ཡིན་ནོ། ། མི་ཉག་དཔལ་ལྡན་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་བྱང་ངོས་འཇུ་ལག་ཀླུང་ཆེན་འགྲམ་དུ་ ཡབ་ཇུང་ཝང་ཚེ་རིང་དོན་གྲུབ་དང། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཁྲི་ཀའི་རང་དགོན་དུ་སྐུ་གཤེགས། ཁོང་དགུང་ལོ་ བདུན་པར་སྐུ་གོང་མ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མའི་ཡང་སྲིད་ དུ་ངོས་འཛིན་མཛད་ཅིང་སྐུ་འབུམ་དགོན་པའི་རང་སྒར་གྱི་གདན་ སར་བཀོད་དེ་དགའ་སྟོན་རྒྱ་ཆེར་མཛད། སྐྱབས་རྗེ་ཆུ་བཟང་བློ་ བཟང་ཐུབ་བསྟན་རབ་རྒྱས་སོགས་ལས་རབ་བྱུང་དགེ་ཚུལ་དང་བསྙེན་ རྫོགས་རྣམས་རིམ་གྱིས་བསྒྲུབས་ཤིང་བསླབ་བྱའི་གནས་རྣམས་སྲོག་ བསྡོས་མཛད། དགུང་ལོ་བཅུ་གཉིས་པར་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ [1292] དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཤིང་བླ་མེད་ཀྱི་རྒྱུད་འགྲེལ་དང་བཅས་པར་གཞན་ དྲིང་མི་འཇོག་པའི་སྦྱངས་པ་ཚད་ཐུབ་ཏུ་མཛད། དགུང་ལོ་ཉེར་ གཉིས་པར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ཆོས་ཁྲིམས་དང་ སློབ་གཉེར་བཅས་ལ་དམ་འཛིན་ལེགས་པར་མཛད། དེ་ནས་སྨད་ སོག་ཡུལ་དུ་སྔ་ཕྱི་ལན་བཞི་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ དགུང་ལོ་ཞེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་གདན་ ས་ལོ་གཅིག་གི་རིང་དུ་བསྐྱངས། ཁྲི་ཟུར་ནས་ཏུ་ལན་དགོན་པར་ ཕེབས་ཏེ་བསྟན་འགྲོའི་དོན་ཆེན་ལེགས་པར་སྒྲུབ། དེ་ནས་སླར་སྐུ་ འབུམ་དགོན་དུ་ཕེབས་ནས་རེ་ཞིག་བཞུགས་ཏེ་ཆོས་ཀྱི་བཀའ་དྲིན་རྒྱ་ ཆེར་བསྩལ། དེ་ནས་ཁྲི་ཀའི་རང་དགོན་མི་ཉག་གྲྭ་ཚང་དུ་གཏན་ བཞུགས་མཛད་དེ་སྒྲུབ་པ་ཉམས་ལེན་གྱིས་དུས་འདའ་བར་མཛད་དོ་ དགུང་ལོ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དྲུག་ཅུ་ཐམ་པ་ཡིན་ནོ། ། མི་ཉག་བློ་གྲོས་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་རྒྱུད་པའི་ཁྲི་ལ་བཞུགས་མྱོང་ དགུང་ལོ་བདུན་ཅུ་དོན་བཞི་པ་རབ་བྱུང་བཅུ་གསུམ་པའི་ས་མོ་སྦྲུལ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ [1293] དེའི་རིང་དུ་སྐྱབས་རྗེ་ལྕང་སྐྱ་ ཧོ་ཐོག་ཐུ་ཡེ་ཤེས་བསྟན་པའི་སྒྲོན་མེ་རྒྱ་ནག་ནས་ཆོས་སྡེ་འདིར་ཕེབས་ ཏེ་སྤྱི་འཇོག་དངུལ་སྲང་སྟོང་ལྷག་ཙམ་དང། མཆོད་རྫས་སྣ་ཚོགས་ཀྱི་ འཇོག་པ་དང་དགེ་འདུན་རྣམས་ལ་མང་འགྱེད་སོགས་གང་གཟབ་ གནང། གོང་མ་ཆིང་ལུང་རྒྱལ་པོས་གསེར་སྡོང་ཆེན་མོར་བཀས་ བསྔགས་ཤིང་གནང་བའི་ཙི་པན། ར་ཝན་པན་དུ་གྲགས་པའི་གླེགས་ བུའི་འཇའ་ས་དང། བྱུར་ཕྲེང་ཁྱད་མཚར། དངུལ་སྲང་ལྔ་བཅུ་ ལས་བསྒྲུབས་པའི་མཎྜལ་གསེར་ཚོས་ཅན། དངུལ་སྲང་སོ་གཉིས་ ལས་བསྒྲུབས་པའི་བཀྲ་ཤིས་རྟགས་བརྒྱད་བཅས་བསྩལ་བ་གསེར་སྡོང་ ཆེན་མོར་བཞུགས། འདུ་ཁང་ཆེན་མོར་བཀས་བསྔགས་ཏེ་གནང་ བའི་ཙི་པན་དང། ར་ཝན་པན་ཏེ་བཀའི་འཇའ་ས་བཅས་བསྩལ་བ་ འདུ་ཁང་ཆེན་མོའི་ནང་དུ་བཞུགས་སོ། དེ་ནས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་བརྒྱད་པར་དགོངས་ བ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་ཉི་ཤུ་རྩ་བདུན་པ་ཡིན་ནོ། ། མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྨན་པ་དཔོན་སློབ་ཀྱི་ཁྲི་དང་ རྒྱུད་པ་གྲྭ་ཚང་གི་ཁྲི་ལ་རིམ་གྱིས་ཕེབས་ནས་འགྲིག་ལམ་ཀུན་སྤྱོད་དང་ སློབ་གཉེར་བཅས་ལ་དོ་དམ་ལེགས་པར་མཛད། དགུང་ལོ་བཞི་བཅུ་ [1294] ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ངོ་གཉིས་ཀྱི་ རིང་དུ་གདན་ས་བསྐྱངས། དགོན་པའི་འགྲིག་ལམ་ཀུན་སྤྱོད་དང་ སློབ་གཉེར་བཅས་ཚགས་འཛིན་ལེགས་པར་མཛད་ཅིང། བཙན་ ཁང་ཆེན་མོའི་ཁྱམས་ར་ཞིག་གསོས་གང་ལེགས་གནང། ཁོང་གི་ གདན་སའི་རིང་ལ་ཆ་ཧར་གུ་ལུ་ཨ་ལ་ན་ཤོག་གི་སྦྱིན་བདག་བུ་ཡིན་ཐུ་ ནང་སོ་བློ་བཟང་འཇམ་དབྱངས་སོགས་ཀྱིས་བར་ཆོས་ཀྱི་ཕོག་ཐེབས་ སུ་དངུལ་སྲང་ཆིག་སྟོང་ཆིག་བརྒྱ་ལྔ་བཅུའི་སྤྱི་འཇོག་ཕུལ། ཁོང་ནི་ སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་སོ་བརྒྱད་པ་ཡིན་ནོ། ། མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ཆུང་བ་ཡིན་ བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས་སོ། ། མི་ཉག་རོང་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ ཁམས་མི་ཉག་གི་ཡུལ་ཏུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཡིག་རྩིས་སོགས་ལ་ལེགས་པར་སྦྱངས་ཤིང་མཁས་པར་མཁྱེན་ དེ་ནས་གསོ་བ་རིག་པ་ལ་ཐུན་མོང་མ་ཡིན་པའི་མོས་གུས་སྐྱེས་ཏེ་འཚོ་ བྱེད་གཞོན་ནུ་མང་པོའི་ཞབས་ལ་གཏུགས་ཤིང་དཔལ་ལྡན། བཞི། ཤིན་ཏུ་མཁས་པར་གྱུར། གོང་སྨན་དཀོན་མཆོག་འཕན་དར་གྱིས་ [1295] པོ་རྨ་ནི་སྐོར་གསུམ་དང། དམྱལ་བ་ཁྲག་འཛགས་ལ་སོགས་མི་ཉག་ ལུགས། ཞེས་གསུངས་སོ། ཁོང་ནི་བོད་སྨན་མཁས་པ་མི་དགུའི་ ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་གསུང་རྩོམ་ནི། རྨ་ཆའི་སྐོར་གསུམ།། མི་ཕམ་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་དཔའ་བོ་གཙུག་ལག་ཕྲེང་བ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། མི་མོ་ཆུང།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་དེ་ཤོ་ལེགས་ཀྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཁོང་གི་མཚན་གཞན་ལ། ལས་ལྷ་བོན་ཅོ་སྟག་ཀླུ་གསས་ཀྱིས་མཛད་ཅེས་འཁོད་འདུག་ མི་ལ་ངས་པ།། ཁོང་ནི་རྗེ་བཙུན་མི་ལ་རས་པ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། མིའི་ཉི་མ་མཐོང་བ་དོན་ལྡན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་ བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་དྲི་མ་མེད་པ་ཡབ་བསོད་ནམས་རྡོ་རྗེའི་ སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ ཀློག་བཅས་ལ་ལེགས་པར་མཁྱེན། དེ་ནས་པཎ་ཆེན་ནགས་ཀྱི་རིན་ [1296] ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བ་རྣམ་རྒྱལ་གྲགས་ པ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ལ་བསྟེན་ནས་སྡེ་ སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་དང་བཅས་པར་སློབ་ གཉེར་མཛད་པ་དང། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལུགས་ ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་མཁས་པའི་ཁྱུ་མཆོག་ཏུ་གྱུར་ ཁོང་གི་མཚན་གཞན་ལ་ལྷ་བཙུན་བྱམས་པ་དཀོན་མཆོག་རིན་ཆེན་ ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི། སྤྱི་སྨན། སྙན་རྒྱུད་རྡོ་རྗེའི་ཚིག་རྐང། འགྲེལ་འདོད་འཇོ་ཆེ་ཆུང། ། མུ་ཁྲི་རྡོ་རྗེ་གནམ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་འཕན་ ཡུལ་རྒྱལ་བར་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་ བློན་དྲུག་གི་ཡ་གྱལ་ཡིན་ནོ། ། མུ་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡུམ་བུ་ བླ་སྒང་དུ་ཡབ་རྒྱལ་པོ་གཉའ་ཁྲི་བཙན་པོ་དང། ཡུམ་བཙུན་མོ་ གནམ་མུག་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོན་ [1297] ཁབ་ཏུ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། གསས་མཁར་ཁོ་ མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་ མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་ དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་ བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར་ ཞེས་དང། བོན་ཆོས། གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་ དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་ མ་ལས་བརྩམས་སོ། ཞེས་གསུངས་སོ། ཁོང་གི་བང་སོ་གནམ་ལ་ བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་གཉིས་པ་ཡིན་ནོ། ། མུ་ཁྲི་སྲོང་པོ།། ཁོང་ནི་བོད་ལུགས་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཡབ་ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་སྐུ་ གཤེགས་པས་བང་སོ་ཡང་བརྩིགས་མེད་དོ། ། མུ་ཏིག་བཙན་པོ།། ཁོང་ནི་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་དང། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། བོད་ལུགས་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ [1298] ཁོང་དགུང་ལོ་སུམ་ཅུ་སོ་ལྔ་པ་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་གཅེན་རྒྱལ་པོ་མུ་ནེ་བཙན་པོ་ཡུམ་ཚེ་སྤོང་བཟའ་མེ་ཏོག་ སྒྲོན་གྱིས་དུག་དྲངས་ནས་བཀྲོངས་རྗེས། མི་འཇིགས་གདོང་ལྔའི་ཁྲི་ ལ་བཞུགས་ཏེ་རྒྱལ་སྲིད་ལོ་ངོ་བརྒྱད་ཀྱི་རིང་དུ་བསྐྱངས་ནས་དགུང་ལོ་ བཞི་བཅུ་ཞེ་གཉིས་པར་སྐུ་གཤེགས་སོ། བང་སོ་ནི་དོན་མཁར་ མདའ་རུ་བརྩིགས་ཏེ་མིང་ལ་ཀྱ་རི་ཀྱང་ལྡེམ་ཞེས་ཟེར། གོང་གི་ལོ་ ཚིགས་འདི་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ ཐུབ་བསྟན་ཕུན་ཚོགས་ཀྱིས། པའི། རབས་ལོ་ཚིགས་ལ་དཔྱད་པ། ། མུ་ནེ་བཙན་པོ།། ཁོང་ནི་བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་དང། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། བོད་ལུགས་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་དུག་དྲངས་ནས་བཀྲོངས། ཁོང་ དགུང་ལོ་བཅུ་དགུ་པ་བོད་ལུགས་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དམ་ཆོས་སྒོམ་སྒྲུབ་ལ་ཞུགས་ནས་ཆབ་ སྲིད་ཀྱི་ཐུགས་འགན་བཞེས་ཏེ་བོད་འབངས་རྣམས་དབུལ་ཕྱུག་ལན་ གསུམ་སྙོམས་པ་དང། ལྷ་ས་དང། ཁྲ་འབྲུག་བསམ་ཡས་སོགས་ སུ་མཆོད་པའི་སྡེ་ཆེན་བཞི་བཙུགས་ཤིང་མཆོད་རྟེན་ཆེན་པོ་བཞིའི་ གདུགས། འཕན་ཆེན་པོ་བཅས་བཞེངས་པ་མཛད། བཙུན་མོ་རུ་ [1299] དང། ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་ཆེམས་ལྟར་ཕོ་ཡོང་ བཟའ་རྒྱལ་མོ་བཙུན་ཡང་བཙུན་མོའི་ཚུལ་དུ་ཐུགས་རྗེས་བསྐྱངས་ དགུང་ལོ་སུམ་ཅུ་སོ་དྲུག་པ་བོད་ལུགས་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདས་ནས་ལོ་གཅིག་དང་ཟླ་བ་ བདུན་གྱི་མཚམས་སུ་མ་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་དུག་ དྲངས་ནས་བཀྲོངས་སོ། །བང་སོ་ནི་ཁྲི་ལྡེ་གཙུག་བརྟན་མེས་ཨག་ ཚོམ་ཅན་གྱི་བང་སོའི་གཡས་ངོས་མདུན་ན་ཡོད་ཅིང། མིང་ལ་ལྷ་རི་ ལྡེམ་པོ་ཞེས་ཟེར་ཏོ། ། མུ་ཚོ་བཟའ།། ཁོང་མོ་ནི་གནམ་མུག་མུག་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་གཡས་རུ་བྱང་གི་རྒྱལ་ཏེ་ཐང་ཀར་དུ་སྐུ་འཁྲུངས། གདུང་རུས་ ནི་གླན་ཡིན། རབ་བྱུང་དྲུག་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གཞོན་ནུའི་དུས་སུ་ཁྲོ་ཕུ་བསོད་ནམས་སེང་གེ་ལས་ རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། དགུང་ལོ་ ཉི་ཤུ་པར་ཁྲོ་ཕུ་བསོད་ནམས་སེང་གེས་མཁན་པོ་དང། དབུ་མ་པ་ ཤེས་རབ་འབུམ་གྱིས་སློབ་དཔོན། བུ་སྟོན་སེང་གེ་འོད་ཀྱིས་གསང་ སྟོན་མཛད་ཅིང་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་དཔལ་ [1300] བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་ རྒྱུད་སྡེ་དང་བཅས་པ་གསན་པས་མཁྱེན་པ་དཔག་ཏུ་མེད་པ་མངའ་ དེ་ནས་ཇོ་མོ་ནང་དུ་ཕེབས་ཏེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་ བྱང་སེམས་རྒྱལ་བ་ཡེ་ཤེས་ལས་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྣམས་ ཞུས་ཤིང་གཡའ་ལུང་གི་རི་ཁྲོད་དུ་སྒྲུབ་པ་གཙོ་བོར་མཛད། ཞར་ལ་ རྒྱུད་འགྲེལ་གྱི་བཤད་པ་དང་ཁྲིད་ཀྱིས་སློབ་མ་རྣམས་རྗེས་སུ་བཟུང་ དེ་ནས་བྲག་ཁ་ལ་བྱོན་ཏེ་སྐུ་མཚམས་བཅད་ཅིང་དུས་འཁོར་གྱི་བསྙེན་ པ་བྱེ་བ་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་མཛད་པས་མེ་ལྕེ་རྣམས་རིན་ པོ་ཆེའི་རྣམ་པར་འབྱུང་བ་ལ་སོགས་པའི་མཚན་མ་ཁྱད་པར་ཅན་ བྱུང། ཞག་རེ་ལ་ལུས་སྦྱོར་དྲུག་རེ་མ་གཏོགས་བསྐྱེད་རྫོགས་ཀྱི་ ཐུགས་དམ་ལ་གཙོ་བོར་མཛད། སྦྱོར་དྲུག་དང། དམར་ཁྲིད་ གཅོད། གཟེར་ལྔ་རྣམས་ལ་ཁྲིད་ཆེན་བཞིར་མིང་བཏགས་ནས་གཙོ་ བོར་སྐྱོང། ཕྱག་ཏུ་དངོས་པོ་བྱུང་ཚད་བླ་མ་རྣམས་ཀྱི་གདན་སར་ གཏོང། མངོན་པར་ཤེས་མངའ་བས་ས་སྐྱ་པའི་བདེ་དོག་ལ་སོགས་ པ་ལུང་བསྟན་པ་ཐམས་ཅད་དོན་ཐོག་ཏུ་དབབ། དགུང་ལོ་གྱ་དགུ་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་ཆོས་རྗེ་བླ་མ་དམ་པ་དང། དཀའ་བཅུ་པ་གཞོན་ནུ་སེང་གེ་ བློ་གྲོས། བང་མོ་ཞུ་བ་གཞོན་ནུ་དཔལ་བཅས་ཡིན།། མུས་ཆེན་དཀོན་མཆོག་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མུས་སྟོད་གླིང་སྐྱར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་གླང་ [1301] ཁོང་ དགུང་ལོ་དགུ་པར་དབང་འོད་པ་ལས་རབ་ཏུ་བྱུང། དགུང་ལོ་བཅོ་ ལྔ་པར་མཁན་པོ་ཀུན་སྨོན་དང་བྱང་ཆུབ་སེང་གེ་གཉིས་ལས་ཕར་ཕྱིན་ དང་སྤྱོད་འཇུག་སྦྱངས་ཤིང་བཅོ་བརྒྱད་པ་ལ་བཤད་སྟོན་མཛད་ དགུང་ལོ་ཉི་ཤུ་ཐམ་པར་ནམ་མཁའ་རྣལ་འབྱོར་ལས་གཅོད་ཁྲིད་ཞུས་ དགུང་ལོ་ཉེར་བཞི་པར་གཡག་ཕྲུག་སངས་རྒྱས་དཔལ་བ་ལས་ཕར་ ཕྱིན་གྱི་དཀའ་གནད་རྣམས་ལ་དོགས་གཅོད་ཞུས་ཏེ་ས་སྐྱར་གྲྭ་སྐོར་ མཛད། དགུང་ལོ་ཉེར་བརྒྱད་པར་མུ་གུ་ལུང་དུ་ཕེབས་ཏེ་སེམས་ དཔའ་གཞོན་ནུ་རྒྱལ་མཆོག་ལས་འུ་ཡུག་པའི་ཚད་མ་རིགས་མཛོད་ དགུང་ལོ་སོ་གཉིས་པར་ངམ་རིང་ཆོས་སྡེར་བྱོན་ནས་རོང་ཆེན་སྨྲ་བའི་ སེང་གེ་ལས་ཕར་ཚད་ཀྱི་དོགས་གཅོད། དགུང་ལོ་སོ་བཞི་པར་དཔལ་ འབྱོར་ཤེས་རབ་ལས་རེད་མདའ་བའི་དབུ་མའི་འགྲེལ་བ་བཅས་གསན་ པར་མཛད། དགུང་ལོ་སོ་ལྔ་པར་གངས་ཆེན་ཀུན་དགའ་དཔལ་ལས་ བསྙེན་པར་རྫོགས། དགུང་ལོ་སོ་བརྒྱད་པར་ས་སྐྱར་ཕེབས་ཏེ་ངོར་ ཆེན་ཀུན་དགའ་བཟང་པོ་ལས་བདེ་དགྱེས་ཀྱི་ཟབ་ལམ་དང། བརྟག་ གཉིས་བཤད་པ། སྦྱོར་དྲུག་གསུང་ངག་སོགས་གསན་པར་མཛད་ དགུང་ལོ་ཞེ་གཉིས་པར་ངོར་དགོན་གསར་འདེབས་མཛད་པའི་མཁར་ ལས་པ་མཛད་ཅིང། དགུང་ལོ་རེ་དགུ་པར་ངོར་པའི་གདན་ས་ བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་སྤེལ། དགུང་ལོ་དོན་གཉིས་ པར་མུས་སུ་ཡ་མའི་དགོན་པ་གསར་འདེབས་མཛད། དགུང་ལོ་དོན་ ལྔ་པར་ངོར་པའི་གདན་ས་ཤེར་རྒྱམ་ལ་གཏད་ནས་མུས་བསྟན་འཛིན་ [1302] དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མའི་ཚོགས་ལས་ གསུང་ངག་བློ་བཤད་ཀྱི་བཀའ་བབ་ནི་བདག་ཆེན་རྡོ་རྗེ་འཆང་མ་ཏི་ཧཱ་ ཙ་ཤྲཱི་བྷ་དྲ་ཁོ་ན་ཡིན་ནོ། ། མེ་ཉག་ཆེན་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་ལོ་ ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་གྲུབ་པ། པའི་མན་ངག་བདག་བྱིན་གྱིས་བརླབས་པ། སྐྱེས་པ་བདེ་མཆོག་བདག་བྱིན་གྱིས་བརླབས་པ། ཅིག་སྐྱེས་པའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབས་པ། ལྷན་ཅིག་སྐྱེས་པའི་བདེ་བའི་མཆོག་བདག་བྱིན་གྱིས་བརླབས་པ། བཅས་བཞུགས་སོ། ། མེར་ཀེན་མཁན་པོ་བློ་བཟང་ཚེ་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོ་ཙམ་ལ་སོག་པོའི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [1303] པ་མནོས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་རྒྱུན་ལ་ཕེབས་ཏེ་འཇམ་ དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་དང། གུང་ ཐང་བསྟན་པའི་སྒྲོན་མེ་བཅས་སློབ་དཔོན་དུ་བསྟེན་ཅིང། དམ་ཆོས་ མང་དུ་ཞུས་ཤིང་རིག་གནས་སྤྱི་དང་ཁྱད་པར་དུ་ནང་དོན་རིག་པར་ སྦྱངས་པ་མཐར་ཕྱིན་མཛད། ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེ་ཡང་སློབ་ དཔོན་དུ་བསྟེན་ནས་གསན་སྦྱངས་མཛད་ཅིང། གཞུང་བཀའ་པོད་ ལྔ་ལ་མཁས་པར་གྱུར་ཏེ་དཀའ་བཅུ་པའི་མཚན་སྙན་བླངས། ཁོང་གི་ གསུང་རྩོམ་ནི་ཀ་ནས་ཏའི་བར་པོད་དགུ་བཞུགས་སོ། ། མེར་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་ རྒྱལ་པོ་སོ་ཁྲི་བཙན་པོ་དང། ཡུམ་སེ་བཟའ་སྨན་མོའམ་དོག་མེར་ མེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོའུ་ཤངས་ དཀར་གྱིས་མཛད། གསས་མཁར་ཟོ་པོ་ཁྱུང་ལག་བཞེངས་ཤིང་ བཙུན་མོ་གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས་ཏེ་ རིགས་སྲས་གདགས་ཁྲི་བཙན་པོའམ་ཁྲི་སྤེ་བཙན་པོ་སྐུ་འཁྲུངས་སོ་ ཁོང་གི་མཚན་གཞན་ལ་ ཞེས་འཁོད་འདུག་ཁོང་གི་བང་སོ་གནམ་ལ་བཏབ། ཁོང་ནི་ གནམ་གྱི་ཁྲི་བདུན་ལས་ཁྲི་ལྔ་བ་ཡིན་ནོ། ། མེར་ཀེན་ཆོས་རྗེ།། ཁོང་ནི་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་དང་མི་གཅིག་ [1304] ། མེས་སྟོན་བསོད་ནམས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབ་བཅུ་གཅིག་པའི་དུས་སྨད་ཙམ་དུ་ མྱང་སྟོད་སྟག་ཚལ་དུ་སྐུ་འཁྲུངས། ཁོང་གིས་རྗེ་བཙུན་མར་པ་ཆོས་ ཀྱི་བློ་གྲོས་ལ་འབུལ་བ་ཆེན་མོ་ལན་གསུམ་མཛད་པས་ཞབས་ཏོག་གིས་ མཉེས་པ་ཡིན། དེ་ནས་རྗེ་བཙུན་མར་པས་མ་ཧཱ་མཱ་ཡཱ་དང་ གདམས་ངག་མཐའ་ཡས་པར་གནང། ཁོང་གིས་དགྱེས་པ་རྡོ་རྗེ་ དང། བདེ་མཆོག་གསང་འདུས་གསུམ། མཱ་ཡཱ་ཐོད་པ་རྣམས་ལ་ བཤད་གྲྭ་བཙུགས། གནས་གཞི་ར་དོ་བཏབ། བརྟག་གཉིས་ལ་ཊཱིཀ་ མཛད། སློབ་མ་ཞང་བསོད་ནམས་མཁའ་སོགས་གྲུབ་ཐོབ་དུ་མ་བྱོན་ པ་ནི་མེས་སྟོན་ལུགས་ཀྱི་བཤད་རྒྱུན་ལ་མེས་སྟོན་བཀའ་བརྒྱུད་དུ་ གྲགས་སོ། ཁོང་ནི་རྗེ་བཙུན་མར་པའི་སློབ་མ་ཀ་ཆེན་བཞི་ལས་ནུབ་ ཀྱི་ཀ་ཆེན་ཡིན།། མོང་བཟའ་ཁྲི་ལྕམ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་ བོད་ཡུལ་དབུས་ཀྱི་སའི་ཆ་སྟོད་ལུང་དུ་གྲགས་པའི་ལུང་ཚན་མོང་དུ་ ཞང་བློན་གྱི་བུ་མོར་སྐུ་འཁྲུངས། རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་ མོ་ཆེ་བ་དང། རྒྱལ་པོ་གུང་རི་གུང་བཙན་གྱི་མ་ཡུམ་ཡིན། བྲག་ ཡེར་པའི་ལྷ་ཁང་སོགས་བཞེངས་སོ། ཁོང་མོའི་མཚན་ལ་མོང་ཟ་ཁྲི་མོ་གཉེན་ལྡོང་སྟེང་ཞེས་འཁོད་འདུག་གོ་ མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས།། [1305] མོན་གྲོང་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་ཀུན་ མཁྱེན་མཚོ་སྣ་བའི་ཞབས་ལ་གཏུགས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་ ཚུལ་ཁྲིམས་བཀྲ་ཤིས་ཞེས་བཏགས། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ ཚུལ་བཞིན་དུ་བསྟེན་ཏེ་སྡེ་སྣོད་གསུམ་གྱི་དགོངས་འགྲེལ་རྣམས་ལ་ སྦྱངས་པས་མཁས་པའི་གོ་འཕང་ཐོབ་ཅིང། ཁྱད་པར་དུ་མངོན་པ་ སྡེ་བདུན་ལ་ཤིན་ཏུ་མཁས་པས་ཆོས་མངོན་པའི་དོན་ལ་མི་འཇིགས་ པའི་སྤོབས་པ་ཐོབ། ཀུན་མཁྱེན་མཚོ་སྣ་བ་ལས་བསྙེན་པར་རྫོགས་ ཤིང་འདུལ་བ་གསན་པས་འདུལ་འཛིན་ཆེན་པོར་གྱུར། བྱང་ཆུབ་ ལམ་རིམ་ཞུས་ནས་ཉམས་སུ་བླངས་ཏེ་མྱོང་བ་ཕུན་སུམ་ཚོགས་པར་ ཐོན་ཞིང་ཀུན་མཁྱེན་མཚོ་སྣ་བའི་གདན་སའི་ཁྲི་ལ་མངའ་གསོལ་ འདུལ་བ་དང་མངོན་པའི་འཆད་ཉན་གཙོ་བོར་མཛད་ནས་དགེ་འདུན་ མང་པོའི་ཚོགས་པ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གྲུབ་ ཆེན་ལས་ཀྱི་རྡོ་རྗེ་དང་མཁན་ཆེན་ཆོས་སྐྱབས་བཟང་པོ་རྣམ་གཉིས་ ཡིན། ཁོང་གི་གསུང་རྩོམ་ནི་ སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་རྩ་གཅིག་པ་ཡིན་ ནོ།། མྱང་ཏིང་འཛིན་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ ་ གྱི་བན་དེ་བཀའ་ཆེན་པོ་ལ་གཏོགས་པ་ཡིན་ཏེ་ [1306] དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ དགའ་སྟོན། ཏིང་ངེ་འཛིན་ཞེས་ཞུའོ། ཁོང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ སུ་རབ་ཏུ་བྱུང་ཞིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ ཡོན་དགུང་ལོ་ཆུང་ངུའི་དུས་སུ་བུ་རྫི་མཛད་མྱོང་བས་དྲིན་གཟོ་བའི་ ཕྱིར་དུ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་ཁོང་ལ་ གཙིགས་ཀྱི་མདོ་རྡོ་ རིང་ལ་ཡི་གེ་བརྐོས་ནས་ཞྭའི་ལྷ་ཁང་གི་མདུན་དུ་བསློངས་སོ། རྡོ་ རིང་ལ་བྲིས་པའི་ བཤུས་ནི་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་རྣམ་གཉིས་ཀྱིས་མཛད་ པའི་ སྔོན་བྱོན་མཁས་པའི་བཞེད་དགོངས་ཀྱི་བུམ་བཟང་མཛེས་པར་བརྒྱན་ པའི་རྨ་བྱ་གཞོན་ནུའི་སྒྲོ་མདོངས། བཅོ་ལྔ་དང་སོ་གཉིས་ན་གསལ་ཏོ།། མྱང་བློན་ཁྲི་བཟང་ལེགས་འདུས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ [1307] ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། མཁས་པའི་དགའ་སྟོན། མྱང་བློན་རྒྱལ་གེན་ལེགས་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཞལ་ཅེ་པ་ཆེན་པོ་ཞལ་ཅེ་འོ་ཅོག་གི་བློན་ཆེན་ཡིན་ཏེ་ ཁྲང་ཆིན་ཁྲི་ལོ་གསུམ་པ། པོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ རིང། དང་མྱིང་རུས། ཞེས་ གོ་ མྱང་བློན་ལེགས་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། [1308] མྱང་ཙེང་སྐུ།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བློན་པོ་ མཛད། ཟིང་པོ་རྗེ་ཁྲི་པངས་སུམ་ནི་དགེ་བ་ལ་མི་དགེ་བར་བརྩི་ནས་ ལས་འབྲས་གོ་ལྡོག་ཏུ་ལྟ་བའི་རྗེ་བོ་ཡིན་པས་དེ་ལ་ཡིད་མ་རངས་ནས་ རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་འབུལ་ཡང་སྟག་རི་གཉན་ གཟིགས་དགུང་དུ་གཤེགས། དེ་ནས་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ ཞབས་ལ་གཏུགས་ཏེ་ཐུན་མོང་དུ་མནའ་ཚིག་བོར་ཞིང་ཟིང་པོ་རྗེ་ཁྲི་ པངས་སུམ་གྱི་མངའ་ཐང་བཅོམ་སྟེ་གནམ་རི་སྲོང་བཙན་གྱི་མངའ་ ཞབས་སུ་འདུས་པར་མཛད། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་ མྱང་ཙེང་སྐུ་ལ་གཉན་འཛི་ཟུང་ནག་པོའི་མཁར་སྔུར་བ་དང། བྲན་ གཡོག་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་བྱ་དགའ་གནང་བ་དང། བློན་ པོའི་གོ་སར་མངའ་གསོལ་ཏོ། ། མྱང་མང་པོ་རྗེ་ཞང་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བློན་པོ་ ཡིན། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ཞབས་ནས་འདེགས་ཏེ་རྒྱལ་ པོའི་ཁྲི་ལ་མངའ་གསོལ་ཞིང་བློན་པོའི་འགན་ཁུར་བཞེས། སུམ་པའི་ རྒྱལ་ཁམས་སོགས་ལ་དྲག་པོ་གཡུལ་གྱི་ལས་ལ་རྟེན་མ་དགོས་པར་ ཐབས་མཁས་ཞི་བའི་སྒོ་ནས་རྒྱལ་པོའི་ཆབ་འབངས་སུ་བཀུགས། འོན་ ཀྱང་རྒྱལ་བློན་གཉིས་ཀྱི་བར་ལ་བློན་པོ་ཁྱུང་པོ་སྤུང་སད་ཟུ་ཙེས་ཕྲ་མ་ [1309] དགོངས་ནས་མྱང་གི་མཁར་སྤུར་བའི་མཐའ་ནས་དམག་གིས་བསྐོར་བ་ དང། མྱང་རང་གི་འཁོར་གཡོག་པ་ཚབ་གྱིམ་ཕོ་ཟེར་བས་ནང་དུ་ བསླུ་ཐབས་ཀྱིས་མྱང་བློན་བཀྲོངས་སོ། ། དམུ་ལྕམ་བྲ་མ།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཨེ་ཤོ་ལེགས་ཀྱི་བཙུན་མོ་དང་རྒྱལ་པོ་དེ་ཤོ་ལེགས་ ཀྱི་མ་ཡུམ་ཡིན་ནོ། ། དམུ་ལྕམ་རྨང་ལེགས།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཨི་ཤོ་ལེགས་ཀྱི་བཙུན་མོ་དང། རྒྱལ་པོ་ཟྭ་ནམ་ ཟིན་ལྡེའི་མ་ཡུམ་ཡིན། ལྕམ་རྨད་ལེགས་ཞེས་འཁོད་འདུག་ དམར་ཤཱཀྱ་མུ་ནེ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་གཡོ་རུ་ གན་པ་བྱང་ཐང་དུ་སྐུ་འཁྲུངས། དེ་ནས་བསྟན་པའི་ཆོས་སྒོར་ཞུགས་ ཏེ་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ནང་བྱན་ཆུད་པ་མཛད་ བོད་ལུགས་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོ་རྒྱལ་པོ་གླང་དར་མ་འུ་ དུམ་བཙན་པོས་དབུས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས་ ནས་རབ་ཏུ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པའི་གནས་ [1310] དམར་ཤཱཀྱ་མུ་ནེས་མཐོང་སྟེ་རི་དྭགས་བདའ་མཁན་བཙུན་པ་ཨད་ དན་ཅིག་པ་དང། ལྷ་ལུང་འཚག་པོ། ཞ་སྔ་ཁྱམས་པོ་གསུམ་ལ་ རབ་ཏུ་བྱུང་བས་རི་དྭགས་བདའ་དགོས་པའི་རྒྱུ་མཚན་གནས་ཚུལ་ རྣམས་ཞིབ་ཏུ་དྲིས་པས། དེའི་ལན་དུ་བཙུན་པ་གསུམ་པོས་མགྲིན་ གཅིག་ཏུ་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོས་དབུས་གཙང་ཡོངས་ ཀྱི་བསྟན་པ་བསྣུབས་ནས་རབ་ཏུ་བྱུང་བ་རྣམས་ལ་བཀའ་ཆད་ཕོག་ པའི་གནས་ཚུལ་རྣམས་ཞུས་རྗེས། དགེ་སློང་དམར་ཤཱཀྱ་མུ་ནེ་དང་ གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་གསུམ་གྱིས་སྤྲང་ཆས་ སྤྲད་དེ་དམ་ཆོས་འདུལ་བ་དྲེའུ་ཁལ་གཅིག་བཀལ་ནས་དཔལ་ཆུ་བོ་ རི་ལས་སྟོད་མངའ་རིས་བརྒྱུད་ཅིང་བྱང་ལམ་དེད་དེ་མདོ་སྨད་ལྷོ་ངོས་ བེ་རིའི་ས་ཆ་དེའུ་ཚྭ་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ ཡང་དགོན་དུ་བདེ་བར་ཕེབས། བོད་ལུགས་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་དམར་གཡོ་གཙང་ གསུམ་ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་ གཅིག་ཏུ་བསྒྲུབས་པས་བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ ས་བོན་བསྐྲུན་པ་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་ མཁས་པ་མི་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། དམུས་ལོང་དཀོན་པ་བཀྲ།། ཁོང་ནི་རྒྱལ་པོ་སྟག་རི་གཉན་གཟིགས་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། [1311] རྨ་སྒོམ་ཆོས་ཀྱི་ཤེས་རབ།། ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡར་སྟོད་སྐྱེར་སྣང་དུ་རྨ་སྨོན་ལམ་གྱི་སྲས་སུ་སྐུ་འཁྲུངས། འདས་ ལོ་མི་གསལ། ཁོང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་མཚན་ལ་ ཆོས་ཀྱི་ཤེས་རབ་ཅེས་གསོལ། ཡབ་ཆེན་ལས་པདྨ་དབང་ཆེན་དང་ སྤྱོད་ཕྱོགས། དབུ་མ། དོ་ཧ་སྟོད་ལུགས། གྲུབ་རྙིང་རྣམས་གསན་ དགུང་ལོ་བཅུ་དགུ་པར་ཕ་དམ་པ་སངས་རྒྱས་དང་མཇལ་ནས་ཕ་རྒྱུད་ དང་ཕྱག་རྒྱ་ཆེན་པོ་རྣམས་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ དེ་ནས་སྒོམ་སྒྲུབ་ཉམས་ལེན་མཛད་པས་ངེས་ཤེས་ཁྱད་པར་ཅན་སྐྱེས་ ཏེ་དགུན་ཁར་འཕན་ཡུལ་དུ་བྱོན་ནས་ཕ་དམ་པ་སངས་རྒྱས་ལས་ བཀོད་པ་དྲུག་ཅུ་རྩ་བཞི་པའི་རྡེའུ་ཁྲིད་ཞུས། དེ་ནས་ཕ་ཡུལ་དུ་བྱོན་ཏེ་ འཁོར་འདབ་དང་ནོར་རྫས་སྤངས་ཏེ་སྒྲུབ་པར་མཛད་ནས་རྨའི་ཕུག་ པར་ལོ་གཅིག་བཞུགས། དེ་ནས་ཀོང་པོ་བྲག་གསུམ་གྱི་མཚོ་རྫོང་ལ་བྱོན་ ཏེ་ལོ་དགུར་བཞུགས། ཡུལ་དེའི་འཁྲུགས་པ་རྣམས་བསྡུམས་པར་ མཛད། དེ་ནས་དྭགས་རྫོང་ཁ་དང། ཡར་ཀླུང་དུ་བྱོན་ཏེ་ལོ་གསུམ་ བཞུགས་ཤིང་བུ་སློབ་མང་དུ་བསྐྱངས། ཞི་བྱེད་བརྒྱུད་པ་བར་མ་རྨ་ ལུགས་ཞེས་པ་དེ་ཁོང་གིས་སྲོལ་གཏོད་ནས་བརྒྱུད་པ་ཟམ་མ་ཆད་པར་ ཡང་ནས་ཡང་དུ་དར་རོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གང་བར་ གཤེན་དང། ཤུད་པུ་ལོ་ཙཱ་བ། བླ་མ་ཤེའུ། སོག་པོ་མདོ་སྡེ་ ཞང་དགའ་ལྡན་པ་རྣམས་ཡིན། ། རྨ་གཅོ་རིན་ཆེན་མཆོག་ [1312] རུ་འཕན་ཡུལ་གྱི་རྨ་གཅོ་ཞེས་པར་སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མཁན་པོ་བོ་དཧི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་ འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ ཞིག་ཡིན། ལོ་ཙཱ་ལ་ཡང་ཤིན་ཏུ་མཁས་པས་མདོ་སྔགས་ཀྱི་ཆོས་གཞུང་ མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། སློབ་དཔོན་པདྨ་འབྱུང་གནས་ ལས་དབང་དང་གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་ དངོས་གྲུབ་བརྙེས་ཤིང། ཐང་རིན་ཆེན་ཕ་ཝང་ཟས་སུ་ཟ། ཞེས་གསུངས་སོ། ཁོང་ནི་རྗེ་དང་ འབངས་ཉེར་ལྔ་ནང་གི་གྲུབ་ཐོབ་ཅིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ ཕུལ་བྱུང་གི་བསྟོད་པ། ཡས་ཀྱི་བསྟོད་པའི་དོན་ཚིག་ལེའུ་བྱས་པ། ཚོམས་ཤོ་ལོ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་བ། ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་བ། སྣང་བ་བྱེད་པ། སོ།། རྨ་རྣམ་པར་མི་རྟོག་པ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ [1313] རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། འཁོར་ལོ་བཅུ་བ། ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་བཞག་པ། སོ། ། རྨ་བན་ཆོས་འབར།། ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས་ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གསུངས་ ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་ པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི། རྗེའི་སྒྲུབ་ཐབས། འཁོར་ལོ་སྡོམ་པའི་མན་ངག། གནས། བཅད་མའི་སྒྲུབ་ཐབས་ཆེ་བ། ཆེ་གསལ་བ། [1314] རྗེ་འཇིགས་བྱེད་ཆེན་པོའི་བསད་པའི་འཁོར་ལོ། ཉིད་གྲུབ་པ། པའི་དཀྱིལ་འཁོར་གྱི་ཆོ་ག། ཧ་མཛོད། སྟོན་པ་དགའ་གཅུགས་ལྔ་བ། པ་མི་ཕྱེད་པ་ལྔ་བ། ཆེན་པོ་གསལ་བ། ན་ཉིད་རབ་ཏུ་བསྟན་པ། པའི་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། ངག་ཚིགས་སུ་བཅད་པ་བཅུ་གཉིས་པ། རིམ་པ། ལྔའི་འགྲེལ་བ། ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་ བཅད་པ་ཕྱེད་ཀྱི་འགྲེལ་བ། པའི་གླུ། མའི་བསྟོད་པ། ། རྨ་བྱ་རྣ་ར་བ།། ཁོང་ནི་རབ་བྱུང་དང་པོའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [1315] རབ་བྱུང་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ཅུ་རྩ་གཅིག་པ་རབ་བྱུང་གཉིས་ པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ ཕེབས་ཤིང་ལོ་ངོ་བཅུ་ཡི་རིང་དུ་གདན་ས་བསྐྱངས་ཏེ་དགེ་འདུན་མང་ པོ་གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ སྟེ་དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་རྒྱལ་ལྷ་ཁང་གི་གདན་རབས་བཞི་པ་ཡིན་ནོ། ། རྨ་བྱ་བྱང་ཆུབ་བརྩོན་འགྲུས།། ཁོང་གི་འཁྲུངས་ལོ་ནི་མི་གསལ། རབ་བྱུང་གསུམ་པའི་ཤིང་ མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་སྤྱིར་དགེ་ བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པ་ཆེན་པོར་གྱུར་ སྒོས་སུ་ཕྱྭ་བ་ཆོས་ཀྱི་སེང་གེའི་ཞབས་ལ་གཏུགས་ཏེ་ཚད་མ་དང་དབུ་ མ་ལ་སོགས་པའི་ཆོས་སྐོར་རྣམས་ལ་ཆེད་དུ་སྦྱངས་པས་དེ་དག་ལ་ནང་ བྱན་ཆུད་པར་གྱུར། དབུ་མ་ལ་རྟེན་ནས་སློབ་མ་མང་དུ་བསྐྱངས་ པར་མཛད། སྟོང་ཐུན་གྱི་འགྲེལ་བ། ཁོང་ ཡང་སློབ་དབོན་ཕྱྭ་བ་ཆོས་ཀྱི་སེང་གེའི་ལུགས་ལས་ཛ་ཡ་ཨཱ་ནནྡ་ལ་ སོགས་པའི་ལུགས་ལ་ལྷག་པར་དད་པར་མཛད་དོ། ། རྨ་ལོ་དགེ་བའི་བློ་གྲོས།། [1316] ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཞན་གྱིས་དུག་དྲངས་ནས་བཀྲོངས། ཁོང་རྒྱ་གར་དུ་ཐེངས་ གསུམ་ཕེབས་ནས་པཎ་ཆེན་མང་པོ་ལ་བསྟེན་ཏེ་གསང་སྔགས་ཀྱི་ཆོས་ སྐོར་ཐམས་ཅད་ལ་ནང་བྱན་ཚུད་པ་མ་ཟད། འཕགས་ཡུལ་གྱི་བསྟན་ བཅོས་མང་པོ་བོད་སྐད་དུ་སྒྲ་བསྒྱུར་མཛད། མ་གཅིག་ཞ་མ་ཕྱག་རྒྱ་ མར་བསྟེན་ནས་བདེ་མཆོག་དཔའ་བོ་བཅུ་དྲུག་དང་ཞིང་སྐྱོང་གི་ མཁའ་འགྲོ་མ་བཅུ་དྲུག་གི་ཞལ་མཐོང། དེ་ནས་ཁྱུང་པོ་ལས་རབ་ བྱུང་བསྒྲུབས་ཏེ་གཞན་དོན་ལེགས་པར་མཛད། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་མ་གཅིག་ཞ་མ་དང། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་ ཡིན། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས། ལས་ཀྱི་རིམ་པའི་འགྲེལ་བ། ཐབས། ཕན་པ། པའི་རིགས་པ། བ། ངག། འཁོར་གྱི་ཆོ་ག། ཐབས། རྗེ་ལྟ་བུ། [1317] སྒྲུབ་ཐབས་ཤིན་ཏུ་བསྡུས་པ། མདོ་ཙམ་གདམས་ངག་ཏུ་བྱས་པ། ཐབས་བདུད་རྩི་འཛག་པ། བཅས་མང་དུ་བཞུགས་སོ། ། རྨ་ཤཱཀྱ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་སྙན་ གྲགས་ཅན་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། བྱེད་པ། རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། བྱེད་པ། ཚིག་ལེའུ་བྱས་པ། རྗེས་སུ་དྲན་པའི་འགྲེལ་བ། བའི་བཤེས་གཉེན་གྱི་རྟོགས་བརྗོད། [1318] པའི་དུས་ཀྱི་གཏམ། གུས་པར་བྱ་བའི་གཏམ། པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ། པ། པ། ། རྨ་སེ་རྟོགས་ལྡན།། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ མི་ཉག་ཡུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་ཡབ་ཡུམ་ མ་གཤེགས་བར་དུ་རང་ཡུལ་ལ་བཞུགས་ནས་བླ་མ་མང་པོར་བསྟེན་ཏེ་ གདམས་ངག་མང་དུ་ཞུས་ཤིང་ཐུགས་དམ་ལ་བརྩོན་པར་མཛད་ སྐབས་དེར་ཆོས་རྗེ་དེ་བཞིན་གཤེགས་པའི་སྐུ་འཁོར་དང་བཅས་པ་ ཕྱོགས་དེར་ཕེབས་པ་དང་མཇལ་ནས་འབུལ་བ་ཆེན་པོའང་མཛད་ སྐུ་འཁོར་གྱི་དཔོན་ཆེ་ཆུང་རྣམས་ལའང་ལོངས་སྤྱོད་ཀྱིས་ཤིན་ཏུ་ ཚིམས་པ་མཛད། དེ་ནས་ཡུན་རིང་མ་འགོར་བར་ཁོང་དབུས་སུ་ ཕེབས་ནས་གནས་སྐོར་མཛད། མཚུར་ཕུར་བྱོན་ནས་ཆོས་རྗེ་དེ་ བཞིན་གཤེགས་པའི་སྐུ་མདུན་ནས་གདམས་པ་སྙན་བརྒྱུད་དང་བཅས་ པ་ཞུས། དེ་དུས་བན་གཟུགས་རལ་པ་ཅན་དུ་ཡོད་པས་དགེ་འདུན་ སྒང་བ་ལ་རབ་ཏུ་བྱུང། དེ་ནས་ཁམས་སུ་བྱོན་ཏེ་སྤྱི་་ལོར་ ཟུར་མང་དགོན་པ་གསར་འདེབས་མཛད། གདུལ་བྱ་བསྐྱངས་པས་ [1319] གླིང་དུ་སྡོད་པ་དང་རི་ཁྲོད་འཛིན་པའི་གྲྭ་ གཉིས་བྱུང། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་རྟོགས་ལྡན་ ཡ་བརྒྱད་དང། འཇའ་མོ་མི་གསུམ་བྱ་བ་བྱུང་སྟེ། དེ་ཐམས་ཅད་ ཐུགས་དམ་བཟང་ཞིང་གཞན་དོན་ནུས་པ་འབའ་ཞིག་ཡིན། ཁོང་ནི་ ཆོས་རྗེ་དེ་བཞིན་གཤེགས་པའི་སློབ་མ་རྣམས་ཀྱི་ནང་ནས་འཕྲིན་ལས་ ཤིན་ཏུ་ཆེ་བ་ཡིན་ནོ། ། རྨ་གསང་ཀོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང་སྐྱེ་འབྲས་བཟང་ བའི་མི་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ ལག་ཁང་བཞེངས་པའི་སྐབས་སུ་ཐོག་མར་ལྷོ་ངོས་ཨ་རྱ་པ་ལོའི་གླིང་ བརྩིགས་ཏེ་ཐོག་ཕུབ་པ་དང། དེའི་ནང་བརྟེན་བཞེངས་དུས་ལྷ་བཟོ་ རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ལྷ་རྒྱ་གར་དང་རྒྱའི་ ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་པོའི་ཞལ་ནས་སངས་ རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་གྱིས་གསུངས་ བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་ རྣམས་དད་པ་སྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ ཞེས་ཞུས་པས་འོ་ན་བོད་འབངས་ཀུན་སྡུས་ཤིག་ལྷ་བོད་ལུགས་སུ་བྱའོ་ གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་བོད་འབངས་ཚོགས་ པ་ལས་དེའི་ནང་ནས་གཟུགས་བཟང་བ་རྨ་གསང་ཀོང་ལ་དཔེ་བྱས་ཏེ་ ཨ་རྱ་པ་ལོའི་གླིང་གི་སྒོ་སྲུང་དུ་རྟ་མགྲིན་བཞེངས། ཞེས། [1320]། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ལྷ་ཕུ་སྤང་རྩ་ལ་ཡབ་ཤེས་རྒན་སྨན་ཆུང་དང། ཡུམ་འབེ་མོ་པདྨ་ སྒྲོན་གཉིས་གྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ནི་ཞི་ཤེ་ཡིན། རབ་ བྱུང་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བཅུ་བདུན་པར་ཞང་ཞོང་གི་ཆོས་སྒོར་ཞུགས་ཤིང་བླ་མ་ ཤངས་པས་ཀྱེ་རྡོར་གྱི་དབང་བསྐུར། བླ་མ་ལས་གདམས་པ་འགའ་ ཞུས་ཏེ་བསྒོམས་ཀྱང་ཉམས་མྱོང་ཆེར་མ་བྱུང། དེ་ནས་མགོན་པོའི་ སྐོར་དང་ཉི་ཁྲོས་ཀྱི་གདམས་པ་ཞུས། བླ་མས་གསེར་ཞོ་དྲུག་དང་ དར་ཡུག་དྲུག་མདོ་སྡེ་རྒྱན་པོ་ཏི་གཅིག་རྣམས་གནང་ནས་གཡོར་པོ་ རྒྱ་མོ་ཆེའི་མདུན་དུ་སོང་གསུངས་ནས་ཕྱིན་པ་ན། ཁམས་པ་ཨ་སེང་ དང་མཇལ་ཞིང་དགེ་བཤེས་ཆེན་པོ་ཕྱྭ་བ་སོགས་དྲུག་ཅུ་ཙམ་ཚོགས་ པའི་དབུས་སུ་དོན་དམ་བདེན་པའི་སྐོར་གྱི་བགྲོ་གླེང་མཛད་པས་བླ་མ་ ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། ཁམས་པ་ཨ་སེང་ལས་རྡུལ་ མཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟེན་པ་གཉིས་དང་ བསྐྱེད་རིམ་ལཱུ་ཡི་པ་དང་ལྷན་སྐྱེས་གཉིས་རྫོགས་རིམ་སྦྱོར་དྲུག་རྩ་ འགྲེལ། སྦྱོར་ཕྲེང་རྩ་འགྲེལ། སྙིང་པོ་གསུམ་རྩ་འགྲེལ་གཉིས་བཅས་ ཞུས། རས་ཆུང་པའི་གདམས་ངག་རྣམས་ཀྱང་ཐོབ། ཉག་མོ་དགེ་ བཤེས་སོགས་ལས་སྤྱན་སྔའི་སྒོམ་སོགས་གདམས་ངག་མང་དུ་ཞུས་ དེ་ནས་སླར་བླ་མ་ཤངས་པའི་མདུན་དུ་བྱོན་ཏེ་དབང་ཆོག་གདམས་ [1321] རྩེ་གཅིག་ཏུ་སྒྲུབ་པ་མཛད་ཅིང་ཉམས་ རྟོགས་ཀྱང་སྐྱེས། དེ་ནས་ཆོས་རྗེ་སྒམ་པོ་པའི་མདུན་དུ་ཕེབས་ཏེ་ ཆོས་དྲུག་སོགས་ཞུས། ཕྱག་ཆེན་གྱི་ལྟ་བ་ལ་ཐག་ཆོད་པའི་བོགས་ ཐོན། ཚུར་འབྱོན་དུས་སྐྱེལ་ཐུང་ཡང་མཛད་དེ་ནས་རྨོག་ལྕོགས་ སུ་སློབ་མ་མང་དུ་འདུས་པས་སློབ་མ་རྣམས་མ་ཤོང་ནས་ལྐུགས་ལུང་ དགོན་པ་གསར་འདེབས་མཛད་ཅིང་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་ པ་ཤིན་ཏུ་དར་བར་མཛད། ཁོང་གི་མཆོག་ཏུ་གྱུར་བའི་སློབ་མ་ནི་ དབོན་སྟོན་སྐྱེར་སྒང་པ་ཡིན།། སྨ་ར་ཞབས་དྲུང་བློ་བཟང་བསྟན་པའི་ཉི་མ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་སྐུ་འབུམ་མཆོད་གཞིས་ཆི་ཀྱཱ་ཚོ་བའི་ནང་ཡིན། ཁོང་སྐུ་འབུམ་ དགོན་དུ་ཕེབས་ཏེ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ ནས་གཞུང་བཀའ་པོད་ལྔ་ལ་གསན་སྦྱོང་ལྷུར་ལེན་མཛད། དེ་ནས་ དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ བསྐྱེད་རྫོགས་སོགས་སྔགས་གཞུང་རྣམས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་ པར་རང་རྒྱུད་ལ་བསྐོར་ནུས་པའི་ཐུགས་གཉེར་མཛད། ཤ་རྫོང་སྒྲུབ་ སྡེ་དང། སྐྱ་ཡུས་རི་ཁྲོད་སོགས་སུ་སྤྲོས་པ་དང་བཅས་མ་བཅས་ཀྱི་ རྣལ་འབྱོར་ཐུགས་ཉམས་སུ་བཞེས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་ བཞུགས། རབ་བྱུང་བཅོ་ལྔ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ [1322] ཁྲི་ཟུར་ནས་སྔར་གྱི་ཐུགས་དམ་ཟབ་མོའི་ངང་ལ་བཞུགས་ཤིང། ཉམ་ ཐག་པའི་ནད་པ་མང་པོར་སྨན་སྦྱིན་དང་ཁྱད་པར་མེ་བཙའ་གཅིག་ པུས་ལུས་སྲོག་སྐྱོབ་པའི་ཐབས་མཁས་ཕུལ་ཕྱིན་མཛད་པའི་ངོས་ གཟུགས་སྐུ་རགས་པ་བསྡུས་པའི་ཚུལ་བསྟན། ཁོང་ནི་སྐུ་འབུམ་དུས་ འཁོར་དཔོན་སློབ་ཀྱི་ཁྲི་རབས་བཅོ་བརྒྱད་པ་དང། སྨན་པ་དཔོན་ སློབ་ཀྱི་ཁྲི་རབས་བཞི་བཅུ་ཞེ་ལྔ་པ་ཡིན་ནོ།། སྨད་ཀྱི་བྱང་སེམས་ཤེས་རབ་བཟང་པོ།། ཁོང་ནི་བྱང་སེམས་ཤེས་རབ་བཟང་པོ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ།། སྨན་ཁང་པ་ངག་དབང་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་གཙང་ཁུལ་དུ་ཡབ་དར་རྒྱས་དང། ཡུམ་ཚེ་རིང་བསམ་ གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་ལ་གཙུག་ཕུད་ཕུལ་ དགུང་ལོ་བཅུ་གཅིག་པར་ཤེལ་དཀར་ཆོས་སྡེའི་ཆོས་སྒོར་ཞུགས་ཏེ་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་བཅོ་ བརྒྱད་པར་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ལས་རབ་ བྱུང་གི་སྡོམ་པ་ཞུས། དགུང་ལོ་བཅུ་དགུ་ལ་རྟ་ནག་ཆོས་རྗེ་དམ་ཆོས་ རྒྱལ་མཚན་ལས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན་ [1323] བསྒྲུབས། དགུང་ལོ་སོ་གཉིས་པར་ཆོས་སྡེའི་གྲྭ་སྐོར་མཛད། དགུང་ ལོ་སོ་གསུམ་པར་རྒྱལ་བའི་བཀའ་འགྱུར་གྱི་ཁོངས་གཏོགས་འབུམ་པོད་ བཞི་དང། ཤེས་རབ་ཁྲི་པ་སོགས་པོད་འགའ་ཐུགས་འཛིན་མཛད་ ཅིང་ཚོགས་རྒྱུགས་ཕུལ། དགུང་ལོ་བཞི་བཅུ་བར་ལོ་ཤས་རིང་དུ་ དགོན་པ་ཞིག་གསོའི་ཕྱག་ལས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཞེ་ གཉིས་པར་ལོ་ཤས་རིང་དུ་ཁ་ཟས་རགས་པ་རྒྱུན་གཅོད་མཛད་དེ་ མཚམས་སྒོ་འདག་སྦྱར་གྱིས་སྐུ་མཚམས་དམ་པོར་བཞུགས། དགུང་ ལོ་ཞེ་བདུན་པར་དགེ་སློང་དོན་གྲུབ་དང་ལྷན་དུ་རྟ་ནག་ཏུ་ཕེབས་ཏེ་ ཆོས་རྗེ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་དང་མཇལ་ཞིང་ཆོས་འབྲེལ་ ཞུས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་དང། འབྲས་སྤུངས། རྭ་ སྒྲེང། ལྷོ་ཁ། དྭགས་པོ་སོགས་ལ་གནས་མཇལ་ཕེབས། དེ་ནས་ གཙང་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་དང་མཇལ་ཞིང་ཆོས་ འབྲེལ་ཞུས། དགའ་ལྡན་ཆོས་འཕེལ་དུ་བཞུགས་ནས་བཀའ་ཆོས་ མང་དུ་གནང། དེ་རྗེས་སྟོད་ཁུལ་རྗེ་བཙུན་མི་ལ་རས་པའི་སྒྲུབ་ གནས་ཆུ་དཔར་བྲག་དམར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། ཤེལ་ དཀར་དགོན་སོགས་ལ་རྟེན་དང་བརྟེན་པ་མང་དུ་བཞེངས་པ་མཛད་ དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་བཅུ་ དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་ གསུང་རྩོམ་ནི། དང། [1324] ཚིག་ཕྲེང།། སྨན་བཙུན་ལུང་གོང།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ལྡེ་རྒྱལ་པོའི་བཙུན་མོ་དང། རྒྱལ་པོ་ལྡེ་སྤྲིན་ བཙན་གྱི་མ་ཡུམ་ཡིན་ནོ།། སྨན་འཚོང་བདེ་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་རེབ་སྐོང་སེང་གེ་གཤོང་དུ་སྐུ་འཁྲུངས། འདས་ལོ་ མི་གསལ། ཁོང་དགེ་བཤེས་ཤེས་རབ་བསྟན་འཛིན་ལས་རབ་ཏུ་ བྱུང་ཞིང་རབ་འབྱམས་པ་སྐལ་བཟང་རྒྱ་མཚོ་ལས་ཡི་གེའི་སྦྱོར་ཀློག་ ལེགས་པར་སྦྱངས། དགུང་ལོ་བཅུ་བ་ནས་གྲྭ་ཚང་གི་ཆོས་སྒོར་ ཞུགས། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དགུང་ལོ་ཉི་ཤུ་ཐམ་པར་ཁྲི་ཆེན་དགེ་འདུན་བསྟན་ འཛིན་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་བརྒྱད་པ་རབ་བྱུང་ བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་དུས་ འཁོར་གསང་སྔགས་དར་རྒྱས་གླིང་གི་ཁྲི་ལ་བཞུགས། ལོ་བདུན་གྱི་ རིང་དུ་འཆད་ཉན་བསྐྱངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་རོང་བོ་རྒྱུད་གསང་ཆེན་ཆོས་ཀྱི་བང་མཛོད་ཀྱི་ཁྲི་ བ་མཛད། རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་བཞུགས་ [1325] ཁྲི་ཟུར་ནས་རབ་བྱུང་ བཅུ་བཞི་པའི་ཆུ་སྤྲེལ་ཡས་མས་སུ་མགོན་ཤུལ་ཆུ་དམར་དུ་ཆུ་དམར་ རབ་རྒྱས་སྒྲུབ་སྡེ་གསར་འདེབས་གནང། འདུ་ཁང་ཀ་བ་བརྒྱད་ཅུ་ ཅན་རྟེན་དང་བརྟེན་པ་གསར་བཞེངས་གནང། སྨན་འཚོང་བདེ་ ཆེན་བླ་བྲང་དུ་བྱམས་ཆེན་སོགས་ཀྱང་བཞེངས་པར་མ་ཟད། རྩེ་ གཞུང་དུ་ཆུ་ཁོག་ཤོག་བཞིའི་སེར་སྐྱ་རྣམས་ལ་དུས་འཁོར་དབང་ཆེན་ སོགས་ཆོས་ཀྱི་དགའ་སྟོན་ཅི་ཡང་བསྩལ། ཐུག་མོ་དགོན་དང། ཐོ་ རྒྱའི་དགོན། སྨན་འཚོང་བདེ་ཆེན་སོགས་ཆོས་དང་ཟང་ཟིང་གཉིས་ ཀས་བསྐྱངས། ཁོང་གི་གསུང་རྩོམ་ནི་ སོགས་བཞུགས་སོ། ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་མཁན་རབས་ཉེར་བཞི་བ་ཡིན་ནོ། ། སྨན་བཟའ་ཀླུ་སྟེངས།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཁྲི་སྒྲ་དཔུང་བཙན་གྱི་བཙུན་མོ་དང། རྒྱལ་པོ་ ཁྲི་ཐོག་རྗེ་བཙན་གྱི་མ་ཡུམ་ཡིན། སྟོན། སྨན་རི་བ་བློ་བཟང་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་ བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། རིག་གནས་སོགས་ལ་སྦྱངས་ པས་མཁས་པའི་གྲགས་པ་ཐོབ། པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་ [1326] སྐྱབས་དབྱིངས་ཛ་སག་གི་ཕྱག་ལས་ཐུགས་འགན་བཞེས། དེ་ནས་ ངམ་རིང་ཆོས་སྡེའི་བྱམས་ཁང་སྟེང་ཤོད་དང། བླ་བྲང། ཆོས་ར་ གྲྭ་ཤག་སོགས་ཉམས་གསོ་གསར་བསྐྲུན་དང། བཀའ་འགྱུར་སོགས་ སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། སྤྱི་ལོ་་ལོར་སྐྱབས་ དབྱིངས་ཛ་སག་གི་འགན་ཁུར་དགོངས་པ་ཞུས་ནས་ཟུར་བཞུགས་ མཛད་ཅིང་སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་སྐུ་གཤེགས་སོ། ཁོང་གི་ གསུང་རྩོམ་ནི་ དབྱམས་ཅན་འཕང་འགྲོའི་སྒྲ་དབྱངས། བཞིའི་བསྡུས་དོན་བཅུད་ལྡན་རོ་བརྒྱའི་སྙེ་མ། པོའི་འབེལ་གཏམ། ཆོས་རྒྱལ་དྲི་མེད་ཀུན་ལྡན་ལེགས་པའི་བློ་གྲོས་ཀྱི་རྟོགས་བརྗོད་ བསྔགས་འོས་བསྔགས་པ། བྲིས་མ་པོད་གཅིག་བཞུགས་སོ། ། སྨན་ལུང་བློ་བཟང་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་སྨན་ལུང་ས་ཡི་ཐིག་ལེར་ཚར་ཚའི་རུས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ ནས་བསྡུས་གཞུང་དང། བཀའ་པོད་ལྔ་ལ་ཞིབ་ཏུ་སྦྱངས་པས་རིགས་ པ་སྨྲ་བའི་དགེ་བཤེས་ཡང་རྩེར་སོན་ཞིང་ལུང་རིགས་ལ་མཁས་པའི་ སྙན་པ་མངོན་པར་མཐོ། ཞི་ཞིང་དུལ་བའི་ཀུན་སྤྱོད་ཀྱིས་སྐྱེ་བོ་ཐམས་ [1327] ཀུན་མཁྱེན་འཇིགས་ མེད་དབང་པོ་ལས་སྒྲ་དང། སྙན་ངག་སྡེབ་སྦྱོར་བཅས་ལ་བསླབས་ ནས་རིག་པའི་གནས་ལ་མཁས་པ་གྱུར། རྡོ་རམས་པའི་མཚན་ བཏགས་བཞེས། བླ་བྲང་གི་རྒྱུད་གྲྭར་ཞུགས་ཏེ་སྔགས་གཞུང་དང་ཆོ་ ག་ཕྱག་ལེན་བཅས་ལ་སྦྱངས་པས་སྔགས་ཀྱི་དམ་བཅའ་ལེགས་པར་ ཐོན། དེ་ནས་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་ལྟར་སྐུ་ འབུམ་དང། དགོན་ལུང། བྱ་ཁྱུང། རོང་བོ་དགོན། ལ་མོ་བདེ་ ཆེན་དགོན་སོགས་སུ་འགྲིམས་ནས་བཀའ་པོད་ལྔའི་དམ་བཅའ་བཞག་ སྟེ་ཀུན་གྱིས་བསྔགས་བརྗོད་མཛད། ལོ་ལྔ་ཙམ་གྱི་རིང་དུ་ཐོར་གོད་ དཀོན་མཆོག་ཛ་སག་གི་བླ་མ་མཛད། དགུང་ལོ་ང་བཞི་པ་རབ་བྱུང་ བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས་ འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་ཞུའོ། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་སྨན་པའི་ཁྲི་རབས་གསུམ་པ་ཡིན་ནོ། ། སྨན་ས་ཁྲི་དཀར།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང་རྒྱལ་པོ་ཁྲི་བཙན་ནམ་གྱི་བཙུན་མོ་དང། རྒྱལ་པོ་ཁྲི་ སྒྲ་དཔུང་བཙན་གྱི་མ་ཡུམ་ཡིན། སྟོན། གོ་ སྨིན་གླིང་ངག་དབང་དཔལ་བཟང།། [1328] དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། སྨིན་གླིང་ཆོས་དཔལ་བཟང་པོ།། ཁོང་ནི་ལོ་ཆེན་དྷརྨ་ཤྲཱི་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། སྨིན་གླིང་མི་འགྱུར་དཔལ་སྒྲོན།། ཁོང་མོ་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྨིན་གྲོལ་གླིང་དུ་ཡབ་གཏེར་བདག་གླིང་པ་དང། ཡུམ་ ཕུན་ཚོགས་དཔལ་འཛོམས་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བཅུ་གཉིས་པར་ཡབ་གཏེར་བདག་གླིང་པ་ལ་གཙུག་ཕུད་ ཕུལ་ཏེ་མཚན་ལ་མི་འགྱུར་དཔལ་གྱི་སྒྲོལ་མ་ཞེས་གསོལ། དགུང་ལོ་ བཅུ་གསུམ་པར་ཡབ་རྗེ་ལས་གཏེར་ཆོས་ཀྱི་ཟབ་དོན་མན་ངག་ཐམས་ ཅད་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་ མངའ་འརྙེས། དགུང་ལོ་བཅུ་བཞི་པར་ལོ་ཆེན་དྷརྨ་ཤྲཱི་ལས་ཟབ་ལམ་ བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས་ ཤིང་རྩ་རླུང་ཐིག་ལེའི་འཕྲུལ་འཁོར་ལ་ཉམས་ལེན་དཔྱིས་ཕྱིན་པར་ མཛད། གཞན་ཡང་ཁྲག་འཐུང་འཇིགས་མེད་རྡོ་རྗེ་དང། ཀཐོག་ རིག་འཛིན་ཞབས་དྲུང་འགྱུར་མེད་གཞན་ཕན་དབང་པོ། བཤེས་ གཉེན་ཨོ་རྒྱན་རབ་བརྟན། སོ་སྟོན་མཐུ་སྟོབས་རྣམ་རྒྱལ། འདུལ་ འཛིན་ཀུན་དགའ་བློ་གྲོས། སློབ་དཔོན་བསོད་ནམས་བློ་གྲོས་རྒྱལ་ [1329] མཐའ་ཡས་པ་གསན། དགུང་ལོ་ཉི་ཤུ་ཐམ་པར་ཨོ་རོད་ཅུན་གར་གྱི་ དམག་དཔུང་བོད་དུ་སླེབས་དུས་འབྲས་ལྗོངས་རྫོགས་ཆེན་དགོན་དུ་ བྲོས་བྱོལ་མཛད་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་ཉེར་ གཉིས་པར་བོད་དུ་ཕེབས་ནས་གཅེན་པོ་རིན་ཆེན་རྣམ་རྒྱལ་དང་ མཉམ་དུ་སྨིན་གྲོལ་གླིང་ཞིག་གསོས་མཛད་ཅིང་རྒྱལ་དབང་བསྐལ་ བཟང་རྒྱ་མཚོ་ལ་གཟུག་ཕུད་ཕུལ་བས་མཚན་ལ་རྗེ་བཙུན་ཤེས་རབ་ སྒྲོལ་མ་ཞེས་གནང། དགུང་ལོ་སུམ་ཅུ་སོ་དྲུག་པར་སྨིན་གྲོལ་གླིང་ ནས་སློབ་མ་ཉིས་བརྒྱ་བདུན་ཅུ་ལྷག་ལ་ཡབ་རྗེའི་གསུང་འབུམ་པོད་ ཆེན་བཅུ་གསུམ་དང། སྙིང་ཏིག་ཡ་བཞིའི་པོ་ཏི་བཅས་ཀྱི་དབང་ ལུང་ཁྲིད་གསུམ་གནང་བ་མཛད། སྐུ་གསུང་ཐུགས་རྟེན་ཡང་མང་དུ་ བཞེངས་ཏེ་གསང་སྔགས་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་བར་ མཛད། དེ་ལྟར་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་ཁོ་ནར་ བསྒྲུབས་ནས་དགུང་ལོ་བདུན་ཅུ་དོན་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་མོའི་གསུང་རྩོམ་ནི་ གཅིག་དྲིལ་གྱི་གདམས་པ་ཁྲིད་ཡིག་བདེ་ཆེན་ལམ་བཟང། ། སྨོན་ལམ་རབ་འབྱམས་པ་བློ་བཟང་རིན་ཆེན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ [1330] དང། ཡུམ་སྒྲོལ་ཆུང་གཉིས་ཀྱི་སུས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་གཞོན་ནུའི་སྐབས་སུ་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་ སྒོར་ཞུགས་ཏེ་བཀའ་པོད་ལྔའི་གཞུང་ལུགས་ལ་ལུང་རིགས་གཉིས་ཀྱི་ རྐྱ་བར་ནས་དྲངས་པའི་རྩོད་པ་ཕུལ་དུ་ཕྱིན་ཞིང་ཆོ་འཕྲུལ་སྨོན་ལམ་ ཆེན་མོའི་སྟེང་དུ་གྲྭ་སྐོར་མཛད། གསེར་ཁང་རྡོ་རྗེ་འཆང་དང། སྐུ་ མཆེད་བློ་བཟང་བསྟན་པ་རྒྱ་མཚོ་སོགས་བཤེས་གཉེན་དམ་པ་མང་ པོའི་ཞབས་ལ་གཏུགས་ཏེ་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས་ཀྱི་སྐོར་དང་ རི་བོ་དགེ་ལྡན་པའི་ཐུན་མིན་མང་ངག་རྣམ་གསུམ་སོགས་ཀྱི་ཟབ་ཁྲིད་ ཕྱག་ལེན་དང་བཅས་པར་ཐོས་བསམ་ལེགས་པར་མཛད། ཡི་དམ་རྡོ་ རྗེ་འཇིགས་བྱེད་ཀྱི་ལས་བསྙེན་ཆེན་པོ་ཡན་ལག་དང་བཅས་པ་ལེགས་ པར་ཞུས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཤིང་འགྲིག་ལམ་ཀུན་ སྤྱོད་དང་སློབ་གཉེར་བཅས་ལ་དོ་དམ་ནན་ཏན་དུ་མཛད། ཁྲི་ཟུར་ ནས་སྒྲུབ་པ་ཉ་ལས་ལེན་མཛད་ཅིང་དུས་འདའ་བའོ། དགུང་ལོ་དྲུག་ ཅུ་རེ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་ འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་བརྒྱད་པ་ཡིན་ནོ།། སྨྱུང་གནས་པ་བསོད་ནམས་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ [1331] ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པ་མཛད། སྒོས་སུ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་དང་ ཉ་དབོན་ཀུན་དགའ་དཔལ་བ་གཉིས་ལ་བསྟེན་ནས་དུས་འཁོར་ཡན་ ལག་དང་བཅས་པ་དང། མན་ངག་ཕྱག་ལེན་དང་བཅས་པར་ལེགས་ པར་གསན་ནས་ཁྲིད་བཤད་དབང་གསུམ་གྱིས་གདུལ་བྱ་ཡུན་རིང་དུ་ བསྐྱངས། དབང་སྒྲུབ་ཀྱི་ཡིག་ཆའང་མང་དུ་མཛད། ཆོས་རྗེ་དེ་ བཞིན་གཤེགས་པ་དང་མཐོང་བ་དོན་ལྡན་གཉིས་ཀས་ཀྱང་ཞབས་ལ་ གཏུགས། སྐྱེས་བུ་ཆེན་པོ་རྣམས་ཀྱི་བླ་མར་གྱུར། ཁོང་གི་སློབ་མ་དཀའ་ བཅུ་པ་པད་མ་བཟང་པོས་རྒྱུད་འགྲེལ་གྱི་ཊཱིཀ་ཆེན་བརྩམས། ཆོས་ རྒྱལ་ཆོས་བཟང་ཉི་ལས་གཡའ་སྣང་རི་ཁྲོད་བཏབ་ཅིང་ཚོགས་པ་ བསྐྱངས་སོ།། [1332] ཙ་ཡུ་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཙ་ཡུར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་བསྡུས་གཞུང་ནས་བཟུང་ གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་རྡོ་ བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། དེ་ནས་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ཤིང་བླ་མ་དབུ་མཛད་དང་ ཁྲི་བ་གཉིས་ཀའི་ཐུགས་འགན་ལོ་བཅུ་དྲུག་གི་རིང་དུ་བཞེས་ཏེ་ཆོས་ འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ཀྱི་ཐད་ལ་དོ་དམ་གང་ ལེགས་མཛད། གྲྭ་ཚང་ལ་བཅའ་ཡིག་ཞུ་བ་མཛད་ནས་ཀུན་མཁྱེན་ རིན་པོ་ཆེའི་བཀའ་ལྟར་བསྒྲུབས་པ་མཛད། ཁྲི་ཟུར་ནས་ཐུགས་དམ་ ཉམས་བཞེས་མཛད་མུར་དགུང་ལོ་ང་དགུ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ རབས་བཅོ་བརྒྱད་པ་ཡིན་ནོ།། [1333] ཙ་ཡུས་ངག་དབང་བསྟན་འཛིན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་མཛོད་དགེར་ཡབ་ཏིང་འཛིན་སྐྱབས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ལྷ་བརྟན་ཞབས་ དྲུང་ལས་རབ་ཏུ་བྱུང། ལྡོང་ངེ་བློ་བཟང་དོན་གྲུབ་ལས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་སྤྱོད་བཅས་ལ་ལེགས་པར་སྦྱངས། ཉང་ཚང་ དཔོན་སློབ་ལས་རིན་འབྱུང་གི་རྗེས་གནང་དང། རྔ་རྒོད་ནམ་མཁའ་ སེང་གེ་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད། གཅུང་བློ་གསལ་རྒྱ་མཚོ་ ལས་བདེ་འདུས་སོགས་སྙིང་སྐོར་གྱི་སྒྲུབ་འཕྲིན་ཕལ་ཆེར་གྱི་རྒྱུན་ སློབ་དཔོན་བློ་བཟང་དར་རྒྱས་རྒྱ་མཚོ་ལས་སྐུ་གོང་མའི་གསུང་འབུམ་ གྱི་ལུང་རྣམས་གསན། ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་ལས་ བསྙེན་པར་རྫོགས། དགུང་ལོ་ཉེར་བཞི་པར་དབུས་སུ་ཕེབས་ཏེ་རྒྱལ་ བ་འཇམ་དཔལ་རྒྱ་མཚོ་དང། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ་ ནས་ཆོས་འབྲེལ་ཞུས། སྨིན་གྲོལ་གླིང་དུ་བྱོན་ཏེ་མཁན་པོ་ཨུ་རྒྱན་ བསྟན་འཛིན་ལས་གཏེར་ཁ་གསུམ་གྱི་ཆོས་ཚན་ཕལ་ཆེར་གྱི་དབང་ ལུང་གསན། དགུང་ལོ་ཉེར་ལྔ་པར་རང་ཡུལ་དུ་ཕེབས་ཏེ་གཉའ་གོང་ བྲག་དཀར་དང་རྒྱལ་མོ་གཤག་རལ་དུ་སྒྲུབ་པ་མཛད་པས་གཟིགས་ སྣང་ཁྱད་པར་ཅན་བྱུང། རོང་ཕྱོགས་ཀུན་ཏུ་གུས་ཞེན་ཆེ་བས་མཛད་ འཕྲིན་གྱི་ཀློང་རྡོལ། ལེ་མདོ་སྒར་བཏབ་སྟེ་དེའི་འདུ་ཁང་དང། ཙ་ ཡུས་སྒར་བའི་འདུ་ཁང། དགོན་པའི་ཤར་དུ་བདུད་འདུལ་མཆོད་ [1334] རྩམ་སྡེར་སྒར་བའི་འདུ་ཁང་རྣ་ལས་བཞེངས། དགུང་ལོ་རེ་ བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཙ་ཡུས་ཨ་ ལགས་འཕྲིན་ལས་རབ་བརྟན་གྱི་སྤྲུལ་སྐུ་ཡིན། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་དང། རྩེ་དབུས་ གཅོད་པ་ཡེ་ཤེས་ཚུལ་ཁྲིམས། ཐང་ལུང་གཅོད་རྒན་སྐལ་བཟང་ཉི་ མ། ཨ་ཁྱུང་ངག་དབང་མཁྱེན་རབ་བཅས་ཡིན་ནོ།། ཙ་ཡུས་འཕྲིན་ལས་རབ་བརྟན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཙ་ཡུས་མེ་ཏོག་ཤར་དུ་ཡབ་སྙིང་གར་བྱམས་དང་ ཡུམ་གཅོད་མ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ལྷ་བརྟན་བླ་མ་འཕྲིན་ལས་ཕུན་ཚོགས་ ལས་རབ་ཏུ་བྱུང། དགུང་ལོ་བཅོ་བརྒྱད་པར་ཤུག་ཤར་རི་ཁྲོད་དུ་ ཕེབས་ཏེ་སྔགས་རམས་པ་བསོད་ནམས་ཡར་འཕེལ་ལ་བསྟེན་ནས་མདོ་ སྔགས་ལ་སྦྱངས། དེ་ནས་ཡུལ་དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་ མང་ཆོས་གྲྭར་ཞུགས་ཏེ་གཞུང་ལུགས་ལ་སྦྱངས། གསང་ཕུའི་དཀའ་ བཅུ་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་བཀའ་ ལྟར་རྒྱུད་སྨད་དུ་ཞུགས་ཤིང་སྔགས་ལ་སྦྱངས་པས་མདོ་སྔགས་ཀྱི་ གཞུང་ལ་མཁས་པ་ཆེན་པོར་གྱུར། སྨིན་གྲོལ་གླིང་དུ་ཕེབས་ཏེ་གཏེར་ སྟོན་ལས་བཀའ་ཆོས་ཅི་རིགས་གསན། དེ་ནས་རང་ཡུལ་དུ་ཕེབས་ཏེ་ གཞི་དགེ་བཀྲ་ཤིས་ཆོས་འཁོར་གླིང་གསར་འདེབས་མཛད་ཅིང་འདུ་ [1335] ཤུག་ ཤར་དང། ཙ་ཡུས་སྒར། བཀྲ་ཤིས་འཁྱིལ། ཞལ་དྲོ། ཨ་ཛུ་ དུས་ཆེན། མཛོད་དགེ་བྲག་ར། ཁ་གྱའི་སྟག་ལུང་སོགས་ཡོངས་སུ་ གྲགས་པའི་སྒྲུབ་གནས་དགུ་དང་མ་གྲགས་པ་སོ་སོར་གསར་རྙིང་གི་ ཆོས་རྒྱུན་རྒྱ་ཆེར་སྤེལ་བས་རོང་ཁམས་ཀུན་ཏུ་འཕྲིན་ལས་རྒྱས་ དགུང་ལོ་དོན་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གི་གསུང་རྩོམ་ནི་པོ་ཏི་གཅིག་བཞུགས་སོ། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་གཅུང་བློ་གསལ་རྒྱ་མཚོ་དང། ལྷ་བརྟན་ཞབས་དྲུང། མུ་ཏོ་ བླ་མ་ཀུན་དགའ་འོད་ཟེར། སྐྱི་ཐང་བློ་བཟང་རྣམ་རྒྱལ། ཏཱ་དབོན་ སྤྲུལ་སྐུ། རེབ་ཚ་སྤྲུལ་སྐུ། ཉང་ཚང་ཞབས་དྲུང། རྔ་རྒོད་ནམ་ མཁའ་སེང་གེ་མུ་ཏོ་རྒྱ་མཚོ་དོན་ལྡན་བཅས་ཡིན་ནོ།། ཙན་དྲ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱངས་ཤིང་མཁས་པར་གྱུར། དེ་ནས་ མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ནན་ཏན་དུ་མཛད་ པ་དང། ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་ མཛད་ནས་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ པ།། ཙོང་ཁ་པ།། [1336] དེ་ལ་གཟིགས་པར་ཞུའོ།། གཙང་ནག་པ་བརྩོན་འགྲུས་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ཕྱྭ་བ་ཆོས་ཀྱི་སེང་གེའི་ ་ སློབ་མ་ ཡིན། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད། ལྷག་པར་དུ་ཕྱྭ་བ་ཆོས་ཀྱི་སེང་གེའི་ཞབས་ལ་གཏུགས་ནས་ ཚད་མ་དང་དབུ་མ་སོགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། རྗེ་ བཙུན་འཇམ་པའི་དབྱངས་ཀྱི་བསྙེན་པ་མང་དུ་བཟླས་པས་བློ་རྣོ་ཞིང་ རིགས་ལམ་ལ་ཤིན་ཏུ་བྱང་བས་སེང་ཆེན་བརྒྱད་ལས་དང་པོ་ཡིན་ ཁོང་གི་སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེས་སློབ་དཔོན་ཟླ་བ་གྲགས་པའི་ གཞུང་ལ་དགག་པ་མང་དུ་མཛད་ཀྱང། ཁོང་གིས་དཔལ་ལྡན་ཟླ་བ་ གྲགས་པའི་གཞུང་ལུགས་ལ། སྦྱངས་པའི་སྟོབས་ཀྱིས་གཞུང་དོན་ ངེས་གྱུར་པ། ང་འདྲའི་སྐྱེ་བོ་སླན་ཆད་འབྱུང་མི་འགྱུར། གསུངས་ནས་གཙིགས་སུ་འཛིན། དབུ་མའི་བསྡུས་པའང་ཆེ་ཕྲ་མང་ དུ་མཛད་པ་རྣམས་ཟླ་བ་གྲགས་པའི་ལུགས་ཡིན། ཀྱི་འགྲེལ་ཆེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྦྱོར་ དང། བསླབ་བཏུས། སྤྱོད་འཇུག་དབུ་མའི་བསྟན་བཅོས་རྣམས་ ལའང་རྣམ་བཤད་མང་དུ་བརྩམས་སོ།། གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ།། [1337] ལོར་མྱང་སྟོད་ཁུ་ལེར་ཡབ་རྒྱ་ཟུར་བོ་ཚབ་པེ་དང། ཡུམ་མར་བཟའ་ དར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ གཡུང་དྲུང་དཔལ་ཞེས་ཞུ། དགུང་ལོ་བརྒྱད་པར་ཡུམ་གཤེགས་ དགུང་ལོ་བཅུ་གཉིས་པར་གཙང་རོང་དུ་ཕེབས་ཏེ་ཡི་གེའི་སྦྱོར་ཀློག་ ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་པར་སློབ་དཔོན་རྟ་ཐང་ ལས་མངོན་པ་དང། ཡོ་ག་ཞི་བྱེད་བཅས་ཞུས། དགུང་ལོ་བཅོ་ལྔ་ པར་སློབ་དཔོན་མཁར་ལུང་བ་ལས་རྫོགས་ཆེན་དང་ཚད་མ་སོགས་ གསན། སོ་དར་མ་སེང་གེ་ལས་སྤྱོད་འཇུག་དང། ཁུ་ལུང་ལྷ་རྗེ་ཀུན་ རྒྱལ་ལས་མཚན་བརྗོད། སློབ་དཔོན་འདུལ་འཛིན་ལས་ཐུགས་རྗེ་ཆེན་ པོ་ཇོ་བོའི་ལུགས་བཅས་གསན། དགུང་ལོ་ཉེར་གཉིས་པར་སྣ་ཕུར་ བྱོན་ནས་གདམས་ངག་ཞུས་པས་ཞག་བདུན་ནས་རས་རྐྱང་ཐུབ་པ་ བྱུང། རྗེས་ནས་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་གྲུབ་པ་ཐོབ་ སློབ་དཔོན་རྔོག་པ་ལས་གུར་བརྟག་དང། མ་ཧཱ་མཱ་ཡཱ། མཚན་ བརྗོད་རྣམས་ཀྱི་ཕྱག་ལེན་དང་བཅས་པར་གསན། དེ་ནས་བླ་མ་གླིང་ རས་པདྨ་རྡོ་རྗེ་འདས་ནས་དགོངས་རྫོགས་ལེགས་པར་བསྒྲུབས། ར་ ལུང་དུ་བྱོན་ཏེ་ལོ་གསུམ་བཞུགས་ནས་ར་ལུང་བཏབ། རྟོགས་པ་ནམ་ མཁའ་དང་མཉམ། རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་ སྙོམས་སྐོར་དྲུག་གཏེར་ལས་བཏོན། དགུང་ལོ་ཉེར་དགུ་པར་མདོ་བོ་ རས་པ་ལས་ཆོས་དྲུག་གི་ཁྲིད་ཞུས། འབྲི་གུང་དུ་བྱོན་ནས་ཚོགས་ [1338] སྐྱིད་ཤོད་དུ་ཕེབས་ནས་ཀློང་རྡོལ་ཀྱི་དགོན་པ་བཏབ་ དགུང་ལོ་སུམ་ཅུ་རྩ་གསུམ་པར་བླ་མ་ཞང་གིས་མཁན་པོ་དང། རྩི་ འདུལ་འཛིན་གྱིས་སློབ་དཔོན་མཛད་ནས་ཆིག་རྫོགས་བསྒྲུབས་ མཚན་ལ་ཡེ་ཤེས་རྡོ་རྗེ་ཞེས་གསོལ། སྙིང་རྗེ་ལ་བོག་ཆེན་པོ་ཐོན། དེ་ ནས་གཙང་ཕྱོགས་དང་ཕོ་མ་ལ་སོགས་པའི་འབྲོག་བོད་དང་བྱང་ཚ་ཁ་ ཚུན་ཆད་དུ་ཁྲི་བཏབ་པ་དང། གཞན་གྱི་ལོངས་སྤྱོད་དོན་ཡོད་པར་ མཛད་པ་དང། འཁྲུག་བསྡུམས་མཛད་པ་དང་བླ་མའི་གདན་སར་ འབུལ་བ་བསྐྱལ་བ་ལ་སོགས་པ་དཔག་ཏུ་མེད་པར་མཛད། གནམ་གྱི་ ཕུར་འབྲུག་དགོན་པ་བཏབ། དེའི་དུས་སུ་འབྲུག་སྒྲ་དྲག་པོ་ཐེངས་ འགར་གྲགས་པས་གདན་སའི་མིང་ལ་འབྲུག་ཏུ་བཏགས། ལོ་དེར་ སྤྱིལ་བུ་སྟོང་དུ་ལོངས། སློབ་མ་ཁྲི་ལྔ་ཙམ་ཚོགས། དེ་ཐམས་ཅད་ལ་ གདམས་ངག་བྱིན་པས་འཇིག་རྟེན་གྱི་ཞེན་ལོག་ཚེ་བློས་བཏང་གི་སྒྲུབ་ པ། བླ་མའི་མོས་གུས་གསུམ་གཙོ་བོར་འཛིན་ནས་ཕྱག་རྒྱ་ཆེན་པོའི་ རྟོགས་པ་ཤར་བ་སྟོང་ཕྲག་ལྔ་ཙམ་བྱོན། དཔལ་འབྲུག་པ་བཀའ་ བརྒྱུད་ཀྱི་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས་ སོ། ཁོང་གི་མཚན་གཞན་ནི་ཤེས་རབ་བདུད་རྩི་འཁོར་ལོ་དང་ གཙང་པ་རྒྱ་རས་རྡོ་རྗེ་གཞོན་ནུ་ཞེས་ཞུ། དེ་ནས་སྐུ་ཚེ་འདིའི་འཕྲིན་ ལས་རྫོགས་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་གི་གདན་ས་གཙོ་བོ་ནི་ར་ལུང་དགོན་ པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དང་པོ་ཆེ་བ་སྤ་རྐྱང་གཉིས་ བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མ་ཆེ་བ་ལོ་རྒོད་གཉིས་བཅས་ཡིན་ [1339] གཙང་སྟོད་དམ་ཆོས་དཔལ་འབར།། ཁོང་ནི་རབ་བྱུང་དགུ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ གཙང་སྟོད་གནས་ཀྱི་ཁང་དམར་ཤར་དུ་སྐུ་འཁྲུངས། རབ་བྱུང་བཅུ་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གནས་ཀྱི་ ཆོས་སྡེར་རབ་ཏུ་བྱུང་ཞིང་པཎ་ཆེན་གནས་པའི་དྲུང་ནས་སློབ་གཉེར་ མཛད་པས་མཁས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས། དེ་ནས་དབུས་ སུ་ཕེབས་ཏེ་བྲག་ད་བར་གྱི་འཆད་ཉན་པ་མཛད། བྱམས་ཆེན་གནས་ བཅུའི་གོས་སྐུ་དང་མགོན་ཁང་གསར་མ་དང་བཅས་པ་བཞེངས། ཡི་ དམ་དང། མགོན་པོ། རང་བྱུང་རྒྱལ་མོའི་སྐུ་འདྲ་དང། རིག་གྲ་ ལྔ་མཆོད། བྱམས་སྨོན་གསར་འཛུགས་གནང། འཕགས་མཆོག་ སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ ཀྱི་གདན་ས་རྭ་སྒྲེང་དུ་ཕེབས་ཤིང་སྤྱི་བླ་མཛད། ཀ་གཉིས་མའི་ གསེར་ཐོག་ཞིག་གསོ་དང། ཉི་ཤུ་རྩ་བཞིའི་གསར་བཞེངས། ཆོས་ སྡེ་གཙང་དགོན་ལ་སྦྱར་བ་སོགས་བསྟན་པའི་བྱ་བ་ཆེན་པོ་མཛད་དེ་ བྱང་རྩེར་ཕེབས་ནས་འཆད་ཉན་བསྐྱངས། དགུང་ལོ་དྲུག་ཅུ་རེ་ བདུན་པ་རབ་བྱུང་བཅུ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་འཆད་ཉན་ལེགས་པར་མཛད། ལྷ་ས་སྨོན་ལམ་ཆེན་ མོའི་གྲལ་དབུ་མཛད། དགུང་ལོ་བདུན་ཅུ་དོན་བཞི་པར་ཟུར་ བཞུགས་མཛད། དགུང་ལོ་བདུན་ཅུ་དོན་བདུན་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། དུས་མཆོད་ཀྱང་ལེགས་པར་ཚུགས་སོ་ [1340] ནོ། ། གཙང་པ་ངག་དབང་བསོད་ནམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་ གཙང་ཡུལ་ལ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ཉེར་ དྲུག་པ་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཤར་སྐལ་ལྡན་རྒྱ་མཚོས་ བསོད་ནམས་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལས་ཐོག་པ་ ཡིན། ནམས་འདི་བ་དེང་སང་དགོན་སྡེ་གྲྭ་ཚང་དང་བཅས་པར་ཤིན་ཏུ་ཕན་ པ་ཞིག་གོ་ཞེས་འཁོད་དོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་བཅུ་གསུམ་པ་ཡིན་ནོ། ། གཙང་པ་བློ་གྲོས་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་འོན་གྱི་བྱིན་ཕག་ཏུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་སུ་ ཡབ་རིན་སྤུངས་ན་ཡོད་པས་དེར་བསྙེག་ནས་རིན་སྤུངས་པའི་ཁང་ གཉེར་མཛད། དེ་ནས་ཆོས་ལ་མོས་པ་ཡང་དག་པར་སྐྱེས་ཏེ་བླ་མ་ ཆོས་དབྱིངས་པའི་དྲུང་དུ་གཏུགས་ཤིང་ཆོས་མང་དུ་གསན། དེ་དང་ མི་རིང་བར་ཆོས་རྗེ་འབའ་ར་བ་ལ་གཏུགས་ནས་གདམས་པ་མང་དུ་ ཞུས་ནས་བསྐྱངས། བླ་མ་མཐའ་ཡས་པ་ལ་གདམས་པ་མང་དུ་ [1341] དེའི་སྟབས་ཀྱིས་སློབ་མ་ལ་ཁྲིད་རིམ་འབོགས་པ་ཡང་ གདམས་ངག་གི་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་པར་ གྲགས། གངས་ཏི་སེར་ཡང་བྱོན་ཞིང་བཞུགས། དེ་ནས་ཆོས་ཚོལ་ བའི་ཕྱིར་རྒྱ་གར་ནུབ་ཕྱོགས་ལྕམ་བེ་རྒྱལ་ཁམས་སུ་ཡང་བྱོན། རྒྱ་གར་ ཤར་ཕྱོགས་ཤིང་གི་རི་ལ་ཡང་ཕེབས། ལ་སྟོད་ལྷོར་ལོ་ཁ་ཤས་བཞུགས་ ནས་སི་ཏུ་ཆོས་རིན་གྱིས་ཞབས་ནས་བཏེགས། ཕྱིས་སྐྱི་ཤོད་དུ་སྤང་ པོ་ཁ་དང་ལྡན་རྫོང་དུ་བཞུགས། དེ་རྗེས་གཡོར་ཕྱོགས་སུ་ཕེབས་ནས་ ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་བཟུང། དེ་ལྟར་ས་ གནས་ཡར་མར་དུ་བྱོན་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང། དགུང་ ལོ་དྲུག་ཅུ་རྩ་བཞི་པར་གྲ་ཕྱི་འབྲུག་གི་དགོན་དུ་དགོངས་པ་རྫོགས་ ཁོང་ནི་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་མཆོག་ཏུ་གྱུར་པའི་ སློབ་མ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒོད་ཕྲུག་ཆོས་རྗེ་དང་ མཁན་ཆེན་ཤཱཀྱ་གྲགས་པ་སོགས་ཡིན་ནོ། ། གཙང་པ་ཡེ་ཤེས་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཙང་རོང་རིན་སྤུངས་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་ཡབ་བློ་ བཟང་རྡོ་རྗེ་དང། ཡུམ་དཔོན་མོ་ལྷ་དགའ་ལྡན་འཛིན་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡབ་ཀྱིས་སྐུ་ཡོན་ སྒྲོན། དགུང་ལོ་བཅུ་ཐམ་པར་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད་ དགུང་ལོ་བཅུ་གཅིག་པར་སྔགས་ཆེན་དམ་ཆོས་དཔལ་འབྱོར་གྱི་དྲུང་ [1342] ལོ་དེར་གཞུང་ཆེན་ཁག་ལ་གསན་བསམ་གྱི་ དབུ་བཙུགས། དགུང་ལོ་བཅུ་དྲུག་ལ་ཚད་མ་རྣམ་འགྲེལ་ཐུགས་ གཉེར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ནས་འབྲས་ སྤུངས་སུ་ཆོས་ཞུགས་གནང། དགུང་ལོ་ཉེར་ལྔ་པར་ཕུར་ལྕོག་ངག་ དབང་བྱམས་པའི་དྲུང་ནས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་ དགུ་པར་ཁང་ཚན་དགེ་རྒན་མཛད། དགུང་ལོ་སུམ་ཅུ་སོ་བདུན་ པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་མཛད་ནས་ལྷ་ རམས་པའི་ཨང་དང་པོའི་མཚན་བཏགས་བཞེས། དགུང་ལོ་ཞེ་ གསུམ་པར་གོང་ས་ཐམས་ཅད་མཁྱེན་པ་རྒྱལ་བ་བསྐལ་བཟང་རྒྱ་ མཚོའི་བཀའ་བཞིན་སྨར་ཁམས་གོ་བོ་དགོན་གྱི་བླ་མར་ཕེབས་ དགུང་ལོ་ཞེ་བརྒྱད་པར་དབུས་སུ་ཕྱིར་ཕེབས་ཏེ་འབྲས་སྤུངས་ནས་ ཆོས་འཁོར་རྒྱ་ཆེ་བསྐོར། དགུང་ལོ་བདུན་ཅུ་ཐམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་མཁན་ཆེན་ཡེ་ ཤེས་དཔལ་འབྱོར་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི་ ཐབས་བྱང་ཆོག་གཅོད་གཞུང་སོགས་རང་གཞན་གྱི་དོན་ལ་མཁོ་བའི་ གསུང་ཐོར་བུ། འདེབས་སྨོན་ལམ་དང་བཅས་པ། དཔལ་འབྱོར་གྱི་ཞལ་སྔ་ནས་གང་གི་རྟོགས་པ་བརྗོད་པ་ངོ་མཚར་ལྷན་ ཅིག་སྐྱེས་པའི་རོལ་མོ། ། གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ།། ཁོང་ནི་རབ་བྱུང་དང་པོའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ [1343] ཡུམ་རལ་ རྒྱགས་བཟའ་ལྕམ་མི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་ པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བཅུ་གཉིས་པ་ནས་བཟུང་རྔོ་ལོ་དང། གཉན་ལོ། བ་རི་ལོ་ཙཱ་བ་ རྭ་ལོ། བཙན་ཁ་བོ་ཆེ་བཅས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ཐམས་ཅད་ཐུགས་ སུ་ཆུད་པར་བྱུང། དེ་ནས་དིང་རིར་ཕེབས་ཤིང་ཕ་དམ་པ་སངས་ རྒྱས་དང་མཇལ་ཞིང་དབང་དང་གདམས་ངག་ཞུས་ནས་བྱང་ཆུབ་ཆེན་ པོའི་ཙཀྐ་ལི་ཕྱག་ཏུ་གཏད་དེ་ཁྱོད་བསྟན་པའི་བདག་པོར་འགྱུར་བར་ འདུག་གསུངས། དེ་ནས་བྱ་ཡུལ་བ་གཞོན་ནུ་འོད་དང་མཇལ་ཞིང་ དབང་དང་གདམས་ངག་ཞུས་པས་རྒྱུད་སྡེ་བཞིའི་དོན་ཐམས་ཅད་ ཐུགས་སུ་ཆུད་དེ་ཡི་དམ་མང་པོའི་ཞལ་གཟིགས་པ་དང། གཙོ་བོར་ ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། བླ་མའི་ཞབས་ཏོག་ཀྱང་ ཕུལ་དུ་ཕྱིན་པར་མཛད། དེ་ནས་ལོ་བ་རྣམས་ཀྱིས་སྤྱན་དྲངས་ཏེ་ ལོའི་གདན་ས་མཛད། བྱ་ཡུལ་བ་གཞོན་ནུ་འོད་སྐུ་གཤེགས་རྗེས་ བྱ་ཡུལ་བའི་གདན་ས་བསྐྱངས་ཤིང་གཙང་པའི་བུ་ཆེན་བཞི་ལ་སོགས་ པ་སློབ་མ་གྲགས་ཆེ་བ་བཅུ་བཞི་ཙམ་བྱོན། ལོ་བྱ་གཉིས་ཀའི་གདན་ ས་ཡུན་རིང་དུ་བསྐྱངས་ཤིང་དགུང་ལོ་བརྒྱད་ཅུ་རྩ་ལྔ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་པའི་གདན་རབས་ གཉིས་པ་ཡིན་ནོ། ། གཙང་བློ་གྲོས་བརྟན་པ།། [1344] གཙང་གི་ཤངས་མགྲོན་ཁང་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་གནས་རྙིང་དུ་རབ་བྱུང་མཛད། རྗེ་ཙོང་ཁ་པ་ཆེན་པོ་དང་ རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱི་ཞབས་པད་ལ་བསྟེན་ནས་གསུང་ རབ་ཀུན་དང་ཁྱད་པར་དུ་བྱམས་ཆོས་ལ་སྦྱངས་པས་མཁས་པ་ཆེན་ པོར་གྱུར། གསང་ཕུ་ཁུ་སྤེ་གྲྭ་ཚང་གི་འཆད་ཉན་པར་ལོ་ཤས་ བཞུགས། དེ་ནས་ཨེ་དྭགས་སུ་བྱོན་ཏེ་ཤར་ཕྱོགས་བསྟན་པའི་སྒྲོན་མེ་ དྭགས་པོ་གྲྭ་ཚང་བཙུགས། ཨེ་དྭགས་ལྷོ་དང་ཡར་སྟོད་སོགས་སུ་ ཕེབས་ཏེ་རྣམ་དཀར་གྱི་འཕྲིན་ལས་རྒྱས། དྭགས་པོ་གྲྭ་ཚང་གི་འཆད་ ཉན་པ་མཁན་ཆེན་ངག་དབང་གྲགས་པ་བསྐོས་ནས་དགའ་ལྡན་བྱང་ རྩེར་བྱོན། དགུང་ལོ་དོན་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་ ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་དྲུག་ གི་རིང་དུ་གསེར་ཁྲི་བསྐྱངས་ནས་ཟབ་པ་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ བསྐོར་བཞིན་པར་དགུང་ལོ་དོན་དྲུག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བདུན་ པ་ཡིན། ཁོང་གི་གསུང་རྩོམ་ནི་ ཁོང་གི་སློབ་མ་ གྲགས་ཆེ་བ་ནི་གཡའ་བཟང་རྡོ་རྗེ་རིན་ཆེན་དང། དྭགས་པོ་བློ་གྲོས་ མཐའ་ཡས། གྲགས་པ་མཐའ་ཡས། མཁན་ཆེན་ངག་དབང་གྲགས་ པ་བཅས་ཡིན་ནོ། ། [1345] གཙང་སྨན་ཡེ་ཤེས་བཟང་པོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་གཙང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་ མཛད། དགུང་ལོ་བཅོ་བརྒྱད་པར་ལྷ་སར་ཕེབས་ཏེ་ལྕགས་རི་རིག་ བྱེད་འགྲོ་ཕན་གླིང་དུ་ཞུགས་ནས་ལོ་ངོ་བཅུ་དགུའི་རིང་དུ་བླ་སྨན་ ཐབས་མཁས་སོགས་ལ་བསྟེན་ཞིང་གསོ་རིག་དང་རྩིས་རིག་ལ་སྦྱངས་ པ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་གཉིས་ པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ བཀའ་ལུང་ལྟར་མཚོ་སྔོན་གྱི་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་ སྨན་དུ་མདོ་སྨད་ལ་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་དང། བྱ་ཁྱུང་ དགོན། རོང་བོ་དགོན་སོགས་སུ་བཞུགས་ནས་གསོ་རིག་གི་ཁྲིད་རྒྱུན་ མང་དུ་སྤེལ་ནས་སློབ་མ་མང་པོ་གསོ་སྐྱོང་མཛད། དགུང་ལོ་དོན་ བཞི་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་བླ་བྲང་ཆགས་ནས་གསོ་རིག་གཞན་ཕན་གླིང་ཕྱག་བཏབ་ཅིང་ འཆད་ཉན་སྤེལ་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་རབ་འབྱམས་པ་དང། ལྔ་རིག་བློ་བཟང་ དར་རྒྱས་ཡིན། ཁོང་གི་གསུང་རྩོམ་ནི་ བའི་གནད་གསལ་འགྲེལ་ཆེན་དོན་གསལ་སྒྲོན་མེ། གདམས་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན། བཅོས་ཐབས་ཡང་ཞུན་ནོར་བུའི་དོ་ཤལ། [1346] པའི་པོད་གཅིག་བཞུགས་སོ། ། གཙང་སྨྱོན་ཧེ་རུ་ཀ་ ཁོང་ནི་སངས་རྒྱས་རྒྱལ་མཚན་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། གཙང་རབ་གསལ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་འཇད་ འཁྱེལ་དུ་སྐུ་འཁྲུངས། དེ་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་ མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ནང་བྱན་ཆུད་པ་མཛད་ བོད་ལུགས་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་གླང་དར་མ་འུ་ དུམ་བཙན་པོས་དབུས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས་ ནས་རབ་ཏུ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པའི་གནས་ ཚུལ་རྣམས་དཔལ་ཆུ་བོ་རི་ལ་སྒྲུབ་པ་ཉམས་ལེན་མཛད་པའི་དགེ་སློང་ གཙང་རབ་གསལ་གྱིས་རིག་སྟེ་རི་དྭགས་བདའ་མཁན་བཙུན་པ་ཨད་ དན་ཅིག་པ་དང། ལྷ་ལུང་འཚག་པོ། ཞ་སྔ་ཁྱམས་པོ་གསུམ་ལ་ རབ་ཏུ་བྱུང་བས་རི་དྭགས་བདའ་དགོས་པའི་རྒྱུ་མཚན་གནས་ཚུལ་ རྣམས་ཞིབ་ཏུ་དྲིས་པས། དེའི་ལན་དུ་བཙུན་པ་གསུམ་པོས་མགྲིན་ གཅིག་ཏུ་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོས་དབུས་གཙང་ཡོངས་ ཀྱི་སངས་རྒྱས་བསྟན་པ་བསྣུབས་ནས་རབ་ཏུ་བྱུང་བ་རྣམས་ལ་བཀའ་ ཆད་ཕོག་པའི་གནས་ཚུལ་རྣམས་ཞུས་རྗེས། དགེ་སློང་གཙང་རབ་ [1347] དམར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་གནས་ གསུམ་གྱིས་སྦྲང་ཆས་སྤྲད་དེ་དམ་ཆོས་འདུལ་བ་དྲེའུ་ཁལ་གཅིག་ བཀལ་ནས་དཔལ་ཆུ་བོ་རི་ལས་སྟོད་མངའ་རིས་བརྒྱུད་ཅིང་བྱང་ལམ་ དེད་དེ་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་དེའུ་ཚྭ་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་ བྲག་དན་ཏིག་ཤོལ་གྱི་ཡང་དགོན་དུ་བདེ་བར་ཕེབས་སོ། བོད་ལུགས་ ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་ གཙང་རབ་གསལ་དང། དམར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་ གནས་གསུམ་ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་ དཀྱུས་གཅིག་ཏུ་བསྒྲུབས་པས་བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ ནུབ་པའི་ས་བོན་བསྐྲུན་པ་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ གྲགས་པའི་མཁས་པ་མི་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། གཙོ་ཁྲི་ཁྱུང་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། གཙོ་གཡང་སྐྱེས།། ཁོང་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་གཤེན་ནམ་སྐུ་བོན་ ཡིན་ནོ་ གཙོས་རྒྱལ་མཚན་སེང་གེ་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཟམ་ཚའི་ཀ་དེའུ་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་ [1348] རབ་བྱུང་བཅུ་ གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བཅུ་གཅིག་པར་ཏཱ་དབོན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་ བྱུང། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་ སྒོ་མང་ཆོས་གྲྭར་ཞུགས་ཤིང་ཀུན་མཁྱེན་མཆོག་གི་དྲུང་ནས་བསྡུས་ གྲྭའི་བརྩི་བཞག་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་ དང་བསྙེན་རྫོགས་ཞུས། དགུང་ལོ་སོ་དགུ་པར་སྨོན་ལམ་གྲྭ་སྐོར་ མཛད། ཅུང་གར་རྩོད་པའི་དུས་སུ་མཁས་པའི་ཡང་རྩེར་སོན་པས་ཟླ་ བ་རྒྱལ་མཚན་པའི་གདན་ས་གོང་བོ་འབྲུ་ལའི་མཁན་པོར་བསྐོས། ཁྲི་ ཟུར་ནས་རྒྱུད་སྟོད་ཆོས་གྲྭར་ཞུགས་ཏེ་གསང་ཆེན་སྔགས་ལ་སྦྱངས་ ཤིང་དགུང་ལོ་ཞེ་དགུ་པར་བླ་མ་དབུ་མཛད་ཐོན། དགུང་ལོ་ང་གཅིག་ པར་རྒྱུད་ཁྲི་དང་ཤར་རྩེ་ཟུང་འབྲེལ་དུ་ལོ་གསུམ་དུ་བསྐྱངས། དགུང་ ལོ་ང་བཞི་བ་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བདུན་གྱི་རིང་དུ་གདན་ས་ བསྐྱངས། དགའ་ལྡན་ཆོས་རྒྱལ་གྱི་ལྗགས་ལ་ཞིག་གསོ་དང་ན་བཟའ་ རུས་རྒྱན་གསར་བ་ཕུལ། ཁྲི་ཟུར་ནས་སེམས་དཔའ་ཆེན་པོ་གཞོན་ནུ་ འོད་ཀྱི་གདན་སར་ལོ་བརྒྱད་བཞུགས། དགའ་ལྡན་དུ་གསེར་དངུལ་ སྲང་མང་པོས་བྱང་ཆུབ་མཆོད་རྟེན་བཞེངས། འདུ་ཁང་སྟེང་དུ་ དངུལ་སྲང་སྟོང་གིས་བསྒྲུབས་པའི་གསེར་གྱི་རྒྱལ་མཚན་ཆ་བཞག་རྗེའི་ སྐུ་དང་བཀའ་འགྱུར་གསར་བཞེངས་སྦྱོར་འཇགས་མཛད། དེ་ནས་ ཨུརྒེ་ཝང་གིས་གདན་འདྲེན་ཞུས་པ་ལྟར་དགུང་ལོ་རེ་དགུ་པར་མཆོད་ [1349] བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་སྤྲུལ་པའི་ སྐུ་དང་མཇལ་འཛོམས་ཀྱིས་ཐུགས་འབྲེལ་ཟབ་པར་གྱུར། དགུང་ལོ་ བདུན་ཅུ་ཐམ་པ་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་གཙོས་བླ་བྲང་གི་གཞི་བཟུང། དེའི་ཕྱི་ལོ་བླ་བྲང་ དབང་ལྡན་ལྷུན་པོར་བཞུགས་ནས་མཚན་ཉིད་ཀྱི་འཆད་ཉན་བཙུགས་ ཏེ་གདན་སའི་མཐིལ་མཛད་དོ། ཁོང་ནི་དགའ་ལྡན་གསེར་ཁྲིའི་ཁྲི་ རབས་ང་གསུམ་པ་ཡིན་ནོ། ། གཙོས་ངག་དབང་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཙོས་འབྲོང་ལྕེར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ལྕགས་ཕོ་ཁྱིལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བཅུ་གསུམ་པའི་དུས་སུ་བྲག་དཀར་དགོན་གྱི་མཚན་ཉིད་གྲྭ་ཚང་དུ་ ཕེབས་ཏེ་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས་ བསྡུས་གྲྭ་སྦྱངས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ ཞུགས། ད་ལྟ་བ་རིན་ཆེན་ཆོས་བཟང་དང། འཇམ་མགོན་ཁྲི་རིན་ པོ་ཆེ། སྡེ་ཁྲི་རིན་པོ་ཆེ་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད། གུང་ཐང་ངག་དབང་བསྟན་པའི་རྒྱལ་ མཚན་ལས་བསྙེན་པར་རྫོགས། རྒྱུད་དུ་ཞུགས་ནས་གསང་སྔགས་ཀྱི་ གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་ཞིབ་ཏུ་སྦྱངས། དེ་ལྟར་ ལུང་རིགས་ལ་མཁས་པ་དང། མཁྱེན་རྒྱ་ཆེ་བ། གཟུ་བོར་གནས་ པ། སྙིང་སྟོབས་བརྟན་པ། སྤྱིའི་བྱ་བྱེད་གཞན་ངོར་མི་གཏོང་བ་ [1350] ཆེན་ཞལ་ངོ་དང་རྒྱུད་པ་བླ་མ་དབུ་མཛད་ཀྱི་གོ་ས་ལ་རིམ་གྱིས་ཕེབས་ རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ལྔའི་རིང་དུ་ གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀའི་ཆ་ནས་ཡར་ལྡན་དུ་ མཛད། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བའོ་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བཞི་བ་ཡིན་ནོ།། གཙོས་བན་དཀོན་མཆོག་བསྟན་དར།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་གཙོས་འབྲོང་ལྕེར་ཡབ་འབྲུག་གེ་དང། ཡུམ་ ཡི་དམ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་བསྡུས་གྲྭ་ནས་ གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་ཤེས་རབ་ གསལ་བ་དང། སྨྲ་བརྗོད་བདེ་བ། རིག་པ་རྣོ་བ། ཁས་ལེན་ལ་ ཞིབ་ཆ་ཆེ་བ་ཞེས་ཐམས་ཅད་ལ་གྲགས་པ་བྱུང། རྡོ་རྣམས་པའི་དམ་ བཅའ་གྲུབ་རྟིང་རྒྱུད་གྲྭར་ཞུགས་ཏེ་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ ལེན་བཅས་ལ་ལེགས་པར་སྦྱངས་པས་སྔགས་ཀྱི་དམ་བཅའ་དཔེ་མེད་ ཐོན། དགུང་ལོ་ཞེ་གཅིག་པར་ཚོགས་ཆེན་ཞལ་ངོར་བཞུགས། དགུང་ལོ་ཞེ་བདུན་པར་དུས་འཁོར་གྱི་ཁྲི་ལ་ཕེབས་ཏེ་ལོ་གསུམ་གྱི་རིང་ དུ་དཔལ་དུས་ཀྱི་འཁོར་ལོའི་འཆད་ཉན་བསྐྱངས། དགུང་ལོ་ང་བཞི་ [1351] དགུང་ལོ་ང་དྲུག་པར་བླ་ བྲང་རྒྱུད་ཁྲིར་ལོ་གཉིས་བཞུགས། དགུང་ལོ་ང་བརྒྱད་པ་རབ་བྱུང་ བཅུ་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཉིས་གྱི་རིང་དུ་གདན་ས་ བསྐྱངས་ཤིང་ལུགས་གཉིས་ཀྱི་མཛད་སྒོ་གང་ཡོད་གོང་འཕེལ་དུ་འགྲོ་ བར་མཛད། གདུང་མདུན་སྤྱན་འདྲེན་ཁྲུས་གསོལ་གྱི་རྒྱུན་བཙུགས་ ཁྲི་ཟུར་ནས་ཀུན་མཁྱེན་བླ་མ་ལ་སྐུ་གསུང་ཐུགས་རྟེན་དང། ན་ བཟའ་ཉེར་སྤྱད། དུང་དཀར་ཆ་གཅིག་བྱི་རུ་ཉིས་བརྒྱ། དངུལ་ སྲང་བརྒྱ། དོང་ཙེ་ཁྲོན་བརྒྱ། རས་བརྒྱ། གོས་ཕྲུག་བདུན་སོགས་ ཀྱི་དངོས་འབུལ་མཛད། འདུ་ཁང་ཆེན་མོར་བཟང་གོས་ཀྱི་གནམ་ ཡོལ་དང། ངོ་མཚར་ལྷ་ཁང་དུ་ཐུབ་སྐུ་སྦྱོར་འཇགས་གནང་ དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་དགོན་པའི་གདན་རབས་སོ་དགུ་པ་ཡིན་ནོ། ། གཙོས་བློ་བཟང་རྒྱལ་མཚན་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁྲོམ་ཐོག་ཏུ་དྲུང་འཁོར་དཀོན་མཆོག་རིན་པོ་ཆེའི་རྒྱུད་ དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཁྲི་རྒྱལ་མཚན་ སེང་གེའི་སྤྲུལ་སྐུར་ངོས་བཟུང་སྟེ་དགུང་ལོ་བདུན་པར་སྐུ་གོང་མའི་ གདན་སར་བཀོད། རྔ་བ་ཆོས་སྐྱོང་རྒྱ་མཚོ་ལས་གཙུག་ཕུད་བཞེས་ ལྷ་མོ་ཉིན་གྱི་དཔོན་སློབ་མཁས་གྲུབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་ [1352] བརྗོད་ཀྱི་ལུང་གསན། བསྡུས་སྦྱོར་ནས་བཟུང་སྟེ་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། གསེར་ སྲང་ཁྲི་ཕྲག་བརྒལ་བས་འདུ་ཁང་བཞེངས། དགུང་ལོ་ཉེར་གསུམ་ པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་ཐུགས་རྫོགས་ བཞེས་ཤིང་བཀའ་ཆོས་མང་དུ་གསན། དེ་ནས་དབུས་སུ་ཕེབས་ཏེ་ མཁན་པོ་སྐལ་བཟང་དོན་གྲུབ་དང། ཡོངས་འཛིན་ཡེ་ཤེས་རྒྱལ་ མཚན། ཀློང་རྡོལ་བླ་མ་སོགས་ལ་བསྟེན་ཏེ་གཞུང་ལུགས་རབ་ འབྱམས་ལ་ཞིབ་དཔྱོད་གནང། ཉིན་རེར་ཤོག་བུ་བཅུ་གསུམ་རེ་ཆག་ མེད་དུ་ཐུགས་འཛིན་གནང། ཕར་ཕྱིན་དམ་བཅའ་གནང་ཞིང་རྒྱལ་ བ་རིན་པོ་ཆེས་ཨེར་ཏེ་ནི་པཎྜི་ཏ་ཞེས་པའི་གཟེངས་བསྟོད་གནང་ནས་ མདོ་སྨད་དུ་ཕེབས། རི་བོ་རྩེ་ལྔ་སོགས་སུ་གནས་མཇལ་བྱོན། ཆུ་ མིག་དཀར་མོའི་དགོན་པ་གསར་འདེབས་མཛད། རྒྱལ་མོ་རོང་དང་ རྔ་བ། ར་མོ། མཛོད་དགེ་སོགས་ལ་བྱོན་ནས་འདུས་པའི་ཚོགས་ལ་ མི་ཏྲ་བརྒྱ་རྩའི་དབང་བསྐུར་ཚར་གསུམ་བཅས་ཆོས་སྦྱིན་གནང། དེ་གནང། དེ་ ནས་སླར་དབུས་སུ་ཕེབས་ཏེ་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང། དགེ་ རྒན་འགྱུར་མེད་སྐྱེས་མཆོག་ངག་དབང་རྒྱ་མཚོ་སོགས་ལས་བཀའ་ ཆོས་མང་དུ་གསན། ཕྱིར་མདོ་སྨད་དུ་ཕེབས་ཏེ་ནང་སོ་སུ་ལ་བླ་མས་ སྤྱན་དྲངས་པ་ལྟར་དགོན་ཆེན་དུ་བྱོན་ནས་འདུ་ཁང་གསར་གྲུབ་ལ་ རབ་གནས་རྒྱས་པ་མཛད། རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ ལོ་་ལོར་རོང་བོ་ཐོས་བསམ་གླིང་གི་ཁྲི་ལ་བཞུགས་ནས་ལོ་ [1353] གསར་བཞེངས་གྲུབ། ཁྲི་ཟུར་ནས་གདན་ས་གཙོས་དགོན་དགའ་ ལྡན་ཆོས་གླིང་ཡར་ལྡན་དུ་བསྐྱངས་སོ། ཁོང་ནི་རོང་བོ་ཐོས་བསམ་ རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་ཉེར་བདུན་པ་ཡིན་ནོ་ ཁོང་གི་གསུང་རྩོམ་ནི་པོ་ཏི་བརྒྱད་ལྷག་ཙམ་བཞུགས་པར་དཔར་ཤིང་ ཡང་ཡོད་དོ། ། བཙན་ཁ་བོ་ཆེ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་གྲྭ་པ་ མངོན་ཤེས་ཅན་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ ལ་གཏུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ ནན་ཏན་དུ་མཛད་ཅིང་མཁས་པ་ཆེན་པོར་གྱུར། དགུང་ལོ་ལྔ་བཅུ་ རྩ་ལྔ་པ་རབ་བྱུང་དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྔོག་ བློ་ལྡན་ཤེས་རབ་དང། རྭ་ལོ་རྡོ་རྗེ་གྲགས་པ། ཁྱུང་པོ་ཆོས་ཀྱི་ བརྩོན་འགྲུས་སོགས་དང་འགྲོགས་ནས་ཁ་ཆེར་ཕེབས་ཏེ་སཛྫ་ན་ལ་ སོགས་པའི་པཎ་གྲུབ་རྣམས་ཀྱི་མདུན་དུ་བྱམས་ཆོས་རྣམས་ཞུས་ གཟུ་དགའ་བའི་རྡོ་རྗེས་ཁོང་ཉིད་ཀྱི་ལོ་ཙཱ་བ་མཛད་ནས་བྱམས་ཆོས་ཀྱི་ མན་ངག་ཐམས་ཅད་ཐུགས་སུ་ཆུད་པར་གྱུར། རབ་བྱུང་གཉིས་པའི་ ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བོད་ཡུལ་དུ་ལོག་སྟེ་ཡར་སྟོད་ཀྱི་ བྲག་རྒྱ་ལ་གཞི་བཙུགས་ནས་བྱམས་ཆོས་ཀྱི་འཆད་ཉན་སྤེལ་བས་ བྱམས་ཆོས་བཙན་ལུགས་ཟེར་བའི་བཤད་རྒྱུན་དེ་བྱུང་ངོ། མདོར་ན་ [1354] བླ་ན་མེད་པ་ཞིག་བཞག་ཡོད་པ་རེད་ བཙན་གྲོ་བ་ཚུལ་ཁྲིམས་མགོན་པོ།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ཀ་བར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་བྱ་ཡུལ་དགོན་དུ་ཕེབས་ཤིང་ སངས་རྒྱས་ཇོ་བོ་དབང་ཕྱུག་གཞོན་ནུ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ ཚུལ་ཁྲིམས་མགོན་པོ་ཞེས་གསོ། དེ་ནས་སངས་རྒྱས་སྟོན་པ་ཚུལ་ ཁྲིམས་སེང་གེ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་བསྟན་པའི་བདག་པོར་གྱུར། རབ་བྱུང་དྲུག་པའི་ལྕགས་ མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཡུལ་གྱི་གདན་སར་ཕེབས་ཏེ་ལོ་ངོ་ ཉི་ཤུ་རྩ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་ བུ་མང་དུ་གསོ་སྐྱོང་མཛད་ཅིང་བྱ་ཡུལ་དགོན་གྱི་མངའ་ཐང་ཤིན་ཏུ་ དར་བར་མཛད། བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་བརྒྱས་པ་མཛད་ ནས་དགུང་ལོ་བདུན་ཅུ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་བཅུ་གཉིས་པ་ཡིན་ ནོ། ། བཙན་པོ་དོན་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ བོད་ལྗོངས་དགའ་བ་གདོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་ [1355] ཁོང་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གུང་རུ་སངས་རྒྱས་བཀྲ་ ཤིས་དགེ་རྒན་དུ་བསྟེན་ནས་མཚན་ཉིད་ཀྱི་གཞུང་ཆེན་མོ་རྣམས་ལ་ ལེགས་པར་སྦྱངས། དྭགས་པོ་གྲྭ་ཚང་དུ་ཞུགས་ནས་གཞུང་བཀའ་ པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་མདོ་སྨད་དུ་ཕེབས་ ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་ དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་གང་ལེགས་གནང། ལོ་ དེར་ཁལ་ཁ་ཨེར་ཏི་ནི་ཧུང་ཐའི་ཇི་སྦྱིན་བདག་དང། ཁྲི་ཟུར་ཆུ་ བཟང་རྣམ་རྒྱལ་དཔལ་འབྱོར་གྱིས་ཞལ་བཀོད་མཛད་དེ། གསེར་ སྡོང་ཆེན་མོའི་བྱང་ཆུབ་མཆོད་རྟེན་ལ་དངུལ་དཀར་ལྷད་མེད་ཀྱི་ གཞིར་བྱས་སྟེང་དུ་གསེར་ཚོས་ཀྱི་ཚིགས་རྒྱན་དང་རིན་པོ་ཆེ་སྣ་ཚོགས་ ཀྱིས་ཕྲ་རྒྱན་མཛེས་པར་སྤྲས་པའི་ཆོ་འཕྲུལ་མཆོད་རྟེན་གྱི་རྣམ་པར་ བཞེངས་ཤིང། རྟེན་གཙུག་ལག་ཁང་ལོགས་རིས་བཅས་པ་གསར་ བསྐྲུན་དང་རབ་གནས་རྒྱས་པར་མཛད་ལོ་དྲུག་གི་རིང་དུ་གདན་ས་ བསྐྱངས་ཏེ་དགོན་པའི་མངའ་ཐང་དང་འཆད་ཉན་བཅས་ཤིན་ཏུ་དར་ བར་མཛད། ཁྲི་ཟུར་ནས་སེམས་ཉིད་དགོན་པའི་བླ་མ་མཛད་སྐབས་ ཐུགས་ཤིན་ཏུ་གཏུམ་པ་དང་ཞལ་བཙན་པོ་ཡིན་པས་ཀུན་གྱིས་ཁོང་ལ་ བླ་མ་བཙན་པོ་པ་ཞེས་ཞུ། རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་དགོན་ལུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། རབ་བྱུང་བཅུ་གཅིག་ [1356] ལྡན་དམ་ཆོས་གླིང་གསར་འདེབས་མཛད་ཅིང་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ བདུན་པ་དང། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་ རབས་བཅུ་པ་བཅས་ཡིན་ནོ། ། བཙན་ཕྱུག་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ མངའ་རིས་གུ་གེར་ཡབ་མངའ་བདག་ནཱ་ག་དེ་ཝའི་སྲས་སུ་སྐུ་འཁྲུངས་ ཁོང་སྐུ་ན་སོན་རྗེས་ཡ་རྩེའི་མངའ་བདག་མཛད་ཅིང་ཆབ་སྲིད་ བསྐྱངས་བ་ནས་བཟུང་ཡ་རྩེའི་རྒྱལ་རབས་བྱུང་བ་ཡིན། བཙུན་མོ་ ཞིག་ཁབ་ཏུ་བཞེས་པ་ལ་རིགས་སྲས་བཀྲ་ཤིས་ལྡེ་སྐུ་འཁྲུངས་ཤིང་ མངའ་བདག་བཙན་ཕྱུག་ལྡེ་ནས་བརྩིས་པའི་གདུང་རབས་དགུ་ཡིས་ཡ་ རྩེའི་མངའ་བདག་མཛད་ཅིང་བར་བཏབ་སྨལ་གྱི་མཚམས་ནས་ཡ་རྩེའི་ རྒྱལ་པོའི་གདུང་རྒྱུད་རྫོགས་པ་ཡིན་ནོ། ། བཙུན་པ་བྱང་ཆུབ་འོད།། ཁོང་ནི་ལྷ་བླ་མ་བྱང་ཆུབ་འོད་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་བཞུའོ། ། བཙུན་པ་བློ་བཟང་སྙན་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་གས་ཡི་གེའི་སྦྱོར་ཀློག་དང་ འདོན་ཆོས་ཆོ་ག་བཅས་ལ་བྱང་བར་མཛད། དགེ་བསྙེན་ནས་བཟུང་ [1357] དེ་ནས་རྭ་སྒྲེང་རྡོ་རྗེ་འཆང་ དང་རྗེ་ཡེ་ཤེས་བསྟན་འཛིན་རྣམ་གཉིས་རང་གི་རྩ་བའི་བླ་མར་བསྟེན་ ནས་ཐ་སྙད་རིག་གནས་དང། གཞུང་ཆེན་བཀའ་པོད་ལྔ། གསང་ ཆེན་རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་མཐིལ་ཕྱིན་པར་མཛད། རྣམ་ ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས། ཁོང་གི་གསུང་ རྩོམ་ནི། རྣམས་གསལ་བར་བཀོད་པའི་ལམ་རིམ་རབ་གསལ་མེ་ལོང། འབྲས་རྣམ་པར་འབྱེད་ཅིང་གསལ་བར་བཤད་པའི་ལས་འབྲས་གསལ་ བའི་མེ་ལོང། ། བཙུན་པ་བློ་བཟང་རབ་བརྟན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཙོང་ཁ་དགེ་ཐང་ཡུལ་དུ་ཡབ་དབྲ་དབང་རྒྱལ་ དང། ཡུམ་རྟ་མགྲིན་མཚོའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གི་བྱིས་པའི་མཚན་ལ་དོན་གྲུབ་ཚེ་རིང་ཞེས་ཞུ། དགུང་ལོ་ཆུང་དུས་ ཕྱུགས་རྫི་མཛད། དགུང་ལོ་བཅུ་གསུམ་པར་ཅོ་ནེ་དགོན་དུ་ཞུགས་ ཤིང་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་བློ་ བཟང་རབ་བརྟན་ཞེས་བཏགས། དགུང་ལོ་བཅུ་དགུ་པར་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་གཞུང་ ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་བདུན་པར་ [1358] ཆོས་གང་མང་གསན། དགུང་ལོ་ཉེར་དྲུག་པར་འབྲས་སྤུངས་ནས་གླིང་ བསྲེའི་དགེ་བཤེས་ཀྱི་མཚན་བཏགས་བཞེས། རྒྱལ་བ་ཚངས་དབྱངས་ རྒྱ་མཚོ་ལས་ལམ་རིམ་དང། རྗེ་ཙོང་ཁ་པའི་གསུང་ཐོར་བུ་སོགས་ཀྱི་ ཁྲིད་ལུང་ཞུས། དགུང་ལོ་ཉེར་བརྒྱད་པར་རང་ཡུལ་དུ་ཕྱིར་ཕེབས་ དགུང་ལོ་བཞི་བཅུ་ཐམ་པར་སྐུ་འབུམ་ནས་རྒྱལ་བ་བསྐལ་བཟང་རྒྱ་ མཚོའི་གསེར་ཞལ་མཇལ། ཁོང་གིས་ཁྱ་དགེ་སློབ་དཔོན་དང། ཀུན་ མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སོགས་བླ་མ་ མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་དཔྱིས་ཕྱིན་པར་མཛད། སྟག་ཚང་རི་ཁྲོད་བཀྲ་ཤིས་ཆོས་གླིང་ གསར་འདེབས་མཛད་ཅིང་སྐུ་ཚེ་གང་བོ་བྱ་བྲལ་གྱི་སྤྱོད་པ་ལ་བཞུགས་ དགུང་ལོ་དྲུག་ཅུ་རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ་ ཁོང་གི་གསུང་རྩོམ་ནི། མ། ལྔ་ལོངས་པའི་པོད་གཅིག་བཞུགས་སོ། ། རྩ་བ་ངག་དབང་དགེ་ལེགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པའི་ ཆོས་སྒོར་ཞུགས་ཏེ་སྐུ་ཡོན་ཤིན་ཏུ་རྒྱས་ཤིང་གླིང་བསྲེའི་མཚན་ [1359] རབ་བྱུང་བཅུ་གསུམ་པའི་བགྲང་བྱ་བཞི་བཅུ་ཞེ་ལྔ་ པ་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་ སའི་མཁན་ཁྲི་ལ་བཞུགས་ནས་འཆད་ཉན་གྱི་རྟིང་སྐུལ་གང་དྲག་ གནང་བ་དང་ཆོས་རའི་བྱང་ངོས་སུ་གྱན་ཐང་ཆེ་ཚད་ལྔ་སོགས་གསར་ བཞེངས་མཛད། ཁོང་གི་གསུང་རྩོམ་ནི་རབ་བྱུང་བཅུ་གསུམ་པའི་ བགྲང་བྱ་བཞི་བཅུ་ཞེ་གསུམ་པ་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ བརྩམས་པའི། མཐོང་བ་དོན་ལྡན། ནང་དུ་མཁན་རབས་དང་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་མཁན་ རབས་བཞི་བཅུ་ཞེ་གསུམ་པ་ཀུན་མཁྱེན་འཇིགས་མེད་དབང་པོ་བར་ གྱི་མཁན་ཆེན་སོ་སོའི་རྣམ་ཐར་མདོར་བསྡུས་རེ་འཁོད་འདུག་ཁོང་ནི་ བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་བཞི་པ་ཡིན་ ནོ། ། རྩ་བ་ངག་དབང་ནོར་བུ།། ཁོང་ནི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རོང་བོའི་རྩ་བ་ཡིན། ཁོང་གཞོན་ནུ་ནས་བྱ་ཁྱུང་དགོན་པའི་ཆོས་ སྒོར་ཞུགས་ཤིང་རིགས་པའི་འཕྲུལ་ལ་མཁྱེན་རབ་ཀྱི་འཇུག་པ་ཤིན་ཏུ་ རྣོ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ནས་སེ་ར་བྱེས་པ་གྲྭ་ ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔའི་རྩ་བ་དང་གསེར་ ཕྲེང་བཅས་པ་ཐུགས་ལ་བཟུང། དགུང་ལོ་ཉེར་ལྔ་པར་གླིང་བསྲེའི་ དམ་བཅའ་དང། ཉེར་བརྒྱད་པར་གདན་ས་གསུམ་གྱི་དབུས་སུ་ལྷ་ [1360] དེ་ནས་སྨད་རྒྱུད་དུ་ཞུགས་ནས་སྔགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་ མཐར་རྒྱུད་པའི་དམ་བཅའ་ཆེན་མོ་བཞག་དེ་ནས་རང་དགོན་བྱ་ཁྱུང་ དུ་ཕེབས་ཤིང་ཆོས་སྡེ་རང་གི་དགེ་རྒན་གྱི་ཁུར་བཞེས་ཏེ་ཆོས་སྲིད་ གཉིས་ཀྱིས་ཞབས་འདེགས་ཟོལ་མེད་དུ་ཞུས། རབ་བྱུང་བཅུ་གཉིས་ པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ ཁྲི་ལ་བཞུགས་ནས་སྐུ་བསོད་ཤིན་ཏུ་ཆེ་བ་བྱུང་བས་འཆད་ཉན་འཕེལ་ ཁྱད་པར་དུ་སྔོན་ཆད་དབུ་ཕར་གཉིས་ལས་འདུལ་མཛོད་ལ་བརྩི་ བཞག་གཏོང་ཙམ་ལས་རྩོད་པ་ཆེར་མ་ཚུགས་པ་ལ་ཁོང་གིས་དཀའ་ ཆེན་བཞིའི་རྩོད་པ་ཚང་བར་བཙུགས། རབ་བྱུང་བཅུ་གཉིས་པའི་ ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྨོན་ལམ་གསར་འཛུགས་གནང་ ཞིང་སེར་བྱེས་ལྟར་གླིང་བསྲེའི་མིང་བཏགས་ཀྱི་སྲོལ་བཙུགས། མགོན་ ཁང་དང་བྱམས་ཁང་རྟེན་དང་བཅས་པ་ཞིག་གསོས་མཛད་ཅིང་ འཇིགས་བྱེད་ལྷ་བཅུ་གསུམ་མའི་བློས་བསླང་གསར་བཞེངས་མཛད་ ཁྲི་ཟུར་ནས་བདེ་ཡངས་སུ་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་ དང་གཟིམ་ཁང་གསར་བ་བརྩིགས་ནས་དེར་སྒྲུབ་པ་ཉམས་ལེན་མཛད་ ནས་བཞུགས་པས་མཚན་ལ་ཡང་བདེ་ཡངས་ཚང་དུ་གྲགས། དེ་ནས་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བདུན་ཅུའི་ནང་ དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་ གདན་སའི་མཁན་རབས་སུམ་ཅུ་སོ་གཅིག་པ་ཡིན་ནོ།། རྩ་བ་བློ་བཟང་རྒྱལ་མཚན།། [1361] ་ལོར་རྩ་བའི་ཨ་སྡེར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བློ་བཟང་ ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང་ཞིང་བྱ་ཁྱུང་དགོན་པའི་ཆོས་ སྒོར་ཞུགས་ནས་ཟུར་བཀོལ་ཡན་ཆད་ལེགས་པར་སྦྱངས། དགུང་ལོ་ བཅུ་གསུམ་པར་དབུས་སུ་ཕེབས་ནས་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ ཅིང་ལྷ་རམས་པའི་མཚན་བཏགས་བཞེས། སྨད་རྒྱུད་གྲྭ་ཚང་དུ་ ཞུགས་ནས་གསང་སྔགས་ཀྱི་གཞུང་ལ་གསན་བསམ་ལེགས་པར་མཛད་ རྒྱལ་བ་ཡབ་སྲས་དང། ཁྲི་ངག་དབང་མཆོག་ལྡན། བླ་མ་བྱམས་པ་ སོགས་ལ་བསྟེན་ནས་བཀའ་ཆོས་མང་དུ་གསན། དེ་ནས་རང་དགོན་ དུ་ཕེབས་ཤིང་རྒྱུད་པ་གསར་འཛུགས་ཀྱི་རྡོ་རྗེ་སློབ་དཔོན་ལོ་བཅུ་ གཉིས་མཛད། འཆད་ཉན་དང་སྒྲུབ་མཆོད་སོགས་ཀྱི་སྲོལ་བཏོད་ དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་སྦྲུལ་ ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ཁྲི་ལ་བཞུགས་ནས་ལོ་བཅུ་ གསུམ་གྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་ལམ་རིམ་དང་ སྐྱེས་རབས། སྤྱོད་འཇུག་སོགས་ཀྱི་བཤད་པ་དང། བདེ་གསང་འཇིགས་གསུམ་གྱི་དབང། མགོན་བཀའི་རྗེས་གནང་སོགས་ཆོས་ བཀའ་ཅི་རིགས་དང། རྩོད་གྲྭ་ལ་རྟིང་བསྐུལ་ཤིན་ཏུ་སྨར། བླ་བྲང་ སེང་ཁྲི་ཁང་དང། གནས་བཅུའི་ལྷ་ཁང་ཞིག་གསོས། ཙོང་ཁ་ བརྒྱད་ཅུ། རིགས་ལྡན་ཉེར་ལྔ་སོགས་ཀྱི་ཞལ་ཐང་གྲངས་མང་ [1362] པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཆོས་སྡེ་རྒྱབ་རྟེན་གྱི་དོན་ དུ་བཀའ་ཤོག་ཞུས་པ་སོགས་ཐུགས་ཀྱི་བཞེད་དོན་ཡོད་དགུ་གྲུབ་པར་ མཛད། དགུང་ལོ་བརྒྱད་ཅུ་གྱ་དྲུག་པར་སྐུ་མྱ་ངན་ལས་འདས་ ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སུམ་ཅུ་སོ་བརྒྱད་ པ་ཡིན་ནོ།། རྩ་མི་སངས་རྒྱས་གྲགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ མདོ་ཁམས་མི་ཉག་གི་ཡུལ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན་ ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། བསྟན་ པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་ སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ ཐོས་བསམ་མཛད། དེ་ནས་ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་དུ་ ཕེབས་ཏེ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུ་སྟ་སོགས་ལ་བསྟེན་ནས་མདོ་སྔགས་ གཉིས་ཀར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། ལེགས་སྦྱར་གྱི་སྐད་ ལ་ཡང་བྱང་ཞིང་ཆུབ་པར་བསླབས་ཏེ་བསྟན་བཅོས་དུ་མ་བསྒྱུར་བ་ མཛད། རབ་བྱུང་གཉིས་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོའི་ཡན་ མན་དུ་སྟེང་བ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་གར་དུ་ཕེབས་ནས་ རྩ་མི་སངས་རྒྱས་གྲགས་པ་ཁོང་ལ་བསྟན་ཏེ་ལོ་བཅུ་ཡི་རིང་དུ་སློབ་ གཉེར་མཛད། རྒྱ་གར་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་ཅིང་ མཐར་རྒྱ་གར་དུ་སྐུ་གཤེགས་པར་གྲགས་སོ། ཁོང་གི་བསྒྱུར་རྩོམ་ནི་ [1363] བ་དྲི་མ་མེད་པའི་འོད། ནག་པོ་ཆེན་པོའི་སྒྲུབ་ཐབས། ཐེག་པའི་ལྟུང་བའི་སྙེ་མ། ཀྱི་ཆོ་ག།། རྩངས་དེ་བེནྡྲ་རཀྵི་ཏ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ ལས་ ཀ་བརྒྱ་ལྔ་བཅུ་བ་དང། བའི་མདོ་ཤོ་ལོ་ཀ་བརྒྱ་རྩ་ལྔ་བ། རྒྱན། བྱུང་བ། པ་ཐམས་ཅད་ཀྱི་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་གཟུངས། བུ་བརྒྱ། པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུ་བྱས་པ། སུམ་བརྒྱ་བ། དྲུག་གི་ཚིག་ལེའུ་བྱས་པ།། [1364] རྩངས་བློན་ཁྱེའུ་ཆུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། རྩེ་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ མངའ་རིས་གུ་གེར་མངའ་བདག་འོད་ལྡེའི་སྲས་སུ་སྐུ་འཁྲུངས། ཁོང་ སྐུ་ན་སོན་རྗེས་མངའ་རིས་གུ་གེའི་ཆབ་སྲིད་བསྐྱངས་ཏེ་བཙུན་མོ་ཞིག་ ཁབ་ཏུ་བཞེས་པ་ལ་རིགས་སྲས་འབར་ལྡེ་དང། བཀྲ་ཤིས་ལྡེ། ལྷ་ ལྡེ། ནཱ་ག་དེ་ཝ་རྣམས་རིམ་པར་སྐུ་འཁྲུངས། ཁོང་གིས་རྒྱ་གར་ནས་ པཎྜྀ་ཏ་ཞི་བ་བཟང་པོ་དང། མཁས་པ་ཛྙན་ཤྲཱི། འཆི་བ་མེད་པ་ར་ ཧེ་ཏ། པཎྜྀ་ཏ་ག་ཡ་དྷ་ར། བཙུན་མོ་ཅན། པཎྜྀ་ཏ་པུནྱ་ཤྲཱི་ སུརྱ་སི་ཏི།པཎྜྀ་ཏ་སུ་མ་ ཏི་ཀིརྟི། པཎྜི་ཏ་གཞོན་ནུ་བུམ་པ་ གསེར་གྱི་གོ་ཆ། བལ་པོ་བྷ་ལེནྡྲ་རྣམས་གདན་དྲངས་ཤིང། རབ་ བྱུང་དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་དབུས་གཙང་ ཁམས་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ་ཆོས་ཀྱི་ འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་བླ་ན་མེད་པ་ [1365] ལོ་པཎ་མང་པོས་མདོ་སྔགས་གཉིས་ཀའི་རིགས་ལམ་རྒྱ་ ཆེར་སྤེལ་བས་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་ ཁག་མང་པོ་ཐོན་པའི་འགོ་ཚུགས་པ་དང། བོད་ཀྱི་རིག་གནས་ཆེས་ ཆེར་འཕེལ་བའི་བྱ་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་ཡིན། ཁོང་ ནི་མངའ་རིས་གུ་གེའི་རྒྱལ་རབས་བཞི་པ་ཡིན་ནོ།། རྩེ་དབུས་གྲགས་པ་བཟང་པོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཀླུ་ཆུའི་བྱང་རྒྱུད་ལྡོང་གི་རུས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཁུ་བོ་ས་རིས་པ་བསོད་ ནམས་རྒྱལ་མཚན་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་ བྱང་བར་སྦྱངས། དགུང་ལོ་བཅུ་གཅིག་པར་དཔོན་སློབ་གྲགས་པ་ བཤད་སྒྲུབ་ལས་རབ་ཏུ་བྱུང། དེ་ནས་ཅོ་ནེ་དགོན་ཆེན་དུ་ཕེབས་ཏེ་ བསྡུས་གཞུང་དང་ཚད་མ་རྣམ་འགྲེལ་སོགས་ལ་ལེགས་པར་སྦྱངས་ དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ནས་སེར་སྨད་དུ་ཞུགས་ཤིང་ གཞུང་བཀའ་པོད་ལྔ་ལ་ལོ་ཉི་ཤུ་ལྷག་གི་རིང་དུ་སྦྱངས་པ་མཛད་པས་ གླིང་བསྲེའི་དཀའ་བཅུ་དང་ལྷ་རམས་པའི་མཚན་བཏགས་བཞེས་ཤིང་ མཁས་པའི་ཁྱུ་མཆོག་ཏུ་གྱུར། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་ པཎ་ཆེན་རིན་པོ་ཆེ། ཁྲི་ནམ་མཁའ་བཟང། བླ་མ་བྱམས་པ་སོགས་ ལས་བཀའ་ཆོས་མང་དུ་གསན། དེ་ནས་རང་ཡུལ་དུ་ཕེབས་ཏེ་རྩེ་ དབུས་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་གསར་འདེབས་མཛད་ [1366] ཁྱ་དགེ་སྒོམ་ཆེན་བློ་བཟང་བཀྲ་ཤིས་ལས་ བཀའ་འགྱུར་གྱི་ལུང་ཞུས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་རྩེ་དབུས་སྐུ་ཕྲེང་དང་པོ་ཡིན་ནོ།། རྩེ་དབུས་འཇམ་དབྱངས་བཤེས་གཉེན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེ་རུ་སྟོད་མར་ཡབ་དྲན་པ་ཚེ་རིང་རྡོ་རྗེ་དང་ ཡུམ་སངས་རྒྱས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་བདུན་པར་སྐུ་གོང་མ་རྩེ་དབུས་གྲགས་པ་བཟང་པོའི་སྤྲུལ་སྐུར་ངོས་ འཛིན་གནང་ཞིང་རྩེ་དབུས་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་གི་ གདན་སར་བཀོད་ཅིང་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་ བསྒྲུབས། དགུང་ལོ་བཅོ་ལྔ་པར་རི་ཁྲོད་སྔ་མའི་གནས་སྤོས། དགུང་ ལོ་བཅུ་དགུ་པར་ཀུན་མཁྱེན་འཇིགས་དབང་ལས་བསྙེན་པར་རྫོགས་ ཤིང་མི་ཏྲའི་དབང་བཀའ་ཡོངས་རྫོགས་གསན། དགུང་ལོ་ཉེར་དྲུག་ པར་དབུས་གཙང་དུ་ཕེབས་ཏེ་གནས་མཇལ་མཆོད་འབུལ་མཛད། ཨུ་ སུ་དགོན་སོགས་རོང་སྨད་ཕྱོགས་དང་དགའ་ཚལ་རི་ཁྲོད་སོགས་ཆས་ པའི་གཤིས་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་བསྐྱངས། ཡིག་དྲུག་གི་སྒྲུབ་ རྒྱུན་དུ་མ་བཙུགས་ཤིང་རྒྱུན་ལྡན་དུ་ཆགས་པར་མཛད། གཞི་བྱེས་ ཀུན་ཏུ་དབང་ལུང་མན་ངག་གི་ཆོས་རྒྱུན་མང་དུ་སྤེལ་བཞིན་དགུང་ལོ་ ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་ [1367] ཁོང་ནི་རྩེ་ དབུས་སྐུ་ཕྲེང་གཉིས་པ་ཡིན་ནོ།། རྩེ་འབྲོམ་བློན་སྒ་འགུ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲངས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། རྩེས་ཐང་ཚེ་བརྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་རྩེས་ཐང་སྲང་དཀྱིལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་ དུས་ནས་རྩེས་ཐང་དུ་རབ་བྱུང་བསྒྲུབས། ཡུམ་ཆེན་གྱིས་དགའ་ལྡན་ གྱི་གསེར་ཁྲི་ཐོབ་པ་ཞིག་བྱེད་དགོས་ཞེས་གསུངས་པ་ལྟར་སྐྱིད་ཤོད་དུ་ སློབ་གཉེར་ལ་མངགས་བཅོལ་མཛད། དེ་ནས་མདོ་སྔགས་རིག་གནས་ དང་བཅས་པར་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ རྒྱུད་སྟོད་དང་ཤར། ཕག་མོ་ཆོས་སྡེ་རིན་ཆེན་གླིང་སོགས་ཀྱི་ཞལ་ འཛིན་མཛད། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་པའི་ས་ཕོ་འབྲུག་ [1368] བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ བསྐོར། སྐབས་འགར་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས་ ཤིང་སྲོལ་བཏོད། དགའ་ལྡན་འདུ་ཁང་ཆེན་མོའི་ལྡེབ་བྲིས་དང་སྤེན་ བད་སོགས་ཚགས་སུ་ཚུད། དགུང་ལོ་ལྔ་བཅུ་ང་དྲུག་པར་རྡོ་ཁང་དུ་ ཟུར་བཞུགས་མཛད། དགུང་ལོ་ལྔ་བཅུ་ང་བདུན་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་གསེར་ཟངས་ ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བློས་བསླངས་ཁང་དུ་བཞུགས་སོ་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ཉི་ཤུ་རྩ་གསུམ་པ་ ཡིན་ནོ།། རྩེས་ཐང་གཞོན་ནུ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ རྩེས་ཐང་དགོན་པའི་ཆོས་གྲྭར་ཞུགས་ནས་རབ་བྱུང་དང། དགེ་ ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་ གཉིས་ཀའི་ཆོས་གཞུང་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང། དེ་ ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ་ བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི་ བསྟོད་པ་བདུན་པ། འགྲེལ། [1369] པ་བརྗོད་པ། བཅས་བཞུགས་སོ།། བརྩོན་འགྲུས་གྲགས་པ།། ཁོང་ནི་ཞང་འགྲོ་བའི་མགོན་པོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ།། བརྩོན་འགྲུས་བཟང་པོ།། ཁོང་ནི་ཐང་སྟོང་རྒྱལ་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། [1370] ཚ་ཁོ་ངག་དབང་གྲགས་པ།། ཁོང་ནི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་རྒྱལ་མོ་ཚ་བ་རོང་ཡིན། ཁོང་དགུང་ལོ་གཞོན་ནུའི་སྐབས་སུ་དབུས་ གཙང་དུ་ཕེབས་ནས་རྗེ་བཙུན་ཙོང་ཁ་པ་ལ་སོགས་པའི་དགེ་བའི་ བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་གསུམ་དང་རྒྱུད་ སྡེ་བཞི་ལ་སྦྱངས་པས་མཁས་པའི་གོ་འཕང་དམ་པར་མངའ་བརྙེས། རྗེ་ ཙོང་ཁ་པ་ལས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ལམ་གྱི་གཙོ་བོ་ རྣམ་གསུམ་གྱི་ཁྲིད་གསན་ཏེ་མྱོང་བ་ཐོན་པར་མཛད། བླ་མེད་ཀྱི་ དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ལེགས་པར་གསན་ཏེ་ཐུགས་ ཉམས་སུ་བཞེས་པས་ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོ་ ཐུགས་རྒྱུད་ལ་འཁྲུངས། ཁོང་གིས་རྗེ་ཙོང་ཁ་པ་དཀའ་བཞིའི་གྲྭ་སྐོར་ མཛད་པའི་སྐབས་ནས་བཟུང་ཞབས་འབྲིང་པ་རྒྱུན་རིང་དུ་མཛད་དེ་ མཉེས་པ་གསུམ་གྱིས་མཉེས་པར་མཛད། རབ་བྱུང་བདུན་པའི་ལྕགས་ ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་མདོ་སྨད་དུ་ཕེབས་ཏེ་ཇ་ཕུ་སྟོད་དུ་ད་ ཚང་ལྷུན་གྲུབ་གླིང་དང། ཇ་ཕུའི་སྐེད་དུ་བ་མགོ་དགོན་པ། ཇ་ [1371] དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ ལོའི་དགོན་སོགས་དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་ཅིང་རི་ བོ་དགའ་ལྡན་པའི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བའི་ འཕྲིན་ལས་རྒྱས། རྗེ་ཙོང་ཁ་པས་ཁོང་ལ་ཁོ་བོས་སྨྲས་པའི་རྗེས་སུ་ ཞུགས་ཤིག་དང། ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན་ མཚུངས་པར་སྤྱད་དེ་ནམ་ཞིག་ཚངས་རྒྱ་ཚེ། བདུད་རྩིའི་བགོ་བཤའ་ ཐོག་མར་སྦྱིན་པར་བྱ་ཞེས་གསུངས་སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ ཀྱི་བླ་རབས་སུམ་ཅུ་སོ་ལྔ་པ་ཡིན་ནོ། ། ཚ་རྡོར་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་ཅོ་ནེ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཚ་རྡོར་ངག་དབང་ཚུལ་ཁྲིམས།། ཁོང་ནི་ཅོ་ནེ་ངག་དབང་ཚུལ་ཁྲིམས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཚ་རྡོར་བློ་བཟང་མཁས་མཆོག་ ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་འཕན་ཡུལ་དུ་ཡབ་བསམ་གྲུབ་ཚེ་རིང་དང། ཡུམ་ཨ་ སོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ ལོ་སྟེ་སྤྱི་ལོ་་ལོརི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་སྐོར་ལོན་དུས་ཆོས་བྲོས་ལ་ཕེབས་ཏེ་ སེར་སྨད་ཐོས་བསམ་གླིང་གི་ནང་ཚན་ཅོ་ནེ་ཚ་རྡོར་ཁང་དུ་ཆོས་སྒོར་ [1372] དེ་ནས་ཚ་ རྡོར་ངག་དབང་ཚུལ་ཁྲིམས་ལ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་ འདོན་ཆོས། རྒྱན་འཇུག་སོགས་རྩ་གཞུང་ཆེན་མོ་རྣམས་ཀྱང་མི་རིང་ བར་བྱང་ཆུབ་པར་མཛད། སྤྱི་ཆོས་ཀྱི་སློབ་དཔོན་ངག་དབང་རབ་ བརྟན་དང། གྲགས་པ་འཕྲིན་ལས། སྲད་རྒྱུད་མཁན་ཆེན་བློ་བཟང་ རིན་ཆེན། སྦྱིན་པ་ཆོས་བཟང་སོགས་ལ་བསྟེན་ནས་བསྡུས་གཞུང་ དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད། ཚད་མ་རྣམ་ འགྲེལ་བཅས་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ཅིང་ལྷ་རམས་པའི་ མཚན་བཏགས་བཞེས། གཞན་ཡང་སྒེར་ཆོས་ཀྱི་སློབ་དཔོན་བཀའ་ གདམས་བསྟན་པའི་སྒྲོན་མེ་རྗེ་བཙུན་ངག་དབང་བྱམས་པ་དང་ རྒྱལ་མཁན་ཆེན་བསྐལ་བཟང་རབ་རྒྱས། སྐྱབས་མགོན་རྒྱལ་བའི་སྲས་ པོ། རྗེ་སྒྲུབ་ཁང་པ་འཇམ་དཔལ་དགེ་ལེགས་རྒྱ་མཚོ། ལྕགས་ར་ མཆོག་སྤྲུལ་རིན་པོ་ཆེ་རྣམས་ལ་བསྟེན་ནས་ཟབ་ཆོས་ཀྱི་དབང་ལུང་ ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ ཚང་དུ་ཞུགས་ཏེ་ཤར་ཆེན་བློ་བཟང་རྟེན་འབྲེལ་སོགས་ལ་བསྟེན་ནས་ གསང་སྔགས་རྒྱུད་སྡེ་བཞིའི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ ཆུབ་པར་མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང། རྒྱུད་པའི་ མཁན་ཁྲི། ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས། དགུང་ ལོ་ལྔ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ཀྱང་ཟླ་བ་འགའ་ལས་མ་ འགྱངས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་བྱང་ [1373] ཁོང་གི་མཚན་གཞན་ལ་ཤར་རྩེ་བློ་བཟང་ མཁས་མཆོག་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་དྲུག་ཅུ་རེ་གསུམ་པ་ཡིན་ནོ། ། ཚ་སྤྲུལ་ངག་དབང་བློ་བཟང།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་གཞི་རྩེ་བདེ་ལེགས་རབ་བརྟན་གྱི་ཁྱིམ་དུ་སྐུ་འཁྲུངས་ རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགའ་ལྡན་ཁྲི་པ་སེར་ སྨད་ཚ་བ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས་ པ་ལྟར་དགུང་ལོ་ལྔ་པར་སེ་རར་ཆོས་ཞུགས་མཛད་ཅིང་གཞུང་ཆེན་ བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་དགུང་ལོ་ཉེར་ གཅིག་པར་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྨད་ དུ་ཆོས་ཞུགས་མཛད་ཅིང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ཕུལ་ དུ་བྱུང་བ་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་ རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕེབས་པ་དང། རྒྱལ་བ་ཐུབ་བསྟན་རྒྱ་ མཚོས་བཀའ་མངགས་ལྟར་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་ སྤྱི་ལོ་་ལོར་རི་པིན་རྒྱལ་ཁབ་ཏུ་ཕེབས་ཏེ་ཨོ་ཏོ་ནི་ཤི་ཧོང་ཀན་ ཇིའི་དགོན་དུ་ལོ་གཅིག་ཙམ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ རབ་བྱུང་བཅོ་ལྔ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་དགེ་བཤེས་ ཤེས་རབ་རྒྱ་མཚོ་དང་མཉམ་དུ་བཀའ་འགྱུར་ཞུས་དག་མཛད། རབ་ བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བོད་ཡིག་སློབ་ [1374] རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྲིད་སྐྱོང་སྟག་བྲག་གིས་ཕ་བོང་ཁའི་མཁན་པོའི་གོ་ གནས་ཕྱིར་འཐེན་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་ སྤྱི་ལོ་་ལོར་བོད་ལྗོངས་རྩོམ་ཞིབ་ཨུ་ཡོན་ལྷ་ཁང་གི་ཨུ་ཡོན་ དང། སྤྱི་ལོ་་ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དང། ལྷ་ས་སློབ་ཆུང་གི་ཞའོ་ ཀྲང་གཞོན་པ་སོགས་ཀྱི་ཐུགས་འགན་བཞེས་སོ། དེ་ལྟར་དགུང་ལོ་ དོན་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་དུང་དཀར་བློ་བཟང་འཕྲིན་ལས་དང། ཚ་བ་ ཡེ་ཤེས་འཕྲིན་ལས། རྒྱལ་རོང་ཡོན་ཏན་རྒྱ་མཚོ། རྒྱལ་རོང་བྱམས་ པ་བརྩོན་འགྲུས། ཟུར་ཁང་དབང་ཆེན་དགེ་ལེགས། ཧོར་ཁང་ བསོད་ནམས་དཔལ་འབར། བྱང་ངོས་པ་རྡོ་རྗེ་དངོས་གྲུབ་བཅས་ མང་དུ་བྱོན། ཁོང་གི་གསུང་རྩོམ་ནི། བཤད་ལྗོན་པའི་དབང་པོའི་འགྲེལ་བ། འགྲེལ་བ། ངག་མེ་ལོང་གི་ལེའུ་དང་པོ་དང་ལེའུ་གཉིས་པའི་འགྲེལ་བ་དང་དཔེར་ བརྗོད། སྙན་ཚིག་གསར་རྩོམ་ པ། སོ། ། ཚ་ཕུག་སྐལ་བཟང་ནོར་བུ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ [1375] རབ་བྱུང་བཅུ་བཞི་པའི་ ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ལྡེ་ཚའི་མཁན་པོ་ ངག་དབང་འོད་ཟེར་གྱིས་བྱ་ཁྱུང་གི་སེང་ཁྲི་སྐྱོང་སྐབས་ཁོང་གིས་ དབོན་པོའི་འགན་ཁུར་བཞེས། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་ བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་ གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་ངོ་བཅུའི་རིང་དུ་ཆོས་སྲིད་ གཉིས་ཀྱིས་གདན་ས་བསྐྱངས། དགུང་ལོ་བདུན་ཅུ་དོན་བརྒྱད་པ་ མཁན་ཁྲི་སྐྱོང་མུར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་ བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དྲུག་ཅུ་རེ་དྲུག་པ་ཡིན་ ནོ། ། ཚ་རོང་དཔལ་ལྡན་རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཤབ་སྟོད་ཚ་རོང་མདོ་སྤེར་ཡབ་དཔལ་ལྡན་སྐྱིད་དང་ ཡུམ་ཆོས་སྐྱོང་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་དགུ་པར་ངག་དབང་གྲགས་པ་ལས་དགེ་ བསྙེན་གྱི་སྡོམ་པ་བཞེས། སློབ་དཔོན་ཤཱཀྱ་བཟང་པོ་ལས་ཡི་གེའི་སྦྱོར་ ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གཉིས་ པར་གངས་ཅན་ཆོས་འཕེལ་གྱི་གྲྭ་སར་ཞུགས་ནས་མཁན་ཆེན་བྱང་ ཆུབ་བློ་ལྡན་ལས་བསྡུས་གཞུང་སོགས་ལ་གསན་བསམ་མཛད། དགུང་ ལོ་བཅུ་དྲུག་པར་རབ་བྱུང་བསྒྲུབས་ཏེ་མཚན་ལ་དཔལ་ལྡན་རྒྱ་མཚོ་ ཞེས་གསོལ། དགུང་ལོ་བཅུ་དགུ་པར་གསོ་རིག་སློབ་པའི་མགོ་ [1376] གནང། དགུང་ལོ་ཉི་ཤུ་ཐམ་པར་སློབ་དཔོན་སྦུར་ཚོ་ཡོན་ཏན་རྒྱ་ མཚོའི་ཞ་ལས་པད་ལ་བསྟེན་ཏེ་གསོ་རིག་གཞུང་ལུགས་དང་ཉམས་མྱོང་ དམར་ཁྲིད་སྦྲགས་མ་མཛད་ནས་སློབ་གཉེར་གནང་བས་སྦྱངས་འབྲས་ ལེགས་པར་ཐོན། དགུང་ལོ་ཉེར་གཉིས་པར་སློབ་དཔོན་དང་མཉམ་ དུ་སྟོད་ཕྱོགས་སུ་ཕེབས་ཏེ་གོང་སྨན་དཀོན་མཆོག་འཕན་དར་དང་ མཇལ་ནས་གདམས་ངག་གནང་བ་ཞུ་ཞུས་པས་ཞལ་གྱིས་བཞེས་ཏེ་ལོ་ གསུམ་གྱི་རིང་དུ་སྦྱངས་པ་མཛད་པས་རྒྱུད་བཞི་ཐུགས་ནས་འཆད་ པའི་སྐུ་ཡོན་རྒྱས། དགུང་ལོ་ཉེར་དྲུག་པ་རབ་བྱུང་དགུ་པའི་ལྕགས་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྨན་ལུང་ཕྲེང་བ་ཅན་གྱི་དགོན་པ་ གསར་འདེབས་མཛད་ནས་གསོ་རིག་གི་འཆད་ཉན་བསྐྱངས། དགུང་ ལོ་སུམ་ཅུ་སོ་བརྒྱད་མན་ཆོད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ ཏུ་ཕངས་སོ། ཁོང་གི་མཚན་གཞན་ལ་མདོ་སྤེ་ཆོས་མཛད་ཅེས་ཞུའོ་ ཁོང་གི་གསུང་རྩོམ་ནི། མོའི་བཅོས་ཐབས། འབུམ་གསོ་བའི་ཡིག་ཆུང། མདོར་བསྡུས། ། ཚ་ལན་ཡེ་ཤེས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་དབུ་ རུར་ཡབ་མངའ་བདག་མགོན་སྤྱོད་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་ [1377] བསམ་ ཡས་གཙུག་ལག་ཁང་གི་ཞབས་ཏོག་ལེགས་པར་མཛད་ཅིང། ཁོང་གི་ མངའ་ཁོངས་ནས་མདོ་ཁམས་སུ་མི་བཅུ་ཙམ་མངགས་ཏེ་སྨད་འདུལ་ དར་བར་བདག་རྐྱེན་མཛད་པ་དང། ལེགས་སྦྱར་གྱི་སྐད་ལ་ཤིན་ཏུ་ བྱང་བས་ཁ་རག་སྨྱོས་ཀྱི་ལོ་ཙཱ་བ་ཡང་ཁོང་གི་སློབ་མ་ཡིན། ཚེ་ཏན་ ཞབས་དྲུང་གིས་མཛད་པའི། ལུགས་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོའི་སྔ་ཕྱིར་སྐུ་གཤེགས། ཞེས་ གསུངས་སོ། ཁོང་ནི་མངའ་བདག་ཡུམ་བརྟན་ནས་བརྩིས་པའི་གདུང་ རབས་དྲུག་པ་ཡིན་ནོ། ། ཚང་འདུར་བ་ཆེན་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་བླ་མ་བ་ལམ་ པའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་སེང་གེ་ཞེས་ གསོལ། ཁྲིད་དང་གདམས་ངག་ཐམས་ཅད་ཞུས། དེ་ནས་ལྷ་ཕྱུག་ མཁར་བ་ཉི་ཟླ་འོད་ཀྱི་དྲུང་དུ་བྱོན་ནས་གཟིམ་གཡོག་མཛད་ཅིང་ གདམས་ངག་རྣམས་རྫོགས་པར་ཞུས། དེ་ནས་རྟ་སྒར་ཕེབས་ཏེ་སྣང་ སྒོམ་རས་པ་དང། མཁན་པོ་སྤྲུག་གཅེར་བ་གཉིས་ལས་དགེ་སློང་གི་ སྡོམ་པ་ཞུས། དེ་ནས་ཚང་འདུར་དགོན་པ་བཏབ་ཅིང་མིང་ལ་ཡང་ ལྷ་སྡིངས་སུ་བཏགས། དེའི་སྐབས་སུ་ཁོང་གི་མསྟན་ལ་སྣང་སྒོམ་ཞིག་ པོ་ཞེས་ཞུ། ལྷོ་ནུབ་གུང་གསུམ་དང། ཇོ་བོ་སྐུ་རྒྱལ་གྱི་ས་ཆ་ཡན་ ཆད་གདུལ་བྱའི་མཐིལ་དུ་གྱུར། དེ་ནས་ཡོན་བདག་སྒར་པ་རྣམས་ [1378] འཇམ་ དཔལ་དང་མ་ཎིའི་ཐུན་བཙུགས། གུང་ཐང་དུ་ཡོན་བདག་རིན་ཆེན་ མགོན་གྱིས་གདན་དྲངས་ནས་སྲད་ཐང་གི་གཙུག་ལག་ཁང་ཕུལ་ སྙམས་ཡོན་བདག་བསམ་གྲུབ་ཀྱིས་གདན་དྲངས་ནས་བྲག་ཤུག་གསེབ་ ཕུལ་ནས་དགོན་པ་བཏབ་ཅིང་མ་ཎིའི་ཐུན་བཙུགས། ཕྱི་ཡུལ་དུ་མང་ དཀར་བ་ཡོན་བདག་རྣམས་གདན་དྲངས་ནས་ཁྱུ་རི་དགོན་པ་བཏབ་ དྲོས་པའི་ཡོན་བདག་རྣམས་ཀྱིས་གདན་དྲངས་ནས་བྱང་ཆུབ་གླིང་གི་ དགོན་པ་བཏབ་ཅིང་ཆོས་ཁྲི་ཐང་ལ་ཆོས་གསུངས། སྐུ་ཐང་དུ་ཡོན་ བདག་རྒྱལ་གྱིས་གདན་དྲངས་ནས་སྤྲོག་ཏུ་དགོན་པ་བཏབ་ཅིང་མ་ ཎིའི་རྒྱུན་བཙུགས། སུམ་རྗེ་རྩོམ་གླེང་དུ་ཡོན་བདག་བན་ནག་གིས་ གདན་དྲངས་ནས་དགོན་པ་བཏབ་ཅིང་མ་ཎིའི་རྒྱུན་བཙུགས། དེ་ ནས་དགོན་པ་དང་བྲག་དཀར་རྟ་སོ་དབུ་མའི་རྫོང། སྨན་ཁང། གོ་ བོ་ཚ་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད་ཅིང། བྱང་ཆུབ་སེམས་ དཔའི་རྣམ་ཐར་གྱིས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས་ དགུང་ལོ་བདུན་ཅུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། ཚར་ཆ་ཤེས་རབ་རྡོ་རྗེ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་ འཇམ་མགོན་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་དང་སྡེ་ཁྲི་བློ་བཟང་ [1379] གཞུང་བཀའ་བོད་ལྔ་ བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས་རྡོ་བཅལ་རབ་འབྱམས་ པའི་མཚན་བཏགས་བཞེས། ཚོགས་ཆེན་ཞལ་ངོའི་ཐུགས་འགན་ བཞེས་ཏེ་གྲྭ་ཚང་གི་ཞབས་ཏོག་གནད་དུ་འགྲོ་ངེས་དང། རྒྱུད་པ་ དཔོན་སློབ་ཀྱི་ཐུགས་འགན་བཞེས་སྐབས་འགྲེལ་བའི་འཆད་ཉན་ སོགས་བླ་གྲྭ་ཚང་མས་ཐུགས་ཉམས་སུ་བསྟར་རྒྱུའི་འགྲིག་ལམ་གྱི་ རིགས་ཅུང་ཟད་ཀྱང་མི་ཉམས་པར་མཛད་ཅིང། ལས་སྣེ་ཆེ་ཆུང་ སུས་ཀྱང་བག་ཡངས་དང་སླ་ཆོས་སུ་འགྲོ་བའི་རིགས་ལ་སྐྱོན་བརྗོད་ འཕྲལ་དུ་གནང་བ་ལས་ཐབས་འཕྲུལ་མང་པོ་མི་མཛད་པས་ཐུགས་ རང་བཞིན་དྲང་ཞིང་གཟུ་བོར་གནས་པ་ཞིག་ཡིན། ཕྱག་རྫས་གང་ ཡོད་གྲྭ་ཚང་ལ་འབུལ་བར་མཛད། ཁྲི་ཟུར་ནས་དགོན་པ་ལ་ཞབས་ ཕྱི་དང་དགེ་སྦྱོར་ཆིག་དྲིལ་མཛད་ཅིང་དགུང་ལོ་དོན་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་གསུམ་པ་ཡིན་ནོ། ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཡབ་ དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ལྔ་ ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་མཛད། ཚལ་པ་བཀའ་ བརྒྱུད་ཀྱི་ཆོས་སྐོར་དང་མདོ་སྔགས་རིག་གནས་གང་ལའང་མཁས་པའི་ སྙན་གྲགས་ཅན་དུ་གྱུར། དགུང་ལོ་བཅོ་ལྔ་པར་ཁྲི་དཔོན་དུ་བསྐོས་ [1380] གྱི་དྲུང་དུ་བྱོན། དངུལ་གྱི་ཐམ་ཀ་དང་གསེར་གྱི་རྒྱན། འཇའ་ས་ བཅས་གནང། ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་དུ་ཁྲི་དཔོན་གྱི་གོ་གནས་ བཟུང། དེའི་རིང་དུ་ཚལ་གུང་ཐང་གི་གཙུག་ལག་ཁང་དང། ལྷ་ སའི་གཙུག་ལག་ཁང། རྩེ་པོ་ཏ་ལ་བཅས་ལ་བདག་རྐྱེན་གང་ལེགས་ མཛད་ནས་ཉམས་གསོ་མཛད། བུ་སྟོན་རིན་ཆེན་གྲུབ་གདན་དྲངས་ ནས་སྣར་ཐང་གི་བཀའ་འགྱུར་བཅས་ལ་ཞིབ་བསྡུར་ཞུས་དག་མཛད་ དེ་གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་ བཞེངས་པར་ཚལ་པ་བཀའ་འགྱུར་ཞེས་འབོད། དེ་ནས་ཏའི་སི་ཏུ་ བྱང་ཆུབ་རྒྱལ་མཚན་དང་མ་འཆམ་པས་ཁྲི་དཔོན་གྱི་གོ་གནས་གཅུང་ པོ་གྲགས་པ་ཤེས་རབས་ལ་སྤྲད། དགུང་ལོ་ཞེ་ལྔ་པར་མཁན་ཆེན་ དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་ རྫོགས་མཛད། མཚན་དགེ་བའི་བློ་གྲོས་སུ་གསོལ། ཀརྨ་པ་སྐུ་ཕྲེང་ བཞི་བ་རོལ་བའི་རྡོ་རྗེ་ཚལ་གུང་ཐང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ ཆོས་མང་དུ་ཞུས། བོད་ཀྱི་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ ཞེས་བསྟོད་བསྔགས་ཆེན་པོ་བྱེད་པ་ཞིག་བྱུང། ཁོང་གི་གསུང་རྩོམ་ ནི་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་ རྒྱལ་ རབས་ལོ་རྒྱུས་ ཐར། རང་ཉིད་ཀྱི་ཡབ་ སོ། ། [1381] ཚལ་བ་ལེགས་པ་ཆོས་འབྱོར།། ཁོང་ནི་འཇམ་དབྱངས་དགའ་བའི་བློ་གྲོས་ལེགས་པ་ཆོས་ འབྱོར་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཚུལ་ཁྲིམས་བཀྲ་ཤིས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ངེས་པའི་མན་ངག། ། ཚུལ་ཁྲིམས་བརྩེགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ [1382] དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ཀྱི་རྣམ་པར་བཤད་པ། དཔོན་ཆེན་པོ་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་ པ་བཞུགས་སོ། ། ཚུལ་ཁྲིམས་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་ བཅས་པར་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་ གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་ ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། ག། རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། བ། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་ བའི་སྒྲོན་མ། བརྗོད་པའི་འཁོར་ལོའི་རིམ་པ། [1383] ། ཚུལ་ཁྲིམས་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་མཁས་པར་སྦྱངས་ནས་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ། ཚུལ་ཁྲིམས་སེང་གེ་ ཁོང་ནི་ཚང་པ་འདུར་བ་ཆེན་པོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ་ ཚུལ་དགེ་རིན་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཉིས་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། [1384] ། ཚེ་སྤོང་བྱང་ཆུབ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་མུ་ནེ་བཙན་པོའི་སྐབས་ཀྱི་སྙན་གྲགས་ཆེ་བའི་ ཡིག་མཁན་བྲིས་པ་ཞིག་ཡིན། གཏེར་སྟོན་ཉང་ཉི་མ་འོད་ཟེར་གྱིས་ མཛད་པའི་ རྒྱལ་པོ་འདིའི་ མུ་ནེ་བཙན་པོ་ སྐུ་རིང་ལ། ཡི་གེ་མཁན་པོ་ཚེ་སྤོང་ བྱང་ཆུབ་ཅེས་བྱ་བ་བྱུང་སྟེ། རྗེ་ལ་ཡི་གེའི་སྟངས་ཕུལ་བས། སྦུར་ ནག་བལ་གྱིས་བཏུམས་པ་འདྲ་བ་གཅིག་བྱུང། རྗེའི་དབུ་རྟེན་གྱི་ འོག་ཏུ་སྦས་ཏེ་བསྣམས་ནས་མདོ་ཁམས་སྨད་དུ་སྤྱུགས་ཏེ། ཁམས་ ཡིག་ཏུ་གྲགས་སོ། ཞེས་གསུངས་སོ། ། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཙུན་མོ་དང་ རྒྱལ་པོ་སྲོང་བཙན་སྒམ་པའི་མ་ཡུམ་ཡིན། དགའ་སྟོན། འདུག་གོ་ ཚེ་སྤོང་བཟའ་མེ་ཏོག་སྒྲོན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་དང། རྒྱལ་ པོ་མུ་ནི་བཙན་པོ། རྒྱལ་པོ་མུ་ཏིག་བཙན་པོ། རྒྱལ་པོ་ཁྲི་ལྡེ་སྲོང་ [1385] རྒྱལ་པོ་ཁྲི་སྲོང་ལྡེ་ བཙན་སྐུ་གཤེགས་རྗེས་བོད་ལུགས་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཁོང་མོས་རྒྱལ་པོ་མུ་ནེ་བཙུན་པོ་ལ་དུག་དྲངས་ནས་བཀྲོངས་སོ། ཁོང་ མོའི་ཕྱག་རིས་སུ་དཔུ་རྩེ་རིགས་གསུམ་ལ་དཔེ་བླངས་ཏེ་ཁམས་གསུམ་ ཟངས་ཁང་གླིང་བཞེངས་པ་མཛད་དོ། ། ཚེ་སྤོང་བཟའ་བཙན་མོ་འཕན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོའི་ ་ ་ བཙུན་མོ་ཆུང་བ་དང། མངའ་བདག་འོད་བསྲུངས་ཀྱི་མ་ ཡུམ་ཡིན་ནོ། ། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་བཙུན་མོ་ཡིན་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ ཚེ་སྨོན་གླིང་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་ཅོ་ནེ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཚེ་སྨོན་གླིང་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་ཅོ་ནེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དང་ མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། [1386] ཚེ་སྨོན་གླིང་པ་ངག་དབང་ཚུལ་ཁྲིམས།། ཁོང་ནི་ཅོ་ནེ་ངག་དབང་ཚུལ་ཁྲིམས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཚེ་ཏན་ཞབས་དྲུང།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྨ་ཆུ་འགྲམ་གྱི་ཞུན་ཧྭ་རྫོང་དུ་སྐུ་འཁྲུངས། རབ་བྱུང་ བཅུ་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོའི་ཟླ་བ་དྲུག་པར་བླ་ བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས། དགུང་ལོ་བདུན་པར་རབ་ཏུ་ བྱུང་སྟེ་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས། ཁོང་གིས་ འཇིགས་མེད་དམ་ཆོས་རྒྱ་མཚོ་གཙོ་མཛད་པའི་དགེ་བའི་བཤེས་གཉེན་ རིག་པའི་དབང་ཕྱུག་མང་པོར་བསྟེན་ཏེ། ཐུན་མོང་གི་རིག་གནས་ སྤྱི་དང། སྒོས་སུ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཛད་ནས་ གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་མཁས་པའི་གྲགས་པ་མདོ་ དབུས་ཁམས་གསུམ་དུ་ཁྱབ། སྒྲ་རིག་པ་བསླབས་པའི་ཀུན་བཤད་ཀྱི་ མཚན་ལ་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་གསོལ། དགུང་ ལོ་ཞེ་གསུམ་པར་ སྤྱི་ལོ་་ མཚོ་སྔོན་ཞིང་ཆེན་རྩོམ་བསྒྱུར་ཨུ་ ཡོན་ལྷན་ཁང་གི་འགན་ཁུར་བཞེས་ཤིང་སྒྱུར་རྩོམ་གྱི་མཛད་པ་གནང་ བ་མང། ཀྲོའུ་ཙུང་ལིས་སྒོས་སུ་ཆོག་མཆན་གནང་བའི་གོ་གནས་ ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་བཞེས། དགུང་ ལོ་ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་ [1387] རིག་གནས་གསར་བརྗེའི་ནང་དུ་བཙོན་ལའང་ བཞུགས་མྱོང། དགུང་ལོ་རེ་བརྒྱད་པར་ སྤྱི་ལོ་་ ནུབ་བྱང་ མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་དགེ་རྒན་མཛད། ཀན་སུའུ་ཞིང་ ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཧུའུ་ཀྲང་གཞོན་པ་དང། ཀན་ སུའུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་མི་ རིགས་སྐད་རིགས་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་ མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང། ཁོང་ གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སྒོར་མོ་ཁྲི་གཅིག་བཞག་པ་ མཛད། སྐུ་ཚེ་གང་བོར་མི་རིགས་སློབ་གསོའི་ལས་འགན་མཛད་ ནས་དུས་འདའ་བར་མཛད་དོ། ཁོང་གི་སློབ་མ་ནི་སྤྱི་གངས་ཅན་ བོད་དང། སྒོས་སུ་མདོ་སྨད་ཀྱི་ལས་རིགས་སོ་སོའི་ཐོག་ཏུ་མ་ཁྱབ་ པ་མེད། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང། ལོ་རྒྱུས། དམ་ ཆོས། བསླབ་བྱ། སྐར་རྩིས། སྙན་ངག་སུམ་རྟག་དག་གསུམ་ ལཉྫ་དང་ཝརྟུའི་མ་ཕྱི་བཅས་ཆོས་ཚན་ལྔ་བཅུ་ལྷག་བཞུགས་སོ། ། ཚེ་ལྡན་དགེ་བཤེས་དམ་ཆོས་ཡར་འཕེལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ ཡུལ་ནི་འགག་རྩའི་ཆར་གཏོགས་ཡིན། ཁོང་དགུང་ལོ་ཉི་ཤུ་རྩ་གྲངས་ ལོན་པའི་བར་དུ་སྐུ་འབུམ་ཆེ་ཤོས་སྒར་བའི་ནང་གཟན་མཛད་ སྐབས་ཤིག་ཏུ་མི་གཡེར་བག་ཅན་ཁ་ཤས་དང་རྡུང་བརྡེགས་ཤོར་བའི་ རྐྱེན་གྱིས་སྒར་བ་ནས་ཕྱི་ཕུད་བཏང། དེ་ནས་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཏེ་སྔར་བྱས་ཀྱི་བྱ་སྤྱོད་ལ་འཚེར་སྣང་གི་ལར་ [1388] དཀའ་སྤྱད་སྡུག་རུས་ཀྱིས་སློབ་གཉེར་ལེགས་པར་མཐར་ཕྱིན་ཏེ་རྐྱེན་ ངན་གྲོགས་སུ་སོང་བར་སྣང། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ གང་ལེགས་གནང། ཁྲི་ཟུར་ནས་ཀྱང་ཁ་ཏོན་དགེ་སྦྱོར་དང་སྒྲུབ་ པ་ཉམས་ལེན་ལ་མངོན་བར་བརྩོན་ནས་དུས་འདའ་བར་མཛད་དོ་ ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་བཞི་བཅུ་ཞེ་བདུན་པ་ ཡིན་ནོ། ། ཚེ་འབུམ་ཞབས་དྲུང་བཤད་སྒྲུབ་དགེ་ལེགས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་ལྷ་སྡེ་དྲེད་ཁེག་འབྲོག་སྡེར་ཡབ་ཨུ་རྒྱན་སྐྱབས་དང་ ཡུམ་ཆོས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བདུན་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་སྐུ་འབུམ་དུ་ ཕེབས་ཤིང་སྐྱབས་རྗེ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ ལས་རབ་བྱུང་བསྒྲུབས། དེ་ནས་ཆེ་ཤོས་ཡོངས་འཛིན་ངག་དབང་ འཇམ་དབྱངས་དབང་རྒྱལ་སློབ་དཔོན་དུ་བསྟེན་ཞིང་དཔལ་ལྡན་ བཤད་སྒྲུབ་གླིང་དང། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་ གཉིས་ཀྱི་ཆོས་སྒོར་རིམ་བཞིན་ཞུགས་ཏེ་རྒྱུ་འབྲས་ཀྱི་ཐེག་པའི་གཞུང་ ལུགས་ཀུན་ལ་གསན་སྦྱོང་ལེགས་པར་གནང། དེ་ནས་དབུས་སུ་ [1389] ཁྲི་ཆེན་བྱང་ཆུབ་ ཆོས་འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐྱེས་ཆེན་དུ་མ་ ལས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་མནོས་ཏེ་རང་ཡུལ་དུ་ཕེབས་ རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ཏེ་འགྲིག་ཁྲིམས་དམ་ཞིང་འཆད་ ཉན་ཤིན་ཏུ་འཕེལ་བར་མཛད། ཁྲི་ཟུར་ནས་ཐོར་གོད་ཕྱོགས་སུ་ བྱོན་ཏེ་གདུལ་བྱ་སེར་སྐྱ་ཡོངས་ལ་འདོད་ཆོས་ལྷུག་པར་བསྩལ་བའི་སྒོ་ ནས་འདི་ཕྱིའི་རེ་འབྲས་སྨིན་པར་མཛད། དེ་ནས་རང་ཡུལ་དུ་ཕེབས་ ཏེ་སྤྲོས་བཅས་ཀྱི་ཉམས་ལེན་ལ་རྟག་སྦྱོར་གུས་སྦྱོར་གྱིས་འགྲུས་པར་ མཛད་བཞིན་ཞི་བར་གཤེགས་པའི་ཚུལ་བསྟན། ཁོང་ནི་སྐུ་འབུམ་ རྒྱུད་པ་མཁན་པོའི་ཁྲི་རབས་ཞེ་བརྒྱད་པ་ཡིན་ནོ། ། ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་དུ་གྲ་ ཕྱི་ཁུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འོག་མིན་ཨོ་ རྒྱན་སྨིན་གྲོལ་གླིང་གི་ཆོས་སྒོར་ཞུགས་ཏེ་ཐ་སྙད་རིག་གནས་ཀྱི་སྐོར་ དང། ནང་དོན་རིག་པའི་སྐོར་བཅས་ལ་སྦྱངས་པ་མི་དམན་པ་མཛད་ ལོ་ཆེན་དྷརྨ་ཤྲཱི་ ་ ལས་དབང་ལུང་མན་ངག་ མང་དུ་ཞུས། དེ་ནས་ལྷ་སར་ཕེབས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ ཞབས་ལ་གཏུགས་ཤིང་གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་ལ་ སྦྱངས་པ་རྨད་དུ་བྱུང་བ་མཛད་དེ་མན་ངག་ལྷན་ཐབས་ཀྱི་ཡང་གསལ་ [1390] བཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག། གནང། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ མིག་སྦས་དོན་ཀུན་གསལ། སྐུ་ཚེའི་ སྨད་དུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྨན་པ་མཛད་ནས་བཞུགས་ སོ། ཁོང་གི་མཚན་གཞན་ལ་སྨིན་གླིང་ངག་དབང་དཔལ་བཟང་ ཞུའོ།། ཚེས་པོང་ནག་སེང།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་དུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་ནང་ འཁོར་བ་ཞིག་ཡིན། དེ་ནས་རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་ འབུལ་ཞུས་ཀྱང་སྟག་རི་གཉན་གཟིགས་དགུང་དུ་གཤེགས། རྗེས་ སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཞབས་ལ་གཏུགས་ཏེ་རྒྱལ་པོ་ཐུན་ མོང་དུ་མནའ་ཚིག་བོར་ནས་ཟིང་པོ་རྗེ་ཁྲི་པངས་སུམ་ལ་དམག་དྲངས་ ཤིང་མངའ་ཁོངས་ཚང་མ་བླངས་ནས་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ ཕྱག་ཏུ་ཕུལ། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་ཚེས་པོང་ནག་སེང་ ལ་འོན་གྱི་སྨོན་མཁར་ནས་བྲན་གཡོག་ཁྱིམ་ཚང་སུམ་བརྒྱ་བྱ་དགའ་ གནང་ཞིང་བློན་པོའི་གོ་གནས་ཀྱི་བདག་རྐྱེན་ཡང་བསྩལ་ཏོ།། ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ [1391] ཡུམ་ཞང་ལྕམ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། སྐུ་གཞོན་ནུའི་དུས་སུ་མཁན་པོ་ཚུལ་དར་དང་ སློབ་དཔོན་ཞང་བཙུན་པུ་ཧྲངས་པ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ ལ་གྲགས་པ་རྒྱལ་མཚན་དུ་གསོལ། མཁན་པོ་ཚུལ་དར་ལས་འདུལ་ བའི་ཆོས་སྐོར་རྣམས་གསན། དེ་ནས་སྤྱན་སྔ་གཉིས་མཆོད་པ་གྲགས་ པ་རིན་ཆེན་ལས་བཀའ་བརྒྱུད་པའི་གདམས་ངག་ཕྱག་ལེན་དང་བཅས་ པར་ཞུས། བླ་མ་ལྷ་ཁང་པས་ཆོས་སྒོ་ཕྱེ་བ་ལས་དབང་ལུང་མང་དུ་ ཞུས། བླ་མ་བྲག་པ་རིན་ཆེན་ལས་ཆོས་སྐྱོང་གི་སྐོར་རྣམས་གསན་ བླ་མ་ཏི་སེ་བ་དར་མ་རྒྱལ་པོ་ལས་བཀའ་བརྒྱུད་ཀྱི་གདམས་ངག་གི་ ཞིབ་ཆ་རྣམས་ལེགས་པར་གསན། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་ ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་གདན་ས་སྤྱན་ སྔའི་གོ་སར་ཕེབས། ལོ་ངོ་སུམ་ཅུ་སོ་གསུམ་རིང་དུ་གདན་སའི་འགན་ ཁུར་བཞེས་ནས་འཆད་ཉན་གྱིས་དགེ་འདུན་རྣམས་ཀྱི་ཚོགས་པ་ བསྐྱངས་ཤིང་བསྟན་འགྲོའི་བྱ་བ་རྒྱ་ཆེན་མཛད་དེ་གདན་སའི་གོ་ས་ དགོངས་པ་ཞུས་ནས་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་རྩ་ བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཕག་ གྲུའི་གདན་རབས་བརྒྱད་པ་ཡིན། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་དང། བླ་མ་མཁར་ཐོག་ པ། བླ་མ་སྣེའུ་བ། རྡོར་འཛིན་སངས་རྒྱས་རྒྱལ་མཚན། བླ་ མ་མགོན་གཞོན་པ། མཚུངས་མེད་རིག་གཞོན་པ་བཅས་ཡིན།། [1392] ཚེས་བཞི་གསར་མ་བ།། ཁོང་ནི་གྲགས་པ་བྱང་ཆུབ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ།། ཚོ་འདུ་དོན་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཚོ་འདུའི་རིགས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཀུན་མཁྱེན་བླ་མས་རྒྱུད་པ་དཔོན་སློབ་ཚོ་ འདུ་དགེ་འདུན་རྒྱལ་མཚན་གྱི་སྐུའི་སྐྱེ་བར་ལུང་བསྟན། ཀུན་མཁྱེན་ འཇིགས་མེད་དབང་པོས་ཐུགས་ཐག་བཅད་ཅིང་རབ་བྱུང་བསྒྲུབས་ དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་བསྡུས་གཞུང་ དང། གཞུང་བཀའ་པོད་ལྔ་ལ་ཐུགས་གཉེར་དཔྱིས་ཕྱིན་པར་མཛད་ བདེ་མོ་དགའ་ལྡན་ཆོས་འཁོར་གླིང་གི་ཁྲི་ལ་ཕེབས་ནས་མདོ་སྔགས་ འཆད་ཉན་ལོ་མང་པོའི་བར་དུ་མཛད་པས་འཕྲིད་ལས་རྒྱས་པ་བྱུང་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ནས་འཆད་ཉན་ལོ་ ཤས་མཛད་པའི་སྐབས་ཤིག་ཏུ་སྐུ་བསྙུང་སྟེ་དགོངས་པ་ཞུས་ནས་ཟུར་ བཞུགས་མཛད། ཅུང་མ་འགོར་བར་སླར་ཡང་བདེ་མོ་དགའ་ལྡན་ ཆོས་འཁོར་གླིང་གི་ཁྲི་ལ་ཕེབས་ཏེ་འཆད་ཉན་མཛད་མུར་དགུང་ལོ་ཞེ་ གཉིས་པར་དགོན་གནས་དེར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་བདུན་པ་ ཡིན་ནོ།། [1393] ཚོ་འདུ་བློ་བཟང་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཅིག་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་རེབ་སྐོང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་རིག་པའི་གནས་ལ་མཁས་པར་ སྦྱངས། ཁྱད་པར་དུ་རོང་བོ་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ཏེ་ བསྡུས་གྲྭ་ནས་བཟུང་གཞུང་ལུགས་རྣམས་ལ་སྦྱངས་པ་ཕུལ་དུ་ཕྱིན་ དེ་ནས་དབུས་སུ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ཤིང་ དཀའ་ཆེན་བཅུ་ལ་ཞིབ་སྦྱངས་མཛད་ནས་མདོ་རྒྱུད་མ་ལུས་པའི་ དགོངས་དོན་ལ་མི་འཇིགས་པའི་སྤོབས་པ་བརྙེས། རོང་བྱམས་ཆེན་ ཆོས་སྡེའི་མཁན་ཁྲིར་བཀུར་བས་ཆོས་དང་ཟང་ཟིང་ཅི་རིགས་ཀྱི་སྒོ་ ནས་བཀའ་དྲིན་བསྐྱངས། དེ་ནས་རང་ཡུལ་དུ་ཕེབས་ཏེ་ཚོ་འདུའ་སྒེའུ་ སྟེང་བྱ་བའི་གཞིར་སྒྲུབ་བརྒྱུད་བསྟན་པའི་གནས་མཆོག་དགའ་ལྡན་ ཆོས་འཕེལ་གླིང་གསར་དུ་བཏབ། ཐུགས་དམ་ངོས་བྱམས་ཁང་རྟེན་དང་ བརྟེན་པར་བཅས་པ་གསར་དུ་བཞེངས། བཅའ་ཡིག་བློ་ལྡན་དགའ་ བསྐྱེད་ཕན་བདེ་ཀུན་འབྱུང་ཞེས་བྱ་བ་ཚིག་ཉུང་ལ་གནད་འཛོམས་ ཤིང་དོན་དྲིལ་བ་ཁྱད་དུ་འཕགས་པ་ཞིག་བརྩམས་པ་ད་ལྟའང་མཇལ་ དུ་ཡོད། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་ རིང་དུ་གདན་ས་བསྐྱངས་ཤིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་ལེན་ ལྟར་རྒྱན་འཇུག་དང་ཆོས་སྤྱོད་ཀྱི་དུས་བཟང་བཙུགས། སྐབས་ཀྱི་ གཏོང་སྒོ་དང་གྲྭ་ཇ་གཅིག་གི་རྒྱུན་འཐེབ་ཀྱང་སྦྱོར་འཇགས་བསྩལ་ [1394] གདམས་པས་ཅི་ཡང་བསྐྱངས། ཁོང་ནི་རོང་བོ་ཐོས་བསམ་གླིང་གི་ གདན་སའི་མཁན་རབས་བཅུ་གཅིག་པ་ཡིན། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་སྐྱབས་མགོན་སྐུ་ཕྲེང་གསུམ་པ་གཙོ་མཛད་པའི་རྡོ་རྗེ་འཆང་ དགེ་འདུན་རྒྱ་མཚོ་དང། དགེ་བའི་བཤེས་གཉེན་ཤེས་རབ་བསྟན་ འཛིན་སོགས་ཡིན་ནོ། ། ཚོགས་གཉིས་རྒྱ་མཚོ།། ཁོང་ནི་ཆགས་པ་ཆོས་འཕེལ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཚོགས་ཆག་ཆུང་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ལ་བསྒྱུར་ བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ གཤེད་ནག་པོའི་སྒྲུབ་ཐབས། པ་བཞུགས་སོ།། ཚོང་བཙུན་ཤེས་རབ་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ [1395] ཤེལ་གྱི་ཡང་དགོན་ དེང་སང་མཚོ་སྔོན་ཞིང་ཆེན་ཞུང་ཧྭ་རྫོང་ཁོངས་ དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་ ་ ལས་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་དཀྱུས་ གཅིག་ཏུ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་གསན་ཏེ། དབུས་ གཙང་དུ་ལོག་ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ཁང་སོགས་ལ་ ཞིག་གསོས་གང་ལེགས་མཛད། དེ་ནས་ཁོང་གིས་སྔོ་གླིང་བཟུང་སྟེ་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འདུལ་བའི་བསྟན་པ་དར་ བར་མཛད། ཆོས་རྒྱུད་དེ་ལས་གྱེས་པའི་སྐལ་སྐོར་དང། རྒྱན་ སྐོར། གནས་གསར་གྱི་སྐོར། གནས་རྙིང་གི་སྐོར། རྦ་ཚོ་ ཉན་ཚོ་སྐོར། བྱ་ཆོས་སྐོར། སྨོན་གྲོ་སྐོར། དྭོ་ཚོ་བཅས་ཁྲལ་ ཚོ་དགུ་ཡོད། ཁོང་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་ པ་རབ་གསལ་ལས་བསྙེན་རྫོགས་ཞུས་པའི་དབུས་གཙང་གི་མཁས་པ་ མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན་ནོ།། མཚན་སྒྲོགས་དགེ་འདུན་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཁྲི་ཀ་གསེར་མོ་ལྗོངས་སུ་ཡབ་བློ་བཟང་དང་ཡུམ་དཔལ་མོ་རྒྱལ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བདུན་ པར་སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གིས་སྐུ་གོང་མ་བློ་བཟང་བཀྲ་ ཤིས་ཉི་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་རང་དགོན་གོང་བ་གྲྭ་ ཚང་གི་བླ་བྲང་དུ་གདན་སར་བཀོད། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་ [1396] དེ་ནས་སྐུ་འབུམ་ རང་སྒར་གྱི་གདན་སར་ཕེབས་ཏེ་བློ་བཟང་རིན་ཆེན་ཡོངས་འཛིན་དུ་ བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་ མཛད། དགུང་ལོ་བཅུ་གཅིག་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་སྡེ་བདུན་དང་ཕར་ཕྱིན་གྱི་གཞུང་ལ་ ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་ཚོགས་ལངས་ཀྱང་བཞེངས་ སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་དྲུང་ནས་རྡོར་ཕྲེང་གི་དབང་ཆེན་ དང། ཚེ་དཔག་ལྷ་དགུ། འཇིགས་བྱེད་དཔའ་གཅིག་བཅས་ཀྱི་ དབང་རྣམས་ལེགས་པར་ཞུས། དགུང་ལོ་བཅུ་བདུན་པར་དུས་ཟིང་ ལངས་པའི་སྟབས་ཀྱིས་རང་དགོན་གོང་བ་གྲྭ་ཚང་དུ་ཕེབས་ནས་མདོ་ སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་དཔེ་གཟིགས་དང་མཛུབ་ཁྲིད་ རིགས་པ་རྣམ་གྲངས་དུ་མས་དཔྱད་རྟོག་ནར་མར་མཛད། དུས་རྒྱུན་ དུ་ཞལ་འདོན་དགེ་སྦྱོར་ལ་བརྩོན་པ་ཐུགས་དྲག་པོས་འཇིག་རྟེན་ཆོས་ བརྒྱད་ཀྱི་གཡེང་བ་རྒྱང་རིང་དུ་བསྲིངས་ནས་བུད་སྙེགས་ཐོབ་གསུམ་ གཏད་བ་བཞི། རྡོ་རྗེ་གསུམ་གྱི་ཉམས་བཞེས་ཟབ་མོས་བཀའ་གདམས་ གོང་མའི་རྣམ་ཐར་བདག་གིར་མཛད། དགུང་ལོ་སོ་གསུམ་པར་ དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ གསང་ཆེན་ལམ་གྱི་རིམ་པ་ལ་ཐོས་བསམ་གང་ལེགས་གནང། དགུང་ ལོ་བཞི་པར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཏེ་འདུ་ཁང་རྙིང་སྐྱོན་ ཆེ་བའང་ཞིག་གསོས་ལེགས་པར་མཛད། དགུང་ལོ་སོ་བདུན་པར་ མཆོད་རྟེན་སྐེས་དགོན་པའི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་ཡར་ [1397] དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་བཅོ་ལྔ་པའི་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་སའི་ཁྲི་ལ་ བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་ དམ་ལེགས་པར་མཛད། ཁྲི་ཟུར་ནས་ཀྱང་སྐུ་འབུམ་དགོན་དང་ རང་དགོན་གོང་བ་གྲྭ་ཚང་གཉིས་སུ་རེས་མོས་ཀྱིས་བཀའ་དྲིན་ བསྐྱངས་པ་ལགས་སོ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ རབས་ང་གཉིས་པ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ བདུན་ཅུ་པ་ཡིན་ནོ། ། མཚན་སྒྲོགས་དགེ་འདུན་དོན་གྲུབ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་ནི་རབ་ བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ཆེན་ལ་བཞུགས་ཏེ་ལོ་བདུན་གྱི་རིང་དུ་གདན་ ས་བསྐྱངས། དེའི་རིང་དུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གཞི་ནས་ གསར་བཞེངས་མཛད། ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་ འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་བརྙན་ཁྱད་འཕགས་ཅན་ བཞེངས་ནས་རབ་གནས་རྒྱས་པར་མཛད་པ་ལ་དེང་སང་འཇམ་ དབྱངས་ཀུན་གཟིགས་སུ་གྲགས་པ་དེའོ། རབ་བྱུང་བཅུ་གཉིས་པའི་ ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་མི་དབང་ཕོ་ལྷ་བ་བསོད་ནམས་ སྟོབས་རྒྱས་ནས་དངུལ་སྲང་ཉིས་ཁྲི་བདུན་སྟོང་ལས་བརྒལ་བའི་རྒྱུ་ སོང་གིས་གསེར་སྡོང་ཆེན་མོའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ གཉྫི་རའི་ཏོག་གི་ནང་དུཤཱ་ཀྱའི་རྒྱལ་པོའི་འཕེལ་གདུང་སོགས་བྱིན་ [1398] ནོར་བུ་འབར་བ་ཆ་གཅིག་གི་ནང་དུ་རྒྱ་བོད་ཀྱི་གཏེར་རྫས་སྣ་ ཚོགས་ཀྱིས་སྤྲས་པ། གྲྭ་ཟུར་གྱི་མགོ་རྒྱན་དང་བཅས་པ་རབ་བྱུང་ བཅུ་གཉིས་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ལེགས་པར་ གྲུབ། གདན་སའི་ཁྲི་ཆེན་ཁོང་དང། རྒྱུད་པ་མཁན་པོ་ དཀར་པོ་ཆོས་རྗེ་སོགས་དགེ་འདུན་ལྔ་བཅུ་ཐམ་པས་རབ་གནས་ཀྱི་ཆོ་ ག་རྒྱས་པར་མཛད་ཅིང་བཀྲ་ཤིས་ཀྱི་དགའ་སྟོན་རྨད་དུ་བྱུང་བ་མཛད་ དོ། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཉེར་བཞི་པ་ ཡིན་ནོ།། མཚན་སྒྲོགས་བློ་བཟང་བཀྲ་ཤིས་ཉི་མ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་རོང་ཕྱོགས་རྒན་གྱ་སྡེ་བར་ཡབ་བྲན་དུ་ཤོར་དང་ ཡུམ་ཆོས་འཕེལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ མཛད་ཅིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་ལེགས་པར་ སྦྱངས། ངང་རོང་མཁན་པོ་ལས་དགེ་བསྙེན་དང་བར་མ་རབ་བྱུང་ གི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་པར་སྐུ་འབུམ་དགོན་གྱི་ རང་སྒར་དུ་གདན་སར་བཀོད་ཅིང་དགའ་སྟོན་རྒྱས་པར་སྤྲོས། དེ་ ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང་བཀའ་པོད་ ལྔའི་གཞུང་ལ་ཐོས་བསམ་ལེགས་པར་གནང། སྐྱབས་རྗེ་གསེར་ ཁང་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་ཚིགས་སྔ་མ་ [1399] དཔལ་ལྡན་གསང་སྔགས་ རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གསང་ཆེན་འབྲས་བུ་ཐེག་པའི་ སྨིན་གྲོལ་གྱི་ལམ་གྱི་རིམ་པ་མ་ལུས་པ་ལ་གསན་སྦྱོང་དཔྱིད་མོ་པའི་ལྕགས་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ ལེགས་པར་གནང། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་མོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྒོ་མེ་མཆོད་རྟེན་སྐེས་དགོན་པའི་ཁྲི་ལ་ བཞུགས་ནས་འདུལ་བའི་བཅའ་ཁྲིམས་དང་བཤད་སྒྲུབ་བྱ་བ་དག་ གཙང་གོང་འཕེལ་ཡོང་བའི་དོ་དམ་ཐུགས་ཁུར་ཆེར་བཞེས་མཛད་ དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ཆོས་ སྲིད་གཉིས་ཀར་ཐབས་མཁས་ཀྱི་སྒོ་ནས་གོང་ནས་གོང་དུ་འཕེལ་བར་ བསྐྱངས། ཁྲི་ཟུར་ནས་གདན་ས་འདི་དང། ཁྲི་ཀའི་གོང་བ་ གྲྭ་ཚང་སོགས་དགོན་སྒྲུབ་སྡེ་དུ་མར་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྟན་ པའི་བྱ་བ་རྒྱ་ཆེན་པོར་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ ཁྲི་རབས་བཞི་བཅུ་ཞེ་གཉིས་པ་དང། སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་ལྔ་བཅུ་ང་གཉིས་པ་ཡིན་ནོ།། མཚམས་བཅད་པ་གྲགས་པ་བསོད་ནམས།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ [1400] འཁྲུངས། གདུང་རུས་ཀྱུ་ར་ཡིན། རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་ སྟེ་སྤྱི་ལོ་་ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་ གསུམ་པར་གཅེན་པོ་ཐོག་ཁ་བ་རིན་ཆེན་སེང་གེ་ལས་རབ་བྱུང་བསྒྲུབས་ ཏེ་མཚན་ལ་གྲགས་པ་བསོད་ནམས་ཞེས་གསོལ། དེ་ནས་བཀའ་ བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན་ཏེ་དགུང་ལོ་བཅུ་བདུན་པར་སྐུ་མཚམས་བཞུགས། དགུང་ ལོ་ཉི་ཤུ་ཐམ་པར་གཅེན་རིན་པོ་ཆེ་ལས་བསྙེན་རྫོགས་མཛད་ཅིང་ འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། སླར་ཡང་ལོ་ བཅུ་གསུམ་གྱི་རིང་དུ་སྐུ་མཚམས་བཞུགས་ཏེ་གྲུབ་པའི་རྟོགས་པ་ མངོན་དུ་གྱུར། དགུང་ལོ་ཞེ་བདུན་པར་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་ཁྲི་ལ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་དུ་ཆོས་སྲིད་གཉིས་ཀྱི་ སྒོ་ནས་གདན་ས་བསྐྱངས་ཏེ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་ སྒྲུབ་པའི་བསྟན་པ་དར་བ་མཛད། དགུང་ལོ་ཞེ་དགུ་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་ གདན་སའི་མཁན་རབས་དྲུག་པ་ཡིན་ནོ། ། མཚོ་སྣ་བ་ཤེས་རབ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་དུ་ མོན་མཚོ་སྣའི་ཐང་གྲོང་དུ་སྐུ་འཁྲུངས། ཁོང་དགུང་ལོ་བརྒྱད་པར་ ཟངས་ཆེན་དགོན་དུ་བྲོས་ཏེ་ཟངས་ཆེན་དར་མ་བསོད་ནམས་ལས་ རབ་ཏུ་བྱུང་བ་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ [1401] དེ་ནས་ཟངས་ཆེན་པ་ལ་བསྟེན་ ཏེ་བཀའ་གདམས་གཞུང་དྲུག་དང། འདུལ་བ་ལུང་སྡེ་བཞི་བཅས་ ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་དགེ་འདུན་གྲངས་ཚང་བའི་ དབུས་སུ་བསྙེན་པར་རྫོགས། ཡང་ཟངས་ཆེན་པ་ལས་བྱང་ཆུབ་ ལམ་རིམ་གསན་ནས་ཉམས་སུ་བླངས་ཏེ་གདེང་ཐོབ་པར་མཛད་ ཟངས་ཆེན་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་གཙོ་བོར་འདུལ་ བའི་འཆད་ཉན་ལེགས་པར་བསྐྱངས། དེ་ལྟར་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་ པ་ནི་མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཡིན། ཁོང་གི་གསུང་རྩོམ་ནི་ སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་བ་ཡིན་ནོ། ཁོང་ གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་ཀུན་མཁྱེན་མཚོ་སྣ་བ་ཞེས་ ཞུའོ། ། མཚོ་སྨན་ཁྲི་དཀར།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་ཟ་ནམ་ཟིན་ལྡེའི་བཙུན་མོ་དང། རྒྱལ་པོ་ལྡེ་འཕྲུལ་ནམ་ གཞུང་བཙན་གྱི་མ་ཡུམ་ཡིན་ནོ། ། མཚོ་སྨན་འབྲོང་མོ།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་དུ་སྐུ་ [1402] རྒྱལ་པོ་ཐི་ ཤོ་ལེགས་ཀྱི་མ་ཡུམ་ཡིན་ནོ། ། འཚོ་བྱེད་རྡོ་རྗེ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྙེ་མོ་ ཁུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ ཀློག་དང་ཐ་སྙད་རིག་གནས་ལ་མཁས་པར་སྦྱངས། དེ་ནས་དབུས་ སུ་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས་ཤིང་ཀརྨ་ འཇིགས་མེད་ཆོས་ཀྱི་སེང་གེའི་ཞབས་པད་དུ་ཡུན་རིང་བསྟེན་ནས་ གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་དཔྱིས་ཕྱིན་ པ་མཛད། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་སྐུ་གཤེགས་ཁར་སྨན་ ཁུག་དང་སྨན་དཔེ་བཅས་པ་ཁོང་ལ་གནང་ཞིང་འཕྲིན་ལས་ཤིན་ཏུ་ རྒྱས་པར་གྱུར། སྐབས་ཤིག་ཏུ་འབྲུག་པ་རྒྱལ་པོས་གདན་འདྲེན་ ཞུས་པ་ལྟར་འབྲུག་ཡུལ་དུ་ཕེབས་ཏེ་འབྲུག་པ་རྒྱལ་པོའི་ནད་གཞི་ ཐམས་ཅད་འཇོམས་པར་མཛད་པས་ཊམ་དཀར་སྟོང་ཕྲག་ཁ་ཤས་ དང། འབུ་རས་སྣ་ཚོགས། འབྲུག་གི། ཕོར་པ་རྫབ་ཡ་སོགས་ འབུལ་བ་མང་པོ་བསྣམས་ནས་ལྷ་སར་ཕེབས། དེ་ནས་ཙ་རི་རོང་བསྐོར་ ཕེབས་སྐབས་གློ་པ་ཞིག་ནད་གཞི་བཅོས་ཏེ་དུག་སྦྲུལ་ཀླད་ཏིག་ཅེས་པ་ ཡོན་དུ་ཕུལ། པའི་སྦྱིན་བདག་མཛད་ཅིང་དཔར་ཤིང་ལ་ཞུས་དག་བཅས་རྣམ་དཀར་ དགེ་བའི་ལས་ཚོགས་མང་དུ་སྤེལ། སྐུ་ཚེའི་སྨད་དུ་བྲག་ཡེར་པར་ [1403] དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་སློབ་ མ་གྲགས་ཆེ་བ་ནི་མཁས་དབང་མཁྱེན་རབ་ནོར་བུ་དང། གུས་ཀྱི་ ཕ་དཀོན་མཆོག་འོད་ཟེར་གཉིས་ཡིན་ནོ། ། འཚོ་སྨད་མཁན་པོ།། ཁོང་ནི་སྐ་བ་ཤཱཀྱ་དབང་ཕྱུག་ཀུན་དགའ་རྒྱལ་མཚན་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། མཚུངས་མེད་ཆོས་རྗེ།། ཁོང་ནི་གུང་རུ་རྒྱལ་མཚན་བཟང་པོ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། མཚུངས་མེད་རྡོ་རྗེ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཆག་སྐྱར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་གླང་འཁོར་ བ་འཇམ་དཔལ་ལས་རབ་བྱུང་བསྒྲུབས་ཤིང་དགུང་ལོ་དགུ་པར་མུས་ སྲད་ཀྱི་གདན་སའི་ཁྲི་ལ་ཞབས་པད་བསྟེན་ཏེ་ལོ་གསུམ་གྱི་བར་དུ་ཆོས་ རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་གསན་ དགུང་ལོ་བཅུ་གཅིག་པར་བླ་ཆེན་ཆོས་དཔལ་བཟང་པོ་ལས་ལོ་དྲུག་གི་ བར་དུ་རྒྱུད་གསུམ་གྱི་གསན་སྦྱོང་དང་ས་སྐྱའི་གསུང་རབ་སོགས་ ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅོ་བརྒྱད་པར་ངམ་རིང་དུ་ ཕེབས་ཏེ་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ལས་ལོ་ནག་དྲིལ་གསུམ་དང་ [1404] ཕག་མོ་སྐོར་གསུམ། དབང་བཀའ་བཅུ་ བདུན་སོགས་གསན། དགུང་ལོ་བཅུ་དགུ་པར་གཞོན་ནུ་རྒྱལ་མཆོག་ དང་ནམ་མཁའ་ལྷུན་གྲུབ་བཟང་པོ་སོགས་ལས་བསྙེན་པར་རྫོགས་ཤིང་ བཀའ་ཆོས་ཞུས། དགུང་ལོ་ཉེར་གཅིག་པར་གུང་ཐང་དུ་ཕེབས་ ནས་རྒྱལ་མཚན་དཀོན་མཆོག་ལས་གསུང་ངག་ལམ་སྐོར་དང་ གསང་འདུས་མི་བསྐྱོད་ལུགས་ཀྱི་དབང་བཀའ་འགོས་ལུགས། བཤད་ བཀའ་བོ་དོང་ལུགས་ནག་ཁྲིད་དམར་ཁྲིད་བཅས་གསན་པར་མཛད་ དགུང་ལོ་བཞི་བཅུ་པར་ཤཱཀྱ་བྷ་དྲ་ལས་དཔལ་ལྡན་ས་སྐྱ་པའི་དབང་ བཤད་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ ལོ་ཞེ་ལྔ་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་བདེ་ཆེན་རྣམ་རྒྱལ་ གྲགས་བཟང་ལས་དུས་འཁོར་གྱི་དབང་ལུང་ཁྲིད་གསུམ་ལེགས་པར་ ཞུས། དགུང་ལོ་ཞེ་དགུ་པར་ས་སྐྱར་ཕེབས་ནས་སྨན་གྲོང་དང་ ཉི་ཐོག་ཞེ་དགོན་སོགས་སུ་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ བསྐོར། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ ལོ་དོན་ལྔ་པར་ས་སྐྱའི་གྲང་མོ་ཆེར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འཇམ་དབྱངས་བསོད་ ནམས་རྒྱལ་མཚན་དང། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྟོགས་ ལྡན་བློ་གྲོས་བཟང་པོ། དཀའ་བཅུ་དཀོན་མཆོག་བཟང་པོ། ཆེན་ པོ་རིན་ཆེན་རྒྱལ་མཚན། དབོན་པོ་ནམ་མཁའ་རིན་ཆེན། བྱང་ པ་བསོད་ནམས་རྒྱལ་མཚན། འཛིམ་པ་བསོད་ནམས་རྒྱལ་མཚན་ ཤངས་པ་ཀུན་དགའ་དཔལ་ལྡན། རྒྱ་གར་ཤེས་རབ་རྒྱལ་མཚན་ [1405] འཛིམ་པ་ཀུན་དགའ་སྙིང་ པོ། མུས་ཆེན་རྣམ་རྒྱལ་བཟང་པོ་བཅས་སོ། ཁོང་གི་གསུང་རྩོམ་ ནི། བཞི། ལེན། འཁྲུལ་སེལ། སོགས་མང་དུ་བཞུགས་སོ། ། མཚུར་སྟོན་དབང་གི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ དོལ་མདའ་ལ་ཡབ་སྔགས་པ་མཐུ་ཆེན་ཞིག་གི་སྲས་སུ་སྐུ་འཁྲུངས་ གདུང་རུས་མཚུར་ འཚུར་ ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ དགེ་བའི་བཤེས་གཉེན་ལྕེ་པའི་མདུན་དུ་ཕེབས་ཏེ་དཀའ་བ་དུ་མ་སྤྱད་ ནས་སློབ་གཉེར་མཛད། དུས་ཕྱིས་སུ་སྐུ་བསོད་རྒྱས་ཏེ་འབུམ་བཞེངས་ པའི་ཡིག་མཁན་ལ་ད་ལྟ་གསང་བ་འདུས་པའི་གདམས་པ་སུ་ཆེ་དྲིས་ པས་ལྷོ་བྲག་མར་པ་ཆེ་ཟེར། དེ་ནས་དད་པ་ཚད་མེད་སྐྱེས་ཏེ་ལྷོ་ བྲག་བྲོ་བོ་ལུང་དུ་བྱོན་ནས་རྗེ་མར་པའི་བཀའ་ལུང་ལྟར་མཐུ་མཛད་དེ་ སྐུ་དགྲ་མར་པ་མོན་ནག་བཏུལ། གསང་བ་འདུས་པའི་རྒྱུད་དང་ གདམས་ངག་མང་དུ་ཞུས། དུས་ཕྱིས་སུ་རྗེ་མར་པ་མཚུར་གྱི་དོལ་མདའ་ ལ་སྤྱན་དྲངས་ནས་ཆོས་རིམ་ལྔའི་མན་ངག་དང་རྒྱུད་རྐྱང་གི་བཤད་ པ་ཡོངས་སུ་རྫོགས་པ་ཞུས། སྒྲུབ་པ་ཉམས་ལེན་ལེགས་པར་མཛད་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁམས་པ་རོ་མཉམ་རྡོ་རྗེ་དང། འཁོན་ [1406] འཆེས་སྟོན་བསོད་ནམས་རྒྱལ་མཚན་བྕ་ཡིན། ། ཁོང་ནི་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཀ་ཆེན་བཞི་ལས་ཤར་གྱི་ཀ་ཆེན་ ཡིན་ནོ། ། མཚུར་སྟོན་དཔྱིག་གི་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ནས་ བསྟན་བཅོས་གཅིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི། པདྨའི་མྱུ་གུ་རྡོ་རྗེས་མཛད་པ་བཞུགས་སོ། ། མཚུར་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་སྨད་ ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་ བའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་ རྟོག་གི་ལྟ་བ་འཛིན་མཁན་ཞིག་ཡིན་ཡང། དེའུ་ཚའི་མཚོ་རྒྱུད་རྨ་ ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་ དགོངས་པ་རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་ དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་ [1407] སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་བཞིན་དུ་བླ་ ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས་ཤིང། འདུལ་ བའི་བསྟན་པ་མདོ་ཁམས་སྨད་ནས་དར་བ་མཛད་པར་ཕྱག་རྗེས་ཆེན་ པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་གསལ་ གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། [1408] ཛཱ་ཡ་བློ་བཟང་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་འདུལ་འཛིན་ བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་ལྔ་བ་ ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་ལས་འཇིགས་བྱེད་ དང། གདུགས་དཀར། གསང་འདུས་སོགས་ཐུགས་འཛིན་ མཛད། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་ ལྔ་བ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། གླིང་སྟོད་ཞབས་དྲུང་ བློ་བཟང་རྒྱ་མཚོ་ལས་སྤྱོད་འཇུག་དང། གསོ་རིག་རྩ་རྒྱུད་སོགས་ ཀྱི་ལུང་ཞུས། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཞུགས་ནས་དཀའ་ ཆེན་ནམ་མཁའ་བསོད་ནམས་གྲགས་པར་བསྟེན་ཏེ་ཚད་མ་རྣམ་འགྲེལ་ ཡོངས་རྫོགས་ཐུགས་འཛིན་མཛད་ཅིང་རྩོད་པ་ལའང་མཁས་པ་གྱུར་ དགུང་ལོ་ཉེར་གསུམ་པར་རྒྱལ་དབང་ལྔ་བ་ཆེན་པོ་ལས་བསྙེན་རྫོགས་ ཞུས་ཤིང་མཚན་ལ་བློ་བཟང་འཕྲིན་ལས་ཞེས་གནང། ཁོང་གིས་ [1409] པཎ་ཆེན་བློ་བཟང་ཆོས་རྒྱན། ཁྱབ་ བདག་དགེ་འདུན་དོན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ་ དགའ་ལྡན་ཁྲི་པ་བློ་བཟང་དོན་ཡོད་སོགས་དགེ་བའི་བཤེས་གཉེན་མང་ དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་ མཛད། དགུང་ལོ་སོ་བརྒྱད་པར་སོག་ཡུལ་དུ་ཕེབས་ཏེ་གདུལ་བྱ་ རྣམས་སྨིན་པར་མཛད། ཁོང་སོག་ཡིག་ལ་མཁས་པར་གྱུར་པས་ ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར་བར་མཛད། དགུང་ལོ་རེ་ བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་ གསུང་རྩོམ་ནི། ལོང། པའི་གླུ་དབྱངས། ཆོས་ཚན་སུམ་ཅུ་སོ་བཞི་ལོངས་པའི་པོད་ལྔ་བཞུགས་སོ། ། རྩྭ་དེ་བ་གྷོ་ཥ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ནོ། ཁོང་གི་བསྒྱུར་རྩོམ་ནི། ལས། སོ། ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཁམས་སྡེ་དགེའི་ཡུལ་གྱི་བྱེ་བྲག་རྫ་ཆུ་ཁར་སྐུ་འཁྲུངས། ར་ [1410] ཁོང་སྐུ་གཞོན་ནུའི་དུས་ནས་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བྱང་ ཆུབ་རྡོ་རྗེའི་དྲུང་དུ་རབ་ཏུ་བྱུང། མཚན་ལ་ཨོ་རྒྱན་འཇིགས་མེད་ ཆོས་ཀྱི་དབང་པོ་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཐེག་པ་ཆེན་ པོའི་རིགས་སད་ཅིང་སྐྱེས་ཐོབ་ཀྱི་མཁྱེན་པ་ཐོག་མེད་མངའ་བས་སློབ་ དཔོན་གྱིས་ཇི་སྐད་གསུངས་པ་ཐམས་ཅད་ཚེགས་མེད་དུ་མཁྱེན་ རིས་མེད་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་རིག་པའི་གནས་ ཆེ་ཆུང་ཀུན་ལ་མཁྱེན་པའི་ཀློང་བརྡོལ། གངས་ཅན་མཁས་དབང་ ཀུན་གྱི་གཙུག་རྒྱན་དུ་གྱུར། བླ་མ་གོང་མ་རྫ་དཔལ་དགེ་བསམ་གཏན་ ཕུན་ཚོགས་ཀྱི་རྟོགས་པ་རྒྱུད་ལ་འཕོས་པས་ཉམས་རྟོགས་ཁྱད་པར་ ཅན་ཐུགས་ལ་འཁྲུངས། སྙིགས་དུས་ཀྱི་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོར་ གྱུར། དེ་ལྟ་བུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་འདིས་ ཆེར་རློམ་དང་ཁེངས་དྲེགས་གཏན་ནས་མེད་པར་ཕྱི་ཚུལ་ཕལ་པར་ མཛད་ཅིང། གསུང་རྩོམ་མང་ཆེ་བར་རྩོམ་པ་པོའི་མིང་ཐོ་བཀོད་ མེད་ལ། གསུང་རྩོམ་འགའ་ཞིག་ལ་མཇུག་བྱང་དུ་མིང་ཐོ་འཁོད་པ་ རྣམས་ཀྱང་དཔེར་ན། ཁྱི་རྒན་དཔལ་དགེ་ཞེས་པ་སོགས་རང་ ཉིད་དམན་སར་འཛིན་པའི་མིང་ཐོ་ཁོ་ནར་འཁོད། ཁོང་གིས་མཛད་ པའི་བརྩམས་ཆོས་ཚང་མ་བརྡ་རྙིང་དང་མངོན་བརྗོད་མང་པོ་མེད་ ཅིང་ཚིག་སྙན་འཇེབས་དང་ལྡན་པ། བལྟས་པ་ཙམ་གྱིས་དོན་ གསལ་བར་གོ་ནུས་པ། ངོ་བསྟོད་དང་ཟོལ་ཟོག་གི་ཚིག་གཏན་ནས་མེད་ ཅིང། ཚིག་ཉུང་ཞིང་དོན་འདུས་པ་དང། དཀོར་རྫས་ལ་རྔམ་ [1411] དག་ལ་ཟུར་ཟའི་ཚིག་དག་ནི་ཁབ་ལྟར་རྣོ་ཞིང་གནད་འཕིགས་པའི་ རང་བཞིན་ཡོད། མ་རབས་ཀྱི་སྤྱོད་ངན་ལ་རྒོལ་ཞིང། ཡ་རབས་ ཀྱི་སྤྱོད་པ་ལ་བསྟོད་པ་དང། གཡོ་སྒྱུ་སྤངས་ཏེ་དྲང་པོ་བྱ་རྒྱུ་འདི་ ནི་མི་ཆོས་ཀྱི་མཆོག་ཡིན་པར་གསུངས་སོ། ཁོང་ནི་ནང་ཉམས་རྟོགས་ ཀྱི་དྲོད་ཚད་ཤིན་ཏུ་མཐོན་པོར་གྱུར་ཀྱང། ཕྱི་ཚུལ་ཐོག་རང་གི་ ཡོན་ཏན་ལ་མངོན་རློམ་ཅུང་ཟད་མེད་པར་སྦས་ཤིང། རང་ཉིད་ ལ་དམན་པའི་འདུ་ཤེས་ཀྱིས་དམའ་སར་ཁོ་ནར་འཛིན་པས་གཟུར་ བོར་གནས་པའི་མཁས་པ་ཀུན་གྱིས་བསྔགས་བརྗོད་ཐོབ། ཁོང་གི་ གསུང་རྩོམ་ནི་དྲིས་ལན་དང། ཆོས་འབྱུང། རྣམ་བཤད། རྩིས་ གཞུང། མཛོད་དང་དབུ་མ། མངོན་རྟོགས་རྒྱན། རྒྱུད་བླ་ མའི་བསྡུས་དོན་ས་བཅད། སེམས་ཁྲིད་ལམ་རིམ་ཀུན་བཟང་བླ་མའི་ ཞལ་ལུང་བཅས་པོ་ཏི་དྲུག་བཞུགས་སོ། ། རྫོང་དཀར་འཇིགས་མེད་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཡུ་རྔོག་ཏུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་ གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་སྐུ་གོང་མའི་ གདན་སར་མངའ་གསོལ་ཞིང་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ ལས་རབ་ཏུ་བྱུང། དགུང་ལོ་བདུན་པར་གདན་ས་རང་ནས་སྐྱ་སེར་ རྣམས་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གནང་བས་ཀུན་གྱི་དད་པ་དག་ [1412] དགུང་ལོ་བཅུ་གསུམ་པར་རོང་བོ་ཐོས་བསམ་ གླིང་གི་གྲྭ་ཚང་དུ་ཞུགས་ཏེ། བསྡུས་གྲྭ་ནས་གཞུང་ཆེན་དག་ལ་ཐོས་ བསམ་དཔྱིད་ཕྱིན་པར་མཛད། དེ་ནས་རོང་བོ་ཐོས་བསམ་རྣམ་རྒྱལ་ གླིང་གི་གདན་སའི་ཁྲི་ལ་ཕེབས་ཤིང་འགྲིག་ལམ་ཀུན་སྤྱོད་དང། ཆོས་ འཆད་ཉན། རྟེན་བརྟེན་པ་གསར་བཞེངས་བཅས་ཀྱི་ཐད་ལ་དོ་ དམ་གང་ལེགས་གནང། ཁྲི་ཟུར་ནས་རི་ཁྲོད་དག་ཏུ་བཞུགས་ཏེ་ སྒྲུབ་པ་ཉམས་ལེན་གྱིས་དུས་འདའ་བར་མཛད་དོ། ཁོང་ནི་རྫོང་ དཀར་སྐུ་ཕྲེང་ལྔ་བ་ཡིན་ལ། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་མཁན་རབས་ང་གཅིག་པ་ཡིན་ནོ། ། རྫོང་དཀར་འཇིགས་མེད་ལུང་རིགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ཨ་རིག་ཆུ་སྟོད་མའི་མཚམས་སྐྱོར་ཚོར་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་གཙང་སྒར་དུ་ཀད་ཀོར་སྤྲུལ་བའི་སྐུ་བསྟན་ འཛིན་ཆོས་རྒྱ་མཚོ་ལས་རབ་ཏུ་བྱུང། གུང་ཐང་རིན་པོ་ཆེས་རྫོང་ དཀར་སྤྲུལ་སྐུར་ཐུགས་ཐག་བཅད། དགུང་ལོ་བཅུ་གསུམ་པར་རོང་ བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་སྒོར་ཞུགས་ནས་རིགས་པ་སྨྲ་བ་ ཆོས་དར་རྒྱས་དང། ཤིང་བཟའ་པཎྜི་ཏ། དྲུང་ཡིག་བསོད་ ནམས་རྒྱ་མཚོ་སོགས་ལ་བསྟེན་ནས་སློབ་གཉེར་གྱི་ཞོར་དུ་བཀའ་ཆོས་ མང་པོ་གསན། རོང་བོ་རྒྱུད་པའི་ཁྲི་ལ་ལོ་གསུམ་དུ་བཞུགས་ དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སྒོ་མང་མཁན་པོ་ངག་ [1413] ཧོར་བློ་བཟང་མགོན་པོ། རྒྱལ་སྲས་ བློ་བཟང་བསྟན་གྲགས། གུང་རུ་བློ་གྲོས་བསྟན་པ་སོགས་བླ་མ་བཅུ་ ཕྲག་ཁ་ཤས་ཀྱི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་གཞུང་ལ་ཞིབ་དཔྱོད་ ལེགས་པར་གནང། དགུང་ལོ་ཉེར་ལྔ་བར་ཚེ་ཆོག་བསམ་གཏན་ གླིང་དུ་ལྷ་རྩེ་ཡེ་ཤེས་བསྟན་འཛིན་ལས་བསྙེན་པར་རྫོགས། ཕར་ ཕྱིན་དམ་བཅའ་བཞག་སྟེ་ཕྱིར་འབྱོན་ཁར་གཞུང་ས་ནས་སུ་ཙིག་ཐུ་ ཨེར་དཧེ་ནོམ་ཆིའི་ཆོ་ལོ་དང། བཀའ་ཤོག་ཐམ་ག་གྲུ་སྒོར། མཁན་ ཆས་ཆ་ཚང་བཅས་གནང། དེ་ནས་མདོ་སྨད་དུ་ཕེབས་ཏེ་དབལ་ མང་དཀོན་མཆོག་རྒྱལ་མཚན་དང། འདན་མ་དཔལ་ལྡན་ཐུབ་ བསྟན་རྒྱ་མཚོ། ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་སོགས་ལས་ ཆོས་རྒྱུན་མང་དུ་གསན། དགུང་ལོ་ཉེར་དགུ་བ་རབ་བྱུང་བཅུ་བཞི་ པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་གླིང་གི་ བསྐྱངས། ཁོང་གིས་གྲྭ་ཚང་ལ་རྣམ་འགྲེལ་འཛིན་གྲྭ་ཟུར་དུ་ཕྱེས་ཤིང་ རྟ་ནག་དགེ་འདུན་བློ་བཟང་གི་མཐའ་དཔྱོད་སྟེང་ནས་རྩོད་པ་ཆ་ཚང་ ངེས་པར་མཛད་དགོས་ཀྱི་བཀའ་ལྟར་མཐའ་དཔྱོད་ཀྱི་དཔར་དང་ བཅས་པ་གྲྭ་ཚང་ལ་བཞག་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་ཁྲི་རབས་སོ་གཉིས་པ་ཡིན། ཁོང་གི་གསུང་རྩོམ་ནི་ རྣམ་ཐར། [1414] ། རྫོང་དཀར་མ་ཎིབ་བསྟན་འཛིན་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་རྗེ་ཤེས་རབ་བཀྲ་ཤིས་ཀྱི་རིགས་དབོན་དུ་སྐུ་འཁྲུངས་ རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཚུལ་ཁྲིམས་བཀྲ་ཤིས་ ཀྱི་ཡང་སྤྲུལ་དུ་ཐག་བཅད། ཁུ་ཆེན་ཤེས་རབ་བཀྲ་ཤིས་ལས་རབ་ ཏུ་བྱུང་ཞིང་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་ནས་སློབ་གཉེར་གནང་ དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ ཞུགས་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ ཕྱིར་མདོ་སྨད་རང་ཡུལ་དུ་ཕེབས་ཏེ་ཁྲི་སྤྲུལ་བསྟན་པའི་ཉི་མ་ལས་རྡོར་ ཕྲེང་གི་དབང་དང། ཆུ་དམར་བློ་བཟང་རྒྱ་མཚོ་ལས་བཀའ་འགྱུར་ གཡེར་གཤོང་འཇམ་དབྱངས་བློ་གྲོས་ལས་བཀའ་ཆོས་མང་དུ་གསན་ ཁྱད་པར་དུ་ཁུ་ཆེན་ཤེས་རབ་བཀྲ་ཤིས་ལས་གདམས་ངག་བུམ་པ་གང་ བྱོའི་ཚུལ་དུ་གསན་ཞིང་བསྙེན་པར་རྫོགས། ཁུ་ཆེན་གྱི་ཕྱག་སྲོལ་ ལྟར་ཡིག་དྲུག་གི་འཕྲིན་ལས་སྤེལ་ཞིང་རྫོང་དཀར་ལེགས་སྐྱོང་མཛད་ ཀ་རིང་བཀྲ་ཤིས་དར་རྒྱས་གླིང་གི་དགོན་མགོ་ཕུལ་བ་ཞལ་གྱིས་བཞེས་ ཏེ་བཅའ་ཡིག་གསར་འཇོག་མཛད། རབ་བྱུང་བཅུ་གཉིས་པའི་མེ་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་བཅོ་ལྔའི་རིང་དུ་འཆད་ཉན་ བསྐྱངས། ཁྲི་ཟུར་ནས་དབེན་གནས་བཀྲ་ཤིས་འཁྱིལ་དང། ཤེལ་ [1415] ཚ་རྒྱལ་སོགས་རྫོང་དཀར་དང་ཁྱད་མེད་དུ་སྐྱོང་མུར་དགུང་ ལོ་བཞི་བཅུ་ཞེ་བཞི་བར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་ རབས་བརྒྱད་པ་ཡིན་ནོ། ། རྫོང་དཀར་ལུང་རྟོགས་གཏེར་ཆེན་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མདོ་བའི་ཡོ་ལག་ཏུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་སྐུ་གོང་མའི་གདན་སར་མངའ་གསོལ་ཞིང་ཁྲི་ སྤྲུལ་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང། རིག་པའི་གནས་ལྔ་ལ་ ཤིན་ཏུ་མཁས། དེ་ནས་དབུས་སུ་ཕེབས་ཏེ་སྒོ་མང་ཀླུ་འབུམ་ཁང་ ཚན་དང་བིས་མདོའི་མི་ཚན་ཉིས་འཛིན་གྱིས་བཞུགས་ས་ལྕང་སྐྱ་ར་ སྐོར་བྱས་ཏེ་འབྲས་སྤུངས་ཚོགས་ཆེན་གྱི་བླ་མར་མཛད་ཅིང། རྒྱལ་ བ་བསྐལ་བཟང་རྒྱ་མཚོ་ལས་གསུང་ཆོས་མང་དུ་ཐོབ་ཅིང་གཞུང་ བཀའ་པོད་ལྔ་ལ་ཞིབ་སྦྱངས་མཛད། དགུང་ལོ་ཉེར་ལྔ་པར་པཎ་ ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། དབུས་གཙང་ནས་ གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ། རྒྱལ་བ་འཇམ་ དཔལ་རྒྱ་མཚོས་སུ་ཙུག་ཐུ་ཨེར་ཏེ་ནི་ནོ་མིན་ཧན་ཞེས་པའི་མཚན་ལུང་ དང་བཀའ་ཤོག་གདུགས་རྟ་དར། རྒྱ་གླིང་ཆ། སྐུ་གསུང་ ཐུགས་རྟེན། ན་བཟའ་སྣམ་གོས་བཅས་ཀྱི་བདག་རྐྱེན་དང། གཞུང་ ས་ཆེན་པོ་སོགས་ནས་བཀུར་བཟོ་ཆེན་པོ་བྱས། ཕྱིར་རང་ཡུལ་དུ་ [1416] ཁོང་གིས་ཐབས་མཁས་ཀྱིས་ཆིངས་ཡིག་མཛད་དེ་ཞི་བར་བྱས་པས་ ཙོང་འདུ་དང་ཨམ་བཧན་གཉིས་ཀྱིས་གོང་མ་ཆེན་པོར་ཞུ་འབུལ་བཏེགས་ དོན་ལྟར་ཁོང་ལ་བཀའ་ཤོག་གསེར་འབྲུག་བརྒྱད་ཀྱིས་བསྐོར་བ་ གནང། པེ་ཅིན་ཕོ་བྲང་དུ་བྱོན་སྐབས་ཇུན་གན་ཡ་མོན་ནས་མ་ཎི་ བླ་མ་ཧོ་ཐོག་ཐུ་ཞེས་པའི་ཆོ་ལོ་དང། གསེར་ཐམ་གྲུ་སྒོར། གསེར་ འབྲུག་བདུན་གྱིས་བཏེགས་པའི་པད་རག་གི་ཏོག་གོས་ཆེན་ཡུག་ གཉིས། བྱུ་རུའི་ལས་ཕྲེང། ལས་ལྭ་བཅས་གནང། ཕོ་ བྲང་ཆེན་པོ་པེ་ཅིན་ནས་ཟངས་མ་ཁལ་ཆེན་བདུན་བཟོ་བོ་མི་ལྔ་བཅས་ གདན་དྲངས་ཏེ་འཇམ་དབྱངས་ཀུན་གཟིགས་ཐོག་ཚད་ཕྱེད་དང་ གཉིས་ཡོད་པ་རིན་པོ་ཆེ་ཕྲ་ཚོམ་གྱིས་སྤྲས་པ་ཁྲི་རྒྱབ་ཡོལ་དང་བཅས་ ལེགས་པར་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་མཛད་ རྒྱ་བོད་ཧོར་གསུམ་གྱིས་གཙུག་ཏུ་བཀུར་བའི་བླ་ཆེན་ཞིག་ཡིན། དགུང་ ལོ་རེ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྫོང་ དཀར་སྐུ་ཕྲེང་གསུམ་པ་ཡིན་ནོ། ། རྫོང་བ་ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱའི་མཐོང་སྨོན་བླ་བྲང་དུ་ཡབ་དཔོན་པོ་ནོར་འཕེལ་གྱི་སྲས་སུ་སྐུ་ འཁྲུངས། གདུང་རུས་ཞང་ཡིན། རབ་བྱུང་བདུན་པའི་མེ་ཕོ་ སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ བོ་དོང་ཕྱོགས་ལས་རྣམ་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ [1417] ཤིང་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། དགུང་ལོ་ཉི་ཤུ་ ཐམ་པར་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་དང་ཤར་པ་ཡེ་ཤེས་ རྒྱལ་མཚན་གཉིས་ལས་བསྙེན་པར་རྫོགས། པོ་དོང་ཨེར་ཕེབས་ནས་ ཚད་མ་རྣམ་འགྲེལ་སོགས་ལ་ཤིན་ཏུ་བྱང་བར་མཛད། དགུང་ལོ་ བཅུ་གསུམ་པར་གདན་ས་ཆེན་པོར་གྲྭ་སྐོར་མཛད། གཡག་ཕྲུག་ སངས་རྒྱས་དཔལ་བ་ལས་ཕར་ཕྱིན་གསན་ཞིང་ལེགས་པར་མཁྱེན་ ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལས་གསུང་ངག་སོགས་ཟབ་ རྒྱས་ཀྱི་གདམས་པ་དང། ཞང་བླ་ཀུན་དགའ་རྒྱལ་མཚན། ས་བཟང་གཞོན་ནུ་བློ་གྲོས། བླ་མ་དཔལ་ལྡན་དོན་གྲུབ་སོགས་ལས་ རྒྱུད་སྡེའི་མན་ངག་མཐའ་ཡས་པ་གསན་པས་གསང་སྔགས་ཟབ་མོའི་ བདག་པོར་གྱུར། དེ་ནས་ངམ་རིང་གི་ཆོས་སྡེ་དང། ཡ་ག་ཆོས་ སྡིངས། སློབ་བཤད་ནོར་བུའི་གླིང་གི་གྲྭ་ཚང། རྫོང་པ་སོགས་ སུ་ཕེབས་ཏེ་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད་ནས་བཞུགས་མུར་ དགུང་ལོ་དྲུག་ཅུ་རེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྔགས་འཆང་ཨཱ་ནན་ཏ་པ་དང། བདག་ ཆེན་དཔལ་ལྡན་ཆོས་སྐྱོང། སེམས་དཔའ་གཞོན་ནུ་རྒྱལ་མཆོག་ མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་ཡིན་ནོ། ། མཛེ་སྨད་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས།། ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་ཁུལ་དུ་སྐུ་འཁྲུངས། ད་ལྟ་ ་ [1418] ཁོང་དགུང་ལོ་ཆུང་ངུའི་དུས་ནས་ མཛེ་སྨད་སྤྲུལ་སྐུར་ངོས་འཛིན་གནང་སྟེ་ཁྲི་འཛོན་མཛད། ཡི་གེའི་ སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དེ་ནས་དབུས་སུ་ ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་ཅིང་གཞུང་ ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཛད། ཁྲི་བྱང་བློ་བཟང་ཡེ་ཤེས་ སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཁ་ཤས་ལ་བསྟེན་ནས་མདོ་ སྔགས་ཆོས་ཀྱི་དབང་ལུང་མང་དུ་གསན། དགུང་ལོ་ཉེར་ལྔ་པར་ རང་གི་རྩ་བའི་བླ་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ དགུང་ལོ་ཉེར་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ ཅིང་ལྷ་རམས་པའི་དམ་བཅའ་གནང། དགུང་ལོ་ཉེར་དགུ་པར་ལྷ་ ས་སློབ་ཆུང་ཨང་དང་པོའི་དགེ་རྒན་མཛད་ནས་འཆད་ཉན་སྤེལ། དེ་ ནས་རྒྱ་གར་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་སྒྲུབ་བཞིན་བཞུགས་ ཁོང་གི་གསུང་རྩོམ་ནི་ ཕྱེ་མར་འཐག་པ་རེག་གཅོད་རལ་གྲིའི་འཕྲུལ་འཁོར། གཅིག་བཞུགས་སོ། ། མཛོད་དགེ་དཀོན་མཆོག་དམ་ཆོས་ཡར་འཕེལ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཛོད་དགེ་སྨད་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་དྲུག་པར་ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་ བྱུང་ཞིང་དགུང་ལོ་བརྒྱད་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་ དགེ་ཚུལ་བསྒྲུབས། དེ་ནས་སྐུ་གོང་མ་བཀའ་འགྱུར་བ་བློ་བཟང་ཉི་ [1419] སར་བཀོད། ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་དང་མཛོད་དགེ་རི་ ཁྲོད་དབང་བོ་རྣམ་གཉིས་ལ་བསྟེན་ནས་ཐུན་མོང་མ་ཡིན་པའི་དབང་ ལུང་མན་ངག་མང་དུ་གསན། དགུང་ལོ་ཉི་ཤུ་ཐམ་པར་གུང་ཐང་ འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན་ ལོ་དེར་དབུས་སུ་ཕེབས་ཏེ་རྒྱལ་པཎ་རྣམ་གཉིས་དང། རྒྱལ་སྲས་ རིན་པོ་ཆེ། ས་ཆེན་དབང་སྡུད་སྙིང་པོ་སོགས་ལ་མཇལ་ཞིང་ཆོས་ འབྲེལ་ཞུས། རིག་གནས་ཐམས་ཅད་དང་ལྷག་པར་དུ་སྙན་ངག་ལ་ མཁས་པས་སྨྲ་བའི་དབང་པོར་གྱུར། དགུང་ལོ་ལྔ་བཅུའི་ནང་ནས་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི། ཐང་འཇམ་པའི་དབྱིངས་ཀྱི་རྟོགས་བརྗོད་ཆོས་དུང་དཀར་པོའི་སྒྲ་ དབྱངས། མཆོད་ཟིན་བྲིས། ། མཛོད་དགེ་འདུན་དཔལ་བཟང།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་བཞག་སྡོམ་དཔོན་རྒྱུད་དུ་སྐུ་འཁྲུངས། རབ་ བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ འདུན་རྣལ་མར་ཡོད་རུང་ཐོག་ཏུ་མ་ཁེལ། དགུང་ལོ་སུམ་ཅུར་ཉེ་ སྐབས་རང་ཡུལ་གྱི་བྱང་མཇལ་པ་འགའ་དང་འགྲོགས་ནས་བླ་བྲང་ བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཆོས་གྲྭར་ཞུགས། དབྱར་ཐོག་ཕལ་ཆེར་ [1420] ལ་ཟྭ་ཚོད་བསྐོལ་ནས་བཞེས་པ་སོགས་སྲོག་འཚོ་བ་ཙམ་གྱི་མཐུན་རྐྱེན་ ལ་བརྟེན་ཞིང་ཚོགས་ཆོས་འགྲིམས། གཞུང་ཆེན་རྣམས་ལ་ཐོས་བསམ་ ནན་ཏན་དུ་མཛད་ཅིང་རྡོ་རམས་པའི་དམ་བཅའ་བཞག་ལེགས་ བཤད་སྙིང་པོ་དང། ཡིག་ཆའི་དབུ་ཕར་ཡོངས་རྫོགས། དྲང་ ངེས་རྣམ་འབྱེད་ཆེན་མོ། ལམ་རིམ་ཆེན་མོ། རྣམ་བཤད་དགོངས་ པ་རབ་གསལ། ལྕང་སྐྱའི་གྲུབ་མཐའ་རྣམས་ཐུགས་འཛིན་མཛད་ དེ་ནས་རྒྱུད་གྲྭར་ཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་ བཅས་ལ་སྦྱངས་པས་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། དབུས་ སུ་ཕེབས་ཏེ་བློ་གསལ་མང་པོར་དཔེ་ཁྲིད་གནང། ཀློང་རྡོལ་བླ་མ་ ལ་ཡང་ཆོས་འབྲེལ་ཞུས། དེ་ནས་མདོ་སྨད་དུ་ཕེབས་ཏེ་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་རྒྱུད་པའི་བླ་མ་དབུ་མཛད་དང་ཁྲིར་བཞུགས་ཏེ་འཆད་ ཉན་བསྐྱངས། ཁྲི་ཟུར་ནས་ཀིརྟིའི་ཁྲི་ཡང་བསྐྱངས། དགུང་ལོ་ དོན་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་ཉེར་གཉིས་པ་ཡིན་ནོ། ། འཛམ་གླིང་ཆོས་ཀྱི་རྒྱལ་པོ།། ཁོང་ནི་འབྲི་གུང་ཆོས་ཀྱི་རྒྱལ་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། འཛེངས་སྒོམ་དྷརྨ་བི་དཧི།། ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཡབ་བཀྲ་ཤིས་གཡུང་དྲུང་དང། ཡུམ་འཚར་དགུ་བཟའ་སྐྱིད་ དེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ཕོ་བྱི་ལོ་ [1421] སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་ཀྱི་བར་དུ་ ཞང་པོའི་དྲུང་དུ་བཞུགས་ཤིང་ཀློག་ཡིག་ལེགས་པར་མཁྱེན། དེ་ནས་ དམ་པ་རྒྱ་གར་དང་མཇལ་ཞིང་ཡི་གེ་དྲུག་པའི་གདམས་ངག་ཞུས་ཏེ་ བསྒྲུབས་པ་མཛད་པས་བྱིན་རླབས་ཐུན་མོང་མ་ཡིན་པ་བྱུང། དེ་ ནས་དབུས་སུ་བྱོན་ཏེ་ཨ་ཁུ་དཔལ་འབར་དང། སྣུབས་ཤངས་པོ་ ཆེ། བ་རི་ལོ་ཙཱ་བ་བཅས་ལ་བསྟེན་ནས་ཁྲག་འཐུང་ལ་སོགས་པའི་ གསང་སྒྲུབ་མང་དུ་ཞུས། དགུང་ལོ་སུམ་ཅུ་རྩ་ལྔ་པར་སྦ་སྒོམ་ཡེ་ ཤེས་བྱང་ཆུབ་དང་མཇལ་ནས་རྡོ་རྗེ་ཟམ་པའི་གདམས་ངག་ཞུས། ཡུ་ མོ་བ་ལས་དུས་འཁོར་གྱི་སྦྱོར་དྲུག་ཞུས། དེ་ནས་དབུ་རུར་བྱོན་ཏེ་ ལྷ་རྗེ་སྙི་སྒོམ་ལས་ཆོས་དྲུག་དང་སྐྱེས་སྦྱོར། ལབ་སྒྲོན་ལས་གཅོད་ ཡུལ། དགེ་བཤེས་དགྲོལ་སྒོམ་ལས་ནཱ་རོ་ཐབས་ལམ་བཅས་ཞུས་ པས་རྟོགས་པ་ཁྱད་པར་ཅན་འཁྲུངས་ཏེ་དཔའ་བོ་འཛེང་ཆུང་ཞེས་ མཚན་ཐོགས། ཁོང་གིས་སྐུ་ཚེ་གང་བོར་བླ་མ་རྣམས་ལ་བསྟེན་ནས་ ཞབས་ཏོག་ལེགས་པར་ཕུལ་ཞིང་དཀའ་ཐུབ་ཀྱང་ཤིན་ཏུ་མཛད་ ཆོས་ཐམས་ཅད་ལ་ནང་བྱན་ཚུད་ཅིང་དགོངས་པ་ནམ་མཁའ་བཞིན་ དུ་འདྲེས། དོན་ཐམས་ཅད་སྤྲོས་བྲལ་རྣམ་དག་ལ་སོང་སྟེ་ཡི་དམ་ལྷ་ ཡིས་ཞལ་གཟིགས་ཤིང་མངོན་པར་ཤེས་པའི་རྟོགས་པ་འཁྲུངས། སྙན་ བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་འདི་འཛེང་སྒོམ་ཁོང་གི་རིང་ལ་ དར་རྒྱས་ཆེན་པོ་བྱུང་བ་ཡིན། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་བརྒྱ་དང་བཅུ་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་རྡོ་རྗེ་ཟམ་པའི་གདམས་ངག་ལ་ནང་ [1422] བྱན་ཚུད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ ཁོང་ནི་སློབ་མ་གྲགས་ཆེ་བ་ནི་སློབ་དཔོན་ཀུན་བཟང་དང། འཛེང་ ཇོ་སྲས། མྱང་དྷརྨ་སིདྷ། སློབ་དཔོན་གསེར་ལུང་པ། བླ་མ་ ངུ་རྡོ་རྗེ་རྒྱན། གཟིག་ཡེ་ཤེས་དབང་པོ། གཡག་སྟོན་ཟླ་བ་འོད་ ཟེར་བཅས་ཡིན་ནོ། ། འཛེང་དབང་ཕྱུག་རྒྱལ་མཚན།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཁམས་ཕྱོགས་སུ་སྐུ་འཁྲུངས། རབ་བྱུང་དང་པོའི་ཆུ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁམས་ནས་བྱོན་ ཏེ་སློབ་དཔོན་ཉན་ཚོར་མཇལ་ཞིང་ཆོས་རྣམས་ལེགས་པར་གསན་ དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་མདུན་དུ་ཕེབས་ཏེ་ཇོ་བོ་རྗེ་ལ་ དར་ཡུག་བརྒྱ་ཕུལ་ཞིང་སྒོམ་གྱི་གདམས་པ་ཐམས་ཅད་རྫོགས་པར་ ཞུས། སྒོམ་པ་ཉམས་ལེན་མཛད་པས་གེགས་མང་པོ་བྱུང་བ་ཡང་ རང་ཤུགས་ཀྱིས་བག་ལ་ཞ། རྟོགས་པ་མཐོ་པོར་གྱུར་ནས་མངོན་ པར་ཤེས་པ་རྒྱ་ཆེན་པོ་མངའ། ཁོང་གིས་རླུང་བཟུང་སྟེ་བ་སྦུ་ཡང་ མི་འགུལ་བར་ཞག་གསུམ་ཙམ་བཞུགས་པས་སློབ་མ་རྣམས་ཀྱིས་འདས་ ཟིན་སྙམ་པ་ལ་ཀོག་གིས་བཞེངས་ཏེ། ཁོ་བོ་ཁམས་ཅུང་ཞིག་མ་བདེ་ བས་རླུང་བཟུང་བ་ཡིན་གསུངས། མངོན་པར་ཤེས་པ་ཡང་བརྫུ་ བར་མི་མཛད་པར་གཞན་ལ་གསལ་པོར་གསུངས་པར་མཛད་ དགུང་ལོ་དྲུག་ཅུ་རྩ་གཉིས་པ་རབ་བྱུང་དང་པོའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་རྭ་སྒྲེང་དགོན་པའི་གདན་སར་ཕེབས་ཤིང་ལོ་ངོ་ལྔའི་ [1423] རིང་དུ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་སྣེའུ་ཟུར་བ་ཡེ་ཤེས་འབར་དང། ཞང་ཀ་མ་བ། གཉན་སྣ་ མོ་བ། འབྲེ་ཀོ་དེ་ལུང་བ། ཁ་རག་སྒོམ་ཆུང། སྟོན་པ་ཡོན་ ཏན་འབར། སྒོམ་པ་རིན་ཆེན་བླ་མ། ཨ་མེས་སྨན་རྒན་བཅས་ ཡིན། ཁོང་ནི་རྭ་སྒྲེང་དགོན་པའི་གདན་རབས་གསུམ་པ་ཡིན་ནོ། ། [000] ཝང་ཀུན་དགའ་ལེགས་པ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་ནི་ཝང་ གྲགས་པ་འབྱུང་གནས་ཀྱི་ཡབ་ཡུམ་གཅིག་པའི་གཅུང་པོ་ཡིན། ཁོང་ གསུང་རབ་ལ་སྦྱངས་པ་མ་སྨད་པ་མཛད་དེ་རྩེད་ཐང་གི་གདན་སར་ ཕེབས། རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བའི་གྲུབ་པའི་དབང་ ཕྱུག་ཆེན་པོ་ཞིག་ཡིན་ཡང་གནས་སྐབས་སུ་སྐྱེ་བོ་རྣམས་ཀྱི་སྣང་ངོར་ མཛད་སྒོ་ལེགས་པ་མ་བྱུང། རབ་བྱུང་བདུན་པའི་ཤིང་མོ་གླང་ལོ་ སྟེ་སྤྱི་ལོ་་ལོར་ཕོ་བྲང་སྣེའུ་གདོང་གི་གསེར་ཁྲིར་ཕེབས་ ཏཱ་མིང་གོང་མ་ཆེན་པོ་མིང་ཤའན་ཅུང་གིས་ཧྲན་ཧྭ་ཝང་ཞེས་པའི་ཆོ་ ལོ་འཇའ་ས་གནང། དེ་ནས་ཁོང་གིས་ཕྱོགས་རེ་བའི་གཏམ་ལ་ གསན་ནས་ཡབ་ཡུམ་ནང་མཚམས་སུ་མི་མཐུན་པའི་འགལ་རྐྱེན་མང་ པོ་བྱུང། ཡར་གོང་བྱ་བ་བསམ་སྡེ་བ་སོགས་ཀྱིས་བདག་མོའི་ཕྱོགས་ སུ་ལངས། སྣེའུ་འོལ་དགའ་རྣམས་ཁོང་གི་ཕྱོགས་སུ་ལངས་ནས་ དུས་མི་བདེ་བ་ཡང་ཡང་བྱུང། དེ་ནས་སྲིད་དབང་བཟུང་བ་སྟབས་མ་ བདེ་ནས་རབ་བྱུང་བརྒྱད་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྡེ་ [1425] སྲིད་གི་གོ་གནས་ཆོས་རྗེ་ངག་གི་དབང་པོ་ལ་ཕུལ། ཆབ་སྲིད་ལོ་ངོ་ དགུ་ལ་བསྐྱངས། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་བདུན་པ་ཡིན། ། ཝང་ཀུན་དགའ་ལེགས་པའི་འབྱུང་གནས།། ཁོང་ནི་རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་རེ་ མདའ་ལ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང། ཡུམ་ལྷ་གཅིག་ ཉི་མ་རིན་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྲད་ཀྱི་ཆ་ལུང་དུ་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ནས་སྣོད་ལྡན་ གྱི་གདུལ་བྱ་རྣམས་ལ་དམ་པའི་ཕ་ཆོས་ཀྱིས་དགའ་སྟོན་རྒྱ་ཆེན་པོར་ བསྩལ་བས་དད་ལྡན་བུ་སློབ་མང་དུ་བྱུང། ཡོན་རྒྱལ་རབས་ཀྱི་གོང་མ་ ཆེན་པོ་ཐོ་གན་ཐེ་མུས་སའི་ལེན་ཝང་གི་གོ་གནས་དང། གསེར་གྱི་དམ་ ཁ་ཆེན་མོ། ཤེལ་གྱི་ཐོ་ཤུ། ཐོང་བྱིང། གིང་རིའི་ཁྲིམས་ར་ རྒྱལ་པོ་རང་ཉིད་ཀྱི་ལྕམ་མོ་ཁབ་ཏུ་ཕུལ་ཞིང། ཉི་མ་ནུབ་ཕྱོགས་ བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག་ནས་ཁྲིམས་ཀྱི་བྱ་བ་ལ་མངའ་ མཛད་དེ། དགུང་ལོ་ཉི་ཤུ་རྩ་དགུ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས། ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་དང་ པོ་ཡིན་ནོ། ། ཝང་གྲགས་པ་རྒྱལ་མཚན་ ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྟག་ཚང་རྫོང་ཁར་ཡབ་ཝང་ཀུན་དགའ་ལེགས་པའི་འབྱུང་གནས་ དང། ཡུམ་དགེ་འདུན་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ [1426] བྱུང་དྲུག་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་རྫོང་དཀར་དུ་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བླ་མ་དམ་པ་བསོད་ ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་ཡབ་མེས་ཀྱི་བཀའ་ཆོས་ ཡོངས་སུ་རྫོགས་པ་གསན། དེ་ནས་བླ་ཆེན་བསོད་ནམས་བློ་གྲོས་ དང། རྒྱལ་བ་བྲག་ཕུག་པ། མཉམ་མེད་ཆེན་པོ་སོགས་ལ་བསྟེན་ ཏེ་རྩ་རྒྱུད་བརྟག་གཉིས་སོགས་ཆོས་སྐོར་མང་དུ་གསན། ཡོན་གོང་ མ་ཆེན་པོས་སའི་ལེན་ཝང་གི་གོ་གནས་དང་གསེར་དམ་ཐོ་ཤུ་དང་ བཅས་པ་གནང། གདན་ས་ཆེན་པོ་དང་སྟག་ཚང་རྫོང་ཁ་སོགས་ སུ་བཞུགས་ནས་གཙུག་ལག་ཁང་དང་དཀོན་མཆོག་གི་རྟེན་གསུམ་ བཞེངས་པ་བཅས་བསྟན་པའི་ཞབས་ཏོག་ལེགས་པར་མཛད། གདུང་ རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་གཉིས་ཁབ་ཏུ་བཞེས་ཏེ་ རིགས་སྲས་གསུམ་འཁྲུངས། དགུང་ལོ་བཞི་བཅུ་ཞེ་གཉིས་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ས་སྐྱའི་དུས་མཆོད་ བླ་བྲང་གི་གདུང་རབས་གཉིས་པ་ཡིན་ནོ། ། ཝང་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྣེའུ་དགོང་དུ་ཡབ་ཤཱཀྱ་རིན་ཆེན་དང་ཡུམ་ཟིན་རིན་ཆེན་འཛོམས་ པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་ སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་སྐྱེས་སྟོབས་ཀྱི་ ཤེས་རབ་དང་ལྡན་ཞིང། ཡི་གེའི་འབྲི་ཀློག་ཀྱང་ཆེད་གཉེར་དུ་སློབ་ མི་དགོས་པར་འབད་མེད་དུ་མཁྱེན། མཁན་པོ་གཞོན་དབང་ལས་ [1427] རབ་ཏུ་བྱུང། སྤྱན་སྔ་གྲགས་པ་བྱང་ཆུབ་ལས་བཀའ་བརྒྱུད་གོང་ མའི་ཁྲིད་ཡིག་རྣམས་གསན། ཕྱི་ནང་གི་རིག་པར་མཆོག་ཏུ་མངའ་ བས་རྩེད་ཐང་དུ་ཕེབས་ནས་རྟོག་གེའི་རིག་པར་མངོན་པར་རློམ་པ་ རྣམས་ཀྱི་སྤོབས་པ་འཕྲོགས། སྤྱི་ལོ་་ལོར་ཕོ་བྲང་སྣེའུ་གདོང་ གི་གསེར་ཁྲིར་ཕེབས་ནས་ཆབ་སྲིད་བསྐྱངས། སྤྱི་ལོ་་ལོར་ ཏཱ་མིང་གོང་མ་ཆེན་པོ་ཧུང་འདུས་ཀྭ་དིན་གོ་ཤྲཱི་སྟེ་རྒྱལ་ཁབ་སློབ་དཔོན་ གཙུག་གི་ནོར་བུ་ཞེས་པའི་འཇའ་ས་དང། གསེར་གྱི་ཐམ་ཁ་གནང་ དེ་ནས་བཟུང་མཚན་དུ་ཝང་གྲགས་པ་རྒྱལ་མཚན་ཞེས་ཡངས་པའི་ ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། སྤྱི་ལོ་་ལོར་ཏཱ་ མིང་གོང་མ་ཡུང་ལོ་རྒྱལ་པོས་ཧྲན་ཧཱ་ཝང་ཞེས་པའི་ཆོ་ལོ་དང་ཤེལ་གྱི་ དམ་ཁ་གནང་བ་དང། རྫོང་ཆེན་སོ་སོའི་རྫོང་སྡོད་ཁག་ལའང་མི་ བརྒྱུད་དང་བཅས་པར་འཇའ་ས་ཤེལ་གྱི་ཐམ་ཁ་གནང། སྤྱི་ལོ་་ ལོར་རྗེ་ཙོང་ཁ་པའི་གསུང་བཞིན་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ ཆེན་མོའི་དུས་སྟོན་ཁྱད་པར་ཅན་འཛུགས་རྒྱུའི་མཐུན་རྐྱེན་གང་ལེགས་ བསྒྲུབས། ཁོང་གིས་ཆབ་སྲིད་ལོ་ངོ་བཞི་བཅུ་ཞེ་བདུན་རིང་དུ་ བསྐྱངས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་བྱེད་ཐབས་གསར་བ་ མང་པོ་ལག་ལེན་བསྟར་བས་དེའི་སྐབས་ཀྱི་ཆབ་སྲིད་དང། དཔལ་ འབྱོར། རིག་གནས་སོགས་དབྱར་མཚོ་རྒྱས་པ་ལྟར་ཉིན་བཞིན་གོང་ དུ་འཕེལ་བར་མཛད། ཁོང་གི་དྲུང་འཁོར་གྲགས་ཆེ་བ་ནི་རིན་སྤུངས་ ནམ་མཁའ་རྒྱལ་མཚན་དང། འཕྱོངས་རྒྱས་ཧོར་དཔལ་འབྱོར་ བཟང་པོ། སྣེའུ་པ་ནམ་མཁའ་བཟང་པོ། བྲག་དཀར་བ་རིན་ [1428] ཆེན་དཔལ་བཅས་ཡིན། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་སྔ་པ་ ཡིན། ། ཝང་གྲགས་པ་འབྱུང་གནས།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྣེའུ་གདོང་དུ་ཡབ་སངས་རྒྱས་རྒྱལ་མཚན་དང། ཡུམ་རིན་སྤུངས་ ནས་ཁབ་ཏུ་བཞེས་པའི་བདག་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བདུན་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་གཞན་དང་མི་འདྲ་བའི་རིག་པའི་གནས་ ལ་མཁས་ཤིང། ལྷག་པར་དུ་གསང་སྔགས་ཀྱི་མཁྱེན་རྒྱ་ཤིན་ཏུ་ཆེ་ བ། ཡ་རབས་ཀྱི་སྤྱོད་བཟང་དང་ལྡན་པ་ཞིག་ཡོད། རབ་བྱུང་ བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཕོ་བྲང་སྣེའུ་གདོང་གི་ གསེར་ཁྲིར་ཕེབས། དེའི་ཕྱི་ལོ་ཡབ་སངས་རྒྱས་རྒྱལ་མཚན་གྱིས་སྣེའུ་ གདོང་གི་སྲིད་དབང་འཕྲོག་པའི་གཡོ་ཐབས་ངན་པ་མང་པོ་བྱས་ཏེ་ ནང་འཁྲུག་ལངས་ཀྱང་མཐའ་མ་སངས་རྒྱས་རྒྱལ་མཚན་ཕམ་ནས་ཡར་ རྒྱབ་ཏུ་བཏང། ཡབ་སྲས་ནང་འཁྲུག་དེ་ལ་སྟག་ལོའི་སྤྱི་ལོ་་ ལོ་སྡེ་གཟར་ཆེན་པོ་ཟེར། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་ པའི་དཔེ་ལྟར། སྤྱི་ལོ་་ལོར་ས་སྐྱའི་དཔོན་རིགས་ལ་ལས་ ངན་སྐུལ་བྱས་པའི་འོག་ཏུ་རིན་སྤུངས་པ་དོན་གྲུབ་རྡོ་རྗེས་གཞིས་ཀ་ བསམ་གྲུབ་རྩེ་བླངས། ཆབ་སྲིད་ཀྱི་ལྟེ་གནས་རིན་སྦུངས་ནས་གཞིས་ རྩེར་སྦོས། གཙང་ཁུལ་གྱི་མི་དྲག་འགོ་པ་མང་པོས་རིན་སྤུངས་པའི་ ཕྱོགས་སུ་ལངས་ནས་བོད་ཀྱི་སྲིད་དབང་གི་ལྟེ་གནས་དེ་སླར་ཡང་ [1429] གཙང་ཁུལ་དུ་བྱེད་པའི་རེ་བ་བཅངས། དེ་ནས་བཟུང་ཕག་གྲུའི་ དབང་བསྒྱུར་གྱི་གོ་གནས་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས། རབ་ བྱུང་བདུན་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ཏཱ་མིང་གོང་མ་ ཆེན་པོ་ཀྲེང་ཐུང་རྒྱལ་པོས་ཝང་ཞེས་པ་རྒྱལ་པོའི་འཇའ་ས་གནང་བས་ མཚན་དུའང་ཝང་གྲགས་པ་འབྱུང་གནས་སུ་གྲགས། གཙང་ཁུལ་དུ་ དུས་བདེ་ཞི་འཇགས་དེ་ཙམ་མེད་པས་བྱང་ཕྱོགས་ཀྱི་སོ་ཁ་སྲུང་ཆེད་འུ་ ཡུག་གླིང་དཀར་རྫོང་བརྩིགས། རིན་སྤུངས་ནོར་བུ་བཟང་པོ་དང་ འཕྱོངས་རྒྱས་པ་ཧོར་དཀོན་ཅོག་རིན་ཆེན་ཁྲིམས་ཀྱི་ཁ་ལོ་བསྒྱུར་བའི་ བློན་པོར་བསྐོས། ཆབ་སྲིད་ལོ་ངོ་བཅུ་གཉིས་རིང་དུ་བསྐྱངས་སོ་ ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་ཡིན། ། ཝང་འགྱུར་མེད་རྣམ་རྒྱལ།། ཁོང་གི་འཁྲུངས་ལོ་མི་གསལ། གཙང་གི་འབྲུམ་ཕོ་ལྷའི་ཡུལ་ དུ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བཅུ་པའི་ ཚེས་བཅུ་གསུམ་ཉིན་བོད་སྡོད་ཨམ་བན་ཕུ་ཆིན་དང་ལས་རོགས་པ་ ལབ་ཏུག་གཉིས་ཀྱིས་ཁྲོམ་གཟིགས་ཁང་དུ་སྲོག་ཐོག་ཏུ་བཏང། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་ལེགས་ པར་སྦྱངས། དེ་ནས་སྐུ་ན་སོན་ཏེ་རབ་བྱུང་བཅུ་གཉིས་པའི་ས་ཕོ་ སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་ཡབ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་དང་ དཔུང་པ་མཉམ་བཤིགས་བྱས་ནས་ང་ལུམ་སྦྱར་གསུམ་གྱི་དོན་རྐྱེན་ཞི་ འཇགས་བྱས། རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ [1430] ལོར་གོང་མ་ཆན་ལུང་གིས་ཐའི་ཇི་རིམ་པ་དང་པོའི་ཆོ་ལོ་གནང་ཞིང་ འདམ་བརྒྱ་ཤོག་བརྒྱད་དང་ཚོ་པ་སོ་འགུའི་འགོ་འཛིན་དུ་བསྐོས། རབ་ བྱུང་བཅུ་གསུམ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བཞི་ པའི་ནང་ནས་གོང་མ་ཆན་ལུང་གིས་ཇུན་ཝང་ཞེས་པའི་ཆོ་ལོ་དང་ དབུས་གཙང་གི་བཀའ་སློབ་བྱ་བ་བྱེད་མཁན་ཐོ་ཇུག་ཝང་གི་ཐམ་ག་ ཞེས་པ་གནང་སྟེ་བོད་ཀྱི་ཆབ་སྲིད་བསྐྱངས། དེ་ནས་ཡབ་འདས་པོ་ ཕོ་ལྷའི་དགོངས་པ་དང་ཡོངས་སུ་འགལ་ཏེ་བོད་སྡོད་ཨམ་བན་ལ་ངོ་ རྒོལ་དང། གཅེན་པོ་འགྱུར་མེད་ཚེ་བརྟན་བཀྲོངས་ནས་མངའ་རིས་ སྐོར་གསུམ་དབང་དུ་བསྒྱུར་ཞིང། ཇུག་གར་བ་ལ་འབྲེལ་བ་བྱེད་པ་ བཅས་ཀྱི་གནས་ཚུལ་འོག་ཏུ་བོད་སྡོད་ཨམ་བན་གཉིས་ཀྱིས་གོང་མ་ ཆན་ལུང་གི་ཕོ་ཉ་དང་དམག་དཔུང་བོད་དུ་མ་སླེབས་གོང་ནས་ཚར་ བཅད་དོ། ། ཝང་ངག་དབང་བཀྲ་ཤིས་གྲགས་པ།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྣེའུ་གདོང་དུ་ཡབ་ཆོས་རྗེ་ངག་གི་དབང་པོ་དང། ཡུམ་རྫོང་ཁ་པའི་ སྲས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། རབ་བྱུང་ བརྒྱད་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རིན་སྤུངས་པ་མཚོ་སྐྱེས་ རྡོ་རྗེ་དང། འཕྱོངས་རྒྱས་པ་ཧོར་ཚེ་དབང་རྣམ་རྒྱལ་གྱིས་གཙོས་པའི་ བཀའ་ཡི་བློན་པོ་རྣམས་བཀའ་གྲོས་མཛད་དེ་ལྷ་རིགས་རླངས་ཀྱི་གདུང་ རྒྱུད་འཛིན་པ་ངག་གི་དབང་པོའི་སྲས་ངག་དབང་བཀྲ་ཤིས་གྲགས་པ་ དགུང་ལོ་བཅུ་གཉིས་ལ་ཕེབས་དུས་ཕོ་བྲང་སྣེའུ་གདོང་ཆེན་པོའི་གསེར་ [1431] ཁྲིར་མངའ་གསོལ། དེའི་སྐབས་སུ་ཕག་གྲུའི་གདུང་རྒྱུད་རྣམས་ མཚན་ཙམ་མ་གཏོགས་སྲིད་ཀྱི་དབང་ཆ་མཐའ་དག་དོན་དུ་རིན་ སྤུངས་པས་བཟུང། རབ་བྱུང་བརྒྱད་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་ཏཱ་མིང་གོང་མ་ཆེན་པོ་ཧོང་ཀྲི་རྒྱལ་པོས་ཀྭ་དིན་གུ་ཤྲཱི་ཁྲན་ ཧོ་ཝང་སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཆོས་ཀྱི་རྒྱལ་པོ་ཞེས་ པའི་ཆོ་ལོ་དང་འཇའ་ས་གནང། ཁོང་གི་དྲུང་འཁོར་བློ་དཀར་བ་ ནི་རིན་སྤུངས་པ་ངག་དབང་རྣམ་རྒྱལ་དང། འཕྱོངས་རྒྱས་པ་ཧོར་ རིན་ཆེན་རྒྱལ་མཆོག་སྐུ་མཆེད། བྲག་དཀར་འཇམ་དཔལ་ཚེ་རིང་ རྒྱལ་པོ། ཡར་རྒྱབ་རིན་ཆེན་བཀྲ་ཤིས། དགའ་ལྡན་པ་བསོད་ནམས་ རྒྱལ་པོ། བྱ་ནོར་བུ་བཀྲ་ཤིས་བཅས་ཡིན། ཁོང་གིས་ཆབ་སྲིད་ ལོ་ངོ་ལྔའི་རིང་དུ་རིན་སྤུངས་པའི་འོག་ནས་བསྐྱངས་སོ། ཁོང་ནི་ ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་པ་ཡིན་ ཝང་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱར་ཡབ་ཝང་ནམ་མཁའ་ལེགས་པའི་རྒྱལ་མཚན་དང་ ཡུམ་མ་གཅིག་བཙུན་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བརྒྱད་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བདུན་པར་ཡི་གེའི་སྦྱོར་ཀློག་དང་རྩ་རྒྱུད་བརྟག་གཉིས་ ཐུགས་འཛིན་གནང་བ་ནས་བཟུང་གཞུང་ལུགས་ཁག་ལ་གསན་སྦྱོང་རྒྱ་ ཆེན་པོ་མཛད་དེ། དགུང་ལོ་བཅོ་ལྔ་པར་གདན་ས་ཆེན་པོ་ནས་ ཚོགས་ཆོས་གསུངས་པས་བདག་ཆེན་ཤར་པ་སོགས་ཀྱིས་གཙིགས་སུ་ [1432] འཛིན་ཏེ་གཙུག་གི་རྒྱན་དུ་བཀུར། ཏཱ་མིང་གོང་མ་ཆེན་པོས་སྔར་ སྲོལ་བཟང་པོ་མ་ཉམས་པར་ཝང་གི་གོ་གནས་དང། ལས་ཁ་ བཀའ་ལུང་བཟང་པོས་འཇའ་ས། གསེར་ཆས་ཁྱད་འཕགས་ ཝང་གི་སྐྱ་ཆས་ཚང་མ་བཅས་གནང་སྦྱིན་ལེགས་པར་བསྩལ། སྔོན་ གྱི་རྫོང་རོ་རྙིང་པ་ལྷུན་པོ་རྩེ་ཡང་བསྐྱར་བཞེངས་མཛད་ཅིང་རྫོང་ གཞིས་ཆགས་ནས་མངའ་ཐང་དར་བར་མཛད། མདོར་ན་དམ་པ་ དེ་ཉིད་ཀྱི་སྐུ་ཚེའི་རིང་དུ་བསྟན་པའི་ཞབས་ཏོག་དང། འགྲོ་བ་མང་ པོའི་དོན་རྒྱ་ཆེན་པོ་མཛད་པའི་ཐུགས་བཞེད་དང་ལྡན་ནོ། དགུང་ ལོ་ཉེར་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་ སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་ལྔ་པ་ཡིན་ནོ། ། ཝང་ནམ་མཁའ་ལེགས་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཝང་རྣམ་སྲས་རྒྱལ་མཚན་དང། ཡུམ་མ་གཅིག་བསོད་ནམས་ འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྣམ་རྒྱལ་རྩེར་སྐུ་གཤེགས། ཁོང་ གཞོན་ནུའི་དུས་ནས་འབྲོམ་སྟོན་སེང་གེ་སོགས་དགེ་བའི་བཤེས་གཉེན་ མང་པོར་བསྟེན་ཏེ་ཡབ་མེས་ཀྱི་བཀའ་ཆོས་དང་རྩ་རྒྱུད་བརྟག་གཉིས་ སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་བཅུ་དྲུག་ པར་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་སྐུ་རིང་ལ་ཏཱ་མིང་གོང་ མ་ཆེན་པོས་ཏུ་ཀྱ་ཧོ་ཝང་གི་གོ་གནས་དང། གསེར་དམ་ འཇའ་ས་བོད་ལ་ཤེས་སུ་བཅུག་པའི་བཀའ་ལུང་བཟང་པོ་གནང་སྦྱིན་ [1433] བསྩལ། རྫོང་ལྷ་རྩེ་མངའ་ཞབས་དང་བཅས་པ་མཆོད་གཞིས་ཀྱང་ ཤིན་ཏུ་སྟོབས་ཆེ་ཞིང། ཡར་འབྲོག་ཧིམ་ཏུ་ཆེན་པོ། རིན་སྤུངས་ ནང་སོ་ནོར་བུ་བཟང་པོ་སོགས་སྟོབས་ལྡན་མང་པོས་ཀྱང་བསྙེན་ བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། དགུང་ལོ་བཞི་བཅུ་ ཞེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ དུས་མཆོད་བླ་བྲང་གི་གདུང་རབས་བཞི་པ་ཡིན་ནོ། ། ཝང་རྣམ་སྲས་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཝང་གྲགས་པ་རྒྱལ་མཚན་དང། ཡུམ་མ་གཅིག་ལྷ་རིན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་སྨོན་མཁར་རྩེ་གདོང་དུ་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་ བླ་ཆེན་བསོད་ནམས་བློ་གྲོས། བླ་མ་དཔལ་ལྡན་སོགས་ལ་བསྟེན་ ནས་ཡབ་མེས་ཀྱི་ཆོས་སྐོར་རྣམས་གསན་ཏེ་ཐུགས་སུ་ཆུད་པར་མཛད་ དེ་ནས་ཧོར་རྒྱལ་པོ་ཐོག་ན་བྱ་བས་རང་གི་སྲས་ཆེ་བ་དང་མཉམ་པའི་ ལས་ཁ། རྭ་རྩེ་ཝང་གི་གོ་གནས་དང། གསེར་དམ། གསེར་སྒོར། དངུལ་ སྒོར། ཁྲིམས་ར་བརྒྱད། ཁྲིམས་ཀྱི་ཐས་པ་པིང་ཅིག་པ་ཧུ་ཤྲཱི་ ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི་བཀའ་ལུང་བཟང་པོ་བཅས་པ་ གནང་སྦྱིན་བསྩལ། ལུགས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་མཛད་ ཅིང་གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ་དང། གདན་ ས་ཆེན་པོའི་ཞབས་ཏོག་དགེ་འདུན་གྱི་བསྙེན་བཀུར་སོགས་བསྟན་ [1434] འགྲོའི་བྱ་བ་རྒྱ་ཆེན་པོ་བསྒྲུབས་ཤིང། ཐུགས་དམ་ལ་ཤིན་ཏུ་བརྩོན་ པའི་ངང་ནས་དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་གསུམ་ པ་ཡིན་ནོ། ། [000] ཞ་སྔ་གཅན་སྟག་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཞ་སྔ་མུ་གཉེན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ [1436] བ་དང། མཁས་པའི་དགའ་སྟོན། ཞ་སྔ་གསས་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ནོ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། མཁས་པའི་དགའ་སྟོན། ཞ་མ་སེང་གེ་རྒྱལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་ སྒོར་ཞུགས་ཏེ་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་ རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་ བསམ་མཛད། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་ དང། ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་ མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། འགྱུར། [1437] བ། ལྟ་བ། ངན་གྱི་ལྟ་བ། ཐོད་པའི་ལྟ་བ། ལྟ་བ། པོའི་མན་ངག་རྡོ་རྗེ་གསང་པའི་གླུ། མའི་མགུར། ཀྱི་གསང་བ་གླུར་བླངས་བ་ཐིག་ལེ་དག་པའི་ཕྲེང་བ། ཕོ་མོ་བརྒྱད་ཅུའི་རྟོགས་བརྗོད། བརྗོད་ཐིག་ལེ་འོད་ཀྱི་ཕྲེང་བ། མན་ངག། ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། མ་སུམ་ཅུ་རྩ་ལྔའི་རྟོགས་བརྗོད། སྒྲུབ་ཐབས། ། ཞ་ལུ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་རིན་ཆེན་སྒང་བླ་བྲང་དུ་ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་ དང། ཡུམ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་ ཤེས་རབ་ཆེ་བས་ཡི་གེའི་སྦྱོར་ཀློག་དང་ཡབ་མེས་ཀྱི་ཆོས་ཐམས་ཅད་ [1438] ཐུགས་སུ་ཆུད་པར་མཛད། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ སོགས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་འཆད་ ཉན་བསྐྱངས། གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་མ་ གཅིག་ཀུན་དགའ་འབུམ་ཁབ་ཏུ་བཞེས་ནས་རིགས་སྲས་བསྐྲུན་པར་ མཛད་ཅིང་མཐུ་སྟོབས་དབང་ཕྱུག་གི་བདག་ཉིད་ཅན་ཞིག་ཡིན་ དགུང་ལོ་བཞི་བཅུ་རྩ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་ ཞང་བཀྲ་ཤིས་རྡོ་རྗེ།། ཁོང་ནི་རབ་བྱུང་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཡར་འབྲོག་གི་སྣུབས་མཚོ་གླིང་དགུའི་བླ་དོར་རིགས་རུས་ཕུན་སུམ་ ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ལ་རྡོ་རྗེ་ལེགས་ པས་གྲོགས་མཛད་དེ། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་འུ་ཡུག་ཏུ་ གཏེར་དུ་སྦས་པའི་སྙིང་ཐིག་གི་གདམས་པ་རྣམས་གཏེར་ལས་བཏོན་ ནས་ཚོགས་འཁོར་བརྒྱ་རྩ་བརྒྱད་ཀྱང་བཏང། དེ་དུས་ཞང་སྟོན་ རིན་པོ་ཆེ་དགུང་ལོ་ཉི་ཤུ་རྩ་གཅིག་ཡིན་སྐད། དེ་རྗེས་ཇལ་གྱི་ཕུ་ལ་ ལྕེ་བཙུན་སེང་གེ་དབང་ཕྱུག་གིས་སྦས་པའི་ཆོས་གཏེར་རྣམས་ མཆིམས་ཕུའི་བྲག་ལ་བི་མ་ལ་ཉིད་ཀྱིས་སྦས་པའི་ཆོས་གཏེར་རྣམས་ གཏེར་ལས་བཏོན་ཏེ་སློབ་མའི་ཚོགས་ལ་རྒྱ་ཆེར་བཤད་པར་མཛད་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་ [1439] རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྙིང་ ཐིག་གི་གཏེར་སྟོན་ཆེན་པོ་ཞིག་ཡིན། ། ཞང་ཁྲི་ཐོགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཕྱི་བློན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ཁྲིན་ཆེན་དབྱིན་ གཉིས་ཀྱིས་བསྒྱུར་བའི། པོའི་སྲིད་ལུགས། སྤྱི་ལོ་་ལོ་ ཡུ་གུར་དང་ཐང་གཉིས་འདུམ་བྱུང་བའི་གཏམ་བཧོད་ཀྱིས་གསན་ཏེ་ བཧོད་དམག་ཆིན་སེ་པའོ་ལ་དྲངས་པ་ལི་ཝུན་ཡོ་བྱ་བས་ཕྱིར་བཟློགས་ དེ་ནས་བཧོད་ཀྱི་ཕོ་ཉ་བ་ཞང་ཁྲི་ཐོགས་བྱ་བ་སྐྱེས་འབུལ་དུ་མངགས་ པར་མ་ཟད། མཇལ་དུ་མ་བྱེད་ཟེར་བ་ལ་གོང་མས་ཀྱང་གསན་དུ་ བཞེད། ཆོས་ཀྲི་དང། ཏུའུ་ཡོན་དབྱིན། ཝང་པོ་བྱ་བ་བཅས་ ཀྱིས་གོང་མ་ལ་རོགས་བྱས་ནས་སྲིད་བསྐྱངས། ཞེས་གསུངས་སོ།། ཞང་ཁྲི་བཙན་ཁོད་ནེ་སྟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁྲང་ཆེན་ཁྲི་ལོ་ གསུམ་པ། བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར། ཞང་དབུ་སྙུང་རྡོ་རིང་ངམ་ཁྲང་ཆིན་མཐུན་སྒྲིལ་རྡོ་རིང། པའི་སྐབས་སུ་བོད་ཆེན་པོའི་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་བཀའ་ལ་ [1440] གཏོགས་པའི་ཐབས་དང་མྱིང་རུས་ཞེས་ རིང། ཞང་ཁྲི་བཞེར་ལྷ་མཐོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་ཞིག་ཡིན་ཏེ། ཁྲང་ཆིན་ཁྲི་ ལོ་གསུམ་པ། བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཞང་དབུ་སྙུང་རྡོ་རིང་ངམ་ཁྲང་ཆིན་མཐུན་སྒྲིལ་རྡོ་རིང། པའི་སྐབས་སུ་བོད་ཆེན་པོའི་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་བཀའ་ལ་ གཏོགས་པའི་ཐབས་དང་མྱིང་རུས། རྡོ་རིང། ཞང་ཁྲི་སུམ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་དམག་དོན་བློན་ཆེན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་ བྱུང་བའི་བོད་ཆེན་པོའི་སྲིད་ལུགས། སྤྱི་ལོ་་ལོ་ ཀྲུང་ཧྲུའུ་ལིན་གྱི་ཐབས་ཡོད་པ་ཞང་ཁྲི་སུམ་རྗེ་ཡིས་ བོད་ དམག་ཁྲི་བཅོ་ལྔ་ཁྲིད་དེ་ཡན་ཀྲིག་ལ་བསྐོར་ནས། གནམ་ སྐས་དང་ཤིང་རྟ་སོགས་ལ་བརྟེན་ནས་མཁར་ལ་རྒོལ། གསུངས་སོ། ། [1441] ཞང་རྒྱ་སྟོ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དེ་ནས་མུ་མཐུད་དེ་རྒྱལ་པོ་ཁྲི་ལྡེ་གཙུག་ བརྟན་མེས་ཨག་ཚོམ་ཅན་གྱི་བློན་པོ་མཛད་ཅིང། བོད་ལུགས་ལྕགས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་མདོ་སྨད་ཀྱི་མདུན་མ་གཙེ་ནམ་ཡོར་དུ་ བསྡུས་སོ། ། ཞང་འགྲོ་བའི་མགོན་པོ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐྱིད་ཤོད་ཚ་བ་གྲུ་གདུང་སྣ་ནམ་ཞང་དུ་ཡབ་རྡོ་རྗེ་སེམས་དཔའ་དང་ ཡུམ་ཡག་མོ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་ པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་ པའི་མིང་ལ་དར་མ་གྲགས་ཞུ། དགུང་ལོ་དྲུག་པར་ཡབ་ལས་ཡི་གེའི་ སྦྱོར་ཀློག་དང་སྐྱབས་འགྲོ་སེམས་བསྐྱེད་ལེགས་པར་སྦྱངས། དགུང་ ལོ་དགུ་ནས་བཅོ་བརྒྱད་པར་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ ལོ་ངོ་གསུམ་དུ་འདྲེའི་མཐུ་བསྒྲུབས། དེ་ནས་ཁམས་སུ་བྱོན་ཏེ་དགུང་ ལོ་ཉེར་དྲུག་པར་མཁན་པོ་རྒྱ་སྟོན་མཁར་མགོ་བ་ལས་བསྙེན་རྫོགས་ཀྱི་ སྡོམ་པ་མནོས་ཏེ་མཚན་ལ་བརྩོན་འགྲུས་གྲགས་པ་ཞེས་གསོལ། དཔལ་ ཆེན་རྒྭ་ལོ་ལས་ཕྱག་རྒྱ་ཆེན་པོའི་གདམས་ངག་རྫོགས་པར་ཞུས། དེ་ ནས་དབུས་ལ་ཕེབས་ཏེ་རྗེ་སྒོམ་ཚུལ་དང་མཇལ་བས་བཀའ་བརྒྱུད་ཀྱི་ བྱིན་རླབས་ཞུགས། སེམས་ཀྱི་ངོ་བོ་ཡང་དག་པར་གཟིགས་པས་སྔར་ [1442] ནས་མཁྱེན་པའི་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་ནས་སྒྲོ་འདོགས་ ཐམས་ཅད་ཆོད། ཁོང་ལ་ཡིན་ངེས་ཀྱི་བླ་མ་བཞི་དང། ཆོས་ ཐོབ་ཀྱི་བླ་མ་སོ་དྲུག་བཅས་ཡོད། ཁོང་གིས་དགོས་པ་ཆེན་པོ་ལ་ དགོངས་ནས་མ་རུང་པ་ལ་གཡུལ་བཤགས་ཏེ་འཁྲུགས་པ་མང་པོ་ མཛད་པ་ལ་སྐྱེ་བོ་ཐ་མལ་བ་དུ་མས་སྐུར་འདེབས་སོགས་སྡིག་བསགས་ པས་ཀརྨ་པ་དུས་གསུམ་མཁྱེན་པས་བཤོལ་བཏབ་ནས་འཁྲུགས་པ་ བསྡུམས་པས་དེའི་ཕྱིན་ཆད་འཁྲུགས་པ་མ་མཛད། རྗེ་སྒོམ་ཚུལ་གྱི་ ལུང་བསྟན་ལྟར་གུང་ཐང་གི་གཙུག་ལག་ཁང་དང། རྟེན་གྱི་ལྷ་ཆེན་ བཞེངས། བདེ་མཆོག་གི་ཕོ་བྲང་གཟིགས་སར་ཡང་དགོན་པ་གསར་ འདེབས་མཛད། འབུམ་མོ་ཆེ་རྨང་བཏིངས་ནས་བང་རིམ་གསུམ་ ཚར་བ་ན་སྐུ་གཤེགས། རྫུ་འཕྲུལ་དང། སྐུ་ཡི་བཀོད་པ་དང་ འཕྲིན་ལས་ནི་མཐའ་ཡས་སོ། །ཁོང་ནི་ཚལ་བ་བཀའ་བརྒྱུད་ཀྱི་ ལུགས་སྲོལ་ཐོག་མར་བཏོད་མཁན་ཡིན། ཁོང་ནི་སློབ་མ་གྲགས་ཆེ་ བ་ནི་ནམ་མཁའ་འོད་དང། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་ པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན། ། ཞང་མཆིམས་རྒྱལ་སྟག་བཞེར་རྒྱལ་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ [1443] བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། མཁས་པའི་དགའ་སྟོན། ཞང་མཆིམས་རྒྱལ་སྟོང་སྙ་སྨོན་བཅན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། ཞང་མཆིམས་རྒྱལ་མདོ་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ། ཞང་མཆིམས་རྒྱལ་མ་རྨྱན་བརྩེ།། [1444] ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ཞིག་ ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་ དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ ཤིང་མནའ་བོར་དུ་བཅུག་པའི་ དང། མཁས་པའི་དགའ་སྟོན། ཞང་མཆིམས་རྒྱལ་ལྷ་བཞེར་ནེ་ཤགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཞང་བློན་ཆེན་པོ་ཡིན་ཏེ། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་ གཏོགས་པ་ཞེས་ གཙིགས། དུ་འཁོད་འདུག་གོ་ ཞང་མཆིམས་རྨ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ [1445] བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། ཞང་ཇོ་འབེར།། ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཞང་ཉི་འབུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅོ་ བརྒྱད་ཀྱི་བར་དུ་ཁུ་བོ་དང་འགྲོགས་ཤིང་གསང་བ་བླ་ན་མེད་པའི་ གདམས་པ་མ་ལུས་པ་གསན། དགུང་ལོ་བཅུ་དགུ་པར་ས་སྐྱ་པཎ་ ཆེན་ཀུན་དགའ་རྒྱལ་མཚན་ལས་རྒྱུད་གསུམ་གདམས་པ་དང་བཅས་པ་ དང། བདེ་མཆོག་མལ་གྱོའི་ལུགས་རྣམས་གསན། སློབ་དཔོན་ ཆུ་མིག་པ་ལས་ཚད་མ་བསྡུས་པ་བཅས་གསན། དགུང་ལོ་ཉི་ཤུ་རྩ་ གཉིས་པར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ལས་གྲུབ་ཐོབ་མི་ཏྲའི་ གདམས་པ་རྣམས་དང། བལ་པོ་གྲགས་པ་འབུམ་མེ་ལས་ཕྱག་རྒྱ་ཆེན་ པོ་ཁ་འཐོར་གྱི་གདམས་པ་རྣམས་གསན་ཏེ་དགུང་ལོ་སུམ་ཅུ་རྩ་དྲུག་གི་ བར་ལ་ཐོས་བསམ་གྱི་སྤྲོས་པ་བཅད། གཟིགས་སྣང་རྣམས་ཕལ་ཆེར་ མི་ལ་མི་གསུངས། ལྷ་སར་ཕེབས་ཏེ་ཇོ་བོ་ལ་མཆོད་པ་འབུལ་དུས་ འོད་ཀྱི་ཐིག་ལེའི་ནང་ནས་ཕྱག་རྡོར་དང། སྤྱན་རས་གཟིགས་ ཚེ་དཔག་མེད་བཅས་ཀྱིས་ཞལ་གཟིགས། འཁྲུལ་ཞིག་སེང་གེ་རྒྱབ་ པ་ལ་སོགས་པའི་སྙིང་ཐིག་ཁྲིད་ཀྱིས་ཟིན་པའི་སློབ་མ་མང་དུ་བསྐྱངས་ ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་དེ། དེ་ནས་བསྟན་འགྲོའི་ [1446] དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་སུམ་ཅུ་རྩ་དྲུག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་སྙིང་ཐིག་གི་སློབ་དཔོན་ཆེན་པོ་ ཞིག་ཡིན་ནོ། ། ཞང་ཉ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཞང་ བློན་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་པའི་སྐབས་སུ་ཁོང་ གིས་མོ་པ་དང་རྩིས་པ་མང་པོ་ལ་ལྐོག་ནས་གསེར་དངུལ་མང་པོས་ བརྫངས་སྟ་སྤྲད་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་བློན་པོ་གང་ དྲག་གཉིས་གསོན་པོར་དུར་དུ་འཇུག་ན་སྐུ་རིམ་ཡག་པོ་ཡོང་བའི་ གཏམ་རྣམས་མོ་པ་དང་རྩིས་པ་རྣམས་ཀྱི་ཁ་ལས་གང་བྱུང་དུ་བཤད་ བཅུག་པ་དང། བན་བོན་གཉིས་ཀྱི་ལྟ་བ་ལ་རྩོད་གླེང་བྱེད་སྐབས་ ཁོང་གིས་བན་གྱི་ཁ་འཛིན་མཛད་ནས་བོན་རྣམས་ཕམ་པར་བྱུང་བའི་ ལོ་རྒྱུས་མཆིས་སོ། ། ཞང་ཉི་འབུམ།། ཁོང་ནི་རབ་བྱུང་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཞང་བཀྲ་ཤིས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཆུ་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་སྤྱིར་ཡོངས་ སུ་གྲགས་པའི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་པར་མཛད། ཁྱད་ པར་དུ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱའི་ཆོས་སྐོར་ [1447] དང། རྔོག་རྡོ་རྗེ་སེང་གེ་ལས་རྔོག་ལུགས་བཅས་ལ་ལེགས་པར་ གསན། ཡབ་ཞང་སྟོན་དང་ལོ་ངོ་བཅུ་གཅིག་རིང་དུ་འགྲོགས་ཏེ་ སྙིང་ཐིག་གི་གདམས་པ་ཐམས་ཅད་ཞུས་ཤིང་རྟོགས་པ་ཁྱད་པར་ཅན་ འཁྲུངས། བླ་མ་ཞང་ལ་ཡང་ཞབས་རྟོག་ལེགས་པར་མཛད་ དགུང་ ལོ་སུམ་ཅུ་སོ་དགུ་པར་རིགས་སྲས་ཇོ་འབེར་འཁྲུངས། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་ཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་གསང་སྔགས་རྙིང་ མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ། ། ཞང་ཏོ་རེ་ལྷས་བྱིན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོའི་བློན་པོ་ཡིན། དེ་ནས་མུ་མཐུད་དེ་རྒྱལ་པོ་ཁྲི་ལྡེ་གཙུག་ བརྟན་མེས་ཨག་ཚོམ་ཅན་གྱི་བློན་པོ་མཛད་ཅིང། བོད་ལུགས་ལྕགས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཐང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་དུ་ བྱོན་ཏེ་གྱིམ་ཤིང་ཀོང་ཇོ་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ ཅན་གྱི་བཙུན་མོར་བསུས་ནས་བོད་ཡུལ་དུ་ཕེབས། དེའི་སྐབས་སུ་ བོད་ཀྱི་བློན་པོ་གཉེ་བོ་རྣམས་ཀྱིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ དུ་རྟ་ཐོག་ནས་སྤོ་ལོ་འཕེན་པའི་སྒྱུ་རྩལ་འགྲན་ཟླ་བྲལ་བ་ཞིག་དངོམ་ པར་མཛད་ཅིང། ཚུལ་དེའི་རྣམ་པ་ཇི་བཞིན་མ་ཉམས་པ་ཐང་ རྒྱལ་རབས་ཀྱི་རི་མོ་འབྲི་མཁས་པ་ཡན་ལི་པན་གྱིས་ [1448] མཚན་མོར་རྟ་ཐོག་སྤོ་ལོ་འགྲན་པ། རིས་གསར་བཞེངས་མཛད་དོ། ། ཞང་སྟོང་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ ཡིན་ཏེ། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཐང་རྒྱལ་ རབས་ཀི་རྒྱལ་ས་ཁྲང་ཨན་ལ་དམག་དྲངས་ཏེ་ཐང་གོང་མ་ཏའི་ཙུང་ རེ་ཞིག་ཤེན་ཅུར་བྲོས་བྱོར་ཕེབས་ཤིང། བོད་དམག་གིས་ཁྲང་ཨན་ ཉིན་བཅོ་ལྔའི་རིང་དུ་བཟུང་ནས་ཕྱིར་འཐེན་བྱས། བོད་ལུགས་ ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཡུ་ཡི་ ཡི་གེ་ཆུང་ངུ་ནམ་ཡང་མི་འགྱུར་བའི་བྱ་དགར་གནང་ངོ། ། ཞང་སྟོན་དགྲ་འཇིགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ སྲུག་གན་པ་བར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ འཁྲུངས་པའི་དུས་སུ་འབྲུག་སྒྲ་ཆེན་པོ་ནས་གློག་དང་གཡོ་བ་བྱུང་བས་ དགྲ་གཅིག་ཡོད་པ་དེས་ན་རེ། འདི་འདྲ་འོང་བ་འཇིགས་ཟེར་བས་ དགྲ་འཇིགས་སུ་མཚན་གསོལ། དགུང་ལོ་བདུན་པར་ཡི་གེའི་འབྲི་ ཀློག་ལེགས་པར་མཁྱེན། སྲུ་པ་རྡོ་རྗེ་རྒྱལ་པོ་ལས་རབ་ཏུ་བྱུང་ནས་ ཤིན་ཏུ་བཙུན་པར་གྱུར། དེ་ནས་ས་སྐྱར་ཕེབས་ཏེ་ཚད་མ་སྡེ་བདུན་ བཅས་ལ་བསླབས་ནས་དགུང་ལོ་ཉི་ཤུ་རྩ་གསུམ་པར་གྲྭ་སྐོར་མཛད་ པས་མཁས་པར་གྲགས་པ་བྱུང། དེ་ནས་བྱམས་ཆོས་སྡེ་ལྔ་དང་ [1449] ས་སྡེ་ལྔ། མངོན་པ་གོང་འོག་བཅས་ལ་སྦྱངས་པར་མཛད། དགེ་ བཤེས་ཞིང་མོ་ཆེས་མཁན་པོ་མཛོད་གསུངས་པ་ལྟར་མཁན་པོ་མཛད་ པས་འདུལ་བ་ལུང་སོགས་ཐུགས་ལས་གསུངས་པས་གྲྭ་པ་ལྔ་བརྒྱ་ཙམ་ རེ་འདུས། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་ སྒྲོལ་མ་དང། སྨན་བླ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ བཅས་ཀྱིས་ཞལ་གཟིགས་ཤིང་རྟོགས་པ་ཁྱད་པར་ཅན་རྒྱུད་དུ་ འཁྲུངས། དེ་ནས་སྲུ་པའི་མདུན་དུ་ཕེབས་ཤིང་བདག་རི་ཁྲོད་དུ་ འགྲིམ་ཞུས་ཀྱང་གནང་བ་མ་སྟེར་ནས་གདན་ས་འཛིན་དགོས་གསུངས་ ཤིང་ཤེལ་གྱི་སྦྱན་རས་གཟིགས་ཀྱང་གནང། དེ་ནས་ལོ་ངོ་གསུམ་ ཙམ་སོང་རྗེས་གདན་ས་དགེ་བཤེས་བྱང་ཡེས་ལ་གཏད་ཅིང་རྫ་རི་རིན་ ཆེན་སྤུངས་པར་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད། གཞན་དོན་ ལེགས་པར་གྲུབ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་པར་སྐུ་གཤེགས་ ཁོང་ནི་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་ འཛིན་མཁན་ཡིན། །ཁོང་གི་སློབ་མའི་གཙོ་བོ་ནི་མཁན་ཆེན་རྩི་ འདུལ་བ་ཐུགས་རྗེ་བྱང་ཆུབ་ཡིན་ནོ། ། ཞང་སྟོན་བསྟན་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་སྙིང་དཀར་འབུམ་དང། ཡུམ་ཚེ་ རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་པདྨ་འབུམ་འབོད། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་ [1450] སྦྱངས། དགུང་ལོ་བདུན་པར་རྗེ་དཀོན་མཆོག་རྒྱ་མཚོ་ལས་རབ་ཏུ་ བྱུང་སྟེ་མཚན་ལ་དཀོན་མཆོག་ཐབས་མཁས་ཞེས་གསོལ། དགུང་ ལོ་བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་ བཅོ་ལྔ་པར་བསྡུས་གྲྭའི་ཚོགས་རྒྱུགས་ཕུལ། བློ་རིགས་དང། རྟགས་ རིགས། གྲུབ་མཐའ། དོན་བདུན་ཅུ་སོགས་ཐུགས་འཛིན་མཛད་ དགུང་ལོ་ཉེར་གཅིག་པར་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་ རྒྱ་མཚོ་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ ཏེ་མཚན་ལ་བསྟན་པ་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་འདུལ་བ་ ལུང་སྡེ་བཞི་ལ་གསན་སྦྱོང་མཛད་དེ་བསྟན་པའི་མཛེས་རྒྱན་དུ་གྱུར་ ལོ་དེའི་དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་ བཏགས་གནང། དགུང་ལོ་སུམ་ཅུ་པར་ཐུའུ་བཀྭན་མཆོག་སྤྲུལ་ རིན་པོ་ཆེའི་ཡོངས་འཛིན་དུ་པེ་ཅིན་ལ་ཕེབས། དེ་ནས་ཡར་ཕེབས་ ཏེ། དགུང་ལོ་སོ་གསུམ་པར་དགོན་ལུང་དུ་བྱོན་ནས་ལོ་གཉིས་རིང་ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་ཞེ་གསུམ་པ་ནས་ལོ་ བདུན་ཙམ་རིང་གོང་ས་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཚན་ ཉིད་གསན་སྦྱོང་གི་ཞབས་འདེབས་ཞུས། དེ་ནས་སྔོན་རྗེས་སུ་དགོན་ ལུང་ལ་ཐེངས་གསུམ་དུ་ཕེབས་ནས་ཐུའུ་ཧོ་ཐོག་ཐུ་བློ་བཟང་བཤད་ སྒྲུབ་དབང་ཕྱུག་དང། ཝང་སྤྲུལ་སྐུ་བློ་བཟང་དར་རྒྱས་རྒྱ་མཚོ་ སུམ་པ་མཁན་ཆེན་སོགས་བླ་སྤྲུལ་མང་པོའི་གཙོས་ཚོགས་ཡོངས་ལ་ཆོས་ ཀྱི་སྦྱིན་པ་རྒྱ་ཆེན་བསྩལ། དགུང་ལོ་རེ་བརྒྱད་པར་གདན་སར་ཕེབས་ ནས་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་གྱིས་མདོ་སྔགས་ [1451] བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་བའི་འཆད་ཉན་མཛད་ ཁོང་གི་གསུང་རྩོམ་ནི་རྟོགས་བརྗོད་དང། ལམ་རིམ་གྱི་བཤད་ལུང་ ས་ལམ་རྣམ་གཞག་སྒྲུབ་ཐབས། ཁྲིད་ཡིག་བླ་མའི་རྣལ་འབྱོར་ བསླབ་བྱ་བཅས་ཆོས་ཚན་བདུན་ཅུ་དོན་དགུ་ཡོད་པ་པོ་ཏི་བཞིར་ བསྡུས་ནས་བཞུགས་སོ། ། ཞང་སྟོན་ཆེ་མ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་རབ་བྱུང་བཞི་ པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་བཞི་པའི་མེ་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་བཅུ་གསུམ་གྱི་རིང་དུ་རྒྱལ་ལྷ་ ཁང་གི་གདན་ས་བསྐྱངས་ཤིང་སློབ་མ་མང་པོ་གསོ་སྐྱོང་མཛད། ཁོང་ ནི་རྒྱལ་ལྷ་ཁང་གི་གདན་རབས་བཅོ་ལྔ་པ་ཡིན། །དེ་རྗེས་རབ་བྱུང་ བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་བཞི་པའི་ཆུ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་བཅོ་ལྔའི་རིང་དུ་རྒྱལ་ལྷ་ཁང་ གི་གདན་ས་སྟོངས་བ་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས། རབ་ བྱུང་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཧོར་དམག་བོད་དུ་ དཔུང་འཇུག་བྱས་ཏེ་རྒྱལ་ལྷ་ཁང་མེ་ལ་བསྲེགས་ཤིང་བཙུན་པ་སོ་སྟོན་ གཙོ་མཛད་པའི་སེར་སྐྱ་ལྔ་བརྒྱ་ཙམ་བཀྲོངས། དེ་ནས་ཧོར་དོར་རྟ་ནག་ པོ་འགྱོད་དེ་གསེར་བྲེ་དངུལ་བྲེ་མང་པོ་བྱིན་ནས་ལྷ་ཁང་གསོ་བའི་ བཀོད་པ་བྱས། ལྷ་ཁང་བར་མ་ཞང་ལྷས་གསོས། རྟེན་གྱི་གཙོ་ བོ་ཐུབ་པ་བཞེངས་སོ། ། [1452] ཞང་སྟོན་གཟི་བརྗིད་འབར་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ ཡར་ལུང་གད་པར་ཡབ་དགེ་བཤེས་བསོད་ནམས་དབང་ཕྱུག་དང་ ཡུམ་མེར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རྔོག་བློ་ལྡན་ ཤེས་རབ་ ་ དང་དུས་མཉམ་ཡིན། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་གཉགས་སྙིང་པོ་རྒྱལ་མཚན་ལས་རབ་ཏུ་ བྱུང་ཞིང་བྱམས་ཆོས་སྡེ་ལྔ་སོགས་ལ་མཁས་པར་སྦྱངས། ཉིན་ཞིག་ ལྡུམ་རར་རི་བོང་བྱུང་བས་དེ་ལ་རྡོར་བརྒྱབ་པས་རྐང་པ་ཆག་སྟེ་སྨན་ བཅོས་མཛད་ནས་རི་བོང་གསོས་པས་རི་བོང་སྨན་པ་ཞེས་གྲགས་སོ་ དེ་ནས་བཟུང་གསོ་རིག་ལ་ཐུན་མོང་མ་ཡིན་པའི་མོས་པ་སྐྱེས་ཏེ་གཡའ་ གྱོང་པོ་དང། ལྷ་རྗེ་སུམ་སྨན། མཐའ་བཞི། སྟོང་སྨན་ འཕན་ཡུལ་དར་སྨན་བདུད་རྩི། གཡུ་ཐོག་རྒྱ་གར་རྡོ་རྗེ། མི་ཉག་ ཟླ་གྲགས་བྲང་ཏི་རྒྱལ་བ། བི་ཇི་ལྷུན་ནེ། འུག་པ་ཆོས་སེང་སོགས་ བསྟེན་ནས་གསོ་དཔྱད་སྦྱངས། རབ་བྱུང་དང་པོའི་མེ་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་རྒྱ་གར་དུ་ཕེབས་ཏེ་དྲང་སྲོང་ཙནྡྲའི་ཞབས་ལ་ གཏུགས་ཏེ་ ཕེབས་ནས་གསོ་དཔྱད་ཀྱི་འཆད་ཉན་བསྐྱངས། ཁོང་གི་སློབ་མ་གྲགས་ ཆེ་བ་ནི་ལྷ་སའི་བལ་ཆུང་དང། འོལ་ཁའི་རྫིང་ཆུང། གཉལ་གྱི་རོག་ ཆུང། སྐྱོགས་ཤེས་རབ་ཁྲི་བཞི་ཡིན། ཁོང་གི་གསུང་རྩོམ་ནི་ ཟེར། ། [1453] ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་པ་ཚབ་ཉི་མ་གྲགས་པའི་བུ་ཆེན་བཞིའི་ཡ་གྱལ་ཞིག་ ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་ པར་སྦྱངས། དེ་ནས་པ་ཚབ་ཉི་མ་གྲགས་པའི་ཞབས་ལ་གཏུགས་ ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁྱད་པར་དུ་དབུ་མའི་གཞུང་ ལུགས་ལ་ཤིན་ཏུ་མཁས་པས་བསྟན་བཅོས་ཀྱང་མང་དུ་བརྩམས། དུས་ ཕྱིས་སུ་ཐང་སག་བཏབ་ནས་དབུ་མའི་འཆད་ཉན་མཛད་དེ་དབུས་ གཙང་གི་དགེ་བཤེས་མང་པོས་ཁོང་ཉིད་ཀྱི་ཞབས་ལ་གཏུགས་ཤིང་ དབུ་མའི་ཁྲིད་རྒྱུན་སྤེལ་བ་ལ་མཛད་རྗེས་ཆེའོ། ཁོང་གི་གསུང་རྩོམ་ ནི་ ཊཱིཀྐ། ། ཞར་ཐར་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་དམག་དོན་བློན་ཆེན་ཞིག་ཡིན་ཏེ། དོན་གྲུབ་རྒྱལ་དང་ ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་ བྱུང་བའི་བོད་ཆེན་པོའི་སྲིད་ལུགས། པར་ སྤྱི་ལོ་་ལོ་ བོད་ཀྱི་བློན་ཆེན་ཞང་ཐར་བཞང་གིས་ [1454] བོད་ དམག་ཁྲི་བཅོ་ལྔ་ཁྲིད་དེ་ཡན་ཀྲིག་ལ་བསྐོར་ནས། གནམ་ སྐས་དང་ཤིང་རྟ་སོགས་ལ་བརྟེན་ནས་མཁར་ལ་རྒོལ། སོ། ། ཞང་དར་མ་གྲགས།། ཁོང་ནི་ཞང་འགྲོ་བའི་མགོན་པོ་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ [1455] འབྱུང་མཁས་པའི་དགའ་སྟོན། ཞང་སྣ་ནམ་གཉན་ལོད།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་སྣ་ནམ་ཡེ་ཤེས་སྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྟེན་རབ་བྱུང་ཡིན། སློབ་དཔོན་པདྨ་འབྱུང་ [1456] གནས་ལས་དབང་དང་གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་ བརྩོན་པས་གྲུབ་པ་ཐོབ་སྟེ། སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང། ལོ་ ཙཱ་བ་ལ་ཡང་མཁས་པར་མཁྱེན་པས་བཀའ་དང་བསྟན་འགྱུར་བོད་ ཡིག་ཏུ་བསྒྱུར་བ་མཛད་པ་ལ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྔགས་ བརྗོད་མང་དུ་མཛད་འདུག་ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ ལྔའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། དང། བསྟན་པའི་ལེའུ། པ་ཆོས་བཅུ་པའི་ལེའུ། པའི་ལེའུ། དང། དང། འགྲེལ་བ། མང་དུ་བཞུགས་སོ། ། [1457] ཞང་སྣ་ནམ་ལྷ་བཞེར་སྤེ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཛིན་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་པོ་རྒྱལ་གྱི་ཁྲོམ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཧོར་ པར་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་ པོ་དྲུག་གི་ཡ་གྱལ་ཞིག་ཡིན་ནོ། ། ཞང་འབྲོ་ཁྲི་གཟུ་རམ་ཤགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཞང་བློན་ཆེན་པོ་ཡིན་ཏེ། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་ གཏོགས་པ་ཞེས་ ཀྱི་མ་ཡིག་ཆ་ཚང་ནི་ འདུག་གོ་ ཞང་འབྲོ་གུང་སྟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ [1458] འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། ཞང་འབྲོ་སྟག་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མྣཱ་བོར་བཅུག་པའི་ དང། པའི་དགའ་སྟོན། ཞང་འབྲོ་སྟག་བཞེར་པྲ་བལ་སྟང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ [1459] གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་བློན་མ་ཞང་གྲོམ་པ་སྐྱེས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞང་བློན་ཡིན། རྒྱལ་ པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་སྐུ་གཤེགས་པ་དང། རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཆུང་ངུའི་སྐབས་དང་བསྟུན་ནས་ཁོང་ གིས་རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ། བཀྲ་མི་ཤིས་ ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་ བྱེད། སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྦྱུག་གོ་ཞེས་ཁྲིམས་བུ་ཆུང་ བཅས་བཟོས་ནས་དྲིལ་བསྒྲགས་མཛད་པ་ དགའ་སྟོན། སྐབས་དེར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བྱེ་ དོང་དུ་སྦས་པ་དང། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་ བཤིགས་པ་དང། ལྷ་ས་གཙུག་ལག་ཁང་དུ་བཤས་ར་བྱས་པའི་ལོ་ རྒྱུས་མཆིས། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དགོངས་ ལ་ཞང་བློན་མ་ཞང་གྲོམ་པ་སྐྱེས་ཁོང་ནི་སངས་རྒྱས་ཆོས་ལུགས་དར་ སྤེལ་གཏོང་བའི་འགལ་རྐྱེན་དུ་གྱུར་བ་དགོངས་ནས་བློན་པོ་འགོས་ཁྲི་ བཟང་ཡབ་ལྷག་གཙོས་པའི་བློན་པོ་རྣམས་དང་ལྐོག་ཏུ་བཀའ་གྲོས་ མཛད་མཐར་རྒྱལ་པོའི་རིམ་གྲོལ་གྱི་ཆེད་དུ་བློན་ཆེན་གང་དྲག་གཉིས་ [1460] གསོན་པོ་དུར་དུ་ཞུགས་དགོས་པའི་ཐབས་ཤེས་ཕུད་ནས་གསོན་པོར་ དུར་དུ་བཅུག་གོ། ཏུ་ཟོན་གློད་པས། ངེས་པར་གཞན་གྱིས་བརླག་པར་འགྱུར། མ་ ཞང་གྲོམ་པ་སྐྱེས་ཞེས་པ། དོང་དུ་བཅུག་པའི་བྱུང་བ་ལྟོས། གསུངས་སོ། ། ཞང་བཙུན་བཞེར་ལེགས་གཟིགས།། ཁོང་ནི་མཆིམས་བཙན་བཞེར་ལེགས་གཟིགས་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཞང་བཙུན་རྡོ་རྗེ་འོད་ཟེར།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཤབ་སྟོད་དར་ལུང་གི་ར་ཞགས་སུ་སྐུ་འཁྲུངས། རབ་བྱུང་གསུམ་ པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགེ་ བཤེས་གླང་རི་ཐང་པའི་སྐུའི་སྐྱེ་བར་གྲགས་སོ། གཏུམ་སྟོན་བློ་གྲོས་ གྲགས་པ་དང་རྡོ་སྟོན་ཤེས་རབ་གྲགས་པ་གཉིས་ཀྱིས་ལེགས་པར་སྐྱེད་ སྲུང་མཛད་པས་བཀའ་གདམས་པའི་རྣམ་ཐར་དྲི་མ་མེད་པ་འཛིན་ སྐྱོང་སྤེལ་གསུམ་མཛད་མཁན་གྱི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར། ལོ་ངོ་ བརྒྱད་ཀྱི་རིང་དུ་དཔལ་སྣར་ཐང་གི་གདན་ས་བསྐྱངས་སོ། ཁོང་གི་ གདུང་རྟེན་ནི་མཁན་རབས་གདུང་རྟེན་བཞུགས་ཡུལ་གྱི་དགའ་ལྡན་ ཐར་པ་གླིང་གི་ནུབ་ནས་བརྩིས་པའི་དང་པོ་ན་བཞུགས་སོ། ཁོང་ ནི་དཔལ་སྣར་ཐང་དགོན་པའི་གདན་རབས་གསུམ་པ་ཡིན། ། ཞང་ཚེ་སྤོང་ཀླུ་མཚོ་སྟོ།། [1461] ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཞང་ཚེ་སྤོང་ཁྲི་གཟིགས་སྤུང་རེ་ཙུང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་འཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་ཚེ་སྤོང་ཆོས་ཀྱི་བླ་མ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོ་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་རྔོག་བློ་ལྡན་ཤེས་རབ་ ་ ཀྱི་ སློབ་མ་ཡིན། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ཞབས་ ལ་གཏུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ [1462] དཔྱིས་ཕྱིན་པ་མཛད། སོགས་སུ་རྔོག་བློ་ལྡན་ཤེས་རབ་ཀྱི་ཞབས་ལ་ གཏུགས་ནས་ཚད་མ་རིག་པ་ལ་སོགས་པའི་ཆོས་སྐོར་རྣམས་ལ་ལེགས་ པར་སྦྱངས་པས་མཁས་པ་ཆེན་པོར་གྱུར། རབ་བྱུང་གཉིས་པའི་ས་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྔོག་བློ་ལྡན་ཤེས་རབ་ཀྱི་རྒྱལ་ཚབ་ཏུ་ བསྐོས་ཏེ་གསང་ཕུ་ནེའུ་ཐོག་གི་གདན་ས་བ་ལོ་ངོ་སུམ་ཅུ་སོ་གཉིས་ཀྱི་ རིང་དུ་འཆད་ཉང་གྱིས་ཚོགས་པ་ལེགས་པར་བསྐྱངས། ཁོང་གི་ སློབ་མའི་རྩེ་མོར་གྱུར་བ་ནི་ཉང་བྲན་པ་ཆོས་ཀྱི་ཡེ་ཤེས་ཡིན། ཁོང་ གིས་ཚད་མ་རིག་པའི་འགྲེལ་བ་འགའ་ཞིག་མཛད་ཡོད། ཁོང་ནི་ གསང་ཕུ་ནེའུ་ཐོག་གི་གདན་རབས་གསུམ་པ་ཡིན་ནོ། ། ཞང་ཚེ་སྤོང་མདོ་བཞེར་ཕེས་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་ཚེ་སྤོང་རྨ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་ [1463] པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ ཡང་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་ བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གཙིགས། ཚང་ནི། ཞང་ཚེ་སྤོང་ལྷ་བཟང་ཀླུ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ཞང་ཚེ་སྤོང་ལྷ་ལུང་སྟོ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། [1464] ཞང་ཞུང་ཁྱུང་སྐར།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གུང་སྲོང་གུང་བཙན་གྱི་སྐུ་གཤེན་ཡིན་པར་གསུངས་སོ། ། ཞང་ཞུང་ཆོས་དབང་གྲགས་པ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་ཞང་ཞུང་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་ འབར་དུ་སྐུ་གཤེགས། ཁོང་ཆུང་དུས་ནས་ཡི་གེའི་ཕྱི་མོ་སློབ་པ་ནས་ བཟུང་བསླབ་པར་བྱ་བའི་ཤེས་བྱ་ཐམས་ཅད་སློབ་དཔོན་གྱིས་ལན་རེ་ གཉིས་གསུངས་རྗེས་ཐུགས་སུ་ཆུད། དེ་རྗེས་དབུས་སུ་ཕེབས་ཏེ་རྗེ་ཡབ་ སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་ གཏུགས་ཏེ། མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་ རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང། སྒྲ་ཚད་སྙན་ ངག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས་མཁས་པ་ཀུན་གྱི་ རྩེ་མོར་སོན་ཏེ། རྗེ་ཙོང་ཁ་པའི་སློབ་མ་རྣམས་ལས་རྣམ་དཔྱོད་ཕུལ་ དུ་བྱུང་བ་ཟུང་གི་ཡ་གྱལ་གཅིག་ཡིན། དགུང་ལོ་སོ་ལྔ་པར་ པོ་རཱ་མ་ཎའི་རྟོགས་བརྗོད། ནང་ལ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། དེ་ནས་ནགས་ཤོད་ སྦུས་མདའི་གདན་སར་ཕེབས་ནས་འཆད་ཉན་མཛད། དགུང་ལོ་ང་ ལྔ་པར་ཆབ་མདོ་བྱམས་པ་གླིང་གི་གདན་སར་ཕེབས་ཏེ་ཕར་ཕྱིན་དང་ [1465] རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གཞན་དགོན་སྡེ་ ཆེན་པོ་གུ་རུ་དཔལ་འཁོར་གྱི་ཁྲི་ལ་ཕེབས་ནས་མཁས་པའི་བྱ་བ་རྣམ་ གསུམ་གྱིས་བསྟན་འགྲོར་སྨན་པའི་བྱ་བ་མཛད། ཁོང་གི་གསུང་ རྩོམ་ནི། འབྲེལ་བསྟོད་པའི་འགྲེལ་བ། ཆེན་བཟང་པོའི་རྣམ་ཐར་ཚིགས་བཅད། པ། བཞུགས་སོ། ། ཞང་ཞུང་ཏ་ར་ལ་ཧ་རི།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་རྒྱལ་ཏོ་རེ་ལོང་བཙན་གྱི་སྐུ་གཤེན་ནམ་སྐུ་བོན་ ཡིན་ནོ། ། ཞང་ཞུང་ད་ས་ཧ་རི།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ལྡེ་རྒྱལ་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཞང་ཞུང་དར་མ་ཧ་རི།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་ལྡེ་སྣོལ་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཞང་ཞུང་མུ་ལ་མ་ཧོ།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ལྡེ་སྤྲིན་བཙན་གྱི་སྐུ་གཤེགས་ནམ་སྐུ་བོན་ཡིན་ [1466] ནོ། ། ཞང་ཞུང་མུ་ཧ་ལ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་དཀྱིལ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཁྲི་བཙན་ནམ་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ ནོ། ། ཞང་ཞུང་མཚོ་མི་ཀུན་སྣང།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་ལྡེ་འཕྲུལ་ནམ་གཞུང་གཙན་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ ནོ། ། ཞང་ཞུང་བཟའ་ལི་ཐིག་སྨན།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པའི་བཙུན་མོ་ཆུང་བ་ཡིན་ རྒྱལ་པོའི་རིགས་སྲས་ནི་མ་འཁྲུངས། ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས་ སོ། ། ཞང་ཞུང་གཡུང་དྲུང་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་ཟྭ་ནམ་ཟིན་ལྡེའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཞང་ཞུང་ཨ་ལ་ནན་ཅི།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་ལྡེ་སྣོལ་ནམ་གྱི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཞང་ཞུང་ཨ་སོ་གཙུག་ཕུད།། [1467] ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་སེ་སྣོལ་པོ་ལྡེའི་སྐུ་གཤེན་ནམ་སྐུ་བོན་ཡིན་ནོ། ། ཞང་འོར་སྟོན་པ་ཤེས་རབ་བསོད་ནམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིགས་གནས་དང་བཅས་པར་ཐོས་ བསམ་རྨད་དུ་བྱུང་བ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས། མཛད་པ་བཞུགས་སོ། ། ཞང་ལོ་གྲུབ་པ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ དབུས་སྡེར་ཞང་མདོ་སྡེ་གྲགས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་ བྱིས་པའི་མིང་ལ་ཕུར་བ་སྐྱབས་ཟེར། དགུང་ལོ་བཅུ་བཞི་པར་སློབ་ དཔོན་རྒྱ་སྒོམ་ལས་ཡི་གེའི་འབྲི་ཀློག་བསླབས་ཤིང་ཆོས་སྒོར་ཞུགས་ ནཱ་རོ་ཆོས་དྲུག་ལ་སོགས་པའི་ཆོས་ཀྱང་གསན། སློབ་དཔོན་མྱང་ལས་ ཐུགས་རྗེ་ཆེན་པོ་མར་ལུགས་ཞུས། མངའ་བདག་མྱང་རལ་ལས་གཏེར་ མའི་ཟབ་ཆོས་ཞུས། རྭ་སངས་རྒྱས་ཀུན་དགའ་ལས་ཀྱེ་རྡོར་རྔོག་ ལུགས་དང། སྣུབས་ཀྱི་བསྟན་སྲུང་གསན། ཞང་འཚལ་པ་ལས་ [1468] སེམས་བསྐྱེད་དང། ཏིང་ངེ་འཛིན་གྱི་དབང། རས་པ་དབང་ ངེ་ལས་ཡན་ལག་བདུན་ལྡན་ལ་སོགས་པའི་རས་ཆུང་བའི་གདམས་པ་ མང་པོ་ཞུས། བང་སོ་བ་ལས་སྤུངས་པ་སྐོར་གསུམ། ལྷོ་བ་རྟ་ སྒོམ་ལས་མར་དོའི་བདེ་མཆོག་རྭ་ཇོ་དར་ལས་དུས་འཁོར་དང་ འཇིགས་བྱེད། སློབ་དཔོན་བསོད་རྒྱལ་ལས་དགྱེས་རྡོར་རམ་ལུགས་ དང་གསང་ལྡན། བླ་མ་རྡོ་རྗེ་སྐྱབས་ལས་རྨོག་གཅོག་པའི་ཆོས་སྐོར་ མར་སྟོན་ཚུལ་ཁྲིམས་འབྱུང་གནས་ལས་སྙན་བརྒྱུད། མ་གཅིག་ཨོང་ ཇོ་ལས་སྙན་བརྒྱུད་ཀྱི་གདམས་པ་དབང་དང་བཅས་པར་ཚང་བར་ ཞུས། པཎ་ཆེན་ཤཱཀྱ་ཤྲཱི་དང་དཔྱལ་ལོ་གཉིས་ལས་བསྙེན་པར་རྫོགས་ ཏེ་མཚན་ལ་གྲུབ་པ་དཔལ་བཟང་པོར་གསོལ། སློབ་དཔོན་རྒྱང་རོ་ གཞོན་རིང་ལས་འདུལ་བ་དང་སྤྱོད་ཕྱོགས། བླ་མ་ཀོ་བྲག་པ་ལས་ ལམ་འབྲས་ཞམ་ལུགས། ཁྲོ་ཕུ་ལོ་ཙ་བ་ལས་རྣམ་སྲས་སོགས་གསན་ ཏེ། ཆོས་ཞུས་པའི་བླ་མ་བདུན་ཅུ་ལྷག་ཙམ་ཡོད། དེ་ནས་བལ་ ཡུལ་དུ་བྱོན་ཏེ་པཎ་ཆེན་རཏྣ་རཀྵི་ཏ་ལས་སྒྲ་ཚད་བསླབས། དེ་ནས་ བོད་དུ་ཕེབས་ཏེ་དབེན་གནས་བོན་གྲོང་དུ་ཐུགས་དམ་བཞུགས་པས་ ཆོས་ཐམས་ཅད་དབྱིངས་རིག་དབྱེར་མེད་པའི་རྟོགས་པ་འདུ་འབྲལ་ མེད་པར་མངའ་བརྙེས་སོ། ཁོང་གི་གསུང་རྩོམ་ནི་ མཊཱིའི་ཀ་རིན་པོ་ཆེའི་གཏེར་མཛོད། མཐའ་གཉིས་རྣམ་སེལ། གཟེར་ལྔའི་མན་ངག། བསྒྱུར་རྩོམ་ནི་བསྟན་ འགྱུར་ལས། [1469] ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ། ཆོ་ག་རིམ་པར་ཕྱེ་བ། མའི་ཁྲུས་ཀྱི་ཆོ་ག། སོ། ། ཞང་ཤེས་རབ་བླ་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི། སྒྲུབ་ཐབས། ག། བྱ་བ་བདུན་པ། ཀྱི་བྱ་བ། པ། ཡང། རྗེ་འཇིགས་བྱེད་ཀྱི་བསྟོད་པ། ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་བ། [1470] གྱི་ཆོ་ག་རྒྱས་པ། འཁོར། སྲེག་གི་ཆོ་ག། པ་བཅུ་པ། པའི་མན་ངག། སོ། ། ཞབས་དཀར་པ་ཚོགས་དྲུག་རང་གྲོལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རེབ་ཀོང་དུ་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ དང། ཡུམ་བཀྲ་ཤིས་བརྩེགས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རང་ ཡུལ་དུ་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ངག་དབང་བཀྲ་ཤིས་ འབོད། དགུང་ལོ་བརྒྱད་པར་ཨ་མྱེ་ངག་དབང་ལས་ཡི་གེའི་འབྲི་ ཀློག་སྦྱངས། དགུང་ལོ་བཅུ་པར་ཞོ་འོང་སྔགས་མང་ཆོས་ཐོག་གི་ གྲལ་དུ་ཞུགས། དགུང་ལོ་བཅུ་བདུན་པར་གླིང་རྒྱའི་ལྷ་བཟོ་བསྟན་ པ་དར་རྒྱས་ལས་ལྷ་བྲིས་བསླབས་པས་ལེགས་པར་མཁྱེན། དེ་ནས་ འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་རྣམ་གཉིས་ལ་བསྟེན་ ནས་མདོ་སྔགས་ཆོས་ཀྱི་གདམས་པ་གང་མང་གསན། དགུང་ལོ་ཉེར་ གཅིག་པར་ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན་ལས་ རབ་བྱུང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་ [1471] མཚན་ལ་བྱམས་པ་ཆོས་དར་ཞེས་གསོལ། དེ་ནས་རྩེ་གཞུང་དུ་ཕེབས་ ཏེ་ཆིན་ཝང་ངག་དབང་དར་རྒྱས་ལས་མདོ་སྔགས་གཉིས་ལ་སྦྱངས་པ་ དཔྱིས་ཕྱིན་པར་མཛད་ཅིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་ མངའ་བརྙེས། དགུང་ལོ་ཉེར་དྲུག་པ་ནས་བཟུང་རྒྱལ་ཁམས་ཕྱོགས་ མེད་འགྲིམས་ཏེ་སྒྲུབ་པ་ཉམས་ལེན་སྙིང་པོར་མཛད། མདོ་སྨད་ཀྱི་ དབེན་གནས་སྟག་མོ་རྫོང་དང། རྒོད་པོ་རྫོང། གེ་ཐོ་རྫོང་ མཚོ་སྙིང། རྨ་ཆེན་སྤྲོམ་ར། བྲག་དཀར་སྤྲེལ་རྫོང་སོགས་སུ་ ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། དེ་ནས་དབུས་གཙང་ཆོས་ ཀྱི་ཞིང་ཁམས་སུ་ཕེབས་ནས་ཙཱ་རི་དང། གངས་དཀར་ཏེ་སེ། ལ་ ཕྱི་སྟག་གདོང་ཁྲ་མོ་བཅས་ལ་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ སོ་བདུན་པར་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་ཆེན་པོ་རྣམ་གཉིས་ མཇལ་ཞིང་ཞིག་གསོས་ཀྱི་མཆོད་པོ་ཕུལ། མདོར་ན་དབེན་གནས་ བརྒྱ་ཕྲག་ལ་ཉེ་བར་ཕེབས་ནས་ལོ་ངོ་སུམ་ཅུའི་རིང་སྒྲུབ་པ་ལྷུར་ལེན་ མཛད་ཅིང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་ནས་སྒྲུབ་བརྒྱུད་ བསྟན་པའི་བདག་པོར་གྱུར། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པདྨ་ རང་གྲོལ་དང། སྐལ་ལྡན་རང་གྲོལ། སངས་རྒྱས་རིན་ཆེན་ ལྕང་ལུང་སྤྲུལ་སྐུ་སོགས་ཡིན། ཁོང་གི་གསུང་རྩོམ་ནི་ སོགས་པོད་ཉེར་ལྔ་ཡོད་པ་གྲགས་སོ། ། ཞབས་དྲུང་ངག་དབང་ཚེ་རིང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ [1472] ཞུགས་ཏེ་དགེ་བསྙེན་ནས་བཟུང་བསྙེན་རྫོགས་བར་གྱི་སྡོམ་པ་བཞེས་ ཡི་གེའི་སྦྱོར་ཀློག་དང། ཐ་སྙད་རིག་གནས། གཞུང་ཆེན་བཀའ་པོད་ ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་རྣལ་མ་མཛད་ཅིང་ ཞྭ་སེར་བསྟན་པ་འཛིན་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། རབ་ བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དུས་འཁོར་ སྐོར་གྱི་དཔེ་ཆ་མང་པོ་ཕྱག་བྲིས་གནང། རྣམ་ཐར་ཞིབ་ཏུ་མཇལ་ རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི། འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས། རྒྱས་པ་སྡོམ་བརྩོན་དགའ་སྐྱེད། བསླབ་བྱ། བྱེད་ཚུལ། སོ་སོའི་འདོད་ཚུལ། ལོངས་པའི་པོད་བཅུ་ཐམ་པ་བཞུགས་སོ། ། ཞབས་དྲུང་ལྷ་པ་བློ་བཟང་འཕྲིན་ལས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་དབུས་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་དུའི་ངུས་ནས་ཞབས་ དྲུང་ལྷ་པ་བློ་བཟང་བསྟན་པ་དར་རྒྱས་ཀྱི་ཡང་སྲིད་དུ་ངོས་འཛིན་ གནང། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དྲུང་པ་ བརྩོན་འགྲུས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་ [1473] གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ ཆེན་པོར་གྱུར། པཎ་ཆེན་བློ་བཟང་ཡེ་ཤེས་ ་ ལས་དབེན་ས་སྙན་བརྒྱུད་དང། ལམ་རིམ་གྱི་ཁྲིད། བླ་མ་མཆོད་ པའི་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད། དགའ་ལྡན་ཕྱག་རྒྱ་ཆེན་ པོའི་ཁྲིད་བཅས་ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་ཉམས་རྟོགས་ ཁྱད་པར་ཅན་འཁྲུངས། ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ལས་སྨྱུང་ གནས་ཀྱི་སྡོམ་པ་ཞུས་ཏེ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཆེས་ཆེར་དར་ བར་མཛད། དེ་ནས་པཎ་ཆེན་བློ་བཟང་ཡེ་ཤེ་སྐྱི་སྣར་ཐང་བྱང་ ཆེན་གྱི་བླ་མར་བསྐོ་བཞག་མཛད་པས་གདུལ་བྱ་མཐའ་ཡས་པ་ལ་བྱང་ ཆུབ་ལམ་རིམ་གཙོ་བོར་མཛད་པའི་མདོ་སྔགས་ཀྱི་ཆོས་སྐོར་ཚིམས་ པར་གསུངས། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་བྱ་ བྲལ་བློ་བཟང་རྣམ་རྒྱལ་ཡིན། ཁོང་གི་གསུང་རྩོམ་ནི། གྱི་ཆོས་སྐོར། བཞུགས་སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཞི་བཅུ་ཞེ་དགུ་ བ་ཡིན་ནོ། ། ཞལ་ངོ་བསོད་ནམས་རབ་བརྟན།། ཁོང་ནི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཞལ་སྔ་འཇམ་དབྱངས་ཆོས་འཕེལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་སྲད་ཡུལ་ལ་ སྐུ་འཁྲུངས། ཁོང་གཞོན་ནུའི་དུས་ནས་བསྟན་པའི་ཆོས་ [1474] སྒོར་ཞུགས་ཏེ་རབ་ཏུ་བྱུང། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ཚད་མ་རྣམ་འགྲེལ་ལ་སྦྱངས་པས་ མཁྱེན་རབ་ཤིན་ཏུ་རྒྱས་ཤིང་སྡེ་བདུན་མདོ་དང་བཅས་པའི་དོན་ལ་མི་ འཇིགས་པའི་སྤོབས་པ་ཐོབ། དེ་ནས་ཕར་ཕྱིན་དང། དབུ་མ་ འདུལ་བ། མཛོད་རྣམས་ལ་རིམ་བཞིན་སྦྱངས་ཏེ་མཁས་པའི་ཕུལ་ དུ་ཕྱིན་པས་ན་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དམ་བཅའ་ བཞག་སྟེ་མཁས་པ་ཐམས་ཅད་ཀྱི་ཡིད་མགུ་བར་མཛད། རྡོ་རྗེ་འཛིན་ པ་དཀོན་མཆོག་རྒྱལ་མཚན་ ་ ལས་རྒྱུད་སྡེ་བཞི་ དང། བྱང་ཆུབ་ལམ་རིམ། དབེན་ས་སྙན་བརྒྱུད་བཅས་བུམ་པ་ གང་བྱོའི་ཚུལ་དུ་གསན་ཞིང་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་ ཆེན་པོར་གྱུར་པ་ན་པཎ་ཆེན་བློ་བཟང་ཡེ་ཤེས་ ་ ཀྱིས་ཐོས་བསམ་གླིང་གི་གདན་སར་བཀོད་དེ་གཞུང་ལུགས་ཆེན་པོའི་ འཆད་ཉན་མཛད། དེ་ནས་སྔགས་ཁང་གི་གདན་སར་བཞུགས་ཏེ་ སྐུ་མ་གཤེགས་ཀྱི་བར་དུ་གསང་ཆེན་ཆོས་ཀྱི་འཆད་ཉན་བསྐྱངས་ཤིང་ བསྟན་འཛིན་གྱི་བུ་སློབ་མང་དུ་བྱོན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་ བླ་རབས་བཞི་བཅུ་ཞེ་བརྒྱད་པ་ཡིན་ནོ། ཁོང་གི་མཚན་གཞན་ལ་ སྲད་འཇམ་དབྱངས་ཆོས་འཕེལ་ཞེས་ཞུའོ། ། ཞལ་ཏ་བསྐལ་བཟང་བསྟན་འཛིན་འཕྲིན་ལས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་ཏི་ཡན་དགོན་ དགའ་ལྡན་བདེ་ཆེན་བསམ་གཏན་གླིང་དུ་ཕེབས་ཏེ་སློབ་གཉེར་ [1475] མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་ སོ། །ཁོང་གི་གསུང་རྩོམ་ནི། བཀོད་པའི་ཞིང་དུ་བགྲོད་པའི་འཇུག་ངོགས། རྗེ་འཇིགས་བྱེད་ཆེན་པོ་དབང་གི་རྒྱལ་པོའི་སྒོ་ནས་དགེ་འདུན་འདུ་ བའི་འཁོར་ལོ་སྒྲུབ་ཆོག་ངག་འདོན་ཁམས་གསུམ་དབང་འདུས་པདྨ་རྭ་ གའི་ལྕགས་ཀྱུ། གཅིག་བཞུགས་སོ། ། ཞི་བྱེད་སངས་རྒྱས་རས་པ།། ཁོང་ནི་སངས་རྒྱས་རས་པ་རིན་ཆེན་སྨོན་ལམ་དང་མི་གཅིག་ ཡིན་པས་དེར་གཟིགས་པར་ཞུའོ། ། ཞིག་པོ་གླིང་པ།། ཁོང་ནི་གཏེར་སྟོན་རཏྣ་གླིང་པ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། ཞིག་པོ་བདུད་རྩི།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ ལྷ་གདོང་དགོན་པར་ཡབ་སངས་རྒྱས་དྭགས་ཆུང་དང་ཡུམ་ཝང་མོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ལུག་ལོ་སྟེ་ སྤྱི་ལོ་་ལོར་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡབ་གཤེགས་ཤིང། ཞང་པོ་དབུས་པ་ སྟོན་ཤཱཀ་སྟེ་དམ་པ་སེ་སྦྲག་གི་མདུན་ལ་ལོ་ངོ་གསུམ་ཙམ་བཞུགས་ནས་ རྫོགས་ཆེན་རོང་ལུགས་ཀྱི་ཆོས་སྐོར་རྣམས་ལེགས་པར་གསན། དགུང་ [1476] ལོ་བཅུ་དྲུག་པར་བླ་ཆེན་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས་ཏེ་ ཀུན་བྱེད་མདོ་བཅུ་དང། སེམས་སྡེའི་རྩ་བ་བཅོ་བརྒྱད་ རྣལ་འབྱོར་རིག་པའི་ཉི་མ། བསམ་གཏན་མིག་གི་སྒྲོན་མ། གདར་ ཤ་དང་གཟེར་བུ། རྡོ་རྗེ་སེམས་དཔའི་ཞུས་ལན་ལ་སོགས་སྒོམ་ཡིག་ཕལ་ ཆེར། སྙན་བརྒྱུད་སྐོར་ལུགས་རོང་ལུགས་ཁམས་ལུགས་ལ་སོགས་ པ་བསམ་གྱིས་མི་ཁྱབ་པ་གསན་ཏེ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་ མཛད། དེ་ནས་འུག་སྐད་དགོན་པ་དང། སེ་སྦྲག་ཆོས་བཅས་ བཟུང་སྟེ་སྐུ་བསོད་ཤིན་ཏུ་རྒྱས་ཤིང་ཐུགས་དགོངས་ནམ་མཁའ་ལྟ་བུ་ ལ་ཐུགས་རྗེའི་ཉི་ཟླ་ལྟ་བུར་ཤར་ནས་སྙན་པའི་གྲགས་པས་ཕྱོགས་ མཚམས་ཐམས་ཅད་དུ་ཁྱབ་ཅིང། གདུལ་བྱའི་ཚོགས་བསམ་གྱིས་ མི་ཁྱབ་པ་འདུས་ཏེ་བླ་མའི་ཞབས་ཏོག་དང་འགྲོ་བའི་དོན་རྒྱ་ཆེན་ལ་ དཔག་ཏུ་མེད་པ་མཛད། སྒྲུབ་པ་ཉམས་ལེན་མཛད་པས་རྫོགས་ཆེན་ རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ནས་ས་རྡོ་རི་བྲག་ཐམས་ཅད་ལ་ ཐོགས་མེད་དུ་བྱོན་ནུས་པ་བྱུང། སྐུ་གསུང་ཐུགས་རྟེན་སོགས་ཤིན་ ཏུ་མང་པོ་བཞེངས་པ་མཛད་ཅིང་སེམས་ཅད་དབུལ་ཞིང་ཕོངས་པ་ ཀུན་གྱི་སྦྱིན་བདག་མཛད། བྱང་ཕྱོགས་ཀྱི་རྒྱུད་འདིར་རྩོད་མེད་དུ་ གྲགས་པའི་སྐྱེས་ཆེན་དམ་པ་ཡིན། དེ་ནས་བསྟན་འགྲོའི་ཞབས་ཏོག་ ལེགས་པར་གྲུབ་སྟེ། དགུང་ལོ་ལྔ་བཅུ་རྩ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྟ་སྟོན་ཇོ་ཡེས་ དང། མ་ཧཱ་ལྷུན་པོ། མཁས་པ་ཇོ་མན། དབུས་པ་ཇོ་བསོད་ བཟང་སྟོན་ཧོར་གྲགས། གཉོས་སྟོན་བླ་མ་བཅས་ཡིན་ནོ། ། [1477] ཞིག་པོ་འདུལ་འཛིན་གྲྭ་བ་རིན་ཆེན་འབྱུང་གནས།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འཁྲུངས་ རབ་བྱུང་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་ཁྲོམ་བཞེར་ཇོ་སྲས་ རིན་ཆེན་སེང་གེ་ལས་རབ་ཏུ་བྱུང་ཞིང་མཚན་ལ་རིན་ཆེན་འབྱུང་ གནས་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་གཉིས་པར་གྲོ་སར་རྣལ་འབྱོར་ བྱང་སེང་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་འབེ་ སངས་རྒྱས་སྒོམ་པ་དང། རྡོ་རྗེ་གཞོན་ནུ། ཏྲེ་བོ་མགོན་པོ་ལ་ སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་བསྟན་པའི་ བདག་པོར་གྱུར། དགུང་ལོ་སུམ་ཅུ་སོ་བཞི་པ་རབ་བྱུང་བཞི་པའི་ ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཀམ་ཀམ་གྱི་གདན་སར་ ཕེབས་ཤིང་ལོ་ངོ་སུམ་ཅུ་སོ་བཞིའི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་ འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། ཁོང་ནི་ཀམ་ཀམ་གྱི་ གདན་རབས་བཞི་པ་ཡིན་ནོ། ། ཞིང་སྐྱོང་གྲགས་པ་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཀྲང་ཀྱཱ་སྡེ་བར་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་རྗི་ལྷུན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང། བཙན་པོ་དོན་གྲུབ་རྒྱ་ མཚོ་སློབ་དཔོན་དུ་བསྟེན་ནས་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་ [1478] གི་ཆོས་སྒོར་ཞུགས། རྣམ་འགྲེལ་དང། ཕར་ཕྱིན་གཞུང་ལ་སྦྱངས་ པ་མཐར་ཕྱིན་པ་མཛད་དེ། དགོན་ལུང་དང། བྱ་ཁྱུང་སོགས་ ཀྱི་བཤད་གྲྭ་དུ་མར་དམ་བཅའ་བཞག་དེ་ནས་དབུས་སུ་ཕེབས་ཏེ་འབྲས་ སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་ པོད་ལྔ་ལ་ཐོས་བསམ་མཛད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ ཤིང་གསན་བསམ་ཡུན་རིང་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་ ལས་བརྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་རང་ཡུལ་དུ་ཕེབས་ཤིང་ སླར་སྐུ་འབུམ་རྒྱུད་པ་གྲྭ་ཚང་དུ་ཞུགས་ཏེ་རིམ་གྱིས་རྒྱུད་པའི་བླ་མ་ དབུ་མཛད་དང། རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་འཆད་ ཉན་དང་ཕྱག་ལེན་བཅས་ལ་རྟིང་བསྐུལ་དང་དག་ཐེར་ནན་ཏན་དུ་ མཛད། རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུངས་ཤིང་ལོ་ངོ་བཅོ་ལྔའི་ རིང་དུ་གདན་ས་བསྐྱངས། འཆད་ཉན་དང་ཀུན་སྤྱོད་བཅས་ཚགས་ འཛིན་གནང་ཞིང། འདུ་ཁང་དབུ་འབུབ་གཉན་དགུ་མ་དང་ བླ་བྲང་ཕྱི་ར་ནང་སྐོར་བཅས་པ་གསར་བཞེངས་མཛད། མཛད་བཅུ་ དང། གནས་བཅུ། ཙོང་ཁ་བརྒྱད་ཅུ། འཇིགས་བྱེད་དང་ ཆོས་སྐྱོང་ཁག་མཁན་བརྒྱུད་དང་རྗེ་བཙུན་དམ་པའི་འཁྲུངས་རབས་ ཞལ་ཐང་སོགས་ཐང་ག་ཞེ་ལྔ་དང། བྱམས་པའི་གསེར་སྐུ་ཁྲུ་ལྷག་ གསར་འདུས་བློས་བསླང་བཅས་མང་པོ་བཞེངས། དེ་ནས་སླར་ དབུས་སུ་ཕེབས་ཤིང་ཇོ་ཤཱཀ་རྣམ་གཉིས་དང། རྒྱལ་དབང་ལྔ་བ་ རིན་པོ་ཆེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་མཆོད་བཀུར་བསྙེན་ [1479] གསུམ་མཛད། རྒྱལ་དབང་ལྔ་བ་རིན་པོ་ཆེས་ཁོང་མཁན་ཆས་ཡོངས་ རྫོགས། ཞབས་ཕྱིའི་གྲངས་བཅད། མཁན་པོའི་བཀའ་ཐམ་ བཅས་གནང་བ་ནས་བཟུང་བྱ་ཁྱུང་གི་མཁན་རབས་རིམ་བྱོན་རྣམས་ ལ་མཁན་པོའི་ཆོ་ལོ་ཡོད་པར་གྱུར། ཁྲི་ཟུར་ནས་ཆུ་དཀར་རི་ཁྲིད་ དུ་སྒྲུབ་པ་ཉམས་ལེན་མཛད་ནས་དགུང་ལོ་དྲུག་ཅུ་ཐམ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ ཁྲི་རབས་བཞི་པ་དང། བྱ་ཁྱུང་དགོན་པའི་མཁན་རབས་ཉེར་གསུམ་ པ་ཡིན་ནོ། ། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མགོ་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་འཚོ་ རྟེན་ཞིང་ལིང་གཅིག་དང་འདུག་གནས་ཤག་གཅིག་མ་གཏོགས་མེད་ པས་ཞིང་ཤག་པ་ཞེས་གྲགས་ཤིང། དེ་ནས་སྐུ་ན་སོན་རྗེས་རིན་ སྤུངས་པ་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ཆིབས་དཔོན་གྱི་ལས་ཀ་ དང། རིམ་པས་ལས་ཚན་དུ་སླེབས་ཏེ། ཤངས་དང་མྱང་སྨད་ ཁུལ་གྱི་ཡོང་སྡུད་པ་ལོ་མང་བྱས། རབ་བྱུང་དགུ་པའི་ས་ཕོ་སྦྲེལ་ལོ་ སྟེ་སྤྱི་ལོ་་ལོར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་ བྱུང། དེ་རྗེས་རིན་སྤུངས་པ་པདྨ་དཀར་པོ་བཀྲོངས་ཤིང་འབངས་ གྱེན་ལོག་བྱས། རབ་བྱུང་དགུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་འབྲུག་པ་པདྨ་དཀར་པོས་ཤངས་དོན་རབ་པ་སྐུ་མདུན་ཞིང་ལ་ རྩིས་འབུལ་ཞུས། དེ་ནས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེར་སྐུ་མདུན་ [1480] ཞིང་ཞེས་འབོད་སྲོལ་ཆགས། རབ་བྱུང་དགུ་པའི་ཤིང་མོ་གླང་ལོ་སྟེ་ སྤྱི་ལོ་་ལོར་པ་རྣམ་ལྡུན་གྲུབ་ཁྱུང་རྩེ་དང་རྫོང་གསར་ཕག་མོ་རི་ རྣམས་བླངས་ཏེ་རིན་སྤུངས་པའི་སྲིད་དབང་མཇུག་བསྒྲིལ་ནས་གཙང་ སྟོད་སྡེ་པའི་སྲིད་དབང་བཙུགས། བྱང་བདག་པ་ནམ་མཁའ་རིན་ ཆེན་གྱི་སྲས་བཀྲ་ཤིས་སྟོབས་རྒྱལ་དབུས་སུ་རྒྱང་ཕུད་བཏང་བར་བརྟེན་ སྔགས་ཀྱི་ལས་སྦྱོར་བསྒྲུབས་ནས་བཀྲོངས་སོ། ཞིང་ཞེས་བྱ་བའི་ ཞིང་བཅུ་ཚང་བ་ཁྱོད། ཁོ་བོས་ར་ཧུ་ལ་ཡི་ཞལ་དུ་བཏབ། གསུངས་སོ།། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཁམས་སྡེ་དགེའི་མངའ་ཁོངས་ལྡན་ཁོག་གསེར་ལྡན་ས་དཀར་གྱི་ ཡུལ་དུ་ཡབ་ཀུན་དགའ་འཕེལ་ལམ་མིང་གཞན་ལྷ་བཟོ་ངག་དབང་ ཆོས་འཕེལ་དང། ཡུམ་བུ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་བདུན་པར་ཁུ་བོའི་མདུན་ནས་ཡི་གེའི་འབྲི་ཀློག་ལེགས་ པར་སྦྱངས་ནས་ས་དགོན་དུ་གྲྭ་བཙུན་མཛད། དགུང་ལོ་བཅུ་གཅིག་ པར་དྲུང་པ་ཀུན་དགའ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་བཞེས་ ཚེ་བྷཱུཾ་དགོན་ནས་སྒྲ་དང་སྙན་ངག་དཀར་རྩིས་ནག་རྩིས། ཚད་ མ་ཐུན་མོང་གི་རིག་གནས་ཀུན་ལ་ལེགས་པར་སྦྱངས་ཏེ། དགུང་ལོ་ ཉེར་དགུ་པར་གཙང་ས་ངོར་གྱི་གདན་ས་ཕེབས། དེ་ནས་མི་རིང་ བར་ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད་ནས་དགོན་དེར་ [1481] ལོ་བཞི་ལྷག་ཙམ་བཞུགས། དགུང་ལོ་སོ་བཞི་པར་ས་སྐྱ་དགོན་པས་ སྡེ་དགེ་དགོན་ཆེན་དུ་བླ་བསྐོས་སུ་མངགས་པའི་མཁན་པོ་བཀྲ་ཤིས་ ལྷུན་གྲུབ་དང་མཉམ་དུ་ཕྱིར་སྡེ་དགེར་ཕེབས། སྡེ་དགེའི་རྒྱལ་པོ་མི་ ཐོག་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེའི་པར་ཁང་ ཆེན་མོའི་ཞུ་དག་མཁན་པོར་བསྐོས། དེ་ནས་བཟུང་སྟེ་ས་ཕྱོགས་ ཀུན་གྱི་དཔེ་ཆ་ཚང་མ་བསྡུ་རུབ་མཛད་དེ། སྐུ་ཚེ་གང་བོར་ལེགས་ སྒྲིག་དང་བསྟན་འགྱུར་ཆེན་མོ་ལ་འབྲུ་དག་པ་དང་ཆད་ལྷག་མེད་པ་ཞུ་ དག་གང་ལེགས་མཛད་དོ། ཁོང་གི་མཚན་གྱི་རྣམ་གྲངས་ལ། ངག་ གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་བསོད་ ནམས། ཞུ་ཆེན་ལོ་ཙཱ་བ། ཞུ་ཆེན་མཁན་པོ། ཞུ་ཆེན་ཚུལ་ ཁྲིམས་རིན་ཆེན། ཚུལ་ཁྲིམས་རིན་ཆེན་སོགས་ཡོད། ཁོང་གིས་ མཛད་པའི་གསུང་རྩོམ་ནི་བསྟོད་ཚོགས་གསུམ་འཕར་མ་དང། རྣམ་ ཐར་སྐོར། དཀར་ཆག་ཆབ་ཤོག་གི་སྡེ་ཚན་སོགས་སྙན་ངག་གི་ ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པའི་པོ་ཏི་བཅུ་གསུམ་ཡོད་ པ་ད་ལྟ་སྡེ་དགེའི་པར་ཁང་ཆེན་མོར་པར་ཤིང་ཆ་ཚང་བཞུགས་ཡོད།། ཞོགས་དོན་ཡོད་མཁས་གྲུབ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་འཕན་ཡུལ་དུ་ཡབ་ཚེ་རིང་ལྷ་སྲུང་དང། ཡུམ་ཨ་སང་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་ལས་དགེ་བསྙེན་དང་བར་མ་ [1482] རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་དོན་ ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་སློབ་དཔོན་དུ་ བསྟན་ནས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བརྒྱད་ནས་དགུང་ ལོ་བཅོ་བརྒྱད་པར་དུ་ཞོགས་གུར་སྨོན་དགོན་དུ་སྒྲིག་ཞུགས་མཛད་ དགུང་ལོ་བཅུ་དགུ་པར་དགའ་ལྡན་བྱང་རྩེར་བཞུགས་ནས་མཁས་ དབང་བློ་བཟང་དགེ་ལེགས་སློབ་དཔོན་དུ་བསྟེན་ཏེ་གཞུང་ཆེན་བཀའ་ པོད་ལྔ་ལ་ཐོས་བསམ་ཅན་ཏན་དུ་མཛད། དགུང་ལོ་ཉེར་ལྔ་པར་ ཞོགས་དགོན་པའི་དགེ་བསྐོས་ཀྱི་ཐུགས་འགན་བཞེས། དགུང་ལོ་ ཉེར་དྲུག་པར་གྲུབ་དབང་བྱམས་པ་ཆོས་ལྡན་དང། རྗེ་བཙུན་བསོད་ ནམས་དོན་གྲུབ་སོགས་བསྟེན་ནས་ལོ་མང་རིང་དབེན་པར་དཀའ་ཐུབ་ དྲག་པོ་སྤྱད་དེ་སྒྲུབ་པར་བརྩོན། དགུང་ལོ་ཞེ་དྲུག་ནས་ལོ་གསུམ་གྱི་ རིང་དུ་ཞོགས་གུར་སྨོན་གྱི་ཆོས་གྲྭར་ལོ་ལྟར་ཟླ་བ་གསུམ་རིང་ལམ་རིམ་ གྱི་ཁྲིད་དང། འཇིགས་བྱེད་ཀྱི་དབང་ཆེན་སོགས་བསྩལ། དགུང་ལོ་ ང་གསུམ་པར་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་རྩ་བའི་བླ་ མར་གྱུར། དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་སོ། །ཁོང་གི་གསུང་རྩོམ་ནི། མཁྱེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། ལྟ་ཁྲིད། ཅུ་སོ་བཞི་ལོངས་པའི་པོད་གཅིག་བཞུགས་སོ།། ཞོགས་བྱམས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་དགུ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ [1483] ཞོགས་ཀྱི་གྲམ་ཕུར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ལྕགས་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྟག་རྩེ་རིན་ཆེན་སྒང་ གི་འཐུ་བཙུན་མཛད། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པས་ མཁས་བཙུན་གྱི་སྙན་གྲགས་ཆེ། རྒྱུད་སྨད་དང། བྱང་རྩེ། སྟག་ རྩེ་རིན་ཆེན་སྒང་རྣམས་ཀྱི་བླ་མ་མཛད། དགུང་ལོ་དྲུག་ཅུ་ཐམ་ཕ་ རབ་བྱུང་བཅུ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་ གསེར་ཁྲི་ལ་ཕེབས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་ འཆད་ཉན་སྤེལ། རྒྱལ་བ་མི་ཕམ་མགོན་གྱི་གོས་སྐུ་ཆེན་པོ་བཞེངས་ རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་ཡུལ་དུ་ཕེབས་པའི་ཕྱི་ལོ་ས་ཡོས་ཏེ་ སྤྱི་ལོ་་ལོ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུར་ ཕེབས། དགུང་ལོ་དྲུག་ཅུ་རེ་བདུན་པར་མངོན་དགར་ཟུར་བཞུགས་ མཛད་པས་ཆོས་རྗེ་མངོན་དགའ་བར་གྲགས། སྟག་རྩེ་རིན་ཆེན་ སྒང་དུ་ཕག་མོ་པའི་དམག་འཕོགས་པས་ཆོས་སྡེ་དགུང་སྨོན་དུ་སྤོས་པ་ དར་རྒྱས་ཆེ། དགུང་ལོ་བདུན་ཅུ་དོན་ལྔ་ལྕགས་སྟག་ལོའི་ཟླ་བ་ བརྒྱད་པའི་ཚེས་བཅོ་ལྔར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གྱི་བྱང་ཆུབ་མཆོད་རྟེན་ ནི་མཆོད་ཁང་གསར་མར་གྲགས་པའི་དབུས་སུ་བཞུགས་སོ། དུས་ མཆོད་ཀྱང་ལེགས་པར་ཚུས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་ཉི་ཤུ་རྩ་བཞི་པ་ཡིན་ནོ།། ཞྭ་དམར་བ་དཀོན་མཆོག་དགེ་བའི་འབྱུང་གནས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ [1484] ལོར་མོན་སྤ་གྲོའི་ཕྱོགས་སུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་ གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་འཁྲུངས་ནས་ཡུན་རིང་ མ་འགྲོ་བར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་གདན་ སར་སྤྱན་དྲངས་ཏེ་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་ བརྒྱད་པར་ཞྭ་དམར་གྱི་གསེར་ཁྲི་ལ་མངའ་གསོལ་ཞིང་ཅོད་པན་ མནབས་པར་མཛད་ཀྱང་མི་རིང་བ་བར་ཆད་ཀྱི་དབང་གིས་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་དགུ་ པ་ཡིན། ། ཞྭ་དམར་བ་དཀོན་མཆོག་འབངས།། ཁོང་ནི་ཞྭ་དམར་བ་དཀོན་མཆོག་ཡན་ལག་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ།། ཞྭ་དམར་བ་དཀོན་མཆོག་ཡན་ལག་ ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཁོར་པོའི་ས་སྟོད་རྐྱེན་ཞོལ་མོ་ཆེའི་དགའ་ལྡན་ཁང་གསར་དུ་ཡབ་རྒྱལ་ པོ་མཚན་ལྡན་དང། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། སྐུ་འཁྲུངས་མ་ཐག་ཏུ་ཡུམ་ལ་གཟིགས་ཤིང་བཞད་མོ་ མཛད། ཡི་གེའི་སྦྱོར་ཀློག་ནི་སློབ་དཔོན་གྱིས་བརྡ་བསྟན་པ་ཙམ་ གྱིས་ལེགས་པར་མཁྱེན། དགུང་ལོ་བཞི་པར་བཀའ་རི་ཀ་དང། ལྔ་བཅུ་ པ། ཟབ་མོ་ནང་དོན། སུམ་རྟགས་དག་གསུམ་སོགས་ཚེགས་ [1485] མེད་དུ་མཁྱེན། དགུང་ལོ་བརྒྱད་པར་རྗེའི་དྲུང་དུ་ཡོངས་རྫོགས་ དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དཀོན་མཆོག་འབངས་ཞེས་ གསོལ། ཞྭ་དམར་གྱི་ཅོད་པན་ཡང་གནང། སྨོན་འཇུག་གི་ སེམས་བསྐྱེད་ཀྱི་སྡོམ་པ་དང། ནི་གུ་ཆོས་དྲུག་གི་དབང་ལུང་ཁྲིད་ གསུམ་སོགས་གསན་བསམ་མང་པོར་མཛད་ནས་བདེ་སྟོང་གི་རྣལ་ འབྱོར་ཅི་ཡང་ཤར། ཆོས་རྗེ་མི་སྐྱོད་རྡོ་རྗེ་དང། དཔའ་བོ་ གཙུག་ལག་ཕྲེང་བ་སོགས་རྩ་བའི་བླ་མར་བསྟེན་ནས་བཀའ་བརྒྱུད་ཀྱི་ གདམས་པ་མ་ལུས་པ་གསན་ཏེ་འཕྲིན་ལས་ཀྱི་སྒོ་མཐའ་ཡས་པར་ མཛད། ཆོས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་རིགས་བདག་ཏུ་གྱུར་ དགུང་ལོ་ང་དགུ་པར་སྤྲུལ་པའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུ་ བའི་ཚུལ་བསྟན་ནོ། ཁོང་ནི་ཞྭ་དམར་བ་སྐུ་ཕྲེང་ལྔ་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཀརྨ་བ་དབང་ཕྱུག་རྡོ་རྗེ་བཅས་ཡིན། ཁོང་ གི་གསུང་རྩོམ་ནི་མདོ་སྔགས་ཀྱི་བསྟན་བཅོས་རྨད་བྱུང་ཐར་བའི་ འཇུག་ངོགས་སུ་འགྲོ་བའི་རྣམ་གྲངས་སྡེ་ཚན་ལྔར་བསྡུས་པ་གླེགས་ བམ་བརྒྱད་ཙམ་དུ་བཞུགས་སོ།། ཞྭ་དམར་བ་མཁའ་སྤྱོད་དབང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་བྱང་གནམ་གཞུང་གི་བྱེ་མ་ལུང་དུ་ཡབ་ལྷ་རྒྱལ་དང། ཡུམ་ འབྲོག་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་གསུམ་པར་ སེར་སྐྱ་སྐྱེ་པོའི་ཚོགས་དུ་མ་འདུས་པ་ལ་སྤྱན་རས་གཟིགས་ཀྱི་བསྒོམ་ [1486] བཟླས་གནང་བ་དང། གཞན་རྒྱུད་མཁྱེན་ནས་ཇི་ལྟ་བ་བཞིན་གསུང་ བ་ངོ་མཚར་བའི་གཏམ་མང་པོ་སྣང་ངོ། དགུང་ལོ་དྲུག་པར་མཁས་ གྲུབ་དར་མ་རྒྱལ་མཚན་སོགས་ཀྱིས་ཞྭ་དམར་གྲགས་པ་སེང་གེའི་ཡང་ སྲིད་དུ་ངོས་འཛིན་ཏེ་དཔོན་སློབ་མང་པོས་མཚུར་གནས་ནང་དུ་ གདན་དྲངས། དགུང་ལོ་བདུན་པར་ཆོས་རྗེ་རོལ་པའི་རྡོ་རྗེ་ལས་ རབ་ཏུ་བྱུང་སྟེ་མཚན་ལ་ཡེ་ཤེས་དཔལ་ཞེས་གསོལ། ཁོང་ལས་ཆོས་ དྲུག་དང་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཁྲིད་རྣམས་གསན། ཆོས་རྗེ་གཡུང་ སྟོན་པ་ལས་སྒྲོལ་དཀར་གྱི་ཚེ་སྒྲུབ་ཞུས། རྗེ་རི་ཁྲོད་པ་ལས་རྒྱུད་ འབུམ་དང། མདོ་མང་ཕལ་ཆེ་བའི་ལུང། དབང་རྗེས་གནང་ བཅས་པ་མང་དུ་གསན། གཡའ་བཟང་པ་བསོད་ནམས་འོད་ལས་ ཁྲིད་ཁ་མང་ཞིག་གསན་ཅིང་སྒོམ་པས་གནས་ནང་གི་སྒོམ་ཆེན་ཐམས་ ཅད་ཀྱི་སྤྱོད་ལམ་མ་ལུས་པ་མངོན་སུམ་དུ་གཟིགས་ཏེ་མཁྱེན་རྟོགས་ ཕུལ་དུ་བྱུང། དགུང་ལོ་བཅོ་བརྒྱད་པར་མཁན་ཆེན་དོན་གྲུབ་དཔལ་བ་ དང། སློབ་དཔོན་འཇམ་དབྱངས་ཆོས་ཀྱི་རྡོ་རྗེ། གསང་སྟོན་ གཞོན་ནུ་དཔལ་བ་དགེ་འདུན་མང་པོ་དང་བཅས་པའི་དབུས་སུ་ བསྙེན་པར་རྫོགས། སློབ་དཔོན་འཇམ་རིན་ལས་བྱམས་ཆོས་སྡེ་ལྔ་ དང། ཚད་མ་རྣམ་ངེས། འདུལ་བ་མདོ་རྩ་རྣམས་དང་ མཁན་ཆེན་ཀུན་དགའ་འོད་ཟེར་ལས་རྡོ་རྗེ་ཕྲེང་བ་དབང། མཁན་ ཆེན་འོད་ཟེར་རྒྱ་མཚོ་ལས་སྙིང་ཐིག་གཏེར་ཁ་གོང་འོག་གི་བཀའ་ལུང་ ཕལ་ཆེར་གསན། དེ་ནས་ཙ་རི་དང། དྭགས་པོ། ཀོང་པོ་ བྱ་ཡུལ། བྱང་འདམ། རེ་ཤོད། རེ་རྒྱབ། ཡོ་རྒྱང་སོགས་ [1487] སུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར། དགུང་ལོ་ཉེར་དགུ་ པར་སྟག་རྩེའི་རྣམ་རྒྱལ་དགོན་པ་གསར་འདེབས་མཛད། གྲྭ་རྒྱུན་ གཉིས་བརྒྱ་ཙམ་འདུས་ཏེ་ཚོགས་པ་བསྐྱངས། དགུང་ལོ་སོ་བདུན་ པར་དགའ་ལྡན་མ་མོ་དགོན་པ་གསར་འདེབས་མཛད་དེ་སྒོམ་ཆེན་ གཙང་མ་སུམ་བརྒྱ་ལས་མི་ཉུང་བ་ཙམ་ལ་ཁྲིད་མཛད་པའི་རྟོགས་ལྡན་ རྣལ་འབྱོར་བགྲང་ལས་འདས་པ་བྱོན། དགུང་ལོ་ང་དྲུག་པ་ལ་ཞི་ བར་གཤེགས། ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་གཉིས་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་དེ་བཞིན་གཤེགས་དང་པ། བཀའ་ བཞི་རིན་ཆེན་བཟང་པོ། རྫ་དགོན་ཀུན་སྤངས་ཆོས་ཀྱི་ཡེ་ཤེས་ འགེར་ཉག་རྟོགས་ལྡན་ཆོས་དཔལ་ཡེ་ཤེས། ཟུར་དགོན་བཀའ་བཞི་ རིན་ཆེན་དཔལ། རི་མི་འབབས་པ་བསོད་ནམས་རིན་ཆེན། ལྷ་ གཟིགས་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་བསོད་ནམས་འབུམ་ ཆུ་ཚན་ཁ་བ་ཤེས་རབ་དཔལ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་རྡོ་ རྗེ་འཆང་ཆེན་ནས་རྗེ་འདི་བའི་བར་གྱི་རྣམ་ཐར་རྒྱས་པ་པོད་ཆེན་ གཅིག་ད་ལྟ་ཡང་བཞུགས་སོ།། ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་ཡབ་པད་མིག་དང། ཡུམ་མ་ཅི་གཉིས་ཀྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་ལ་མོ་བདེ་ཆེན་དགོན་ནས་ རོང་པོ་ཨ་ལགས་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་ [1488] མཛད། དགུང་ལོ་བརྒྱད་པར་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ ལས་རབ་བྱུང་བསྒྲུབས་ཤིང་ལ་མོ་བདེ་ཆེན་དགོན་གྱི་ཆོས་གྲྭར་བཞུགས་ གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ ལེགས་པར་མཛད། དགུང་ལོ་བཅུ་དྲུག་པར་བླ་གཞུང་གི་དྲུག་ཡིག་ མཛད། དགུང་ལོ་ཉེར་བདུན་པར་ཁུ་ལུགས་དགེ་བཤེས་ཉི་མ་རིན་ ཆེན་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་བཞི་པར་ར་རྒྱ་དགོན་ དུ་ཕེབས་ཏེ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་པ་མཛད་ དེ་ནས་བཟུང་དགུང་ལོ་ལྔ་བཅུའི་བར་དུ་སྐུ་མཚམས་བཞུགས། དགུང་ ལོ་ལྔ་བཅུ་ང་བདུན་པར་ལ་མོ་བདེ་ཆེན་དགོན་དུ་རྒྱུན་ཇའི་ཐེབས་རྩ་ བཙུགས། དགུང་ལོ་དྲུག་ཅུ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་རྗེ་ཞྭ་དམར་བའི་སྐུ་ཕྲེང་བཞི་པ་ཡིན་ནོ།། ཁོང་གི་གསུང་རྩོམ་ནི། བྱུང་བའི་རྒྱན་རྣམས་ཀྱི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ ཡོན། རྣམས་ཀྱི་དོགས་གཅོད་འཕྲོ་ཅན། པོའི་དཀའ་གནད་ལས་བརྩམས་པའི་ཟིན་བྲིས་བཅོམ་ལྡན་ཡིད་ཀྱི་མུན་ སེལ། སོ།། ཞྭ་དམར་བ་གྲགས་པ་སེང་གེ་ ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་སྤོམ་པོར་ཡབ་སྟག་ཆུང་དང། ཡུམ་ཨ་རྒོད་བཟའ་གཉིས་ཀྱི་ [1489] སྲས་སུ་སྐུ་འཁྲུངས། རུས་དབྲང་གུ་ཡིན། རབ་བྱུང་དྲུག་པའི་ ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་བཞི་པར་ སྒྲོལ་མ་དཀར་ལྗང་དང་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། སྐུ་ཆུང་ ངུའི་དུས་སུ་ཡུམ་གྱིས་ལོ་ཏོག་ལ་བྱེའུ་བཀག་པ་བཅོལ་ཚེ་རྡོ་ལ་ཞབས་ རྗེས་བཞག་བྱེའུ་རྣམས་ལ་བཀའ་བསྒོས་པ་གྲགས་པས་དེང་སང་ ཡང་བྱེའུ་བཀག་མི་དགོས་པའི་ངོ་མཚར་བ་ཡོད། དགུང་ལོ་བཅུ་ གསུམ་པར་བླ་མ་བློ་གྲོས་གྲགས་པ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། བླ་མ་དེ་ལས་ཆོས་དྲུག་གསན་ ནས་བསྒོམས་པས་རྟོགས་པའང་བརྙེས། དགུང་ལོ་བཅུ་བདུན་པར་ བླ་མ་ཡེ་ཤེས་སེང་གེ་ལས་རབ་ཏུ་བྱུང་ཞིང་ལྷན་སྐྱེས་དང། ཇོ་མོ་ ཧྲཱིབྶྐྱེད་བཅས་གསན། དགུང་ལོ་ཉེར་གསུམ་པར་གསང་ཕུར་ ཕེབས་ཏེ། བླ་ཆོས་བ་འཇམ་དབྱངས་ཤཱཀྱ་གཞོན་ནུ་དང། སློབ་ དཔོན་བློ་གྲོས་མཚུངས་མེད་རྣམ་གཉིས་ལས་ཕར་ཕྱིན་དང་ཚད་མ་ སོགས་ལོ་ངོ་དྲུག་ཏུ་སྦྱངས་བར་མཛད། དབུས་གཙང་གི་གྲྭ་སྐོར་མཛད་ པས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ཉེར་བརྒྱད་པ་རྗེ་རང་ བྱུང་རྡོ་རྗེ་ལས་བཀའ་བརྒྱུད་སྡེ་རིན་པོ་ཆེའི་གདམས་པ་མ་ལུས་པ་ གསན། སློབ་དཔོན་བསོད་ནམས་སེང་གེ་ལས་ལྔ་ཚན་ལྔའི་དབང་རྣམས་ དང་སྒྲུབ་ཐབས་རྣམས་ཞུས། མཁན་ཆེན་གཞོན་ནུ་བྱང་ཆུབ་དང་ སློབ་དཔོན་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་བསྙེན་པར་རྫོགས་ བྱང་སེམས་རྒྱལ་བ་ཡེ་ཤེས་དང་རིག་འཛིན་ཀུ་མ་རཱ་ཛ་སོགས་ལས་སྦྱོར་ དྲུག་དང་རྫོགས་ཆེན་གསན། དེ་ནས་བལ་ཡུལ་དུ་ཕེབས་ཏེ་སྒྲུབ་པ་ [1490] རྩེ་གཅིག་ཏུ་མཛད། རྗེ་རང་བྱུང་རྡོ་རྗེའི་དྲུང་དུ་སྒོམ་ཆེན་བརྒྱད་ བརྒྱ་ཙམ་གྱི་ནང་ནས་རྟོགས་པ་མཐོ་ཤོས་སུ་གྲགས། དེ་དུས་ཉམས་ སྣང་དང་གཟིགས་སྣང་བརྗོད་ཀྱིས་མི་ལངས། རྗེ་རང་བྱུང་རྡོ་རྗེའི་ བཀའ་ལྟར་དགུང་ལོ་ལྔ་བཅུ་ཐམ་པར་གནས་ནང་དུ་རི་ཁྲོད་ཕྱག་ འདེབས་མཛད། ཚོགས་པ་དྲུག་བརྒྱ་ལྷག་ཙམ་བསྐྱངས། རྗེ་རང་ བྱུང་རྡོ་རྗེས་གོང་མ་ཆེན་པོའི་ཕོ་བྲང་ནས་ཁོང་ལ་བཀའ་ཤོག་དང་ ཞྭ་དམར་སོགས་གནང་འབྱོར་བྱུང་བ་ཕྱག་ཏུ་འཕྲོད། དགུང་ལོ་རེ་ བདུན་པར་མཁའ་སྤྱོད་དུ་ཕེབས། ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་ དང་པོ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྟོགས་ལྡན་མགོན་རྒྱལ་ བ་དང། འཇམ་དབྱངས་ཆོས་རྡོར་བ། གཡག་སྡེ་པཎ་ཆེན་ མཁས་གྲུབ་དར་མ་རྒྱལ་མཚན་བཅས་ཡིན། ། ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ འབྲི་གུང་སྤྲོ་ལུང་དུ་ཡབ་འབྲི་གུང་ཆོས་རྒྱལ་ཕུན་ཚོགས་དང། ཡུམ་ ལོང་མོ་བཟའ་གཡང་འགུག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གཅིག་པར་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་ལྔ་པར་གྲོ་སྣར་རྗེ་དབང་ཕྱུག་རྡོ་རྗེས་ཞྭ་དམར་བ་སྐུ་ལྔ་པའི་ ཡང་སྲིད་དུ་ངོས་འཛིན་མཛད་ཅིང་གཙུག་ཕུད་བཞེས། མཚན་ལ་ དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་ཅེས་གསོལ། ཞྭ་དམར་གྱི་ ཅོད་པན་དང་ཐམ་ག་གནང་སྟེ་སེང་ཁྲིར་མངའ་གསོལ་མཛད་ བཀའ་ལུང་མན་ངག་སོགས་མང་དུ་གསན། མཚུར་ཕུ་རྒྱལ་བའི་ [1491] དབང་པོའི་དྲུང་ནས་དབང་ལུང་ཁྲིད་གསུམ་སོགས་གསན་བསམ་ མཛད། ཐུབ་བསྟན་ཉིན་བྱེད་གླིང་གི་འདུས་སྡེ་བཙུགས། འཕན་ ཡུལ་ཟ་དམ་ལེགས་བཤད་གླིང་དུ་མཚན་ཉིད་བཤད་གྲྭ་བཙུགས་ཏེ་ བསྡུས་གྲྭ་དང། བཀའ་པོད་བཞི་དང་སྔགས་ཀྱི་ཐོས་བསམ་སོགས་ རྒྱ་ཆེར་སྤེལ། གཞན་ཡང་མདོ་ཁམས་དབུས་དང་རྒྱ་བལ། རི་བོ་ བྱ་རྐང་སོགས་སུ་གནས་གཟིགས་དང་འབྲེལ་སྒྲུབ་པར་མཛད་ཚེ་འཇམ་ དབྱངས་དང། དབྱངས་ཅན་ལྷ་མོ། སྤྱན་རས་གཟིགས་སོགས་ ཀྱིས་ཞལ་གཟིགས་དང་ལུང་བསྟན་བཅས་བརྗོད་ཀྱིས་མི་ལངས་པ་ དང། འཆད་རྩོད་རྩོམ་གསུམ་ལ་རང་དབང་ཐོབ་པས་འཇམ་པའི་ དབྱངས་དང་མཚུངས་པར་གྲགས། སྡེ་སྲིད་གཙང་པས་ཀརྨ་ཞྭ་དམར་ ནག་གདན་དྲངས་སྐབས་སུ་འཁོར་ཁྲི་ཕྲག་ལྔ་ལྷག་བྱུང་བ་དང་ དང། ཀརྨ་པའི་གདུང་མཚུར་ཕུར་འདས་མཆོད་ཕུལ་སྐབས་དགེ་ འདུན་ཁྲི་བདུན་ལྷག་ཙམ་འདུས་པ་བཅས་ཀཾ་ཚང་གི་བསྟན་སྲིད་དེ་ དེའི་སྐབས་སུ་ཤིན་ཏུ་རྒྱས་པར་གྲགས། ཞབས་ཀྱིས་གང་བཅགས་ སུ་དང་འདུན་སྐྱ་སེར་མཆོག་དམན་ཁྲི་ཕྲག་ལྷག་ལས་འདས་པར་སྨིན་ གྲོལ་གྱི་ལམ་དུ་བཀོད་ཡོད་པ་སོགས་བརྗོད་ཀྱིས་མི་ལངས་སོ། དགུང་ ལོ་ཞེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཞྭ་དམར་ བའི་སྐུ་ཕྲེང་དྲུག་པ་ཡིན། ། ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ཏྲེ་ཤོད་ཁང་དམར་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ [1492] ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། སྐུ་འཁྲུངས་མ་ཐག་ནས་ཀརྨ་པ་ ཞེས་གསུངས་འབྱོན། ཡི་དམ་ལྷ་དང་ཆོས་སྐྱོང་སྲུང་མས་ཞལ་ གཟིགས་ཤིང། མངོན་མཁྱེན་ཐོགས་མེད་མངའ། ཁོང་གི་ཚེམས་ བརྗེ་སྐབས་ཚེམས་ལ་རིང་བསྲེལ་སྔོན་པོ་འཁྲུངས་པ་བྱུང། དགུང་ ལོ་བརྒྱད་པར་རྗེ་ཆོས་གྲགས་རྒྱ་མཚོས་གཙུག་ཕུད་བཞེས་ཏེ་མཚན་ལ་ ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ་ཞེས་གསོལ། རྗེ་ཆོས་གྲགས་ རྒྱ་མཚོ་དང། བླ་མ་འཇམ་དབྱངས་བཟང་པོ། གུ་ཤྲཱི་དཔལ་ འབྱོར་དོན་གྲུབ། བླ་མ་རྒྱལ་མཚན་པ་སོགས་དགེ་བའི་བཤེས་མང་ པོར་བསྟེན་ནས་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་མང་པོ་དང་ བཀའ་འབུམ་མང་པོ། ཁྲིད་ཁ་མང་པོ་གསན་ནས་མཁྱེན་རབ་ཕུལ་ དུ་བྱུང་བའི་ཕྱོགས་རིས་མ་ཆད་པའི་གྲུབ་མཐའ་ཡོངས་ཀྱི་གཙུག་ནོར་ དུ་གྱུར། དགུང་ལོ་ཉི་ཤུ་པར་བླ་མ་གཞོན་ནུ་དཔལ་ལས་བསྙེན་རྫོགས་ ཀྱི་སྡོམ་པ་བཞེས། བླ་མ་འཇམ་དཔལ་བཟང་པོ་དབང་ཁྲིད་མན་ ངག་མང་དུ་གསན། ནུབ་གཅིག་མནལ་ལམ་དུ་དབྱངས་ཅན་ལྷ་མོས་ ཨ་རུ་ར་གནང་པ་རྨིས་པ་ན་སྙན་ངག་རང་བྱུང་དུ་མཁྱེན་པར་གྱུར་ གསུང་རབ་ཀུན་ལ་ལན་རེ་གཟིགས་པས་ཐུགས་སུ་ཆུད་པའི་ཡེ་ཤེས་ མངའ། མདོ་ཁམས་ལྷོ་རོང་ཆེན་བཅོ་བརྒྱད་ནས་ཟི་ལིང་མཁར་གྱི་ བར་དུ་ཞབས་ཀྱིས་བཅགས་ཏེ་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ཞིང་ ལ་བཀོད་པ་དང། ངོ་མཚར་བའི་མཚན་ལྟས་དང་དག་པའི་གཟིགས་ སྣང་བགྲངས་ཀྱིས་མི་ལངས། དེ་ནས་ཧོར་གྱི་ཡུལ་དུ་ཕེབས་ཏེ་ཧོར་ [1493] ཀླུངས་པ་རྣམས་གདུལ་བྱར་གྱུར། ཨ་རམ་གྱི་སྡིག་ལས་ཆེན་པོའི་རྒྱུན་ བཅད། དགེ་སློང་ལ་གུས་པ་བྱེད་དུ་བཅུག་སྟེ་དམ་པའི་ཆོས་ཀྱི་སྒོ་ ལ་བཙུད། ཡངས་པ་ཅན་དུ་ཆོས་སྡེ་གསར་དུ་བཏབ་ཅིང་བཤད་ སྒྲུབ་གྲྭ་བཙུགས། སྡེ་སྲིད་སྤྱན་སྔའི་འགན་ཁུར་ལོ་ངོ་ཉི་ཤུའི་རིང་ དུ་བཞེས་ནས་ཆོས་སྲིད་གཉིས་ཀའི་བསྟན་པ་ཡང་ནས་ཡང་དུ་དར་ བར་མཛད་དོ། ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་བཞི་བ་ཡིན། ། ཞྭ་དམར་བ་ཆོས་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་གཙང་བཀྲ་ཤིས་རྩེར་ཡབ་སྡེ་པ་ཐང་ལྷ་དང། ཡུམ་ཉི་ བླ་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་བལ་ཡུལ་དུ་སྐུ་གཤེགས་ ཁོང་དགུང་ལོ་ལྔ་པར་ཀརྨ་པ་དང། སི་ཏུ། འབྲི་གུང་ཡབ་སྲས་ འབྲུག་པ་ཡབ་སྲས། ས་སྐྱ་པ་རིག་འཛིན་ཆེན་པོ་བཅས་དགོངས་པ་ གཅིག་མཐུན་གྱིས་ཞྭ་དམར་བའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་ མཚན་ལ་དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ཞེས་གསོལ། སི་ཏུ་ རིན་པོ་ཆེ་ལས་མདོ་རྒྱུད་མན་ངག་ཐམས་ཅད་ལེགས་པར་གསན་ རིག་འཛིན་ཆེན་པོ་དང་དཔའ་བོ་སོགས་ལས་ཀྱང་བཀའ་ཆོས་མང་དུ་ གསན། ལྷ་ལྡན་དང། མཚུར་ཕུ། ཡངས་པ་ཅན། འདམ་གཞུང་ ན་ཆུ། སྡེ་དགེ་སོགས་ཞབས་ཀྱིས་བཅགས་ཏེ་འགྲོ་དོན་མཛད་ གར་དབང་དྲུག་པ་དང། བརྒྱད་པའི་གདུལ་བྱ་ལྷག་མ་དགོངས་ ནས་བལ་ཡུལ་དུ་ཕེབས་འདུན་ཡོད་པ་དང། སྲིད་སྐྱོང་ཀུན་གླིང་ [1494] སྟག་ཚག་མཆོག་གིས་བལ་བོད་འཁྲུངས་ཟིང་ཆིངས་སྒྲིག་ཆེད་དུ་བལ་ ཡུལ་ལ་ཕེབས་དགོས་པའི་བཀའ་ལྟར་ཕེབས་སྐབས་ལམ་ཁ་ནས་བལ་ དམག་བོད་དུ་བཙན་འཛུལ་བྱས་པས་གཞུང་སའི་བཀའ་བཞིན་མ་གྲུབ་ སྟབས། བལ་དམག་སྔོན་ཁྲིད་དང་དགྲ་ཕྱོགས་དང་གཅིག་པར་ ཡིན་སྐད་ཀྱི་དགོངས་ཕོག་གིས་གདན་ས་ཡངས་པ་ཅན་སྒོ་ཐེལ་བསྐྱོན་ པ་དང། སྣོད་བཅུད་གཞུང་བཞེས་མཛད་པར་མ་ཟད། ཡང་ སྲིད་ངོས་འཛིན་མི་ཆོག་པའི་བཀའ་ལུང་བསྒྲགས། དེ་ནས་དགུང་ ལོ་ང་གཅིག་པར་བལ་ཡུལ་དུ་ཞི་བར་གཤེགས་ཏེ། ཡུལ་དེ་གར་ཞྭ་ དམར་བའི་སྐུ་གདུང་མཆོད་རྟེན་བཞེངས་པ་ད་ལྟའང་ཡོད་སྐད་དོ་ ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་བཅུ་པ་ཡིན། ། ཞྭ་དམར་བ་ཆོས་དཔལ་ཡེ་ཤེས།། ཁོང་ནི་རབ་བྱུང་བདུན་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ཉང་ཁ་པའི་ལུང་ཁེ་ལུང་བྲག་མདོར་ཡབ་བསམ་གྲུབ་དང་ཡུམ་བལ་ བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་ཕོ་ སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་གི་ཞབས་མཐིལ་དུ་ཧོར་ཡིག་གསེར་གྱི་རྒྱལ་ཞེས་པས་ མཚན་པ། མཚན་བཟང་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ བཞུགས། དགུང་ལོ་ལྔ་དྲུག་ཙམ་ལ་བྲག་ཤིན་ཏུ་མཐོ་བར་ཐོགས་ མེད་དུ་བྱོན་པ་དང། རྩིག་རག་གང་ལའང་མ་ཐོགས་པར་ཕེབས་ གཞན་རྒྱུད་མཁྱེན་པའི་མངོན་ཤེས་མང་པོ་མངའ་བ་སོགས་ངོ་མཚར་ བའི་མཛད་པ་དུ་མ་བྱུང། དགུང་ལོ་བརྒྱད་པར་བླ་མ་ཆོས་བཟང་ [1495] ལས་ཕག་མོ་དང། རྒྱལ་བ་རྒྱ་མཚོ། བེར་ནག་ཅན་རྣམས་ཀྱི་ དབང་སྒྲུབ་ཐབས་རྣམས་དང། ཆོས་རྗེ་དེ་བཞིན་གཤེགས་པ་ལས་ ཆོས་དྲུག་དང། ཕྱག་ཆེན། རླུང་སེམས་གཉིས་མེད། རྫོགས་ཆེན་ རིམ་ལྔ། རྒྱུན་འབུམ་སོགས་ལེགས་པར་གསན། དགེ་སློང་དབོན་ གྲགས་པ་ལས་རྒྱུད་བཅུ་བདུན་སྙིང་ཐིག་དང་བཅས་པ་གསན། ཆོས་ རྗེ་དེ་བཞིན་གཤེགས་པ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ ཆོས་དཔལ་ཡེ་ཤེས་ཞེས་གསོལ། སྟག་རྩེ་ཆོས་རྗེས་མཁན་པོ་དང་ བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སློབ་དཔོན་མཛད་ནས་རབ་ཏུ་ བྱུང། ཏཱ་མིང་རྒྱལ་པོས་རྡོ་རྗེ་འཆང་གི་སྐུ་དང། རྡོ་རྗེ་དྲིལ་ བུ། གན་དཀར་སོགས་ཀྱི་གནང་སྦྱིན་ཡང་བྱུང། དགུང་ལོ་བཅུ་ གསུམ་པར་སྙེ་བོར་བྱོན་ནས་ཆོས་ཀྱི་མཛད་འཕྲིན་སྤེལ། དགུང་ལོ་ བཅོ་བརྒྱད་པར་མཁན་ཆེན་བསོད་ནམས་བཟང་པོ་ལས་བསྙེན་པར་ རྫོགས། བཀའ་བཞི་རིགས་པའི་རལ་གྲི་ལས་རྗེ་རང་བྱུང་རྡོ་རྗེའི་བཀའ་ འབུམ་དང། བྱམས་ཆོས་སྡེ་ལྔ། རྩ་ཤེར། རྩོད་བཟློག་རིགས་པ་ དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་བ་བཅས་དང། བླ་མ་རིན་བཟང་ལས་ རི་ཆོས་སྐོར་སོགས་དང། བླ་མ་གངས་པ་དབང་ཕྱུག་རྒྱལ་མཚན་ ལས་ནི་གུའི་ཆོས་སྐོར། ཚལ་པའི་ཆོས་སྐོར། དོ་ཧ་བཅས་དང་ མཚུར་སྟོན་ཆོས་ཀྱི་རིན་ཆེན་ལས་བརྟག་གཉིས། ཀུན་སྤྱོད་རྣམས་ ཀྱི་རྣམ་བཤད་སོགས་ཆོས་མང་དུ་གསན་ནས་མཁས་པའི་གཙུག་རྒྱན་ དུ་གྱུར། ཙ་རི་རིན་ཕུག་དགོན་པ་གསར་འདེབས་མཛད། སྐུ་ཚེ་ གང་བོར་འོ་ཕུག་དང། སྤོ་བོ། སྙེ་བོ། ཀོང་པོ། ཙ་རི་ [1496] དྭགས་པོ། འོལ་ཁ། སྣེའུ་གདོང། རྒྱ་མཚོ་སྒང། མྱང་ པོ། བྲག་གསུམ། འཇམ་ནེ། དམར་ཚ་ཐུང། རྔོད་ཨ་ རིག་ཐང། ནགས་ཤོད། གྲིབ་གདོང། སྦུད་མདའ། མཚུར་ ཕུ། གནས་ནང། ལྷོ་རོང། རི་བོ་ཆེ། ཀརྨ། ཡོར་ མདའ། ལྷ་སྟེངས། སྒོམ་སྡེ། ཁྱུང་པོ་བཅས་ཀྱི་ཡུལ་གྲུ་རྣམས་ ལ་ཞབས་ཀྱིས་བཅགས་ཏེ་སྐྱེ་བོ་མཆོག་དམན་ཚང་མ་སྨིན་གྲོལ་གྱི་ཞིང་ དུ་བཀོད་དོ། དགུང་ལོ་ཞེ་བདུན་པར་ཞི་བར་གཤེགས། ཁོང་ནི་ ཞྭ་དམར་བའི་སྐུ་ཕྲེང་གསུམ་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་ཆོས་རྗེ་མཐོང་བ་དོན་ལྡན་དང། སྟག་ལུང་ཆོས་རྗེ་ཀུན་སྤངས་ བྱང་ཆུབ་རྒྱ་མཚོ། གུ་ཤྲཱི་དཔལ་འབྱོར་དོན་གྲུབ། འགོས་ལོ་ གཞོན་ནུ་དཔལ། ཆོས་རྒྱལ་ནམ་མཁའ་བློ་གྲོས་བཅས་ཡིན། ། ཞྭ་དམར་བ་འཇམ་དབྱངས་རིན་པོ་ཆེ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ཡབ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་དང། ཡུམ་ཌཱ་ཀི་དབང་མོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྔར་རྒྱལ་ཚབ་སྟག་ཚག་ སྐབས་སུ་ཡང་སྲིད་ངོས་འཛིན་མི་ཆོག་པའི་བཀའ་ལུང་བསྒྲགས་པ་ བརྟེན། སྐུ་ཡོན་གསན་བཞེས་སོགས་མངོན་ཆུང་ཙམ་དུ་མཛད་དེ་ ཐུགས་དམ་ཉམས་བཞེས་ཁོ་ནར་ཐུགས་གཞོལ་བ་ལས་གཞན་དོན་ གདུལ་བྱ་འགྲོ་དོན་ཆོས་སྐོར་སོགས་ཀྱི་ཆ་རྐྱེན་མ་འཛོམས་པས་དགུང་ ལོ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཞྭ་ [1497] དམར་བའི་སྐུ་ཕྲེང་བཅུ་གཅིག་པ་ལ་བརྩིས་པ་ཡིན། ། ཞྭ་དམར་བ་བསྟན་འཛིན་གྲགས་པ་བཤད་སྒྲུབ།། ཁོང་ནི་ཞྭ་དམར་བ་མི་ཕམ་ཆོས་ཀྱི་བློ་གྲོས་འཕྲིན་ལས་ཀུན་ ཁྱབ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། ཞྭ་དམར་བ་དཔལ་ཆེན་ཆོས་ཀྱི་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་བལ་ཡུལ་ཡོལ་མོ་གངས་རར་ཡབ་སྔགས་འཆང་ཀརྨ་གུ་ རུ་དང། ཡུམ་སྦྱིན་པ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། སྐུ་ཆུང་ངུའི་དུས་ནས་འདས་མ་འོངས་པའི་ཀློག་གྱུར་ཐམས་ ཅད་མཁྱེན་ནས་གསུངས་པས་ཐམས་ཅད་ཀྱིས་ཞྭ་དམར་བ་ཡེ་ཤེས་ སྙིང་པོའི་སྤྲུལ་སྐུར་ཡིད་ཆེས་ཐོབ། ཆོས་རྗེ་ཡེ་ཤེས་རྡོ་རྗེས་ངོས་འཛིན་ མཛད་ནས་གཙུག་ཕུད་བཞེས་པ་སོགས་མཛད། བལ་པོ་རྒྱལ་པོས་ ཡམ་བུར་སྤྱན་དྲངས་ཏེ་དེར་ཡོད་པའི་ཕྱི་རོལ་པའི་པཎྚི་ཏ་རྣམས་ཀྱིས་ ཞལ་མཇལ་བ་ཙམ་གྱིས་དད་ཅིང་བསྔགས་པར་བྱས། དགུང་ལོ་ བདུན་པར་བལ་ཡུལ་ནས་སྤྱན་དྲངས་ཏེ་འོག་མིན་མཚུར་ཕུར་ཆོས་རྗེ་ ཡེ་ཤེས་རྡོ་རྗེའི་ཞྭ་དམར་ཅོད་པན་གསོལ་ཞིང་བསྟན་པའི་བདག་པོར་ མངའ་གསོལ། དགུང་ལོ་ཉེར་བདུན་པར་གཞུང་ས་ནས་ཡངས་པ་ ཅན་བདག་སྤྲོད་མཛད་ཆོག་པའི་བཀའ་ལུང་བྱུང་བ་ལྟར་བསྟན་མཆོད་ རྣམས་རྩིས་ལེན་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བླ་མར་གྱུར་ ཏྲེ་ཧོ་བསྟན་འཛིན་དར་རྒྱས་དང་གོ་ཤྲཱི་དོན་ཡོད་སྙིང་པོ་སོགས་བཀའ་ [1498] བརྒྱུད་ཀྱི་ཟབ་ཆོས་མ་ལུས་པར་གསན། རིག་འཛིན་སྟག་ཤམ་པའི་ གཏེར་ཆོས་དང་གཏེར་རྫས་ཕུལ་ནས་རྩ་བའི་ཆོས་བདག་ཏུ་བཀུར་ དུལ་མོ་ཆོས་རྗེ་སོགས་བཤེས་གཉེན་དུ་མ་ལས་ཟབ་ཆོས་དབང་ཁྲིད་སྣ་ ཚོགས་གསན། སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ནས་ བོད་ཐམས་ཅད་རྒྱལ་པོ་ལྷ་བཟང་ཧན་གྱིས་དབང་བསྒྱུར་བའི་དུས་ལ་ འཁེལ། རྒྱལ་པོའི་མདུན་དུ་ཡང་དགེ་མཇལ་ཞུས་ནས་བཀའ་དྲིན་ ཞུ་བར་རྗེ་ཚངས་དབྱངས་རྒྱ་མཚོ་ལྔ་པའི་ཡང་སྲིད་ཡིན་ཚུལ་སོགས་ དྲང་པོར་གསུངས། ཀརྨ་པ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་བཅས་ ལྷན་དུ་མཚུར་ཕུར་ཁྲི་འདོན་དབང་ཁྲིད་སོགས་མཐའ་ཡས་པ་བསྩལ་ འབྲུག་ཐམས་ཅད་མཁྱེན་པ་ངོས་འཛིན་གནང། དེ་ནས་བལ་ཡུལ་དུ་ གནས་སྐོར་ཕེབས་ནས་བལ་རྒྱལ་གྱིས་ཞབས་འདེབས་ཞུ་བ་དང། ཡབ་ སྲས་རྣམ་གཉིས་དང་སི་ཏུ་རྒྱལ་ཚབ་བཅས་ཀྱིས་གྲོང་ཁྱེར་གྱི་མཐའ་ སྐོར་དུ་ཁྲུས་ཆུ་གཏོར་ནས་བཟུང་བལ་ཡུལ་གྱི་ཡམས་ནད་ཞི་ཞིང་གྲོང་ ཁྱེར་རྒྱས་པར་གྲགས། བལ་ཡུལ་དང། རྒྱ་ནག་སོག་པོ་ འཇང། འབྲུག་པ། འབྲས་ལྗོངས་སོགས་ཀྱི་ས་ཆར་ཕེབས་ནས་ འགྲོ་དོན་མཛད་པ་དང། སློབ་མའི་ཚོགས་ཀྱང་མཐའ་ཡས་པ་ མཆིས། དེ་ནས་སི་ཏུ་རིན་པོ་ཆེ་ལ་སྙིང་པོ་དོན་གྱི་བསྟན་པ་གཏད་ པ་མཛད། རྗེ་འདི་དང་ཀརྨ་པ་བྱང་ཆུབ་རྡོ་རྗེ་རྣམ་གཉིས་ཀ་རྒྱ་ཡུལ་ དུ་གོང་མས་གདན་དྲངས་པ་ལྟར་ཕེབས་པའི་ལམ་བར་དུ་དགུང་ལོ་སོ་ བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཞྭ་ དམར་བའི་སྐུ་ཕྲེང་བརྒྱད་པ་ཡིན། ། [1499] ཞྭ་དམར་བ་ཚུལ་ཁྲིམས་དཔལ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ དབུ་རུ་སྟོད་དུ་ཡབ་དགེ་བསྙེན་འབྱུང་སོང་དང། ཡུམ་སྒྲོལ་མ་འབུམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ཡི་ གེའི་སྦྱོར་ཀློག་དང་འདོན་པའི་ཆོ་ག་ལེགས་པར་མཁྱེན། དེ་རྗེ་སྒམ་ པོ་བ་བསོད་ནམས་རིན་ཆེན་དང། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ ཁུ་དབོན་གཉིས་ཀྱི་སྤྱན་སྔར་བྱོན་ནས་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ དང། སྙན་བརྒྱུད་ཀྱི་གདམས་པ་མ་ལུས་པར་གསན་ནས་རྟོགས་པ་ བརྙེས། དགུང་ལོ་བཅུ་དགུ་པར་རྗེ་སྒམ་པོ་བ་ཁུ་དབོན་གཉིས་ ལས་ཆིག་རྫོགས་མཛད་དེ་མཚན་ལ་ཚུལ་ཁྲིམས་དཔལ་ཞེས་གསོལ་ དེ་ནས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ ནས་བཀའ་གདམས་པའི་གཞུང་དང་མན་ངག་རྫོགས་པར་གསན་ རྗེ་རས་ཆུང་པ་སོགས་བླ་མ་མང་དུ་བསྟེན་ནས་སྙན་བརྒྱུད་ཀྱི་གདམས་ རྒྱུན་ལེགས་པར་གསན། གཙོ་བོ་རྗེ་སྒམ་པོ་བ་ཁུ་དབོན་རྣམ་གཉིས་ ལས་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པས་རྩ་བའི་བླ་མར་གཟུང་ ཆོས་རྗེ་དུས་གསུམ་མཁྱེན་པ་རྗེ་དྭགས་པོ་ཁུ་དབོན་དང་མཇལ་དུ་བྱོན་ པའི་ཚེ་ཁོང་ལ་དང་པ་དཔག་ཏུ་མེད་པ་སྐྱེས་ཏེ་ཆོས་ཀྱང་མང་དུ་ཞུས་ སོ། ཁོང་ནི་སྐྱེ་བ་མཐོན་པོ་ཞིག་ཡིན་པས་རྗེ་བཙུན་མི་ལ་རས་པས་ ཀྱང་ཁྱོད་ནི་ཁ་བ་ཅན་ལྗོངས་འདིར། ཡང་ཡང་སྐྱེ་ཞིང་ཆོས་སྤྱོད་ དེ། མི་ལས་འདས་ཀྱང་མི་གཟུགས་ཀྱིས། འགྲོ་བ་འདྲེན་པ་རྣམ་ [1500] དང་འཕྲད། ། ཞྭ་དམར་བ་ཡེ་ཤེས་སྙིང་པོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་རྨ་སྨད་འགུ་ལོག་ཏུ་ཡབ་ཚེ་རྒྱལ་འབུམ་དང། ཡུམ་ སྟོང་འཁོར་ལུ་གུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། རྗེ་ཆོས་ དབྱིངས་རྡོ་རྗེས་མཚན་དང་བརྟན་བཞུགས་སོགས་གནང་ནས་ངོས་ འཛིན་མཛད། རྗེ་དེ་ཉིད་ཀྱི་དྲུང་ནས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ གྱི་གཙོས་དབང་ལུང་ཁྲིད་གསུམ་དང་ཀར་ལུགས་ཀྱི་ཕྱག་བཞེས་སོགས་ ལ་ཉམས་ལེན་དང་རྩལ་སྦྱོང་མཛད། རྗེ་ཆོས་དབྱིངས་རྡོ་རྗེའི་ དྲུང་ནས་བསྙེན་པར་རྫོགས་པ་དང། བཀའ་འགྱུར་གྱི་ལྗགས་ལུང་ སོགས་གསན། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་སློབ་ཀརྨ་འགྱུར་ མེད་ལས་གྲོ་ལོད་ཆོས་ཀྱི་དབང་ལུང་སོགས་གསན། འཇང་ཡུལ་སོགས་ སུ་ཡང་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་སྐོར། ཀརྨ་པ་ཡེ་ཤེས་རྡོ་རྗེ་ངོས་ འཛིན་མཛད་ཅིང། ཁྲིད་དང་དབང་ལུང་སོགས་གནང་ནས་བླ་མར་ མཛད། འདིའི་སྐབས་སུ་གཞུང་སའི་དགོངས་ཕོག་ལ་བརྟེན། དྲིལ་ བུ་དཀྲོལ་བ་ཙམ་ལས་རྔ་བདུང་བ་དང་ཕྱག་སྐོར་སོགས་བྱེད་མི་ཆོག་ པའི་དུས་སྐབས་འཁེལ་བར་འཆད་རྩོམ་ཆེར་མ་གནང་བར་ཐུགས་དམ་ ཉམས་བཞེས་ཁོ་ན་མཛད་ཅིང། ཀ་དག་ཐོད་རྒལ་གྱི་ལམ་རྟགས་ བསམ་གྱིས་མི་ཁྱབ་པར་བརྙེས། ཁོང་ནི་ཞྭ་དམར་བའི་སྐུ་ཕྲེང་བདུན་ པ་ཡིན། ཁོང་གི་གསུང་རྩོམ་ནི། [1501] དང། ། ཞྭ་ལུ་ཆོས་སྐྱོང་བཟང་པོ།། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་འགོས་ཀྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་མེ་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཞྭ་ལུ་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དབྱིས་ཕྱིན་པ་མཛད་ཅིང་ཞྭ་ལུ་ དགོན་པའི་གདན་ས་བསྐྱངས། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ བྱང་ཞིང་ཆུབ་པར་སློབ་གཉེར་མཛད་ཅིང་གདན་ས་ཐིལ་དང། བདེ་ ཆེན་ཡངས་པ་ཅན། ཨེ་ཝཾ་ཆོས་འཁོར་གླིང། སྣེའུ་གདོང། གྲ་ ཐང། ལྷ་སའི་གཙུག་ལག་ཁང་སོགས་སུ་བཞུགས་ཏེ་བསྟན་བཅོས་ མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ནི་ཞྭ་ལུ་དགོན་པའི་ གདན་རབས་ཉི་ཤུ་པ་ཡིན། ཁོང་གི་གསུང་རྩོམ་ནི། གྱི་འགྲེལ་བ། ཊིཀྐ། སྒྲོན་མེ། མེ་ལོང་གི་གནད་བསྡུས། འཇུག་གི་འགྲེལ་བ། བཅས་ དང། བསྒྱུར་རྩོམ་ནི་ [1502] པོའི་བསྟོད་པ། ཚིགས་སུ་བཅད་པ། ཚིགས་སུ་བཅད་པ། ཞེ་གཉིས་བཞུགས་སོ། ། ཞྭ་ལུ་བ་ལེགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ལོར་གཙང་ཞྭ་ལུར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཞྭ་ལུ་དགོན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་བསྒྲུབས་ཤིང་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་མི་དམན་པས་དབུ་མཛད་ ཡུན་རིང་དུ་མཛད། དེ་ནས་རྗེ་རྩོ་ང་ཁ་ཆེན་པོའི་ཞབས་ལ་བསྟེན་ ཏེ་དགའ་ལྡན་དགོན་ཕྱག་འདེབས་མཛད་པ་ནས་བཟུང་དབུ་མཛད་ གནང། སྐབས་ཤིག་ལ་འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་ པས་གདན་དྲངས་ཏེ་རྒྱ་ཁབ་བྩ་པ་དམག་དཔུང་དུ་མཐོང་བའི་སྤྲུལ་ བསྒྱུར་དང། དབྱངས་འཆར་གྱི་སྒོ་ནས་ལུམ་འདོན་པ་སོགས་མཛད་ གནང། སྐབས་ཤིག་ལ་འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་ པས་དགན་དྲངས་ཏེ་རྒྱ་ཁབ་རྩར་པ་དམག་དཔུང་དུ་མཐོང་བའི་སྤྲུལ་ བསྒྱུར་དང། དབྱངས་འཆར་གྱི་སྒོ་ནས་ལུམ་འདོན་པ་སོགས་མཛད་ པ་ངོ་མཚར་བ་དུ་མ་བསྟན། རིགས་སྲས་བསྐྲུན་པའི་ཆོ་ག་གནང་ བས་ཧོར་རྡོ་རྗེ་ཚེ་བརྟན་འཁྲུངས་ཏེ་རི་བོ་བདེ་ཆེན་འདེབས་པ་སོགས་ དགེ་ལུགས་པའི་ཡོན་བདག་ཏུ་གྱུར། དགུང་ལོ་རེ་གཉིས་པ་རབ་ [1503] བྱུང་བདུན་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ རིག་སྔགས་འཆང་བའི་རྣལ་འབྱོར་གྱི་དབང་ཕྱུག་ཏུ་ངེས་པས་མི་སྲུན་ དགྲ་བགེགས་ལོག་པར་འཁུ་བ་རྣམས་ཚར་བཅད་དེ་ཆོས་ཀྱི་འཁོར་ལོ་ ལེགས་པར་བསྐོར་བཞིན་དགུན་གློ་དོན་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་བཞི་པ་ཡིན་ནོ། ། ཞྭ་ལུ་ཡེ་ཤེས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཞྭ་ལུ་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ། མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་ལེགས་ སྦྱར་གྱི་སྐད་ཡིག་ལ་བྱང་ཞིང་ཆུབ་པར་སློབ་གཉེར་མཛད་ཅིང་བསྟན་ བཅོས་ཉུང་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི། རྟོག་པའི་རྒྱལ་པོ་རྩ་བའི་རྒྱུད་ཕྱི་མ། ། གཞད་དཔལ་གྱི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་སྨད་ ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་པའི་ རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་ [1504] གི་ལྟ་བ་འཛིན་པ་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་རྨ་ལུང་རྡོ་ རྗེའི་བྲག་དན་ཚིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་ དགོངས་པ་རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་ དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་ གསལ་ལས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་འཇུག་ པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་བཞིན་ དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས་ཤིང་ འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་ པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་གསལ་ གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། གཞོན་ནུ་མཆོག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་ གཞུང་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་ དིར་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་དུ་མ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། འགྱུར། སྙིང་པོ། [1505] བཤད་པ། དང་གང་ཟག་བསྡུས་པའི་ཚིག་ལེའུ་བྱས་པ། ། གཞོན་ནུ་རྡོ་རྗེ།། ཁོང་ནི་རབ་བྱུང་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ སྐུ་གཤེགས། ཁོང་ནི་རབ་བྱུང་བཞི་པའི་ཤིམྒ་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོར་ཟ་ལུང་དགོན་པའི་གདན་སར་ཕེབས་ཏེ་ལོ་ངོ་བཅུ་ དགུའི་རིང་དུ་གདན་སའི་ཚོགས་པ་བསྐྱངས་ཤིང་བཤད་སྒྲུབ་ཀྱི་བསྟན་ ས་དར་བར་མཛད་དོ། དགུང་ལོ་ང་བདུན་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ཁོང་ནི་ཟ་ལུང་དགོན་པའི་གདན་རབས་ གསུམ་པ་ཡིན། ། གཞོན་ནུ་ཚུལ་ཁྲིམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལས་ གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ རྩེ་མོ་རྟོག་པ་བཅུ་བ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་པ་ཡན་ ཆད་རྟོག་པ། [1506] མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་གསལ་བ། པ་ནོར་བུའི་ཕྲེང་བ། དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ། མུ་ཏིག་ཕྲེང་བ། ཐབས། ཅན་གྱི་སྒྲུབ་ཐབས་ཆེ་བ། ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཆུང་བ། སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ ལུང་བསྟན་སྦྱིར་བའི་མན་ངག། ཕྱེ་བ། ཅན་གྱི་སྦྱོར་ཁ་ཆེན་པོའི་ཆོ་ག། གཏོར་མའི་ཆོ་ག། བའི་སྤྱིན་སྲེག་གི་སྦྱོར་ཀ། རྒྱས་པའི་སྦྱིན་སྲེག་གི་སྦྱོར་ཀ། སྦྱིན་སྲེག་གི་ཆོ་ག། ལས་བཏུས་པའི་གཏོར་མའི་ཆོ་ག། ། གཞོན་ནུ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་ལོ་ ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ནས་ [1507] ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་པ་མཛད། ཁོང་གི་བསྒྱུར་རྩོམ་ནི་ དང། མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ། དྲ་བའི་རིམ་པས་རྗེ་བཙུན་མའི་སྒྲུབ་ཐབས། པར་བརྗོད་པ་ཀློག་པའི་མན་ངག། རིམ་པས་བཅོམ་ལྡན་འདས་འཇམ་དཔལ་སྒྲུབ་པའི་ཐབས། འཁྲོ་གྱི་ཚོ་ག། པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསོད་པ། དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་ཐབས། བཅས་བཞུགས་སོ། ། གཞོན་ནུ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཤིང་འདུལ་བའི་ཆོས་གཞུང་བཅས་ལ་ཐོས་བསམ་མཛད། དེ་ ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་ གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་ [1508] སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་འགའ་ཞིག་བོད་ཡིག་ ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། གེ་བརྒྱ་བ། ། [000] ཟངས་དཀར་འཕགས་པ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ མངའ་རིས་ཟངས་དཀར་དུ་སྐུ་འཁྲུངས། མར་པ་ཆོས་ཀྱི་བློ་གྲོས་ ་ དང་དུས་མཉམ་ཡིན། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཡི་གེའི་འབྲི་ཀློག་བཅས་ལ་བྱང་བར་མཛད་ཅིང་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་ པ་མཛད། དེ་རྗེས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ ཕེབས་ནས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་ལེགས་སྦྱར་གྱི་ སྐད་དང་བཅས་པར་ཕུལ་དུ་བྱུང་བ་སློབ་གཉེར་མཛད་ཅིང་རྒྱ་གཞུང་ གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་གནང། དེ་ནས་བོད་ ཡུལ་དབུས་སུ་ཕེབས་ཤིང་ལྷ་སའི་གྲོང་ཁྱེར་ནང་དུ་ཡོད་པའི་སྤྲང་པོ་ ཚོར་སྤྲང་ཚང་ཟེར་བའི་ཁང་པ་ཟུར་དུ་བརྩིགས་པ་དང། ལྷ་སའི་ གཙུག་ལག་ཁང། བསམ་ཡས་གཙུག་ལག་ཁང། མཐའ་འདུལ་ གྱི་གཙུག་ལག་ཁང་སོགས་བཅོ་ལྔ་ཙམ་ལ་ཞིག་གསོས་ཕུལ་ཕྱིན་མཛད་ [1510] ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྣུར་ཉི་མ་དང། སྦལ་ཏི་སེམས་དཔའ་ ཆེན་པོ་སོགས་མང་དུ་བྱོན། ཁོང་གི་བསྒྱུར་རྩོམ་ནི་ ལས་ གི་རྒྱུད། བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ། བའི་འགྲེལ་བ། དོན་རབ་ཏུ་གསལ་བ། བ། བ་གདུགས་དཀར་མོ་ཅན་གྱི་འགྲེལ་བ། ན་རྡོ་རྗེ་ལ་བསྟོད་པ་བསྡུས་པ་གཅིག། མའི་སྒྲུབ་ཐབས། ལོ། ། ཟངས་ཆེན་པ་དར་མ་བསོད་ནམས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་དུ་ གཉལ་སྨད་ལ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཟངས་ ཆེན་དགོན་དུ་ཕེབས་ཏེ་གདན་སའི་མཁན་པོ་བསོད་ནམས་འབྱུང་གནས་ ལས་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་ [1511] མཚན་ལ་དར་མ་བསོད་ནམས་ཞེས་གསོལ། མཁན་པོ་དེ་ཉིད་ལས་ ཆོས་སྤྱོད་བཅས་ལ་ལེགས་པར་བསླབས་ཤིང་ཐུགས་སུ་ཆུད་པར་ མཛད། གཞུང་ལུགས་རྣམས་ལ་ཡང་ཐོས་བསམ་དཔྱིས་ཕྱིན་པ་མཛད་ ཅིང་སྡེ་སྣོད་གསུམ་ལ་མཁས་པར་བསླབས། མཁན་པོ་དར་ཡེ་བ་ སོགས་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་དུ་གསན། དེ་ནས་ ལྷ་འགྲོ་བའི་མགོན་པོ་བྱང་ཆུབ་འོད་ ་ ཀྱི་ ཞབས་ལ་གཏུགས་ཏེ་འདུལ་བ་ལུང་སྡེ་བཞིའི་ཚིག་དོན་ཐམས་ཅད་ ཐུགས་སུ་ཆུད་པར་མཛད་ཅིང་ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུངས་ པ་མཛད། དེ་ནས་ཟངས་ཆེན་དགོན་པའི་གདན་སའི་ཁྲི་ལ་བཞུགས་ ཏེ་འདུལ་བའི་འཆད་ཉན་ལེགས་པར་བསྐྱངས། ལྷ་འགྲོ་བའི་མགོན་ པོ་བྱང་ཆུབ་འོད་ཟངས་ཆེན་དགོན་དུ་གདན་དྲངས་ཏེ་བྱང་ཆུབ་ལམ་ གྱི་རིམ་པའི་མྱོང་ཁྲིད་དང་དབང་ལུང་མན་ངག་མང་དུ་གསན་པ་མ་ ཟད། བཀའ་གདམས་གཞུང་དྲུག་དང་བཅས་པར་གསན། ཁ་ ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡང་ཟངས་ཆེན་དགོན་དུ་གདན་དྲངས་ཏེ་མདོ་ སྔགས་ཆོས་ཀྱི་གནད་རྣམས་ལེགས་པར་ཞུས། དགུང་ལོ་བདུན་ཅུ་ དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མའི་ ཚོགས་ལས་མཆོག་ཏུ་གྱུར་པ་ནི་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་ པོ་ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཅུ་དགུ་པ་ཡིན་ ནོ། ། ཟངས་ཚ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ [1512] ལོར་སྐྱའོ་ཁ་གདངས་སུ་ཡབ་དཔལ་ཆེན་འོད་པོ་དང། ཡུམ་མ་གཅིག་ གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་ པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་གཅེན་ པོ་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན། ཡབ་མེས་ཀྱི་ཆོས་མཐའ་དག་ ལ་ལེགས་པར་སྦྱངས། ཀྱེ་རྡོ་རྗེ་དང་ཕུར་བ་གཉིས་ལ་ཐུགས་དམ་ གྱི་མཐིལ་མཛད། ཆོས་སྐྱོང་ལྕམ་དྲལ་འཁོར་བཅས་བྲན་དུ་འཁོལ་ ཞིང། མཛད་པའི་འཕྲིན་ལས་ཡང་དབུ་རྩེ་རྙིང་མ་བཞེངས་པ་ དང། དགོན་པ་ལ་ལྕགས་རི་མཛད། དེའི་དུས་སུ་མོན་གྲོག་ འབྲལ་གྲོག་ས་དཀར་ལོགས་རྣམས་རྒྱབ་ཡོལ་དུ་ཚུལ་པའི་ལྕགས་རི་ མཛད་གསུང་པ་ལ། བགྲེས་པོ་ཀུན་གྱིས་ཞུས་པས། ཞིང་མོ་ཆེ་ ནས་རྒྱབ་པས་མདའ་རྒྱང་གང་གིས་ལྕགས་རི་མཛད། ཟི་ཐང་སོགས་ སུ་ཚོང་འདུས་དང་མི་མངས་ཀྱི་གྲོང་འཛུགས་པ། གྲོམ་སྟོད། གྲོམ་ སྨད། སྟག་ཐོག་མང་མཁར་དྲིལ་ཆེན། གཙང་བར་ཕུག་ཤབ་ སྟོད་སྨད། རྟ་ནག་སོགས་སུ་གཞིས་འདིངས་པ། བྱང་གཅུང་ ཁབ་སོ། ཀོམ་འདྲེ། གར་ཕུག་སོགས་སུ་འབྲོག་སྡེ་མང་དུ་འཆའ་ བ། ར་ས་སོགས་སུ་རྟ་ཁྱུ་འཆའ་བ། བསྟན་འཛིན་དུ་མ་བསྟེན་ ནས་ཞབས་ཏོག་འཚོ་སྦྱོར་མཛད་པ། སྐུ་གསུངས་ཐུགས་རྟེན་བཞེངས་ པ། མཆོད་པ་རྒྱུན་པར་འབུལ་བ། བླ་མ་གོང་མའི་དུས་མཆོད་ ཀྱི་རྒྱུན་འཛུགས་པ་སོགས་ཚད་མེད་པའི་མཛད་རྗེས་རླབས་པོ་ཆེ་བཞག་གོ་ [1513] ཁོང་ནི་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། ཟངས་རི་བློ་བཟང་མཐུ་སྟོབས།། ཁོང་ནི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རྨོག་རི་ལྡན་ཐང་དུ་ཡབ་ཟམ་ཚ་དཀོན་མཆོག་ སྐྱབས་དང། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་འཕགས་དགེ་བླ་མར་ཡུན་རིང་བསྟེན་ ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆ་བཅས་ལ་བྱང་བར་མཛད། ཉང་ ཚང་ཆེན་པོ་ལས་དགེ་བསྙེན་དང། རབ་བྱུང། དགེ་ཚུལ་གྱི་ སྡོམ་པ་རིམ་གྱིས་བཞེས། དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ཏེ་ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་ཀུན་མཁྱེན་ འཇམ་དབྱངས་བཞད་པ་དང་མཁས་དབང་བཀྲ་ཤིས་དཔལ་ལྡན་ བཅས་ལ་བསྟེན་ནས་བསྡུས་གཞུང་དང་གཞུང་བཀའ་པོད་ལྔ་ལ་ཐོས་ བསམ་ནན་ཏན་དུ་མཛད། དགུང་ལོ་སོ་བདུན་པར་འབྲས་སྤུངས་ རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། པཎ་ཆེན་བློ་ བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་ མཐའ་ཡས་པ་གསན། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ [1514] ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་པར་བྱང་བར་ མཛད་ཅིང་རྒྱུད་ཀྱི་མཁན་ཁྲི་དང་ཤར་རྩེའི་ཁྲི་ལ་བཞུགས་ཤིང་འཆད་ ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་སྔར་སྲོལ་མ་ཉམས་པར་ མཛད། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་གསེར་ཁྲི་ བསྐྱངས་ཏེ་སྐུ་གསུངས་ཐུགས་རྟེན་མང་དུ་བཞེངས། དེ་ནས་དྭ་ལའི་ བ་ཐུར་གྱིས་མངའ་རིས་གུང་ལ་ངན་སྦྱོར་དགོས་པ་ཁྲི་བ་འདི་ལ་ཞུས་ ཀྱང་ཞལ་གྱིས་མ་བཞེས་སྟབས་གསེར་ཁྲི་ལས་བཙན་ཕབས་མཛད་ དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་བྱང་ཆུབ་མཆོད་ རྟེན་ནི་ཐུབ་པ་ཚུལ་ཁྲིམས་པའི་ལྷ་ཁང་དུ་བཞུགས་སོ། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང། བྲག་རྒྱབ་ སྔགས་རམས་པ་བློ་བཟང་ཆོས་འཕེལ། མཁས་གྲུབ་དགེ་འདུན་བདེ་ ཆེན་བཅས་ཡིན། ཁོང་ནི་དགའ་ལྡན་ཁྲི་རབས་ལྔ་བཅུ་ང་ལྔ་པ་ཡིན་ ནོ། ། ཟམ་ཚ་འཇིགས་མེད་བསམ་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁོ་ཚེར་ཡབ་བདེ་ལེགས་དང། ཡུམ་མགོན་པོ་འཚོ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་བྱིས་པའི་ དུས་ཀྱི་མིང་ལ་གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོས་མགོན་པོ་ སྐྱབས་ཞེས་གནང། དགུང་ལོ་བརྒྱད་པར་སྐུ་ཞང་རྡོ་རམས་པ་དཀོན་ [1515] མཆོག་ལས་ཡི་གེའི་སྦྱོར་ཀློག་དང་ཆོ་ག་ཆོས་སྤྱོད་བཅས་ལ་ལེགས་པར་ སྦྱངས། དགུང་ལོ་བཅུ་པར་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མས་ གསེར་བུམ་དཀྲུགས་ཏེ་ཧུ་ཐོག་ཐུ་སྤྱི་ལུགས་ཀྱིས་ཁྲི་ཆེན་ནམ་མཁའ་ བཟང་གི་སྤྲུལ་སྐུར་ཐུགས་ཐག་བཅད། ཀུན་མཁྱེན་བློ་བཟང་ཐུབ་ བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ ཏུ་བསྒྲུབས། དེ་ནས་གདན་སར་བཀོད་དེ་རིགས་གྲྭའི་ཆོས་གྲྭར་ ཞུགས་ནས་བསྡུས་གྲྭ་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ ཏན་དུ་མཛད། དགུང་ལོ་ཉི་ཤུ་ཐམ་པར་ཀུན་མཁྱེན་བློ་བཟང་ཐུབ་ བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། ལོ་དེར་ཕོ་བྲང་ ཆེན་པོ་པེ་ཅིན་དུ་ཕེབས་ཏེ་གོང་མ་ཆེན་པོ་དང་མཇལ་ནས་རིམ་གྱིས་ ཐམ་ཀ་བླ་མ་ཆེ་ཆུང་གི་གོ་གནས་གནང། དེ་ལྟར་གོང་མའི་ཕོ་བྲང་ གི་ཐུགས་འགན་ཐམས་ཅད་ལེགས་པར་གྲུབ་སྟེ་དགུང་ལོ་ཉེར་བརྒྱད་ པར་རང་ཡུལ་དུ་ཕེབས་ཤིང་ཧོ་ཤུལ་སོགས་ཀྱི་ཡུལ་གྲུ་རྣམས་ལ་བཀའ་ ཆོས་ཅི་རིགས་གསུངས། དགུང་ལོ་སོ་གཅིག་པར་བླ་བྲང་དུ་ཕེབས་ དགུང་ལོ་སོ་བཞི་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ བཞུགས་ནས་ཆོས་འཆད་ཉན་དང་གཏོང་སྒོ་གང་ཡོད་ཡར་ལྡན་དུ་ བསྐྱངས། ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ང་གསུམ་པ་ཡིན་ནོ། ། ཟི་ན་སྐལ་བཟང་དར་རྒྱས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་མི་ཉག་ཞྭ་དམར་སྡེ་བ་གོང་མར་སྐུ་ [1516] འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་སྟེ་སྐུ་ འབུམ་དགོན་དུ་ཕེབས་ཏེ་ཡི་གེའི་སྦྱོར་ཀློག་བསླབས་ཤིང་ཆོ་ག་ཐམས་ ཅད་བློར་འཛིན་མཛད། དགུང་ལོ་བཅུ་གཉིས་པར་སྐུ་འབུམ་དགོན་ གྱི་གདན་སའི་ཁྲི་འཛིན་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་མཚན་ལམ་ ངོ་མཚར་བའི་ལུང་བསྟན་བྱུང་བའི་རྐྱེན་གྱིས་ལས་སྣེ་རྣམས་ལ་ཞལ་ བཀོད་གནང་བ་ལྟར་རང་སྒར་གྱི་གདན་སའི་ཁྲི་ལ་བཀོད་པ་དང་ལྷན་ ཅིག་ཏུ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཀའ་པོད་ ལྔའི་གཞུང་ལ་རྟོག་གེ་བའི་ཚིག་འཁྲི་ཙམ་ལ་འཆེལ་བ་མ་ཡིན་པར་རྒྱལ་ པའི་དགོངས་པ་མཐར་ཐུག་ཇི་བཞིན་རྙེད་པའི་གསན་སྦྱངས་མཛད་ ཅིང། ཚོགས་ལངས་ལན་དུ་མ་དང་གཞུང་རྒྱས་བསྡུས་གཉིས་ཀྱི་དམ་ བཅའ་བཞག་དེ་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཤིང་གར་ཐིག་དབྱངས་གསུམ་དང་བསྐྱེད་རྫོགས་ཀྱི་ ལམ་གྱི་རིམ་པ་མཐའ་དག་ལ་དམིགས་ཕུག་པའི་སྦྱངས་པ་མཐར་ཕྱིན་ མཛད། སྐྱབས་རྗེ་ཤིང་བཟའ་པཎྜི་ཏ་སོགས་ལ་བསྟེན་ནས་བཀའ་ ཆོས་མང་དུ་གསན་ཞིང་སྒྲ་རྩིས་སྨན་དང་སྙན་ངག་སོགས་རིག་གནས་ ཀུན་ལ་མཁས་པར་སྦྱངས། དེ་ནས་རིམ་གྱིས་སྨན་པ་དཔོན་སློབ་ དང། རྒྱུད་པའི་ཁྲི་ལ་ཕེབས་ཏེ་གྲྭ་ཚང་སོ་སོའི་ཀུན་སྤྱོད་དང་སློབ་ གཉེར་བཅད་ལ་དམ་བཟུང་མཛད། དགུང་ལོ་ལྔ་བཅུ་ང་གསུམ་པ་ རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཏེ་ལོ་ངོ་དྲུག་གི་རིང་དུ་གདན་ས་ [1517] བསྐྱངས། དགོན་པའི་མཛད་སྒོ་ཧམས་ཅད་ཞི་དྲག་གཉིས་ཀྱིས་ཚགས་ འཛིན་གང་ལེགས་གནང། ཁིར་ཟུར་ནས་ཀྱང་བློ་གསལ་དོན་གཉེར་ ཅན་རྣམས་ལ་སྨན་རྩིས་ལ་སོགས་རིག་གནས་ཀྱི་སྐོར་དཔེ་ཁྲིད་ལེགས་ པར་མཛད། ལང་གྲུབ་སྡེ་བཞི་ལ་སོགས་པའི་གྲུབ་གནས་མང་པོར་ ཞབས་ཀྱིས་བཅགས་ཏེ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང། ནཱ་རོ་མཁའ་ སྤྱིད་མའི་བསྙེན་ཆེན། ཟབ་དོན་སྙན་བརྒྱུད་ཀྱི་ཕྱི་མཚམས་ཆེན་མོ་ ཆུ་མིག་བརྒྱ་རྩ་ལན་ལྔ་མཐར་ཕྱིན་པར་མཛད། དེ་ནས་ཏུ་ལན་དགོན་ དུ་ཕེབས་ཏེ་ཐུགས་དམ་མཛད་མུར་སྐུ་གཤེགས། ཁོང་ནི་སྐུ་འབུམ་ དགོན་གྱི་གདན་རབས་ཁྲི་ཆེན་ང་བདུན་པ་ཡིན། ། ཟི་ན་ངག་དབང་བསྟན་པ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཟི་ནའི་གདུང་རྒྱུད་དུ་སྐུ་འཁྲུངས། རབ་ བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་གཞོན་ནུའི་སྐབས་སུ་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཏེ་མཚན་ཉིད་ལ་སོགས་པའི་ཆོས་སྐོར་རྣམས་ ལ་ལེགས་པར་སྦྱངས། དེ་ནས་དབུས་སུ་ཕེབས་ཤིང་སེར་བྱེས་གྲྭ་ ཚང་དུ་ཞུགས་ནས་ཐོས་བསམ་ཡུན་རིང་དུ་མཛད་དེ་དཀའ་བཅུ་པའི་ མཚན་བཏགས་བླངས། སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་ཞབས་ལ་ གཏུགས་ཤིང་དམས་ངག་མང་ཞུས། དེ་ནས་མདོ་སྨད་དུ་ཕེབས་ ཏེ་དབེན་གནས་སེང་གེ་རྫོང་དུ་སྒྲུབ་པ་ཉམས་ལེན་མཛད། རབ་ བྱུང་བཅུ་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་ [1518] བསྐལ་བཟང་རྒྱ་མཚོས་བཀའ་བསྩལ་བ་བཞིན་སྐུ་འབུམ་རྒྱུད་པ་མཁན་ པོའི་ཁྲི་བ་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོ་ནས་བཟུང་བྱང་གི་དགོན་ཆེན་རྣམས་ཀྱི་བྱ་བ་ཡོངས་རྫོགས་ གོང་མའི་མཛོད་ཀྱིས་སླར་བཞེངས་པར་བརྟེན། རབ་བྱུང་བཅུ་གཉིས་ པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཏོག་གེ་ཨམྦྷན་སྐ་རགས་སེར་པོ་ ཅན་གྱིས་ཁོང་བྱ་ཁྱུང་དགོན་པའི་བླ་མར་བསྐོས། ལོ་ལྔའི་བར་དུ་ གདན་ས་བསྐྱངས་ནས་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་དགོངས་ པ་ཞུས། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ལྔའི་རིང་དུ་ འཆད་ཉན་བསྐྱངས། དགུང་ལོ་དྲུག་ཅུ་རེ་བཞི་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་མཁན་རབས་ སོ་གསུམ་པ་དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཉེར་ ལྔ་པ་ཡིན་ནོ། ། ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་ བཅུ་གསུམ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་ མཁན་པོའི་ཁྲི་ལ་བཞུགས་ནས་འདུ་ཁང་གི་ཁྱམས་ར་ལྡེབས་རིས་དང་ བཅས་པ། འདི་ཁང་ཕུགས་སུ་རྗེ་ཤེས་རབ་སེང་གེའི་སྐུ་བརྙན་ གསང་འདུས་བློས་བསླངས་ཆེན་པོ་རྣམས་གསར་བསྐྲུན་མཛད་དེ་རབ་ གནས་རྒྱས་པ་གནང། རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོ་སྟེ་ [1519] སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ ལོ་བཞིའི་རིང་དུ་གདན་ས་བསྐྱངས། རབ་བྱུང་བཅུ་གསུམ་པའི་མེ་ མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ཕྱག་རྡོ་ཐང་ཆི་ཀྱཱ་ཆོས་རྗེ་སྦྱིན་བདག་ མཛད་དེ་ཞབས་བརྟན་ལྷ་ཁང་སླར་ཡང་གསར་གསོས་མཛད་ཅིང་སྟེང་ ཕིབས་གཡུ་ཐོག་སྟེ་གྱོ་མོ་ལྗང་གུ་གཡུ་མདངས་ཅན་བརྟད་དེ་གསར་ བཞེངས་ལ་ཞལ་བཀོད་དང། རབ་གནས་ཀྱི་སྦྱིན་སྲེག་གནང་སར་ ཙན་དན་གྱི་ལྗོན་པའང་གསར་དུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ ཁྲི་ལ་བཞུགས་ནས་ལོ་ངོ་བཞིའི་རིང་དུ་གདན་ས་བསྐྱངས། དེའི་ རིང་དུ་གསེར་གདུང་ཆེན་མོ་ཞིག་གསོས་མཛད་དེ་མདའ་ཡབ་ལ་གཡུ་ མདངས་ཅན་གྱི་གྱོ་མོ་བརྟད། སྨན་པ་གྲྭ་ཚང་གསར་འཛུགས་མཛད་ དོ། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་ཉེར་བརྒྱད་པ་ དང། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་སོ་བཞི་པ། བྱ་ ཁྱུང་དགོན་པའི་གདན་སའི་མཁན་རབས་ཞེ་དྲུག་པ་ཡིན་ནོ། ། ཟི་ན་ཆོས་རྗེ་ལེགས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ཆུ་མོ་སྤྲུལ་ལོ་སྟེ་་ལོར་སྐུ་ འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཏེ་གཞུང་བཀའ་བོད་ལྔ་ཡི་རྩ་འགྲེལ་མཐའ་དཔྱོས་ཟུར་བཀོད་ དང་བཅས་པར་བརྡར་ཤ་ཆོས་པར་སྦྱངས། དེ་ནས་དཔལ་ལྡན་སྨད་ རྒྱུད་གྲྭ་ཚང་གི་ཆོས་སྒྲོ་ཞུགས་ཏེ་དབྱངས་ཐིག་གར་གསུམ་དང་ [1520] བཤད་ཁྲིད། ཟབ་ལམ་རིམ་པ་གཉིས་ཀྱི་ཉམས་ཁྲིད་བཅས་ལ་ཐོས་ བསམ་ལེགས་པར་མཛད་ཅིང་མིང་དོན་དང་མཐུན་པའི་སྔགས་རམས་ པའི་དམ་བཅའ་བཞག་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ལ་བསྟེན་ ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་ཞེ་ བདུན་པ་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ རང་ཡུལ་དུ་བྱོན་ཏེ་སྐུ་འབུམ་དགོན་དང། ཟི་ན་བསམ་གྲུབ་གླིང་ ཆུ་དཀར་རི་ཁྲོད་སོགས་སུ་བཞུགས་ནས་འགྲོ་དོན་དཔག་མེད་མཛད་ ཁོང་གིས་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འབུམ་དུ་རྒྱུད་པ་གྲྭ་ཚང་གསར་དུ་བཙུགས་ཏེ་ལོ་ངོ་གསུམ་གྱི་རིང་ དུ་ལེགས་པར་གྲུབ། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་གཅིག་ པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་ བཞུགས་ཤིང་ཆོ་གའི་དབྱངས་རྟ་འདུལ་གསུམ་སོགས་དང་ཕྱག་ལེན་ ཀུན་སྤྱོད་གང་ཡོད་ཐམས་ཅད་རྒྱུད་སྨད་པ་ཇི་ལྟ་བ་བཞིན་གཏན་ གནས་ཀྱི་བཅའ་ཡིག་བརྩམས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ རྒྱུད་པའི་ཁྲི་བར་མཁན་པོའི་བཀའ་ཤོག་གནང། རབ་བྱུང་བཅུ་ གཅིག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་གཏོར་སྒྲུབ་ཆོས་ ཐོག་ལ་ལྕགས་མཁར་ཟུར་བཅུ་དྲུག་པ་འཁྲུལ་བརྩིགས་ཐུན་མོང་མ་ ཡིན་པའི་ཕྱག་ལེན་རྣམ་པར་དག་པའི་རྒྱུན་བཙུགས། དེ་ནས་ ཁང་ཁྲོན་ས་ཆར་ཕེབས་ནས་རི་ཁྲོད་དགེ་འཕེལ་ཆོས་འཁོར་གླིང་ཕྱག་ འདེབས་མཛད་ཅིང། དེར་བཞུགས་ནས་ཐུགས་དམ་ཟབ་མོའི་རྣལ་ [1521] དགུང་ལོ་བདུན་ཅུ་ཐམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་རྒྱུད་པ་གྲྭ་ ཚང་གི་མཁན་རབས་དང་པོ་ཡིན་ནོ། ། ཟི་ན་བློ་བཟང་སངས་རྒྱས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་རྨ་ཆུའི་འགྲམ་སྒོ་མེ་ཧོར་ཀྱཱ་སྡེ་བར་ཡབ་དུལ་ལ་དང། ཡུམ་ལྷ་ མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་དང་གླག་ཚང་མཚམས་པ་གཉིས་ཀྱིས་ སྐུ་གོང་མ་བསྐལ་བཟང་དར་རྒྱས་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་མཛད་ ཧོར་ཀྱཱའི་དགོན་པའི་ཨ་ལགས་ཀྱི་མདུན་ནས་དགེ་བསྙེན་དང་རབ་ བྱུང་བསྒྲུབས། དགུང་ལོ་བཅུ་བདུན་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད། ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་དགེ་ལེགས་ ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་དང་རྒྱུད་པ་ གྲྭ་ཚང་གི་ཆོས་སྒོར་རིམ་གྱིས་ཞུགས། མཚན་ཉིད་དང་སྔགས་ཀྱི་ གཞུང་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ཉི་ཤུ་ཐམ་པར་ སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་ལས་བསྙེན་རྫོགས་བསྒྲུབས། དགུང་ ལོ་ཉེར་གཉིས་པ་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་བསྟན་དང་འགྲོ་བའི་དོན་ལ་ཐབས་མཁས་ཀྱི་མཛད་པ་དང་ཐུགས་ དམ་ཟབ་མོ་ཟུང་འབྲེལ་གྱི་ལེགས་ལམ་གོང་འཕེལ་དུ་བཏང་ནས་དུས་ [1522] ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་ དྲུག་ཅུ་རེ་བདུན་པ་ཡིན་ནོ། ། ཟི་ན་སྨོན་རམས་པ་བློ་བཟང་འཇིགས་མེད།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཟི་ན་ཀླུ་རྒྱ་སྡེ་བའི་ཧོར་ཚང་དུ་ཡབ་བཀྲ་ ཤིས་དོན་གྲུབ་དང། ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་དགུང་ལོ་དགུ་པར་སྐུ་འབུམ་དུ་ཕེབས་ཤིང་ཨ་ཀྱཱ་ ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་མདུན་ནས་རབ་བྱུང་བསྒྲུབས་ ཕྱག་རྡོ་ཐང་གྲུ་ཀྱཱ་སྨོན་ལམ་རབ་འབྱམས་པ་བློ་བཟང་ཉི་མ་སློབ་དཔོན་ དུ་བསྟེན་ནས་ཚོགས་འདོན་གང་ཡོད་བློར་འཛིན་མཛད། དགུང་ལོ་ བཅོ་ལྔ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཁ་དོག་ དཀར་དམར་ནས་འདུལ་བའི་འཛིན་གྲྭའི་བར་རྣམས་ཐོད་བརྒལ་མ་ ཡིན་པར་མས་རིམ་གྱིས་གཞུང་བཀའ་པོད་ལྔའི་ཟུར་བཀོལ་དང་བཅས་ པའི་ཚིག་དང་དོན་གཉིས་ཐོས་བསམ་གྱིས་གཏན་ལ་ཕབ། བསྡུས་ གྲྭའི་དམ་བཅའ་བཞག་ཅིང་ཚོགས་ལངས་ཀྱང་ལེགས་པར་བཞེངས་ དགུང་ལོ་ཉེར་དགུ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ ནས་དགེ་ཚུལ་དང་བསྙེན་རྫོགས་དཀྱུས་གཅིག་ཏུ་བསྒྲུབས། དགུང་ ལོ་སོ་བཞི་པར་ཆོ་འཕྲུལ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་ འཛིན། དགུང་ལོ་བཞི་བཅུ་ཞེ་བཞི་པར་གཞུང་གི་དམ་བཅའ་རྩེ་ ཐོན་བཞག་དགུང་ལོ་ལྔ་བཅུ་ང་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་ [1523] དམ་ནན་ཏན་དུ་མཛད། ཁྲི་ཟུར་ནས་ཀྱང་ཁ་ཏོན་དགེ་སྦྱོར་དང་ སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བར་མཛད། ཁོང་ནི་སྐུ་འབུམ་ སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ལྔ་བཅུ་ང་ལྔ་པ་ཡིན་ནོ། ། ཟི་ན་ཞབས་དྲུང་ཆེ་བ་ངག་དབང་བློ་བཟང།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འབུམ་མཆོད་གཞིས་ཟི་ནའི་གདུང་རྒྱུད་དུ་སྐུ་ འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་གཞོན་ནུའི་སྐབས་ སུ་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་མཚན་ ཉིད་སོགས་ལ་སྦྱངས་པ་མཛད། དེ་ནས་དབུས་སུ་ཕེབས་ཤིང་སེར་ བྱེས་གྲྭ་ཚང་དུ་ཞུགས་ཏེ་ཐུགས་གཉེར་ནན་ཏན་མཛད། རྒྱལ་དབང་ ལྔ་བ་རིན་པོ་ཆེས་ཁོང་ལ་ཨེར་ཏི་ནི་ཏཱ་ལེ་ཆོས་རྗེ་ཞེས་པའི་ཆོ་ལོ་དང་ བཀའ་ཤོག་བསྩལ་ཞིང་གཟིགས་བསྐྱངས་ཚད་མེད་གནང། དེ་ནས་ རང་ཡུལ་དུ་ཕེབས་ཤིང་དགོན་སྒྲུབ་སྡེ་མང་པོར་སྲི་ཞུ་དང་དད་ལྡན་ གདུལ་བྱ་མང་པོར་ལེགས་གསུང་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། དེ་ ནས་སྐུ་འབུམ་རྒྱུད་པ་གྲྭ་ཚང་དུ་ཞུགས་ཏེ་ཐོས་བསམ་རྨད་དུ་བྱུང་བ་ མཛད། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཏེ་ལུགས་གཉིས་ཀྱི་ལམ་སྲོལ་སྔར་ རྒྱུན་བཞིན་བསྐྱངས་པ་མཛད། རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་འདུ་ཁང་ཀ་བ་ཞེ་བརྒྱད་ཡོད་པ་སྟེང་ཤོད་སྒོར་ སྐྱོར་འཁྱམས་ར་དང། དབུས་ཀྱི་རྒྱ་མཐོངས་རྒྱ་འཕུག་ལྟར་གྱོ་མོ་ [1524] དབྱར་ཆོས་ཆེན་མོའི་སྟེང་དུ་བདེ་ མཆོག་གི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བདུན་ སྤྱིན་སྲེག་དང་བཅས་པའི་རྒྱུན་བཙུགས། རབ་བྱུང་བཅུ་གཉིས་པའི་ ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ ལ་བཞུགས། རྗེའི་གསང་བའི་རྣམ་ཐར་ཚོགས་འདོན་དུ་བཙུགས་ ཤིང་འཆད་ཉན་ཡར་རྒྱས་ཀྱི་དོ་དམ་གང་ལེགས་གནང། བདེ་ཡངས་ དགོན་པར་བསྟན་པའི་བྱ་བ་མཛད་སྒང་འཁྲུངས་ཡུལ་དུ་ཕེབས་ནས་ གློ་བུར་དུ་སྐུ་གཤེགས། ཁོང་ནི་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་ བཅུ་གཅིག་པ་དང། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ ཉེར་བདུན་པ་ཡིན་ནོ། ། ཟི་ན་བསོད་ནམས་བསྟན་འཛིན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རབ་བྱུང་ བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ ཉན་བཅས་ལ་ཚགས་འཛིན་གང་ལེགས་གནང། རབ་བྱུང་བཅུ་ གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་གྲྭ་ ཚང་གི་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་གཉིས་ཀྱི་རིང་དུ་འཆད་ཉན་ བསྐྱངས། རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་ རིང་དུ་གདན་སའི་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ ལ་དོ་དམ་ལེགས་པར་མཛད། རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་ [1525] བཞེས། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་བཅུ་པ་ དང། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་སོ་བཞི་པ། སྐུ་ འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཞེ་གཅིག་པ་ཡིན་ནོ། ། ཟི་ལིང་འཇིགས་མེད་འཕྲིན་ལས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་ པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་ བར་མཛད། དགུང་ལོ་བཅུ་བཞི་པར་དབང་ལྡན་རིན་པོ་ཆེའི་དྲུང་ ནས་རབ་བྱུང་གི་སྡོམ་པ་བཞེས། གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་ བཞི་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་མཁས་པ་ཆེན་པོར་གྱུར་ དགུང་ལོ་ཉེར་གསུམ་པར་དབང་ལྡན་རིན་པོ་ཆེའི་དྲུང་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་འཆད་རྩོད་རྩོམ་གྱིས་དུས་འདའ་ བར་མཛད་ཅིང་དགུང་ལོ་དོན་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་གསུང་རྩོམ་ནི་ སྲས་ལམ་བཟང་གསལ་བའི་སྒྲོན་མེ། མགུར་གྱི་འགྲེལ་བ་ཐེག་མཆོག་ལམ་བཟང་གསལ་བའི་ཚིག་གི་ཟླ་ ཤེལ། [1526] ། ཟིང་པོ་རྗེ་ཁྲི་པངས་སུམ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང་སྤུར་བའི་ཡུ་སྣ་ན་རྒྱལ་ཕྲན་ཞིག་གི་རྗེ་བོར་མཛད་ནས་ བཞུགས་ཀྱང་རྗེས་སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་དབང་དུ་ བསྡུས། ཁོང་གིས་ཟིང་པོ་རྗེ་སྟག་སྐྱ་བོ་ལ་བློ་ལོག་པའི་བློན་པོ་གཉན་ འཛི་ཟུང་ནག་པོ་གཙིགས་སུ་འཛིན་ཏེ་ཟིང་པོ་རྗེ་སྟག་སྐྱ་བོའི་རྒྱལ་ཕྲན་ བཅོམ་ནས་དབང་དུ་བསྡུས། སྔོན་གྱི་བློན་པོ་རྙིང་པ་མྱང་ཙེང་སྐུ་ དང་དབས་དབྱི་ཚབ་སོགས་ལ་བརྙས་བཅོས་དང་དམའ་འབེབས་ མཛད་པས་མྱང་དབས་གཉིས་བློ་ལོག་སྟེ་སྟག་རི་གཉན་གཟིགས་ལ་ མགོ་འབུལ་མཛད་ཀྱང་སྟག་རི་གཉན་གཟིགས་དགུང་དུ་གཤེགས་པས་ གནམ་རི་སྲོང་བཙན་ལ་མུ་མཐུད་ནས་མགོ་འབུལ་མཛད། ཁོང་གི་ སྤྱོད་པ་ཡང་ཕལ་ཆེར་ཟིང་པོ་རྗེ་སྟག་སྐྱ་བོ་དང་འདྲ་བས་མཐའ་མར་ རྒྱལ་ཕྲན་འཐོར་ཞིག་ཏུ་སོང་ནས་མེད་པར་གྱུར་ཏོ། ། ཟིང་པོ་རྗེ་སྟག་སྐྱ་བོ།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ ཤིང་ཉེན་ཀའི་རྟིང་བ་ན་རྒྱལ་ཕྲན་ཞིག་གི་བདག་པོར་མཛད་ནས་ བཞུགས་ཀྱང་རྗེས་སུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་དབང་དུ་བསྡུས་ ཁོང་ནི་བྱ་བ་གང་དང་གང་ཡང་ཕྱིན་ཅི་ལོག་པ་ཤ་སྟག་མཛད་དེ་ ལེགས་པ་རྣམས་ལ་ཉེས་པར་བཏང། ཉེས་པ་རྣམས་ལ་ལེགས་པར་ བརྩི། བློ་གྲོས་ལྡན་ཞིང་བསམ་པ་རྣམ་དག་གིས་ལེགས་པའི་གྲོས་ [1527] བློན་པོ་གཉན་འཛི་ཟུང་ ནག་པོས་ཁོང་ལ་རང་ཅག་གི་སྲིད་ནི་སྲིད་དང་མི་མཐུན། ཆོས་ནི་ ཆོས་དང་མི་མཐུན་པས། ཡུལ་གྱི་མི་ནི་དབུལ། སྲིད་ཀྱི་ཉམས་ ནི་དམའ་སྟེ། ཕལ་ཆེར་བརླགས་ཟིན་པས་ཅི་དྲག་ཅེས་ཞུས་པ་ན་ དེ་སྐད་ཟེར་བ་ཉེས་སོ་ཞེས་གཉན་འཛི་ཟུང་ནག་པོ་བློན་པོའི་གོ་གནས་ ནས་ཕུད་དོ། དེ་ལྟར་རྗེ་བོ་ནི་གོང་ན་ཁྲོ་ཞིང་གཏུམ། བྲན་གཡོག་ ནི་འོག་ན་སྐྲག་ཅིང་འདར། རྗེ་བོ་ནི་གོང་ན་སྨྱོ། འབངས་འཁོར་ ནི་འོག་ན་ཁ་ཐོར་བས་རྒྱལ་ཕྲན་ཉམས་ནས་མེད་པར་དུ་གྱུར་ཏོ། ། ཟུར་མཁར་མཉམ་ཉིད་རྡོ་རྗེ།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཤར་དྭགས་པོའི་ལ་ཐོག་ཟུར་མཁར་དུ་ཡབ་རིག་འཛིན་ཕུན་ཚོགས་ དང། ཡུམ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བརྒྱད་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། དགུང་ལོ་བཅུ་བར་གཡུ་ཐོག་ཡོན་ཏན་མགོན་པོས་ ཞལ་གཟིགས་པར་གྲགས། དགུང་ལོ་བཅུ་བཞི་བར་ངག་དབང་གྲགས་ པའི་སློབ་མར་གྱུར་པ་ཤ་ར་རབ་འབྱམས་དང། སྨན་སྟོན་དབང་ ཕྱུག་སོགས་དམ་པ་དུ་མའི་ཞབས་པད་ཡུན་རིང་དུ་བསྟེན་ནས་རིག་ གནས་སྤྱི་དང་བྱེ་བྲག་གསོ་བ་རིག་པ་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད་དེ། བྱང་བ་འཚོ་བྱེད་མིའི་ཉི་མ་མཐོང་བ་དོན་ལྡན་དང་རྩོད་ རྒྱུགས་མཛད་པ་ལས་བསྔགས་བརྗོད་ཀྱི་མེ་ཏོག་ཐོབ། གསོ་བ་རིག་ པའི་དཔལ་ལྡན་རྒྱུད་བཞི་ལ་མ་དག་པའི་བསླད་ཇི་སྙེད་ཅིག་ཞུགས་ [1528] ཁོང་ལ་གསོ་རིག་མཐར་ཕྱིན་པའི་སློབ་མ་བཞི་དང། བྱིན་རླབས་ ཞུགས་པའི་སློབ་མ་བརྒྱད། ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག་ གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ། བླ་དྭགས་ཅན་གྱི་སློབ་མ་བཅུ་དྲུག་ བཅས་ཡོད་པ་ལས་རིང་ལུགས་རྒྱུད་འཛིན་གྱི་སློབ་བུ་ཆེན་པོ་ནི་ཟུར་ མཁར་བློ་གྲོས་རྒྱལ་པོ་ཡིན། ཁོང་གི་གསུང་རྩོམ་ནི་ཐུན་མོང་དང་ ཐུན་མིན་ཁྱོན་བསྡོམས་དེབ་བཞི་བརྒྱ་ལྷག་ཙམ་ཡོད། ལྷག་པར་དུ་ ནག་དྲག་སྦྱོར་བཅོ་ལྔ། དངུལ་ཆུ་བཞི་སྦྱོར། དབྱར་རྩྭ་དགུན་ འབུའི་སྦྱོར་བ། དངུལ་ཆུ་བཙོ་བཀྲུ་སོགས་ལག་ལེན་མང་པོ་ཞིག་གི་ སྲོལ་སྔོན་མེད་གསར་དུ་བཏོད་པ་མཛད་པས་གསོ་རིག་བསྟན་པའི་ བདག་པོར་གྱུར། ཁོང་གི་མཚན་གྱི་རྣམ་གྲངས་ནི་དྲང་སྲོང་དྷརྨ་སྭ་ མི་དང། འཚོ་བྱེད་གྲུབ་པ། དཀོན་ཅོག་རིན་ཆེན། གཡུ་ ཐོག་འབངས། དཔའ་བོས་བསྐྱངས། ཀུན་ལ་བྱམས་པའི་བློ་ གྲོས། ལྷུན་གྲུབ་རྒྱལ་མཚན་བཅས་ཡིན། ། ཟུར་མཁར་བློ་གྲོས་རྒྱལ་པོ།། ཁོང་ནི་རབ་བྱུང་དགུ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་ཁང་ལོ་ཙཱ་བ་ཀརྨ་འཕྲིན་ལས་ ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་ གསོལ། ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་གིས་བློ་གྲོས་ [1529] དེ་ནས་འཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་ བུ་ཆོས་རྗེ་སློབ་དཔོན་དུ་བསྟེན་ཏེ་གསོ་བ་རིག་པའི་གཞུང་ལུགས་ལ་ ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་སྨན་པའི་བདག་ཉིན་ཆེན་པོར་ གྱུར། སྐྱོག་ལོ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་སྙན་ངག་གི་སྐོར་གསན་ ཞིང་ཐ་སྙད་རིག་གནས་ཀུན་ལ་ནང་བྱན་ཚུད་པར་མཛད། ཀརྨ་མི་ སྐྱོད་རྡོ་རྗེ་དང་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་རྣམ་པ་ གཉིས་ལས་མདོ་སྔགས་ཀྱི་ཆོས་སྐོར་རྣམས་གསན་པ་མཛད་ནས་གངས་ ཅན་མཁས་པའི་མིག་རྒྱན་དུ་གྱུར། ཉིད་ཀྱི་གསུང་ལས་རིག་གནས་ བཅུ་ཕྲག་གཅིག་ལ་སྦྱངས་པའི་མཐུས། མཁས་པའི་བྱ་བ་འཆད་ རྩོད་རྩོམ་པ་གསུམ། མཁས་པ་མང་པོ་ཚོགས་པའི་མདུན་སར་ཡང་ མཁས་རྣམ་ཁྲེལ་བའི་གཏམ་ནི་སྨྲ་མ་མྱོང། རབ་བྱུང་དགུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར། འགྲེལ་བ་མེས་པོའི་ཞལ་ལུང། རབ་བྱུང་ དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གསར་དུ་བསྐྲུན། མདོར་ན་སྐུ་ཚེ་གང་བོར་གསོ་རིག་ལག་ལེན་མཛད་ ནས་དུས་འདའ་བའོ། ཁོང་གི་གསུང་རྩོམ་ནི་ དང། དཀར་ཆག་མཁས་པའི་ཡིད་འཕྲོག། ཏོག། བ་ཙུ་ཏའི་འཁྲི་ཤིང། [1530] ཟླ་ཐིག་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང། ཀྱི་སྐྱོན་སེལ་འགའ་ཞིག། སྤྱིའི་ཁོག་འབུགས་དྲང་སོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་ མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ། ཉེར་བཞི་བཞུགས་སོ།། ཟུར་ཆུང་ཤེས་རབ་གྲགས་པ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་གསོས་ཏེ་དཔེ་ཆ་ཁྲིད་པས་ཤེས་རབ་ ཤིན་ཏུ་ཆེ་བ་བྱུང་ཡང་འབྱོར་བ་ཞན་པས་དབང་དང་དཔེ་ཆ་མ་རྙེད་ པའི་སྐབས་དེར་ཟུར་པོ་ཆེས་ཇོ་མོ་གཡུ་མོ་མ་སྨད་གཉིས་དང་མཉམ་དུ་ བཟའ་བསྒྲིགས་བྱེད་དུ་བཅུག་སྟེ་འདོད་དོན་ཐམས་ཅད་ལེགས་པར་ གྲུབ། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་ པ་དང། མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ལ་ ཆོས་ཀྱི་དོན་ཐམས་ཅད་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་དང་ལྡན་པ་ ལགས་སོ། དེ་ནས་འུག་པ་ལུང་པའི་གདན་སར་ཕེབས་ཏེ་སློབ་མ་ མང་དུ་བསྐྱངས། དེ་རྗེས་གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་བོ་ དགུ་འདུས་སུ་བྱོན་ཏེ། ལོ་ངོ་བཅུ་བཞིའི་རིང་དུ་སྒྲུབ་པ་ཉམས་ལེན་ མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་ [1531] ས་རྡོ་རི་བྲག་ཐམས་ཅད་ ལ་ཐོགས་པ་མེད་པར་འགྲོ་བ་བྱུང་སྟེ། མཚན་ལ་ཡང་བདེ་གཤེགས་ རྒྱ་བོ་བ་ཞེས་ཞུའོ། ཁོང་གི་སློབ་མའི་ཚོགས་ནི་ཀ་བ་བཞི་དང་ གདུང་མ་བརྒྱད། ཕྱམ་བཅུ་དྲུག་དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག་དཀྱུས་པ་མི་གཉིས། སྟ་ གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན་ སློབ་མ་དེ་དག་ལས་གྲགས་ཆེ་བ་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ དང། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ ཇོ་ཤཱཀྱ་བཅས་དང། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་ སྐྱ་སྟོན་ཆོས་ཀྱི་སེང་གེ་གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀ་རིང་ སྣུབས་སྟོན་བག་མ། དབུས་པ་ས་འཐོར། ཤུལ་སྟོན་ཟླ་བ་གྲགས་ པ། རྩེ་ཕྲོམ་བྱང་དཔལ་བཅས་ཡིན། ཁོང་ནི་འུག་པ་ལུང་པའི་ གདན་རབས་གཉིས་པ་ཡིན་ནོ།། ཟུར་ཆོས་དབྱིངས་རང་གྲོལ།། ཁོང་ནི་ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ།། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གིས་སྤྱིར་བླ་མ་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ [1532] ཁྱད་པར་དུ་མྱང་ཡེ་ཤེས་འབྱུང་གནས་ལས་སྒྱུ་འཕྲུལ་དང་ སེམས་ཕྱོགས་ཞུས། ལྕེ་ཤཱཀྱ་མཆོག་ལས་བདུད་རྩི་དང། གཉན་ ནག་དབང་གྲགས་ལས་གསང་དབང་དང་ཐབས་ལམ། ཐོ་དཀར་ ནམ་མཁའ་ལྡེབ་ལས་མདོ་དང་བར་ཁབ། འབྲེ་ཁྲོ་ཆུང་ལས་ཀ་དག་ དང་ལྷུན་གྲུབ་ཀྱི་བཤད་པ་དང་ལམ་རིམ་ཆེན་མོ། རོག་ཤཱཀྱ་འབྱུང་ གནས་ལས་ཡང་དག་སོགས་མང་དུ་ཞུས། དེ་ནས་རྩ་རྒྱུད་དང་བཤད་ རྒྱུད་དུ་ཕྱེ། རྩ་བ་དང་འགྲེལ་བར་སྡེབས། རྒྱུད་དང་སྒྲུབ་ཐབས་ སུ་སྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་སྡེབས་ཏེ་འབངས་ རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་ལ་ བཤད་པར་མཛད། དེ་ནས་འུག་པ་ལུང་གི་གཙུག་ལག་ཁང་ལེགས་ པར་བཞེངས་པ་དང། ཤངས་ཀྱི་མདའ་ལ་སྲམ་པ་སྒྲུབ་ཁང་དུ་དཔལ་ ཆེན་པོ་ལྷ་དགུ་ལྡེ་གུར་བཞེངས་པར་མཛད། སྒྲོ་སྟོན་གྱིས་ཁོང་ལ་ སྒྲོ་ཕུག་ཕུལ་ཏེ། དེ་ལ་ལྷ་ཁང་བཞེངས་པས་སྒྲོ་ཕུག་ལྷ་ཁང་དུ་གྲགས་ སོ། ཁོང་གི་མཚན་གཞན་ནི་ལྷ་རྗེ་འུག་པ་ལུང་པ་ཡང་ཞུ། ཁོང་ ནི་སྒྱུ་འཕྲུལ་གཙོ་བོར་མཛད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ ཆེན་པོ་ཞིག་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་འབངས་རྩེ་མོ་བཞི་ ནི་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ་དང་ སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོར་གྱུར་པ་བན་ནམ་བྲེས་ཀྱི་ མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོ་གྱུར་པ་ར་ཟའི་ཞང་འགོས་ ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་འཚོ་ཉའི་བཟང་སྒོམ་ཤེས་རབ་ རྒྱལ་པོ་དང། རྩེ་ལྐོག་གཅིག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོ་གྱུར་པ་ [1533]། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་འབྲོམ་ཆུ་རིགས་རྒྱུད་དུ་ཡབ་ཟུར་གཞོན་ནུ་དོན་གྲུབ་དང། ཡུམ་ ཡིད་འཛིན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་ཆོས་རྗེ་ནོར་བུ་ཞེས་ཞུ། དགུང་ལོ་བདུན་པར་ཆོས་རྗེ་ངག་ དབང་ཡེ་ཤེས་གྲུབ་པ་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་ངག་དབང་ བཀྲ་ཤིས་ཀུན་དགའ་ཞེས་གསོལ། དེ་ནས་ཡབ་ལས་ཡི་གེའི་སྦྱོར་ ཀློག་དང་རྙིང་ཆོས་མང་དུ་གསན། འཁོན་སྟོན་དཔལ་འབྱོར་ལྷུན་ གྲུབ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ ལ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཞེས་གསོལ། དགུང་ལོ་ཉི་ཤུ་ ཐམ་པར་འཁོན་སྟོན་ལས་ཚིགས་སྔ་མ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་ སྡོམ་པ་བཞེས་ཤིང་མདོ་སྔགས་གཉིས་ལ་སྦྱངས་པ་རྨད་དུ་བྱུང་བ་ མཛད་ནས་རྩེས་ཐང་གི་གྲྭ་སྐོར་མཛད། འཁོན་སྟོན་དཔལ་འབྱོར་ ལྷུན་གྲུབ་ལས་བྱང་ཆུབ་ལམ་རིམ་དང། འགྲེལ་བ་བཞི་སྦྲགས་ རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། དུས་ འཁོར། གསང་འདུས་ཀྱི་བསྐྱེད་རྫོགས། རྗེ་ཕ་བོང་ཁ་པ་ལས་ བཀའ་གདམས་གླེགས་བམ། བསྟན་རིམ་ཆེན་མོ། བེའུ་བུམ་སྔོན་ པོ། དཔེ་ཆོས་སྐོར་གསུམ། བཀའ་གདམས་གཞུང་དྲུག་བྱམས་ ཆོས་སྡེ་ལྔ། རིགས་ཚོགས་དྲུག་པ། སྔགས་རིམ་ཆེན་མོ། རྩ་ [1534] བློ་སྦྱོང་དོན་བདུན་མའི་ཁྲིད་བཅས་དབང་ལུང་ ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་ཡེར་པ་སྤོས་དགའ་དང་ གུང་ཐང་ཆོས་ཁྲི་ལྷོ་ལྕོག་གི་གདན་སར་ཕེབས་ཏེ་འཆད་ཉན་བསྐྱངས་ རྒྱལ་བ་བློ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་དབང་བཀུར་བས་མདོ་ སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་ཕུལ། དགུང་ལོ་ལྔ་བཅུ་ང་བཞི་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་ པའི་མཚན་གཞན་ལ་ཟུར་ཆོས་དབྱིངས་རང་གྲོལ་ཞེས་ཞུའོ། ཁོང་ ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་དྲུག་ཅུ་རེ་གསུམ་ཡིན་པ་ནོ།། ཟུར་ཤཱཀྱ་སེང་གེ་ ཁོང་ནི་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཟེམ་གྲགས་པ་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ཧམ་མདོའི་དེར་གོམ་དུ་ཡབ་སྤ་ཡགས་རྩེ་བོ་དང། ཡུམ་ ཇོ་བཙུན་མ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བྱིས་ པའི་དུས་ཉིད་ནས་རང་བཞིན་མེད་པའི་ཏིང་ངེ་འཛིན་ལ་ངང་གིས་ འཇུག་པ་དང། མི་མ་ཡིན་པ་མང་པོས་བསྐོར་བ་བྱེད་པ་ཡང་བྱུང་ དགུང་ལོ་བཅུ་དྲུག་པར་མཁན་པོ་རྣལ་འ་ཨོར་བྱང་སེམས་ལས་རབ་ཏུ་ བྱུང་ཞིང་མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། མཁན་པོ་དེ་ཉིད་ ལས་འདུལ་བ་གཙོ་མཛད་པའི་ཆོས་སྐོར་མང་དུ་གསན། དགུང་ལོ་ [1535] ལས་སློབ་ཞོགས་ པ་གནས་བརྟན། གསང་སྟོན་ཟེམ་ཆེན་མོས་མཛད་དེ་བསྙེན་པར་ རྫོགས། དེ་ནས་བྱ་ཡུལ་དགོན་དུ་ཕེབས་ཏེ་སངས་རྒྱས་སྒོམ་པ་དང་ མཇལ་ཞིང་གདམས་ངག་ཐམས་ཅད་མ་ལུས་པར་གསན་པ་མཛད་ དགུང་ལོ་སུམ་ཅུ་རྩ་དགུ་པར་སངས་རྒྱས་སྒོམ་པ་སྐུ་གཤེགས། དེ་ནས་ ཡུན་རིང་མ་འགོར་བར་བྱ་ཡུལ་དགོན་གྱི་གདན་སར་ཕེབས་ཤིང་ བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ འོད་གསལ་བ་ཆེན་པོས་ཞོགས་ཀྱི་ཕུར་འོད་གསལ་དགོན་པ་གསར་ འདེབས་མཛད། རི་མེར་བ་ཆེན་པོས་ལྷོ་བྲག་ཤར་དུ་རི་མེར་དགོན་ པ་གསར་འདེབས་མཛད། ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་ ལྔ་པ་ཡིན་ནོ།། ཟོང་ཆོས་སྐྱོང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་སྨད་ ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་ པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་ རྟོག་གི་ལྟ་བ་འཛིན་མཁན་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་ རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ ཆེན་དགོངས་པ་རབ་གསལ་ ་ གྱི་མཚན་སྙན་ གསན་ཏེ་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་ [1536] འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་ བཞིན་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་ཏུ་བྱུང་ཞིང་ འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བ་མཛད་པར་ཕྱག་ རྗེས་ཆེན་པོ་ཞིག་བཞག་ཁོང་ནི་བླ་ཆེན་དགོངས་པ་རབ་གསལ་གྱི་ གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ།། ཟྭ་ནམ་ཟིན་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ཨི་ཤོ་ ལེགས་དང། ཡུམ་དམུ་ལྕམ་རྨང་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་གི་སྐུ་བོན་ནི་ཞང་ཞུང་གཡུང་དྲུང་རྒྱལ་པོས་མཛད་ཅིང་གསས་ ཁང་ཡང་བཞེངས། བཙུན་མོ་མཚོ་སྨན་ཁྲི་དཀར་བྱ་བ་ཁབ་ཏུ་བཞེས་ ཏེ་རིགས་སྲས་ལྡེ་འཕྲུལ་ནམ་གཞུང་བཙན་སྐུ་འཁྲུངས། ཁོང་གི་བང་ སོ་ཆུ་བོའི་གཞུང་ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་དང་པོ་ ཡིན་ནོ།། ཟྭར་སྐལ་ལྡན་ཡེ་ཤེས་སེང་གེ་ ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཞི་པའི་མེ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་འཁྲུངས་ཡུལ་ནི་ མོན་འགར་ཡིན་ཏེ་གདུང་རུས་ནི་ཀླད་རུ་ཡིན། སྐུ་གཞོན་ནུའི་དུས་ སུ་ར་འཚོ་མཁན་ཡིན། ཉིན་ཞིག་ལ་རི་མགོ་ནས་ཕག་མོ་གྲུ་པའི་ དགོན་པའི་རྒྱབ་རི་མཐོང་བ་ཙམ་གྱིས་སྒོམ་རང་བྱུང་དུ་ཤར། སྒོམ་ ཆེན་གཉིས་ཀྱིས་སྒོམ་གྱི་གླེང་བ་མཛད་པས་ཁོང་གིས་གསན་ནས་ [1537] དགོན་དུ་བྱོན་ནས་འགྲོ་མགོན་རྡོ་རྗེ་རྒྱལ་པོ་དང་མཇལ་བས། བླ་ མའི་ཞལ་ནས་ཁྱོད་ཚེ་སྔ་མ་སྒོམ་ཆེན་བཟང་པོ་ཅིག་ཡིན་པར་འདུག་པ་ ལ་དམ་ཚིག་གི་སེལ་ཅིག་ཡོད་པར་འདུག་སྒོམ་ཆེན་བཟང་པོ་ཡིན་ པས་མའི་ལུས་ལ་ཡོད་པའི་ཚེ་ཡང་མའི་ལུས་སེམས་བདེ་བ་དང། ཁྱོད་ རང་ལ་སྒོམ་རང་བྱུང་དུ་ཤར་བ་ཡིན། དམ་སེལ་ཡོད་པའི་རྟགས་སུ་ ཁ་བུབ་མིན་པར་ཉལ་མི་ཤེས་པ་ཡིན་གསུངས། དེ་ནས་ངོ་སྤྲོད་ཀྱི་ ཁྲིད་ཅིག་མཛད་པར་རྟོགས་པ་ཁྱད་པར་ཅན་འཁྲུངས། མཚན་ལ་ ཡང་སྐལ་ལྡན་ཡེ་ཤེས་སེང་གེ་ཞེས་གསོལ། དུས་ཕྱིས་སུ་གྲ་རབས་སུ་ཟྭ་ ར་དགོན་པ་གསར་འདེབས་མཛད། གཟིམས་ཁང་གི་བླ་རྫམ་གྱི་ རྩིག་ངོས་ལ་ཁོང་རང་གི་སྐྱེས་རབས་མང་པོ་ཡང་བྲིས། དགེ་འདུན་ གྱི་ཚོགས་པ་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ལྟར་མཛད་ གདན་ས་ཕག་མོ་གྲུར་ཡང་སྤྱིལ་མོ་ཆེ་རྩིག་པ་སོགས་གུས་ཞེན་ཆེ་བར་ མཛད་དོ། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་གཡའ་ བཟང་ཆོས་རྗེ་ཆོས་སྨོན་ལམ་ཡིན།། ཟྭ་ར་བ་བདེ་ལེགས་འོད།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་ལྔ་པའི་ ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་མཁས་གྲུབ་ གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སློབ་གཉེར་ལེགས་པར་མཛད་ནས་དགེ་ཚུལ་སློང་གི་སྡོམ་པ་ བཞེས་ཏེ་འདུལ་ཁྲིམས་ཐམས་ཅད་ལེགས་པར་བསྲུངས་བར་མཛད་ [1538] བདེ་དགྱེས་གསང་གསུམ་གྱི་དབང། བཀའ་གདམས་ལམ་རིམ་གྱི་ ཁྲིད། དབུ་སེམས་ཀྱི་སེམས་བསྐྱེད། སྤྱོད་འཇུག་ཤེས་རབ་བརྒྱ་ བ། བཀའ་བརྒྱུད་གོང་མའི་སྙན་བརྒྱུད། ནཱ་རོ་ཆོས་དྲུག་དུས་ འཁོར་རྒྱུད་འགྲེལ། ཕྱག་རྒྱ་ཆེན་པོ་བཅས་ཞུས་ནས་སྒྲུབ་པ་ཉམས་ ལེན་མཛད། རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཡའ་བཟང་དགོན་པའི་གདམ་སར་ཕེབས། དགེ་འདུན་མང་པོའི་ ཚོགས་པ་བསྐྱངས་ཤིང་འཆད་ཉན་དང་སྒོམ་སྒྲུབ་ཀྱི་བྱ་བ་ལེགས་པར་ འཛིན་ནས་བཤད་སྒྲུབ་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་བར་མཛད་ དགོན་པའི་མངའ་ཐང་ཤིན་ཏུ་དར་བར་མཛད། ལོ་ངོ་ཉི་ཤུ་རྩ་ བཞིའི་རིང་དུ་གདན་སར་བཞུགས། ཁོང་ནི་གཡའ་བཟང་གི་གདན་ རབས་ལྔ་པ་ཡིན།། བཟང་པོ་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་ཉང་དུ་ཡབ་སྔགས་འཆང་པདྨ་བསྟན་འཛིན་ གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་ ་ལོར་པེ་ཅིན་དུ་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མཚན་ལ་ ཀུན་དགའ་ནོར་བུ་ཞུ། དགུང་ལོ་ལྔ་པར་རང་དགོན་དུ་ཕེབས་ཏེ་ཁུ་བོ་ དགེ་རྒྱམ་པའི་ཤག་ཏུ་བཞུགས། དགུང་ལོ་བདུན་པར་འདུལ་འཛིན་ལྷ་ རམས་པ་བློ་བཟང་ཆོས་གྲགས་ལས་རབ་ཏུ་བྱུང། སྐུ་འབུམ་དགེ་བཤེས་ ཚུལ་ཁྲིམས་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་ལ་སྦྱངས། ཨ་ [1539] དབང་དང་བླ་མཆོད་ཀྱི་ཁྲིད་རྣམས་ཞུས། དགུང་ལོ་བཅུ་བདུན་པར་ རོང་བོ་ཐོས་བསམ་གླིང་དུ་ཞུགས་ནས་སློབ་གཉེར་ནན་ཏན་དུ་མཛད་ དགུང་ལོ་ཉི་ཤུ་ཐམ་པར་རྗེ་འཇིགས་མེད་བསམ་གཏན་ལས་བསྙེན་ པར་རྫོགས། དགུང་ལོ་ཉེར་གཅིག་པར་རོང་བསམ་གཏན་ལས་བསྙེན་ པར་རྫོགས། དགུང་ལོ་ཉེར་གཅིག་པར་རོང་བོ་དགོན་ཆེན་དུ་དཔའ་ རིས་རབ་གསལ་ཕེབས་སྐབས་རྟགས་གསལ་གྱི་བགྲོ་གླེང་མཛད་པས་ ལུང་རིགས་ཀྱི་རྣོ་ངར་ལེགས་པོ་བྱུང་བས་མཁས་གྲགས་རྒྱས། དགུང་ ལོ་ཉེར་བདུན་པར་གྲྭ་ཚང་གི་འདུ་ཁང་གསར་བསྐྲུན་མཛད་ཅིང་རྟེན་ བརྟེན་པ་བཞེངས། དགུང་ལོ་སུམ་ཅུ་བར་བླ་བྲང་དམེ་ཤུལ་འཇམ་ དབྱངས་ཚུལ་ཁྲིམས་རྒྱ་མཚོ་ལས་ཕུན་ཚོགས་གོང་འཕེལ་གྱི་སྡོམ་པ་ བཞེས། དགུང་ལོ་སོ་བདུན་པར་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ ཕེབས། པེ་ཅིན་ནས་ཞབས་རིམ་མཁན་པོའི་གོ་ས་དང། ཐམ་ག་ དངུལ་སྲང་ཉིས་བརྒྱའི་བདག་རྐྱེན་བཅས་རྒྱ་ཆེར་བསྩལ། དགུང་ལོ་ སོ་དགུ་པར་ནན་ཧཱེ་པོ་ཏ་ལར་བྱོན་ཏེ་སྒྲོལ་མའི་སྐུ་ལ་མཆོད་འབུལ་ མཛད། དགུང་ལོ་ཞེ་བཞི་བར་རྒྱ་ནག་གོང་མས་ནོ་མིན་ཧན་གྱི་གོ་ས་ གསེར་ཡིག་གསེར་ཐམ། པདྨ་རཱ་གའི་ཏོག་ཐོབ་རྒྱན་བཅས་བདག་ རྐྱེན་མང་དུ་གནང་ནས་ཆོས་ཀྱི་རྒྱལ་བོ་ཞེས་གཟེངས་བསྟོད། དགུང་ ལོ་ཞེ་བརྒྱད་པར་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་ཡོ་བྱད་མང་པོ་ བསྣམས་ཏེ་རང་དགོན་དུ་ཕེབས། དེ་ནས་གཙུག་ལག་ཁང་དང་ རྟེན་བརྟེན་པ་མང་པོ་གསར་བཞེངས་མཛད་ཅིང་སྐྱ་སེར་མང་པོ་ལ་ ཆོས་ཀྱི་སྦྱིན་པ་བཏང། དེ་ནས་པེ་ཅིན་དུ་ཐེངས་གཉིས་པ་ཕེབས་ [1540] དགུང་ལོ་ང་གཉིས་པའི་ལོ་གསར་དུ་རྒྱལ་ཁབ་ཆེན་པོའི་གཞུང་ ནས་གསོལ་སྟོན་ཐོག་ཏུ་གདན་དྲངས་ཤིང་རྒྱ་ནག་ཙན་དན་ཇོ་བོ་ལ་ མཇལ། དགུང་ལོ་ང་གསུམ་པར་ཨོབ་རེ་དགོན་པ་ཉམས་གསོ་དང་ དབྱར་གནས་གསར་དུ་བཙུགས་ནས་ཕྱག་ལེན་ཕྲ་ཞིབ་གནང། དགུང་ ལོ་ང་ལྔ་པར་ཇུན་གར་ཕྱོགས་སུ་ཕེབས་ནས་ཇུན་གར་ལོང་དང་འབྲི་ གུང་གྲུབ་ཆེན་ལ་པདྨ་ཡང་གསང་དབང་ཆེན་སོགས་མང་དུ་གནང་ པེ་ཅིན་ནས་པཎ་ཆེན་སྣང་བ་མཐའ་ཡས་ལ་མཇལ་ནས་ཆོས་ཀྱི་བགྲོ་ གླེང་དང། ཐུགས་དགྱེས་པའི་ངང་ནས་མཁན་པོའི་གོ་ས་གནང་ དགུང་ལོ་ང་དྲུག་པར་དར་ཧན་ཕྱོགས་སུ་ཕེབས་ནས་སྐྱ་སེར་བདུན་ཁྲི་ ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང། དགུང་ལོ་ང་ དགུ་པར་ཡཱོང་ཧོ་ཀུང་གི་གཙུག་ལག་ཁང་དུ་གསེར་ཟངས་ལས་གྲུབ་ པའི་འཇམ་མགོན་བླ་མའི་སྐུ་བརྙན་ཁྲུ་ཙི་སུམ་ཅུའི་ཚད་ཅན་བཞེངས་ ཏེ་ད་ལྟའང་མཇལ་རྒྱུ་ཡོད། དགའ་ལྡན་བྱིན་ཆགས་གླིང་གི་ཆོས་ཁྲི་ ལ་བཞུགས་ནས་འཆད་ཉན་ཡང་མཛད། དགུང་ལོ་རེ་གཅིག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཆུ་མིག་རྫོང་གི་བཟང་ པོའི་སྐུ་ཕྲེང་དྲུག་པ་ཡིན་ནོ། ། གཟིམས་ཁང་དགེ་འདུན་ངག་དབང་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མཚམས་རིང་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ས་རལ་མཁན་ཆེན་ལས་རབ་ཏུ་བྱུང་ ཞིང་མཚན་ལ་དགེ་འདུན་ངག་དབང་རྒྱ་མཚོ་ཞེས་གསོལ། བྱ་ཁྱུང་ [1541] བསམ་དཔྱིས་ཕྱིན་པ་མཛད། བདེ་ཡངས་རིན་པོ་ཆེ་ལས་བསྙེན་པར་ རྫོགས་ཤིང་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་གཅིག་པར་ དབུས་སུ་ཕེབས་ཏེ་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས་ནས་དབུ་མ་དང་ ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་ བཅས་ལ་ལོ་དྲུག་གི་རིང་དུ་སྦྱངས་པར་མཛད། དེ་ནས་རང་ཡུལ་དུ་ བྱོན་ཏེ་སྒྲུབ་ཁང་ཚང། ཆེ་ཤོས་རིན་པོ་ཆེ། ཞྭ་དམར་པཎྜི་ཏ་ རྡོ་རྗེ་འཆང་ཨ་བྷྱ་ཞབས་སོགས་ལ་བསྟེན་ནས་ཐུན་མོང་མ་ཡིན་པའི་ ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས་སོ། ཧལ་ཧ་དཔལ་ ལྡན་ཇ་སག་ཏུ་སྔ་ཕྱི་ལན་གསུམ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ བསྐོར་བར་མཛད། རྒྱ་ནག་རི་བོ་རྩེ་ལྔ་ལ་སྔ་ཕྱི་ལན་གཉིས་ཕེབས་ ནས་མཆོད་མཇལ་ལེགས་པར་གནང། བྱ་ཁྱུང་དགོན་པའི་གདན་ སའི་མཁན་ཁྲིའི་གོ་གནས་བདག་གིར་བསྐྱངས་ནས་བསྟན་པ་རིན་པོ་ ཆེ་ཉམས་པ་སོར་ཆུད་མཛད་ནས་དུས་འདའ་བའོ། དགུང་ལོ་བདུན་ བཅུའི་ནང་དུ་ཕེབས་ཀྱང་བགྲེས་སྐྱོན་ཅུང་ཙམ་ཡང་མི་མངའ་བར་ བསྟན་འགྲོའི་ཞབས་འདེབས་མཛད་ནས་འཕྲིན་ལས་ཕྱོགས་བཅུར་ སྤེལ་བའི་སྐབས་སོ། ཁོང་ནི་གཟིམས་ཁང་སྐུ་ཕྲེང་གསུམ་པ་ཡིན་ ནོ། ། གཟིམས་ཁང་ངག་དབང་བསྟན་འཛིན་མཆོག་གྲུབ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བྱ་ཁྱུང་ལྷ་སྡེར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་ [1542] ཁོང་དགུང་ལོ་ཆུང་ངུའི་ དུས་ནས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་ བཟང་པོ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ངག་དབང་བསྟན་འཛིན་ མཆོག་གྲུབ་ཅེས་གསོལ། བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཤིང་ཡི་ གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་ བཅོ་ལྔ་པར་དབུས་སུ་ཕེབས་ཏེ་སྐུ་གོང་མའི་གཟིམས་ཁང་དུ་བཞུགས་ པས་གཟིམས་ཁང་བར་གྲགས། དེ་ནས་སེ་ར་བྱེས་པ་གྲྭ་ཚང་དུ་ ཞུགས་ཏེ་དབུ་མ་དང། ཕར་ཕྱིན། མངོན་པ་མཛོད། འདུལ་ བ། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་ དེ། དགུང་ལོ་བཞི་བཅུ་ཐམ་པར་ལྷ་རམས་དམ་བཅའ་བཞག་པའི་ སྐབས་སུ་ཨང་གཉིས་པའི་མཚན་བཏགས་བཞེས། རྒྱུད་སྨད་དུ་ཞུགས་ ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་ པར་མཛད། དགུང་ལོ་ཞེ་བདུན་པར་མངའ་རིས་མཐོ་ལྡིང་གི་མཁན་ པོར་ཕེབས་ནས་ལོ་བདུན་གྱི་རིང་དུ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་ པར་བསྐྱངས། དགུང་ལོ་དྲུག་ཅུ་རེ་གཉིས་པར་དགོངས་ཆོས་ དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་ཁྲི་རབས་རེ་དྲུག་པ་སྣུབས་ ངག་དབང་སྙན་གྲགས་པའི་ཡང་སྤྲུལ་ཡིན་ཏེ། གཟིམས་ཁང་པའི་སྐུ་ ཕྲེང་གཉིས་པ་ཡིན་ནོ། ། གཟུ་དགའ་བ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ [1543] ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་ པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་ བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་འགའ་ཡང་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱི་མི་ཐུབ་ པ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པའི་གཟུངས། འགྱུར། བཞུགས་སོ། ། ཟླ་འོད་གཞོན་ནུ།། ཁོང་ནི་དྭགས་པོ་བསོད་ནམས་རིན་ཆེན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། [1544] འ་ཞ་རྒྱ་གར་བརྩེགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་ གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མ་ཛད། ཁོང་གི་བསྒྱུར་རྩོམ་ནི་ དང། ། འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གུང་རི་གུང་བཙན་གྱི་བཙུན་མོ་དང། རྒྱལ་ པོ་མང་སྲོང་མང་བཙན་གྱི་མ་ཡུམ་ཡིན། མོའི་གླུ་དབྱངས། ཁྲི་དཀར་ཏི་ཤགས་ཞེས་འཁོད་འདུག་གོ་ [1545] འལ་པ་རྡོ་རྗེ་དབང་ཕྱུག།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་སྨད་ ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་ པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ ལོག་རྟོག་གི་ལྟ་བ་འཛིན་མཁན་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་ རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ ཆེན་དགོངས་པ་རབ་གསལ་ ་ གྱི་མཚན་སྙན་ གསན་ཏེ་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་ རབ་གསལ་ལས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་ འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད་ནས་ཚུལ་ བཞིན་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས་ ཤིང། འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བ་མཛད་པར་ ཕྱག་རྗེས་ཆེན་པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་ པ་རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། འུག་པ་ཆོས་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་ སློབ་གཉེར་མཛད་པ་དང། དེ་ནས་གསང་སྔགས་རྙིང་མའི་ཆོས་ སྐོར་ལ་ཐོས་བསམ་སྒོམ་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་ པོར་གྱུར། ཁྱད་པར་དུ་གསོ་བ་རིག་པ་ལ་ནང་བྱན་ཚུད་པ་སྦྱངས་ ཤིང་ཉམས་ལེན་དངོས་ལ་སྦྱར་ནས་འགྲོ་བ་མང་པོའི་ནད་ཀྱི་སྡུག་ [1546] གོང་སྨན་དཀོན་མཆོག་འཕན་དར་གྱིས་ མཛད་པའི་ པ་བཞི་ཡི་སྒྲོམ་དང་ནི། བསྡུས་དོན་འདུ་བ་སྤྱི་བཅོས་འུག་པའི་ ལུགས། ཞེས་གསུངས་སོ། ཁོང་ནི་བོད་སྨན་མཁས་པ་མི་དགུའི་ ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་མཚན་གཞན་ལ་འུག་པ་ཆོས་ཀྱི་ སེང་གེ་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི་ བཞིའི་བསྡུས་དོན། ། འོ་ལྡེ་སྤུ་རྒྱལ།། ཁོང་ནི་གཉའ་ཁྲི་བཙན་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་རྒྱལ་ཏོ་རེ་ལོང་བཙན་གྱི་བཙུན་མོ་དང། རྒྱལ་ པོ་ཁྲི་བཙན་ནམ་གྱི་མ་ཡུམ་ཡིན་ནོ། ། འོ་འཚོ་བྱེད་བློ་གྲོས་བརྟན་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ སྐྱིད་ཤོད་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་ བཅས་ལ་མཁས་པར་སྦྱངས་ཏེ་ཞྭ་སེར་བསྟན་པ་འཛིན་པའི་ཆོས་སྒོར་ ཞུགས་ཤིང་བྱང་ཆུབ་ལམ་རིམ་སོགས་ལ་བྱང་བར་མཛད། ཁྱད་པར་ དུ་བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱི་དངོས་སློབ་མང་ཐོས་ཟླ་བའི་ དབང་པོའི་ཞབས་པད་ལ་ཡུན་རིང་དུ་བསྟེན་ནས་གསོ་རིག་གི་གཞུང་ [1547] སྒོས་སུ་ཞལ་ཤེས་མན་ངག་དང་བཅས་པར་ཞུས་ ཤིང་ཉམས་ལེན་མཛད། དུས་ཕྱིས་སུ་སྡེ་བ་སྐྱིད་ཤོད་པའི་བླ་སྨན་ མཛད་ནས་རིན་ལྡིངས་སུ་བཞུགས་སོ། ཁོང་གི་མཚན་གཞན་ལ་རིན་ ལྡིངས་བློ་བཟང་རྒྱ་མཚོ་ཞེས་ཞུའོ། །ཁོང་གི་སློབ་མའི་ཚོགས་ལས་ མཆོག་ཏུ་གྱུར་བ་ནི་དྲང་སྲོང་བསྟན་འཛིན་རྒྱལ་པོ་ཡིན། གསུང་རྩོམ་ ནི་ འབྱུང་དྲང་སྲོང་དགོངས་རྒྱན། ། འོ་རྫོང་པཎྜི་པ།། ཁོང་ནི་འོ་རྫོང་བློ་བཟང་སྦྱིན་པ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། འོ་བྲན་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་འོ་ བྲན་དཔལ་གྱི་འབྱུང་གནས་ཀྱི་རིགས་སྲས་སུ་སྐུ་འཁྲུངས། རྟེན་ཁྱིམ་ པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ཡིན། སློབ་དཔོན་པདྨ་ འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ ཉམས་ལེན་ལ་བརྩོན་པ་མཛད་པས་གསང་སྔགས་ཀྱི་ཚུལ་ཀུན་ལ་ མཁས་ཤིང་གྲུབ་པའི་མཚན་མ་མངོན་སུམ་དུ་བརྙེས་ཏེ་ཆུ་བོ་ཆེན་པོ་ ལ་འཇིགས་པ་མེད་པ་ཉ་ལྟར་རྒྱུ་བ་ནུས་ཤིང། མེ་ལོང། གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། [1548] འོ་རྫོང་བློ་བཟང་སྦྱིན་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་འོ་ རྫོང་ཕྱོགས་སུ་སྐུ་འཁྲུངས། ཁོང་གིས་སྨན་པ་མཁས་པ་མང་པོར་ བསྟེན་ནས་གསོ་བ་རིག་པའི་གཞུང་ལུགས་དང་རྩིས་གཞུང་བཅས་ལ་ ལེགས་པར་བསླབས་ཏེ་འགྲོ་བ་མང་པོའི་ནད་ཀྱིས་མནར་བའི་སྡུག་ བསྔལ་ཞི་བ་མཛད་ཅིང་སློབ་མ་མང་དུ་གསོ་སྐྱོང་མཛད། ཁོང་གི་ རྣམ་ཐར་ཞིབ་ཏུ་མཇལ་བའི་སྐལ་བ་མ་ལྡན་པས་ཤིན་ཏུ་ཕངས་སོ་ ཁོང་གི་མཚན་གཞན་ལ་འོ་རྫོང་པཎྜི་ཏ་ཞེས་ཞུའོ། །ཁོང་གི་གསུང་ རྩོམ་ནི་ གཏར་ཁ་གདབ་པའི་རྩའི་ངོས་འཛིན་སོགས་གསལ་བར་བཀོད་པ་དྲང་ སྲོང་བླ་མའི་ཞལ་ལུང་དཔྱད་ཀྱི་གཅེས་ཕྲེང། ། འོ་བཟའ་རི་མོ་མཚོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་སེ་སྣོལ་པོ་ལྡེའི་བཙུན་མོ་དང། རྒྱལ་པོ་ལྡེ་སྣོལ་ནམ་གྱི་ མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ལ་ དགའ་སྟོན། འོག་གོམ་དབུས་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ནོ། ། འོང་ཀ་ལྷ་སྦྱིན།། [1549] འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། འོད་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་ཉང་ སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང། ཡུམ་ ཅོག་རོ་བཀའ་མགོན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ ལུགས་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཡབ་མཆེད་སོ་སོར་གྱེས་ནས་ ཁོང་གིས་གཙང་ཕྱོགས་ཀྱི་སྒོ་གསུམ་ལ་དབང་མཛད་པ་ནི། དྲིན་ དང་གཉའ་ནམ་རྫས་ཀྱི་སྒོ་དང། བུད་མཁར་ར་ཤིང་གི་སྒོ། ཟར་ སྟག་སྣ་རྩོད་ཀྱི་སྒོ། རྒྱ་མཚོས་མཛད་པའི་ དང། བཙུན་མོ་ཞིག་ཁབ་ཏུ་བཞེས་ཏེ་རིགས་སྲས་ཕ་ཝ་དེ་སེ་དང་ ཁྲི་ལྡེ། ཉག་ལྡེ། ཁྲི་ཆུང་རྣམས་རིམ་བཞིན་སྐུ་འཁྲུངས་ཤིང། དེ་ དག་གིས་གནུབས་ཡུལ་རོང་དང། གཡག་སྡེ། མྱང་སྟོད་ཀོང་བུ་ སྣ། ཡར་ལུང་སོགས་ཀྱི་ཡུལ་གྲུ་རྣམས་བཟུང་ནས་ཆབ་སྲིད་བསྐྱངས་ སོ། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྨད་ཀྱི་ལྡེ་གསུམ་ནང་ [1550] ། འོད་ཟེར་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་ཙམ་དུ་ཡབ་ དཔལ་ལྡེ་དང། ཡུམ་ཅོག་རོ་བཟའ་འབའ་རེ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། དེ་ནས་ཁོང་དགུང་ལོ་ཉེར་གྲངས་ལ་ཕེབས་སྐབས། མང་ ཡུལ་གུང་ཐང་གི་ཡུལ་མི་རྣམས་བགྲོས་ནས་འུ་ཅག་ཐུན་མོང་སྐྱོང་བའི་ རྗེ་བོ་ཞིག་དགོས་པ་འདུག་ཅེས་ཁ་འཆམས་ཏེ། མེས་པོ་སྟོད་ཀྱི་ཁྲི་རྗེ་ དང་ཞང་བརྗིད་ལྡན་རིང་མོ་བྱ་བ་གཉིས་དཔལ་ལྡེའི་དྲུང་དུ་ཡོང་ནས་ འོད་ཟེར་ལྡེ་མང་ཡུལ་གུང་ཐང་གི་རྗེ་པོ་བྱེད་དགོས་པར་ཞུས་པས་ གནང་བ་ཐོབ་སྟེ། འོད་ཟེར་ལྡེ་མང་ཡུལ་གུང་ཐང་དུ་གདན་དྲངས་ ནས་ཐང་སྟོད་ཐོ་ལེ་ཞེས་པའི་ས་ཆར་གདན་ཕབ་སྟེ་སྐུ་མཁར་བརྩིགས་ ཤིང། བཙུན་མོ་ཞིག་ཁབ་ཏུ་བཞེས་ཏེ་རིགས་སྲས་དབང་པོ་ལྡེ་སྐུ་ འཁྲུངས། མེས་པོ་སྟོད་ཀྱི་ཁྲི་རྗེ་དང་ཞང་བརྗིད་ལྡན་རིང་མོ་གཉིས་ ཀྱིས་བློན་པོ་བྱས་ཏེ་ཆབ་སྲིད་བསྐྱངས་ཤིང། དེ་ནས་བཟུང་མང་ ཡུལ་གུང་ཐང་གི་རྒྱལ་རབས་བྱུང་བ་ཡིན་ནོ། ། འོད་བསྲུངས།། ཁོང་ནི་བོད་ལུགས་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཡུམ་བུ་བླ་ སྒང་དུ་ཡབ་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་དང། ཡུམ་ཚེ་ སྤོང་བཟའ་བཙན་མོ་འཕན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བོད་ ལུགས་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཡབ་རྒྱལ་པོ་གླང་དར་མ་འུ་ [1551] བསྒྱུར་ནས་རྒྱལ་སྲིད་བསྐྱངས་ཏེ། དགུ་ཁྲི་ཐོག་སྒྲ་དང། རྔོག་ དཔལ་གསུམ་སྒྲ་ཆེ། རྔོག་རྒྱལ་ཏོ་རེ་རྒྱལ་རྣམས་ཀྱིས་བློན་པོ་མཛད་ ཅིང་དམ་པའི་ཆོས་ལ་གཙིགས་སུ་འཛིན་ནས་གཙུག་ལག་ཁང་སོགས་ བསྐྱར་བཞེངས་མཛད། དགུང་ལོ་བརྒྱད་པར་ཐང་རྒྱལ་རབས་ཀྱི་ དམག་དཔུང་གིས་བོད་ཀྱི་ཤར་ཕྱོགས་དང། བྱང་ཕྱོགས་ཀྱི་ས་ཆ་ མང་པོ་དབང་དུ་བསྡུས་ཤིང་མཐའི་སོ་ཁ་ཉམས་པར་གྱུར། བཙུན་མོ་ ཅོག་རོ་བཟའ་རྒྱལ་མོ་ཁབ་ཏུབ་ཞེས་ནས་རིགས་སྲས་དཔལ་འཁོར་ བཙན་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་དྲུག་པ་བོད་ལུགས་ས་མོ་གླང་ ལོ་སྟེ་སྤྱི་ལོ་་ལོར་འབངས་གྱེན་ལོག་བྱུང་བ་དང། ཕོ་བྲང་ནང་ ཁུལ་ནས་སྤུན་མཆེད་མ་འཆམས་པས་དབུ་གཡོ་གཉིས་སོ་སོར་བཟུང་ སྟེ་དམག་འཁྲུངས་བྱུང། དགུང་ལོ་སུམ་ཅུ་སོ་བཞི་པར་འབངས་གྱེན་ ལོག་གིས་བཙན་པོ་རིམ་བྱོན་གྱི་བང་སོ་བྲུས། དགུང་ལོ་སོ་དྲུག་པར་ མདོ་ཁམས་ཕྱོགས་སུ་བན་ཆོས་ཅུང་ཟད་དར་མགོ་ཚུགས། སྐུ་ཚེའི་ སྨད་དུ་གཅུང་པོ་ཡུམ་བརྟན་གྱི་ཁ་ཡ་མ་བྱུང་ནས་གཡོ་ར་ས་ཁུལ་ རྣམས་རིམ་གྱིས་ཤོར་ཏེ་མངའ་རིས་ཕྱོགས་སུ་ཕེབས་དགོས་བྱུང་ དགུང་ལོ་དྲུག་ཅུ་རེ་གསུམ་པར་ཡར་སྟོད་འཕང་ཐང་དུ་སྐུ་གཤེགས་ བཀྲོངས། རྒྱུ་མཚན་ཆེན་ཆུན་མ་མཐུན་པས་སོ། ཁོང་གི་བང་སོ་ནི་འོད་བསྲུངས་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། མིང་ ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། [1552] གོང་གི་འཁྲུངས་ འདས་ཀྱི་ལོ་ཚིགས་ནི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ལྟ་བ་ལྟར་བཀོད་པ་ ཡིན་ནོ། ། འོན་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།། ཁོང་ནི་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་ལྷ་ལུང་རྙིང་པར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་ འོན་ཆོས་སྡིངས་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། ལོ་ དེར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་ མཚན་ལ་བློ་བཟང་ངག་དབང་འཇིགས་མེད་ཅེས་གནང། དེ་ནས་ མདོ་སྨད་པ་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ཏེ་ཡི་གེའི་སྦྱོར་ ཀློག་དང། ཆོས་སྤྱོད། རྒྱན་འཇུག་སྔགས་བཀླག་ཐབས་ བཅས་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་པར་འོན་མངའ་རིས་ གྲུ་ཚང་གི་ཆོས་སྒོར་ཞུགས་ནས་བསྡུས་གཞུང་དང་གཞུང་ཆེན་རྣམས་ ལ་ཐོས་བསམ་མཛད། དགུང་ལོ་བཅུ་བཞི་པར་འབྲས་སྤུངས་སུ་ ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་དམིགས་སྦྱངས་ མཛད། དགུང་ལོ་བཅོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ པཎ་ཆེན་བློ་བཟང་ཡེ་ཤེས་ལས་བཀའ་ཆོས་གསན། དགུང་ལོ་བཅུ་ [1553] བཞེས། དགུང་ལོ་ཉེར་བཞི་པར་ངེས་གསང་དར་རྒྱས་གླིང་དུ་ཕེབས་ ནས་གསོ་རིག་དང་རྩིས་རིག་དཀྱིལ་འཁོར་གྱི་ཐིག་རྩ་སོགས་ལ་གསན་ སྦྱོང་མཛད། དགུང་ལོ་སོ་གསུམ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ མདོ་སྨད་དུ་ཕེབས་ཤུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ལོ་བརྒྱད་ཀྱི་ རིང་དུ་ཕེབས། ཁོང་གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང། དུས་ འཁོར་བ་ཡོན་ཏན་དར་རྒྱས། ཆོས་རྗེ་ཀུན་དགའ་ལེགས་འབྱུང་སོགས་ ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་པས་དབང་ ལུང་མན་ངག་གི་བདག་པོར་གྱུར། དགུང་ལོ་ལྔ་བཅུ་ང་གཉིས་པར་ རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་ཆོ་ག་ཕྱག་ལེན་དང་བཅས་པར་སྦྱངས་པ་ ཕུལ་དུ་ཕྱིན་པ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། ། ཁོང་གི་གསུང་རྩོམ་ནི་ མཚུངས་མེད་དྲིན་ཅན་བླ་མ་རྣམས་ལ་འབུལ་བ་དང་རང་བཞིན་གྱི་ གནས་ཚུལ་དྲང་པོར་བརྗོད་པ། རྭ་ སྒྲེང། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག། བཅས་ཆོས་ཚན་ཉི་ཤུ་རྩ་བརྒྱད་ལོངས་པའི་པོད་གཅིག་བཞུགས་ སོ། ། འོམ་ཐང་སྨན་མཚོ།། ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་སྤུ་དེ་གང་རྒྱལ་གྱི་བཙུན་མོ་དང། རྒྱལ་པོ་ཨེ་ [1554] ཁོང་མོའི་མཚན་གཞན་ལ་ དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། འདུག་གོ་ འོར་སྟོན་ཆོས་འབྱུང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ ནན་ཏན་ཞིག་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ པ་ནག་པོ་པས་མཛད་པ་བཞུགས་སོ། ། འོལ་གོད་ཚ་སློན་གེར་ལེགས།། ཁོང་ནི་ཡབ་རྒྱལ་པོ་སྟག་རི་གཉན་གཟིགས་དང། ཡུམ་འོལ་ གོད་བཟའ་སྟོང་བཙུན་འབྲོ་གར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་ རྒྱལ་པོ་གནམ་རི་སྲོང་བཙན་གྱི་གཅུང་པོ་ཡིན། རྒྱལ་པོས་ཁོང་ཐང་ མཚམས་སུ་ཕབ་ནས་བཞུགས་སུ་བཅུག་གོ། ཐང་མཚམས་སུ་ཕབ་ ཅེས་པ་ནི་རྒྱལ་པོ་ལས་དམའ་བ་དང། འབངས་ལས་མཐོ་བའི་ཐོབ་ ཐང་ཞིག་གི་མིང་ཡིན་ནོ། ། འོལ་གོད་བཟའ་སྟོང་བཙུན་འབྲོ་གར།། ཁོང་མོ་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་ [1555] རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་བཙུན་མོ་དང་ རྒྱལ་པོ་གནམ་རི་སྲོང་བཙན་གྱི་མ་ཡུམ་ཡིན་ནོ། ། འོལ་དགའ་དགེ་ལེགས་དཔལ་བཟང།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་འོལ་དགའ་གྱང་ནང་གསར་པར་སྐུ་འཁྲུངས། རབ་བྱུང་བཅུ་ པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བསམ་ གཏན་གླིང་དུ་རིག་གནས་དང་མདོ་ཕྱོགས་ལ་སྦྱངས་པར་མཛད་ནས་ རྒྱུད་སྟོད་དུ་ཞུགས་ཏེ་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་ པར་ཞིབ་ཀྱིས་སྦྱངས་པ་མཛད། རྒྱུད་སྟོད་དང་ཤར་གྱི་གདན་སར་ ཡུན་རིང་དུ་བཞུགས་ནས་འཆད་ཉན་བསྐྱངས། དགུང་ལོ་ལྔ་བཅུ་ང་ བཞི་པ་རབ་བྱུང་དགུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་ཕེབས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ ཤིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། རྒྱལ་བ་བྱམས་པའི་སྐུ་བརྙན་ གསེར་ཟངས་ལས་གྲུབ་པ་གསར་བཞེངས་མཛད། དགུང་ལོ་དྲུག་ཅུ་ ཐམ་པར་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས་ཆོས་རྗེ་བདེ་བ་ཅན་ པར་གྲགས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་བསྙེན་པར་ རྫོགས་པའི་མཁན་པོ་མཛད། མལ་གྲོ་རིན་ཆེན་གླིང་དང་ཕག་མོ་ཆོས་ སྡེ་སོགས་ཀྱི་ཞལ་འཛིན་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པ་མེ་མོ་ ཡོས་ལོའི་ཟླ་བ་བཞི་པའི་ཚེས་ཉེར་དྲུག་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ ནི་ལི་མ་ལྷ་ཁང་གི་ཤར་རྟེན་གཙོའི་གཡོན་བཞི་པར་བཞུགས་ཤིང་དུས་ [1556] །ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་ཉི་ཤུ་རྩ་གཅིག་པ་ཡིན་ནོ། ། འོལ་དགའ་བློ་བཟང་འཕྲིན་ལས།། ཁོང་ནི་སླེ་ལུང་བློ་བཟང་འཕྲིན་ལས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། [1557] ཡང་ཀྱཱ་ཞབས་དྲུང་ངག་དབང་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཕྱག་རྡོ་ཐང་ཆུ་ཀྱའ་སྡེ་བར་ཡབ་དྷརྨ་ཞེས་པའི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་དྲུག་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད་ཅིང་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ ནས་བར་མཿ་རབ་བྱུང་གི་ཚུལ་ཁྲིམས་དང་ཚིགས་སྔ་མའི་སྡོམ་པ་ མནོས། དགུང་ལོ་བཅུ་གསུམ་པར་ཁེ་ཤིག་ཐང་ཆོས་བཟང་སློབ་ དཔོན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ ཏེ་ཚད་མ་སྡེ་བདུན་བཅས་ལ་སྦྱངས་པ་མཛད། དེ་ནས་དབུས་སུ་ བྱོན་ཏེ་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་དབུ་མ་དང་ཕར་ ཕྱིན་གཉིས་ལ་རིགས་ལུང་གཉིས་ཀྱིས་སྦྱངས་པ་ཕྲ་ཞིབ་མཛད། དགུང་ ལོ་ཉེར་བཞི་པར་སྐུ་འབུམ་དུ་ཕེབས་ཤིང་རྒྱུན་པ་གྲྭ་ཚང་གི་ཆོས་སྒོར་ ཞུགས་ཏེ་ཐོས་བསམ་མཛད། དགུང་ལོ་ཉེར་ལྔ་པར་མཚོ་སྔོན་དཀའ་ བཅུ་སྐལ་བཟང་ཆོས་གྲགས་ཀྱི་མདུན་ནས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ [1558] དགོངས་དོན་ཇི་ལྟ་བ་བཞིན་དོ་དམ་ཐུགས་ཁུར་ཆེར་བཞེས་ཀྱི་བཀའ་ དྲིན་བསྐྱངས། ཁྲི་ཟུར་ནས་ཀྱང་བསྟན་འགྲོ་བའི་དོན་གྱི་གསོས་སྨན་ གང་ཡིན་ལ་འབད་བརྩོན་གཡེལ་བ་མེད་པ་མཛད་དོ། ཁོང་ནི་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་བདུན་ཅུ་དོན་བཞི་པ་ཡིན་ནོ། ། ཡང་ཀྱཱ་ལྷ་རམས་པ་བློ་བཟང་ཆོས་དར།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་ཕྱག་ རྡོ་ཐང་གི་ཡང་ཀྱཱ་སྡེ་བ་ཡིན། ཁོང་ཆུང་དུས་ནས་ཁྱིམ་ནས་ཁྱིམ་མེད་ པར་རབ་ཏུ་བྱུང་སྟེ་ཆོས་སྡེ་སྐུ་འབུམ་དུ་འདོན་ཆོས་སྤྱོད་སོགས་ལ་ ལེགས་པར་སྦྱངས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ ཏེ་ཚད་མ་རྣམ་འགྲེལ་གྱི་བར་དུ་ཐོས་བསམ་ནན་ཏན་དུ་མཛད། དེ་ ནས་དབུས་སུ་ཕེབས་ཤིང་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ བཀའ་པོད་ཕྱི་མ་བཞི་ལ་རྟག་སྦྱོར་གུས་སྦྱོར་གྱི་བརྩོན་འགྲུས་དྲག་པོས་ ལུང་རིགས་ཀྱི་རྐྱ་བར་ནས་དྲངས་པའི་རིགས་ཚུལ་དྲི་མ་མེད་པའི་ གནད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བླ་ན་མེད་པ་མངོན་དུ་ གྱུར་ཏེ། ལྷ་ལྡན་སྨན་ལམ་ཆེན་མོའི་གྲྭ་སྐོར་མཛད་སྐབས་དགེ་བའི་ བཤེས་གཉེན་གངས་ཀྱི་སེང་གེ་དང་ནགས་ཚལ་གྱི་རྒྱ་སྟག་ལྟ་བུ་རྣམས་ ཀྱི་སྤོབས་པ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད། དེའི་སྐབས་སུ་སེ་ ར་ཆོས་དར་ཞེས་མཚན་སྙམ་གྱི་དབྱངས་འཇེབས་སྲིད་རྩེའི་བར་བསྒྲགས། སྐྱབས་མགོན་རྒྱལ་བ་ཡབ་སྲས་དང། རྭ་སྒྲེང་ཁྲི་ཆེན་བློ་ བཟང་ཡེ་ཤེས་བསྟན་པ་རབ་རྒྱས་སོགས་དམ་པ་དུ་མ་ལས་དབང་རྗེས་ [1559] ནས་རང་ཡུལ་དུ་ཕེབས། དེ་ནས་བྱ་ཁྱུང་དང་བླ་བྲང་བཀྲ་ཤིས་ འཁྱིལ་སོགས་བཤད་གྲྭ་དུ་མར་ཕེབས་ཤིང་གཞུང་བཀའ་པོད་ལྔའི་དམ་ བཅའ་བཞག་སྟེ་མཚན་ཉིད་ཀྱི་བཤད་པའི་རྒྱལ་མཚན་དགུང་སྔོན་ དབྱིངས་སུ་མངོན་པར་བསྒྲེངས། རབ་བྱུང་བཅུ་བཞི་པའི་མེ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ ལེགས་གནང། བཀའ་གདམས་གོང་མའི་རྣམ་ཐར་གཙང་མ་བཞིན་ ཉམས་ལེན་མཛད་ནས་ཞི་བར་གཤེགས་སོ། ཁོང་ནི་སྐུ་འབུམ་སྨན་པ་ དཔོན་སློབ་ཀྱི་ཁྲི་རབས་སུམ་ཅུ་སོ་ལྔ་པ་ཡིན་ནོ། ། ཨང་སྟེང་བློ་བཟང་ཆོས་འཕེལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་འདབས་ཡང་སྟེང་དགོན་དང་ཉེ་བའི་ཡུལ་ཞོལ་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡང་སྟེང་དགོན་གྱི་ཆོས་གྲྭར་ཞུགས་ཏེ་རབ་ཏུ་ བྱུང་ཞིང་ཡི་གེའི་སྦྱོར་ཀློག་བཅས་ལ་ལེགས་པར་བསླབས། དེ་ནས་ དབུས་སུ་ཕེབས་ཏེ་དགའ་ལྡན་རྣམ་རྒྱལ་གླིང་དུ་ཞུགས་ཤིང་བསྡུས་ གཞུང་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་སེ་ར་ཐེག་ ཆེན་གླིང་དུ་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་ པར་མཛད་ཅིང་ཚོགས་ལངས་དང་མིང་བཏགས་སོགས་ལེགས་པར་གྲུབ།སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་ཆེན་དགེ་འདུན་གྲགས་ པ་དང། མཁན་ཆེན་བློ་བཟང་དགེ་ལེགས་སོགས་ལ་བསྟེན་ན་ [1560] མཛད། སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་རྡོ་རྗེ་འཛིན་ པ་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་རྒྱུད་སྟོད་མཁན་ཁྲི་ལ་ཕེབས་པ་དང། དེ་ནས་མི་རིང་ བར་ཤར་རྩེར་ཕེབས་ཏེ་འགྲིག་ལམ་དང། འཆད་ཉན། གཏོང་སྒོ་ བཅས་ཀྱི་ཐད་ནས་སྔར་ལས་ལྷག་པར་བསྐྱངས། དེ་ནས་མངའ་རིས་ མཐོ་ལྡིང་གི་མཁན་པོར་ཕེབས་ཏེ་ལ་དྭགས་རྒྱལ་པོ་སོགས་སྟོད་ཕྱོགས་ ཀྱི་རྒྱལ་པོ་དང་རྒྱལ་ཕྲན་ཐམས་ཅད་ཀྱི་རིགས་ཀྱི་ཅོད་པཎ་དུ་གྱུར་ སྟོད་ཧོར་གྱི་དམག་དཔུང་སླེབས་སྐབས་ལྕགས་མཁར་ཟུར་དགུ་ བསྒྲུབས་པས་ནུས་རྟགས་ཐོན་ཏེ་ཧོར་དམག་རྣམས་ཀྱང་འཇིགས་ནས་ བྲོས་པའི་ཚུལ་གྱིས་ལོག་གོ་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གསུམ་ གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་དམར་བར་མཛད། དེ་ ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་ དུ་གསེར་དངུལ་སྤེལ་མ་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་བཞེངས་ ཏེ་བླ་མ་ལྷ་ཁང་དུ་བཞུགས། ཁོང་གི་མཚན་གཞན་ལ་ཤར་རྩེ་བློ་ བཟང་ཆོས་འཕེལ་དང་སྤོ་འབོར་བློ་བཟང་ཆོས་འཕེལ་ཞེས་ཞུའོ། ཁོང་ གི་གསུང་རྩོམ་ནི་པོད་གསུམ་བཞུགས། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་བདུན་པ་ཡིན་ནོ། ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ།། ཁོང་ནི་ཤར་སྐལ་ལྡན་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ལ་ [1561] ། ཡར་ལོ་གྲགས་པ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་ ཡར་ལུང་ལ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བོ་དོང་དགོན་པའི་ཆོས་སྒོར་ཞུགས་ ཤིང་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་ གྱིས་བཞེས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ དཔྱིས་ཕྱིན་པ་མཛད་ཅིང་བོ་དོང་དགོན་པའི་མཁན་པོ་མཛད། མངའ་ རིས་གུ་གེ་རྒྱལ་པོ་ཁྲི་རྒྱལ་བསོད་ནམས་ལྡེའི་ ་ མཆོད་གནས་སུ་བཞུགས། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཞིང་ཆུབ་པར་སྦྱངས་ནས་བསྟན་ བཅོས་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ རྒྱལ་པོ། ལས་ སྒྲུབ་ཐབས། པོའི་སྒྲུབ་ཐབས། འཁོར་ལོའི་སྒྲུབ་ཐབས། བ་མྱོས་པའི་སྒྲུབ་ཐབས། པོ་ཆེན་པོའི་སྒྲུབ་ཐབས། [1562] བུའི་སྐྱེས་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་ བ། བཅས་ཆོས་ཚན་ཉིས་བརྒྱ་དོན་གཉིས་བཞུགས་སོ། ། ཡིད་བཟང་རྩེ་བ།། ཁོང་ནི་འགོས་ལོ་གཞོན་ནུ་དཔལ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཡུམ་བརྟན།། ཁོང་ནི་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོའི་བཙུན་མོ་ཆེན་ མ་སྣ་ནམ་བཟས་བོད་ལུགས་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ལྟོ་བོར་ གྱི་ཁྱེའུ་སེའུ་ཚེག་གེ་བ་ཞིག་ང་ལ་སྐྱེས་ཞེས་བློན་པོ་རྣམས་ལ་བསྟན་ པས་སྐྱེས་མ་ཐག་སོ་ཡོད་པ་ཐེ་ཚོམ་གྱི་རྒྱུ་ཡིན་མོད། འོན་ཀྱང་ཡུམ་གྱི་ བཀའ་བརྟན་དུ་ཆུག་ཅེས་བརྗོད་པས་མཚན་ཡང་ཡུམ་བརྟན་དུ་ ཐོགས་ཞེས་གྲགས། ཁོང་སྐུ་ན་སོན་རྗེས་དབུ་རུ་བཟུང་ནས་ཆབ་སྲིད་ བསྐྱངས་ཏེ་མངའ་ཁོངས་ཇེ་ཆེ་རུ་གཏོང་བའི་ཆེད་དུ་མངའ་བདག་ འོད་བསྲུངས་ཀྱིས་བཟུང་བའི་གཡོ་རུ་དང་འཐབ་འཁྲུགས་བསླངས་ ཤིང་བོད་ཁམས་སིལ་བུར་འཐོར་བའི་མགོ་ཚུགས། བཙུན་མོ་པ་ཚབ་ བཟའ་བཀྲ་ཤིས་འཚོ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་ལྡེ་མགོན་གཉེན་ སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་བདུན་པ་བོད་ལུགས་ས་མོ་གླང་ལོ་སྟེ་ སྤྱི་ལོ་་ལོར་འབངས་གྱེན་ལོག་བྱུང་སྟེ་བོད་ཁམས་སིལ་བུར་ [1563] དགུང་ལོ་སུམ་ཅུ་སོ་དྲུག་པ་བོད་ལུགས་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གི་གདུང་རྒྱུད་ལས་གྱེས་པའི་ས་གནས་ ཀྱི་སྲིད་དབང་ལ་ལྷ་སའི་རྒྱལ་རབས་ཞེས་འབོད་སྲོལ་ཡོད་དོ། ། ཡེ་ཤེས་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་ ལེགས་པར་མཛད་དེ་བསྟན་བཅོས་དུ་མ་བོད་ཡིན་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རིམ་ པ། སོ། ། ཡེ་ཤེས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་ མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ [1564] རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་ སྦྱངས་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི་ བསྟོད་པ། དད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་པ་སེལ་བ། ངན་པ་སེལ་བའི་དཀའ་འགྲེལ། སྐྱེས་དྲུག་པ། གི་བྱ་བ་མདོར་བསྡུས་པ། རབ་བརྩེ་བ་ལྔ་པ། ། ཡེ་ཤེས་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་བཅུ་པ་ ཡིན། དགུང་ལོ་ལྔ་བཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ། ཡེ་ཤེས་སེམས་དཔའ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ [1565] དགེ་ཚུལ། དགེ་ སློང་གི་སྡོམ་པ་རིམ་གྱིས་བཞེས་ཏེ་མདོ་སྔགས་རིག་གནས་དང་བཅས་ པར་ཐོས་བསམ་མཛད་ཅིང། དེ་ནས་པཎ་གྲུབ་དུ་མའི་ཞབས་ལ་ གཏུགས་ཤིང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི་ ཀྱི་དཀའ་འགྲེལ་སྒྱུ་མ་ཅན། མཛད་པ་བཞུགས་སོ། ། ཡེ་ཤེས་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་དྲུག་ པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་དྲུག་པའི་ས་ཕོ་རྟ་ ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་དུ་རྒྱལ་ལྷ་ཁང་ གི་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་ མཛད། ཁོང་གིས་ཡོངས་སུ་གྲགས་པའི་སློབ་དཔོན་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་པས་མཁན་ཆེན་གྱི་མཚན་སྙན་ཡང་བཞེས་མྱོང། རབ་བྱུང་ དྲུག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་གདན་ས་ཀུན་སྤངས་ཆེན་ པོ་བསོད་ནམས་རྒྱལ་མཚན་ལ་གཏད་ཅིང་སྒྲུབ་པ་ཉམས་ལེན་མཛད་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་ལྔ་བཅུ་ [1566] ཁོང་ནི་རྒྱལ་ལྷ་ ཁང་གི་གདན་རབས་ཉི་ཤུ་རྩ་གསུམ་པ་ཡིན་ནོ།། ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོས་དང། ཡུམ་ མཆོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བཅུ་གསུམ་པར་འབྲོང་རྩེ་ཆོས་སྡེར་ཆོས་ཞུགས་མཛད། མཁན་པོ་ མང་ཐོས་ཚུལ་ལྡན་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་ བཟང་ཚུལ་ཁྲིམས་ཞེས་གསོལ། དེ་ནས་བཀྲ་ཤིས་ལྷུན་པོ་ཐོས་བསམ་ གླིང་དུ་ཆོས་ཞུགས་མཛད། མཁན་ཆེན་བློ་བཟང་བཀྲ་ཤིས་ཀྱི་དྲུང་དུ་ དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པར་གཞུང་ཆེན་བཀའ་ པོད་ལྔར་སློབ་གཉེར་མཛད། དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་ དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་ དེར་རབ་འབྱམས་པའི་མཚན་བཏགས་བཞེས། ཁོང་གིས་ལོ་ཆེན་བློ་ བཟང་བསྟན་པའི་རྒྱལ་མཚན་དང། འཇམ་བཞད་འཇིགས་མེད་ དབང་པོ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ ནས་ལོ་གསུམ་གྱི་རིང་དུ་བཀྲ་ཤིས་ལྷུན་པོའི་རྒྱུད་གྲྭར་ཞུགས་ཏེ་གསང་ ཆེན་ཆོས་ཀྱི་ཆོ་ག་དང་ཕྱག་ལེན་བཅས་པར་ནང་བྱན་ཚུད་པར་མཛད་ དེ་ནས་ལྷོ་ཕྱོགས་འབྲུག་ཡུལ་གྱི་རི་བོའི་གནས་སུ་ཕེབས་ཏེ་ལོ་ཤས་རིང་ དུ་སྒྲུབ་པ་ཉམས་ལེན་མཛད། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ [1567] དགུང་ལོ་ལྔ་བཅུ་ང་གཅིག་ པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད། ལོ་ གཉིས་འགོར་རྗེས་སྐུ་གཟུགས་ཐང་མིན་གྱིས་ཡོངས་འཛིན་དགོངས་ཞུ་ མཛད་དེ་བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ བ་མཛད། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་གསུང་རྩོམ་ནི་ ལྷུན་པོའི་གནས་བསྟོད་མཐོང་བ་དོན་ལྡན། མོ་ཆོས་རྫོང་གི་བསྟོད་པ་དད་ཅན་འགུགས་པའི་ལྕགས་ཀྱུ། ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་ཤེལ་དཀར་ཕྲེང་བ་ཀུན་གྱི་ཡིད་ འཕྲོག། བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བ་ ཉི་མའི་སྙིང་པོ། བ། ། ཡོངས་འཛིན་བློ་བཟང་མཁྱེན་རབ་དབང་ཕྱུག་ ཁོང་ནི་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས། ཁོང་གིས་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་ ་ ་ གྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་ [1568] འོན་རྒྱལ་སྲས་ཉེ་ བརྒྱུད་སྐུ་ཕྲེང་དྲུག་པ་བློ་བཟང་ངག་དབང་ཐོགས་མེད་བསྟན་འཛིན་ རྒྱ་མཚོའི་ཡོངས་འཛིན་གྱི་འགན་འཁྲི་བཞེས་ཏེ་མདོ་སྔགས་རིག་གནས་ ཀྱིས་མཆོད་པ་ཕུལ། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་ ཟིན་བྲིས་དགའ་ཚལ། བརྗེད་བྱང། ཐར་གྱི་སྡོམ་པ་ལས་བརྩམས་པའི་འབེལ་གཏམ། མཁོ་བའི་ཟིན་བྲིས། རགས་པ་ཆེ་ལོང། ཆོས་ཚན་སུམ་ཅུ་ལོངས་པའི་པོད་གཉིས་བཞུགས་སོ། ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་ དཀར་པོ་དང། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཐོས་བསམ་གླིང་གི་ཆོས་རྗེ་ ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཏེ་མཚན་ལ་ཨོ་ རྒྱན་ཆོས་འཕེལ་ཞེས་གསོལ། དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོའི་ དྲུང་རམས་པ་ནས་ཆོས་སྤྱོད་ཐུགས་འཛིན་མཛད་དུ་བཅུག་དགུང་ ལོ་བཅུ་པར་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། ལོ་དེར་པཎ་ཆེན་ [1569] ཡེ་ཤེས་རྒྱལ་མཚན་ཞེས་བཏགས་པར་མཛད། དགུང་ལོ་བཅུ་བདུན་ པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་ཉི་ ཤུ་ཐམ་པར་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་ ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་མཛད་དེ་ལོ་གཅིག་ བཞུགས། དགུང་ལོ་ཉེར་གསུམ་པར་སྐྱིད་གྲོང་དུ་ཕེབས་ནས་གྲུབ་ དབང་རིན་པོ་ཆེ་བསྙུན་ཚུལ་གྱིས་ཞི་བར་གཤེགས་པའི་དགོངས་རྫོགས་ བསྒྲུབས། དགུང་ལོ་ཉེར་ལྔ་པར་དིང་རིར་ཕེབས་ཏེ་ཕ་དམ་པའི་ སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ཙམ་ལ་ བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་བོར་སྒྲུབ་པ་རྩེ་གཅིག་ཏུ་ བཞུགས། དགུང་ལོ་བཞི་བཅུ་ཞེ་བཞི་ནས་དགུང་ལོ་དྲུག་ཅུ་རེ་ལྔའི་ བར་སྐྱིད་གྲོང་བསམ་གཏན་གླིང་དང། དགའ་ལྡན་ཕུག་པོ་ཆེ་ ཆོས་སྡིངས་ཚུལ་ལྡན་གླིང། བལ་ཡུལ་ཐང་དཧི་ཧ་ར་སོགས་ཀྱི་གཙུག་ ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོའི་མཛད་པ་ གནང། དགུང་ལོ་དྲུག་ཅུ་རེ་གཉིས་པར་རྒྱལ་བ་འཇམ་དཔལ་རྒྱ་ མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ ལར་བཞུགས་ནས་མདོ་སྔགས་ཆོས་ཀྱི་མཆོད་པ་ཕུལ། དགུང་ལོ་དོན་ བདུན་པར་གྲིབ་ཚེ་མཆོག་གླིང་དགོན་པ་གསར་འདེབས་མཛད་ དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ [1570] ཁོང་གི་གསུང་རྩོམ་ནི་ བཤད་ཐེག་ཆེན་གསལ་སྒྲོན། འགྲེལ་བ་བསྟོད་སྤྲིན་སྒྲ་དབྱངས། ཐབས་ཀྱི་རྣམ་བཤད་མཁས་པའི་དགའ་སྟོན། པོའི་བསྟོད་ཚོགས། བ་རྒྱ་མཚོའི་རྣམ་བཤད། མན་ངག། བཅུ་དགུ་བཞུགས་སོ། ། ཡོངས་འཛིན་ལྷོ་པ་སྤྲུལ་སྐུ།། ཁོང་ནི་ལྷོ་སྤྲུལ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་ དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། གཡག་སྡེ་པཎ་ཆེན།། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ གཡག་སྡེ་བྱེ་མར་ཡབ་ཨ་མི་དཀོན་མཆོག་དཔལ་དང། ཡུམ་སྐྱ་རྒྱལ་ ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་ཕོ་རྟ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ལྔ་པར་འབན་པོ་ ཆོས་དབང་ལས་ངན་སོང་སྤྱོད་རྒྱུད་ཐུན་གཅིག་གསན། རྟོགས་ལྡན་ རིན་སྨོན་དང་ཇོ་སྟོན་དར་བརྩོན་གཉིས་ལས་ཡི་གེའི་སྦྱོར་ཀློག་སློབ་ ཞིང་ལེགས་པར་མཁྱེན། མཁན་ཆེན་ཆོས་དཔལ་ལས་དགེ་བསྙེན་ དང་བར་མ་རབ་བྱུང་མཛད། རས་སྟོན་བསོད་ནམས་རིན་ཆེན་ལས་ དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་འདུལ་བའང་ལེགས་པར་གསན་ [1571] པར་རྫོགས། གསང་ཕུ་བ་བློ་གྲོས་མཚུངས་མེད་ལས་ཚད་མ་རྣམ་ངེས་ དང། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཚད་མ་བསྡུས་པ། སྙན་ ངག་དཔག་བསམ་འཁྲི་ཤིང་རྣམས་གསན། ཆོས་རྗེ་རང་བྱུང་རྡོ་རྗེ་ ལས་རྒྱལ་བ་རྒྱ་མཚོ་དང། ཕག་མོ། བདེ་མཆོག་འཇིགས་བྱེད་ཀྱི་ དབང་དང། སྦྱོར་དྲུག་ནཱ་རོ་ཆོས་དྲུག་ལྷན་ཅིག་སྐྱེས་སྦྱོར། སྐུ་ གསུམ་ངོ་སྤྲོད་རྣམས་ཀྱི་ཁྲིད། བདེ་མཆོག་རྩ་རྒྱུད། བརྟག་གཉིས་ དོ་ཧ། སྐྱེས་རབས་སྔ་ཕྱི་གཉིས་རྣམས་ཀྱི་བཤད་པ། བསྙེན་སྒྲུབ་ རས་ཆུང་སྙན་བརྒྱུད། བཅུད་ལེན་ཕྲེང་བ་ལ་སོགས་པ་ཞུས། ལས་ སྟོད་དབང་རྒྱལ་ལས་དབང་མདོར་བསྟན་དང། ཉི་ཟླ་སྒྲུབ་པ་ སྦས་པ་མིག་འབྱེད་ལ་སོགས་པ་ཞུས། རིག་འཛིན་ཀུ་མཱ་རཱཛའི་དྲུང་ ནས་རྫོགས་ཆེན་སྙིང་ཐིག་གི་སྐོར་རྣམས་ཞུས། ཀུན་སྤངས་ཆོས་ གྲགས་དཔལ་ལས་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་དང། གཤེད་ དམར་གྱི་དབང། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་སྟོད་འགྲེལ་ དུས་འཁོར་རྒྱུད་ཕྱི་མ་རྣམས་གསན། དཔང་ལོ་བློ་གྲོས་བརྟན་པ་ལས་ རྡོ་རྗེ་རྩེ་མོ་དང། ས་སྡེ་ལྔ། མངོན་པ་ཀུན་བཏུས། ཐུབ་པ་ དགོངས་རྒྱན། སྙན་ངག་མེ་ལོང། མཚན་བརྗོད་ལ་སོགས་པ་མང་ དུ་ཞུས། གཡུང་སྟོན་ལས་ཡེ་ཤེས་གསང་རྫོགས་ཀྱི་རྒྱུད་གདམས་པ་དང་ བཅས་པ། གསང་སྙིང་དབང་དང་བཅས་པ། ཨ་རོའི་གདམས་པ་ སྤུངས་སྐོར་དང་བཅས་པ། མཁའ་འགྲོ་སྙིང་ཐིག་དབང་ལུང་ཁྲིད་ དང་བཅས་པ། ཨ་རོའི་རྒྱུད་ཆུང་གི་ལུང། ཙ་མི་འགྱུར་གྱི་དུས་ [1572] གཤིན་རྗེ་གཤེད་ཀྱི་ལུང་ མདོ་དགོངས་འདུས། སེམས་སྡེ་མ་བུ་བཅོ་བརྒྱད་ལ་སོགས་པ་ཞུས་ བུ་སྟོན་ལས་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང། རྒྱུད་འགྲེལ་གྱི་ བཤད་པ། གསང་འདུས་ཀྱི་དབང་དང་མན་ངག་གི་ཁྲིད། སྤྱོད་ བསྡུས། གྲུབ་པ་སྡེ་བདུན། ཕར་ཕྱིན། གཤེད་དམར་རྫོགས་རིམ་ སོགས་མང་དུ་གསན། མཆིམས་བློ་བཟང་གྲགས་པ་ལས་བསླབ་ བཏུས་དང། དབུ་མ་འཇུག་པ་སོགས་ཞུས། ཀུན་མཁྱེན་དོལ་པོ་བ་ ལས་མཆོག་དབང་དང། ངེས་དོན་རྒྱ་མཚོ་སོགས་གསན། རྟོགས་ ལྡན་གྲགས་པ་སེང་གེ་ལས་ནཱ་རོ་ཆོས་དྲུག་དང། ལྷན་སྐྱེས་ཇོ་མོའི་བྱིན་ རླབས། ཕྱག་རྡོར་གཏུམ་པོ་རས་ཆུང་ལུགས། གེགས་སེལ་ལ་སོགས་ མང་དུ་ཞུས། དཔལ་ལྡན་བླ་མ་དམ་པ་ལས་གུར་རིགས་བསྡུས་ཀྱི་ དབང་དང། དབུ་མ་ལུགས་ཀྱི་སེམས་བསྐྱེད། ལམ་འབྲས་ལ་ སོགས་གསན། སྦྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན་ཞིང། མཁས་པའི་ རྩེ་མོར་སོན། བསྟན་བཅོས་མང་དུ་མཛད། ཨེ་བཾ་དགོན་པ་གསར་ འདེབས་མཛད་ཅིང་ཚོགས་པ་བསྐྱངས་ཏེ་འཆད་ཉན་མཛད་དོ། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང། གདན་ ས་པ་འཇམ་དབྱངས་ཆོས་མགོན། མཁས་གྲུབ་བྱང་ཆུབ་རྒྱལ་མཚན་ མཁན་ཆེན་སངས་རྒྱས་བློ་གྲོས་བཅས་ཡིན། ། གཡག་སྔེ་བློ་གྲོས་ཆོས་སྐྱོང།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་གཙང་གཡག་སྡེར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་ལུག་ [1573] ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཆོས་ལུང་ཚོགས་པ་རབ་བྱུང་ཞུས། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་ དང། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་ བཟང་བཅས་ཀྱི་ཞབས་པད་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་མཁས་གྲུབ་ དགེ་ལེགས་དཔལ་བཟང་ལ་ཡུན་རིང་དུ་བསྟེན། དགུང་ལོ་རེ་གཅིག་ པ་རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དགའ་ ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་གསེར་ཁྲི་ བསྐྱངས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པས་དུས་ འཁོར་གཙོ་བོར་མཛད་ནས་འཆད་ཉན་སྤེལ། མཆོད་ཁང་གསར་མ་ བཞེངས། དུས་འཁོར་འགྲེལ་ཆེན་བརྩམས། དགུང་ལོ་དོན་བཞི་ པར་ཟུར་བཞུགས་མཛད་ཅིང་ལོ་དེའི་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་ འཛིན་པའི་ཁྲི་རབས་ལྔ་བ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ གཙང་ཆུང་ཆོས་གྲགས་དང། འཕགས་པ་ལྷ། ནོར་བཟང་གསུམ་ བཅས་མཁས་གྲུབ་མང་དུ་བྱུང་ངོ། ། གཡག་ཕྲུག་སངས་རྒྱས་དཔལ་བ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱ་འཕྲང་དུ་ཡབ་བྱང་ཆུབ་རིན་ཆེན་གྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བདུན་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་སྐུ་འཁྲུངས་མ་ཐག་ཏུ་བྱང་ཆུབ་རིན་ཆེན་གྱི་ཉེ་གནས་གཡག་ཡུ་ [1574] ཀུན་གྱིས་གཡག་ཕྲུག་ཅེས་ཞུའོ་ དཔལ་ལྡན་ས་སྐྱ་དང་རྩེ་ཐང་སོགས་སུ་ཕེབས་ནས་སློབ་གཉེར་མཛད་ ཁོང་གིས་གཙོ་བོ་མཁས་དབང་བརྩོན་འགྲུས་དཔལ་ལ་བསྟེན་ནས་ཚད་ མ་རྣམ་འགྲེལ་དང། མངོན་རྟོགས་རྒྱན། དབུ་མ། འདུལ་བ་ མངོན་པ་མཛོད་བཅས་ཐོས་བསམ་ནན་ཏན་དུ་མཛད་དེ་དབུས་ གཙང་གི་གྲྭ་ས་ཐམས་ཅད་དུ་གྲྭ་སྐོར་མཛད་པས་རིགས་ལམ་སྨྲ་བའི་ཁྱུ་ མཆོག་ཏུ་གྱུར། ཁྱད་པར་དུ་མདོ་ཕྱོགས་ལ་མཁས་པའི་ཚད་མ་འཛིན་ ས་ཡིན། གོན་གྱོ་ཡེ་ཤེས་ལས་རྒྱུད་སྡེ་བཞི་དང་ས་སྐྱའི་སྙན་བརྒྱུད་ གསུང་ངག་རིན་པོ་ཆེ་སོགས་གསན་པར་མཛད་ཅིང་སྒྲུབ་པ་ཉམས་ ལེན་ལ་གཞོལ། དེ་ནས་དབུས་གཙང་གི་མཁས་གྲུབ་གོང་མའི་བསྟི་ གནས་སོ་སོར་བཞུགས་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་རྒྱུན་ བསྲིངས་ཏེ་དགུང་ལོ་དྲུག་ཅུ་རེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རོང་སྟོན་སྨྲ་བའི་སེང་གེ་ དང། རེད་མདའ་བ་གཞོན་ནུ་བློ་གྲོས། གཞོན་ནུ་རྒྱལ་མཆོག་ བཅས་ཡིན་ནོ། ། གཡའ་བཟང་ཆོས་རྗེ་ཆོས་སྨོན་ལམ།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་གཙང་ཞལ་དམར་མོར་ཡབ་སྤྲང་མོ་ལྕམ་དང། ཡུམ་ཞང་ལྕམ་ འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཆུ་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། གཞོན་ནུ་དུས་སུ་བྱ་ཞིང་ དུ་ཕེབས་ཏེ་དཀོན་མཆོག་མཆོད་པར་མཁས་པ་ཅིག་བྱུང། སྒྲིན་ [1575] གསོལ། འདུལ་བ་དང་བཀའ་གདམས་ལམ་རིམ་སོགས་གསན་པར་ མཛད། དགུང་ལོ་བཅོ་བརྒྱད་པར་མཁན་པོ་ཀླུབས་དཀར་དང་ སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟོན་སློབ་ དཔོན་མེ་ཆར་ལ་ཞུས་ཏེ་རྒྱ་དུར་དགོན་དུ་བསྙེན་པར་རྫོགས། ལོ་ངོ་ ལྔ་དྲུག་གི་བར་དུ་མཁན་པོ་ཀླུབས་དཀར་ལས་འདུལ་བ་མཁས་པར་ བསླབས་པས་བསྣུབས་འདུལ་བ་འཛིན་པར་གྲགས། དགུང་ལོ་ཉེར་ ལྔ་པར་ཉི་ཟླ་སྒང་དུ་སློབ་དཔོན་གྱི་ཆོས་བཞི་བྱུང་བའི་ཚེ་ཞར་ཆོས་པ་ མཛད་ནས་འདུལ་བ་མདོ་རྩ་ཐུགས་ནས་གསུངས། དགུང་ལོ་ཉེར་ བརྒྱད་པ་དགེ་འདུན་བྱ་ཞིང་པའི་གཉེར་བཟང་བ་མཛད། ལོ་དེར་ གྲ་རབས་སུ་ཕེབས་ཏེ་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་དང་མཇལ་ཞིང་ བླ་མའི་ཐུགས་དང་གཉིས་སུ་མེད་པའི་རྟོགས་པ་འཁྲུངས། དེ་ནས་ གཙང་དུ་བྱོན་ཏེ་སློབ་དཔོན་ཞིག་པོ་བདུད་རྩི་དང་མཇལ་ཞིང་བྱིན་ རླབས་ཞུས། སློབ་དཔོན་བྲ་སྦང་དང་རྒྱང་རོ་དར་མགོན་གྱི་ཞལ་ མཇལ། དེ་ནས་འཕན་ཡུལ་དུ་བྱོན་ཏེ་འཕན་ཡུལ་བྲག་དཀར་བ་ལས་ སེམས་བསྐྱེད་ཞུས། བྱ་ཡུལ་དུ་བྱོན་ཏེ་བསྣུབས་སྒོམ་ལས་སྐྱབས་འགྲོ་ ཞུས། དེ་ནས་འོན་ལ་བྱོན་ཏེ་ཆོས་རྗེ་འབྲི་གུང་བ་དང་མཇལ་ནས་ ཆོས་ཐུན་ཅིག་ཀྱང་གསན། དགུང་ལོ་སུམ་ཅུ་ཐམ་པར་འབུམ་ཞིང་དུ་ འཇིག་རྟེན་བློས་བཏང་གི་སྒྲུབ་པ་མཛད། དགུང་ལོ་སོ་གཉིས་པར་ཟྭ་ ར་རིན་པོ་ཆེ་ལས་སྙིང་པོ་ཕྱག་རྒྱ་ཆེན་པོ་དང། ཁྱད་པར་དུ་སྙན་ བརྒྱུད་ཀྱི་ངོ་སྤྲོད་ཐབས་ལམ་ནཱ་རོ་ཆོས་དྲུག་སོགས་གདམས་ངག་མང་ [1576] སློབ་དཔོན་གཉགས་སྒོམ་ལས་ལོ་རོའི་ཆོས་དྲུག་དང་ཚེ་སྒྲུབ་ ཞུས། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་གཡའ་ གཡམ་ བཟང་དགོན་པ་གསར་འདེབས་ མཛད། དགེ་འདུན་མང་པོ་འདུས་ནས་ཚོགས་པ་བསྐྱངས་ཏེ་འདུལ་ བའི་ཁྲིམས་ཀྱིས་ལེགས་པར་བསྐྱངས། དེ་ནས་བྱར་ཨོག་ཨོག་ཡན་ དང། སྒ་འདྲ་མན། དྭགས་པོ་ཀྲོངས་ཁ་ཡན། མོན་འགར་མགོན་ པོ་གདོང་མན། གྲོ་ཤུལ་ཆ་ཁྲོད་ཚུན། གངས་པར་གསེར་ཆུ་ཁ་ཡན་ ལྷོ་བྲག་གཏམ་ཤུལ་ཚུན། ཡར་ཀླུངས་བྱ་སའི་བར་དུ་ལམ་རྒྱ་མཛད་ དེ་ཆོས་ཀྱི་འཁོར་ལོ་སྐོར། འབུལ་བ་རྣམས་ཀྱི་ཐོག་ནས་ཟྭ་ར་དགོན་ པ་སྔ་ཕྱི་ལན་མང་དུ་བསྐྱལ། དེ་ནས་གཞན་དོན་ལེགས་པར་གྲུབ་ པས། དགུང་ལོ་དྲུག་ཅུ་རྩ་ལྔ་པར་དག་པ་མཁའ་སྤྱོད་དུ་ཞི་བར་ གཤེགས་སོ། ཁོང་ནི་གཡའ་བཟང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ འབྱེད་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གཉལ་སྨད་དཔལ་རི་བ་ སངས་རྒྱས་བྱ་སྒོམ་དང། གོར་གདོང་སངས་རྒྱས་ལྷ་སྒོམ། གསེར་ ལྟེ་བ་སངས་རྒྱས་ལེ་སྒོམ། དགོན་གསར་བ་སངས་རྒྱས་རྒྱ་སྒོམ་བཅས་ ཡིན་ཏེ། དེ་རྣམས་ལ་སྒོམ་བཞིར་གྲགས་སོ། ། གཡས་རུ་སྨོན་ལམ་དཔལ་བ།། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཙང་གཡས་རུ་བྱང་གི་ས་ཆར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཙང་བཀྲ་ ཤིས་ལྷུན་པོའི་ཆོས་གྲྭ་ལ་ཞུགས་ཏེ་རྗེ་དགེ་འདུན་གྲུབ་པ་རྩ་བའི་སློབ་ [1577] རྗེ་ཤེས་རབ་སེང་གེ་ལས་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་ གསན། རྩེད་ཐང་དུ་པོ་ཏི་སུམ་ཅུ་རྩ་དྲུག་གི་གྲྭ་སྐོར་མཛད་པས་ མཁས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས། གསང་ཕུར་ཆོས་རྗེ་ཡོན་ ཏན་རྒྱ་མཚོ་དང་འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་ལ་ཆོས་ གསན་ཏེ་གཙང་ལ་བྱོན། བཀྲ་ཤིས་ལྷུན་པོ་དང། གསེར་ཁང་གོང་ མ་རྣམས་སུ་རིམ་པ་བཞིན་བཀའ་དང་བསྟན་བཅོས་མང་པོ་ལ་བཤད་ པ་མཛད། སླར་དབུས་སུ་ཕེབས་ནས་སེ་ར་རྒྱའི་གྲྭ་ཚང་དང། ཤར་ གྱི་མཚན་ཉིད་གྲྭ་ཚང། ཐང་སྐྱ་རྣམས་སུ་འཆད་ཉན་རྒྱ་ཆེར་གནང་ དེ་ནས་དགེ་ལྡན་ཤར་གྱི་ཁྲི་ལ་བཞུགས་ཏེ་རྩེ་ཤར་གྱི་རྩོད་པ་ཞི་བར་ མཛད། དགུང་ལོ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་ཕོ་བྱི་ལོ་སྟེ་ སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་པ་དང། དེའི་ ཕྱི་ལོར་འབྲས་སྤུངས་ཀྱི་གདན་སར་ཡང་ཕེབས་པས་གདན་ས་གཉིས་ ཀར་མདོ་སྔགས་ཀྱི་གསུང་རབ་མང་དུ་གསུངས་ཏེ་འཆད་ཉན་གྱིས་ ལེགས་པར་བསྐྱངས། ལོ་བཅུ་གཅིག་གི་རིང་དུ་གསེར་ཁྲི་བསྐྱངས་ཏེ་ རྒྱལ་བ་བྱམས་པའི་ཕོ་བྲང་བཞེངས། དགུང་ལོ་དོན་བདུན་པར་ཟུར་ བཞུགས་མཛད་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བརྒྱད་པ་ཡིན། ཁོང་གི་ གསུང་རྩོམ་ནི་ ཁོང་གི་སློབ་མ་གྲགས་ ཆེ་བ་ནི་ཆོས་རྗེ་བློ་བཟང་པ་དང། ནེ་ཙོ་པ། བློ་གྲོས་འཇམ་དཔལ་ ལས་ཅན་བསོད་ནམས་དཔལ་བ་བཅས་ཡིན་ནོ། ། [1578] གཡི་དབ་བརྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀླུ་ཤོད་དུ་གཡི་ཞེས་པའི་རུས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་སྡེ་ཁྲི་རིན་པོ་ཆེ་ ལས་བསྡུས་གྲྭ་གསན། སྐྱོར་དཔོན་གྱི་འགན་ཁུར་བཞེས་ཏེ་རྩོད་ པ་བཟང་བས་ཐལ་ཕྲེང་ཚང་མ་ཐུགས་འཛིན་གྲུབ། རྡོ་བཅལ་རབ་ འབྱམས་པའི་མཚན་བཏགས་མཛིན། རྒྱུད་པ་གྲྭ་ཚང་དུ་ཞུགས་ ནས་གསང་སྔགས་ཀྱི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་བཅས་ལ་ ལེགས་པར་སྦྱངས། སྨན་དང་རྩིས་ལ་ཡང་ཤིན་ཏུ་མཁས། དེ་ནས་ དུས་འཁོར་གྲྭ་ཚང་གི་ཁྲི་ལ་ཕེབས་ཏེ་ཆོས་འཆད་ཉན་དང། འདོན་ རྟ་དབྱངས། ཆོ་ག་ཕྱག་ལེན་ཐམས་ཅད་ལ་གྲྭ་ཚང་གསར་ཚུགས་ཀྱི་ བབ་དང་བསྟུན་པའི་རྟིང་བསྐུལ་ཐབས་མཁས་པོ་གནང་བས་གྲྭ་ཚང་ ལ་ཆོས་སྲིད་ཀྱི་ཚུགས་ཟིན་ངེས་བྱུང། དགུང་ལོ་རེ་གཅིག་པ་རབ་ བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ལྔའི་རིང་དུ་གདན་ས་ བསྐྱངས་ཤིང་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་སྔར་ ལས་ལྷག་པར་དོ་དམ་མཛད། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ན་ མཛད་ནས་དགུང་ལོ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་ བརྒྱད་པ་ཡིན་ནོ། ། [1579] གཡུ་རྔོག་དོན་ཡོད་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་བསྟན་པ་སྐྱབས་ཀྱི་ལྷ་ཞོལ་དུ་ཆུ་མའི་འབྲོག་ སྡེར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གཡུ་ རྔོག་མཁན་ཆེན་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ བདེ་ཆེན་ཆོས་འཁོར་གླིང་གི་གདན་སར་བཀོད། སྐྱབས་མགོན་སྐུ་ ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ལས་རབ་ཏུ་བྱུང་ རོང་བོ་ཐོས་བསམ་རྣམ་རྒྱལ་དུ་ཞུགས་ནས་རིག་པའི་གནས་ལྔ་ལ་ མཁས་པར་སྦྱངས། དྲུང་ཡིག་བློ་བཟང་རྒྱ་མཚོ་དང། ཤིང་བཟའ་ པཎྜི་ཏ་བློ་བཟང་དར་རྒྱས། གུང་ཐང་བསྟན་པའི་སྒྲོན་མེ། གཡེར་ འདུན་ཟླ་གྲགས་སོགས་ལས་བཀའ་ཆོས་གསན་ཞིང་དབང་དང་རྗེས་ གནང་མང་དུ་ཞུས། རོང་རྒན་དགེ་འདུན་མཁྱེན་རབ་ལ་བསྙེན་ པར་རྫོགས། ལེགས་བཤད་སྙིང་པོ་དང་དབུ་ཕར་གྱི་རྣམ་བཤད་ སོགས་གཞུང་ཆེན་མོའི་ཚིག་དོན་ལ་ནང་བྱན་ཚུད། རབ་བྱུང་བཅུ་ གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་རྣམ་ རྒྱལ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བཅུའི་རིང་དུ་ཆོས་དང་ ཟང་ཟིང་གཉིས་ཀས་ལེགས་པ་སྐྱངས། སྐྱབས་མགོན་དགེ་འདུན་ འཕྲིན་ལས་རབ་བརྒྱས་དབུས་སུ་ཕེབས་སྐབས་ལོ་གསུམ་གྱི་རིང་དུ་རྒྱལ་ ཚབ་དུ་བཞུགས་ཏེ་བསྟན་སྲིང་ཀྱི་ལ་རྒྱའི་བྱ་བ་གོང་འཕེལ་མཛད། དེ་ ནས་བླ་བྲང་དུ་གདན་དྲངས་པ་ལྟར་དེ་ནས་ཀྱང་བཀའ་ཆོས་མང་དུ་ [1580] སྐུ་གོང་མས་བཞེངས་ པའི་དགོན་ཆེན་གྱི་བྱམས་ཆེན་ཞིག་གསོ་དང། ཕྱག་དཔེ་སྔར་ཡོད་ སྟེང་གསར་བཞེངས་མང་དུ་གནང། འཁོར་ལོ་གསུམ་གྱི་མཛད་ བཟང་རླབས་ཆེན་གྱིས་བསྐྱངས་མཐར་དགུང་ལོ་ཞེ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་ གཡུ་རྔོག་བློ་བཟང་དཔལ་ལྡན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གཡུ་རྔོག་གི་འབྲོག་སྡེར་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གདན་སར་བཀོད་དེ་དྲུང་ ཡིག་སྤྲུལ་སྐུ་ལས་དགེ་བསྙེན་དང། ཁྲི་ཆེན་བློ་བཟང་རྒྱལ་མཚན་ སེང་གེ་ལས་རབ་ཏུ་བྱུང། རྗེ་གསེར་ཁང་བ་ལས་དགེ་ཚུལ་བསྒྲུབས་ ཤིང་བཀའ་ཆོས་མང་དུ་གསན། དགུང་ལོ་བཅུ་གསུམ་པར་རོང་བོ་ཐོས་ བསམ་གླིང་དུ་ཞུགས་ནས་དགེ་བཤེས་བསྟན་པ་དར་རྒྱས་དང། རྐ་སར་ ལྷ་རམས་པ་དཀོན་མཆོག་རྒྱ་མཚོ་སོགས་ལ་རྟེན་ཏེ་གཞུང་ལུགས་རབ་ འབྱམས་ལ་སྦྱངས་པས་རིགས་ལམ་ལ་འགྲན་ཟླ་བྲལ་བར་གྱུར། སྐྱབས་ མགོན་བློ་བཟང་འཕྲིན་ལས་རྒྱ་མཚོ་དང། ཐར་ཤུལ་ཆོས་སྐྱོང་རྒྱ་ མཚོ། བློ་བཟང་ལུང་རིགས་རྒྱ་མཚོ་སོགས་ལས་མི་ཏྲ་རྡོར་ཕྲེང་དང་ སྒྲུབ་ཐབས། རིན་འབྱུང། ལམ་རིམ། བླ་མཆོད་ཕྱག་ཆེན་སོགས་ བཀའ་ཆོས་མཐའ་ཡས་པ་གསན། ཁྱད་པར་དུ་སྡེ་ཁྲི་འཇམ་དབྱངས་ ཐུབ་བསྟན་ཉི་མ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཀའ་ཆོས་ མང་དུ་གསན། ཤར་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་མཛད་ཅིང་ [1581] དགུང་ལོ་སོ་གསུམ་པར་རོང་བོ་ཐོས་ བསམ་གླིང་གི་གདན་སའི་ཁྲི་ལ་ཕེབས་ཏེ་ལོ་གསུམ་གྱི་རིང་དུ་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དོ་དམ་གང་ལེགས་ གནང། ཁྲི་ཟུར་ནས་གདན་ས་རང་དང་གཉན་ཐོག་དར་ཞིང་སོགས་ བདག་སྐྱོང་ལེགས་པར་མཛད། སྐྱབས་མགོན་སྐུ་ཕྲེང་དྲུག་པ་སྐལ་ལྡན་ བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་ལྟར་སླར་ཡང་རོང་བོ་ཐོས་ བསམ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་འཆད་ཉན་ཡར་ལྡན་དུ་ མཛད་དོ། ཁོང་ནི་རོང་བོ་ཐོས་བསམ་གླིང་གི་གདན་རབས་ཞེ་གཉིས་ པ་ཡིན་ནོ།། གཡུ་རྔོགས་བསམ་གཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་སོག་རུའི་གཡུ་རྔོག་གི་རིགས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུག་ཤེགས་ ཁོང་དགུང་ལོ་བཅུ་གཅིག་པར་ཤར་སྐལ་ལྡན་རྒྱ་མཚོ་ལས་རབ་ཏུ་ བྱུང། དགུང་ལོ་བཅོ་ལྔ་པར་རོང་བོ་དགོན་དུ་ཐོས་བསམ་རྣམ་རྒྱལ་ གླིང་གསར་དུ་བཙུགས་པ་ཡིན་པས་ཁོང་གྲྭ་རྒྱུན་གྱི་ཐོག་མ་ཡིན་ བསྡུས་སྦྱོར་དབུ་ཕར་སོགས་ལ་སློབ་གཉེར་ཕུལ་ཕྱིན་གནང། དགུང་ ལོ་བཅུ་བདུན་པར་མདོ་སྨད་ཀྱི་བཤད་གྲྭ་ཕལ་ཆེར་དམ་བཅའ་བཞག་ པས་མཁས་གྲགས་རྒྱས། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང། སྡེ་བ་ཆོས་ རྗེ། ཀོའུ་བ་ཆོས་རྒྱ་མཚོ། ལི་ཀྱ་ཤེས་རབ་སེང་གེ་བཅས་ལ་བསྟེན་ ནས་གདམས་པ་ངོམས་མེད་དུ་བཞེས། སྟག་ལུང་དཔལ་རིའི་གཡས་ [1582] དབྱུ་གུ་མཐོང་རྩེ། རྒན་གྱའི་བྲག་ དཀར། དབེན་གནས་བཀྲ་ཤིས་འཁྱིལ། དབེན་གནས་བསམ་གྲུབ་བདེ་ ལྡན་གླིང་སོགས་སུ་འགྲིམས་ནས་སྒྲུབ་པ་ཉམས་ལེན་མཛད། དགུང་ ལོ་ཉེར་བརྒྱད་པར་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལས་བསྙེན་པར་རྫོགས་ དགུང་ལོ་སོ་གཅིག་པར་དབུས་སུ་ཕེབས་ཏེ་དགའ་ལྡན་བྱང་རྩེ་རྒྱལ་ རོང་བསྟན་པ་དར་རྒྱས་ཀྱི་ཞབས་ལ་ལོ་བཅུ་གཉིས་ཀྱི་རིང་དུ་བསྟེན་ ནས་གཞུང་ལུགས་ལ་དམར་ཐག་ཆོད་པར་སྦྱངས། དྭགས་པོ་ཆོས་ རྒྱལ་དང། འབྲས་སྤུངས་སྒོ་མང་གི་དཔོན་སློབ་རེབ་སྐོང་ངག་དབང་ ཆོས་འབྱོར་གཉིས་ཀྱི་ཞབས་ལ་བསྟེན་ནས་བཀའ་ཆོས་མང་དུ་གསན་ མཐར་གསང་ཕུ་མཁས་མང་འདུས་པའི་གྲྭ་ཚང་བཅུ་གཉིས་ཀྱི་དབུས་ སུ་གྲྭ་སྐོར་མཛད་ཅིང། རབ་འབྱམས་པའི་མཚན་བཏགས་བླངས་ གསེར་ཁང་དམ་ཆོས་རྣམ་རྒྱལ་དང། པཎ་ཆེན་བློ་བཟང་ཆོས་རྒྱན་ རྒྱལ་དབང་ལྔ་བ། གྲུབ་ཆེན་དོམ་ར་བ་དགེ་ལེགས་དར་རྒྱས་སོགས་ཀྱི་ ཞབས་ལ་གཏུགས་ནས་ཆོས་རྒྱུན་མང་དུ་གསན། དེ་ནས་མདོ་སྨད་དུ་ བྱོན་ཏེ་རབ་བྱུང་བཅུ་གཅིག་པའི་མེ་རྟ་ཡས་མས་ལ་དར་ཞིང་ཤུག་ཤར་ དུ་སྒྲུབ་སྡེ་བདེ་འཛོམས་དགའ་ཚལ་བཏབ་སྟེ་སྒྲུབ་པ་ཉམས་ལེན་ མཛད་ཅིང་རྟོགས་པ་ཀློང་དུ་གྱུར། རབ་བྱུང་བཅུ་གཅིག་པའི་ལྕགས་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་ གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་དགུ་ཡི་རིང་དུ་གདན་ས་ བསྐྱངས། དེའི་རིང་དུ་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་ བཅས་ལ་དོ་དམ་གང་ལེགས་གནང། དེ་ལྟར་བསྟན་འགྲོའི་དོན་ཆེན་ [1583] སུ་གཤེགས། ཁོང་ནི་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་མཁན་རབས་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི་ དམ་མང་པོའི་བསྙེན་ཡིག་གི་རིམ་པ་དགོས་འདོད་ཀུན་འབྱུང། དང། བཞུགས་སོ།། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྟོད་ལུང་སྐྱིད་སྣར་ཡབ་ཁྱུང་པོ་རྡོ་རྗེ་དང་ཡུམ་རྒྱ་ས་ཆོས་ སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་མ་ཚུགས་གོང་གི་ཤིང་ ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། འཁྲུངས་འདས་ གཉིས་ཀའི་ལོ་ཚིགས་ལ་ད་དུང་དཔྱད་དགོས། དགུང་ལོ་གསུམ་ པར་ཡབ་ཀྱི་སྐུ་མདུན་ནས་ཡི་གེའི་སྦྱོར་ཀློག་བསླབས་པས་ཚེགས་མེད་ མཁྱེན། དེ་ནས་ཡབ་ཀྱིས་གསོ་དཔྱད་ཀྱི་གཞུང་དང་ལག་ལེན་བཅས་ པ་ཁྲིད་པས་མཁས་པར་གྱུར། དགུང་ལོ་བཅུ་པར་ཆོས་རྒྱལ་ཁྲི་ སྲོང་ལྡེའུ་བཙན་གྱི་ཕོ་བྲང་ཕེབས། བོད་ཀྱི་གསོ་རིག་མཁས་པ་རྣམས་ དང་བགྲོ་གླེང་མཛད་སྐབས་རྣམ་པར་རྒྱལ། རྒྱལ་པོའི་བླ་སྨན་དུ་ དབང་སྐུར། དགུང་ལོ་ཉེར་ལྔ་པར་རྒྱ་གར་དུ་ཕེབས་ཏེ་པཎ་ཆེན་ ཙན་དྲ་དེ་བ་ལས་གསོ་རིག་གི་གདམས་ངག་ཁྱད་པར་ཅན་མང་པོ་ཞུས་ ཤིང། མཁས་པ་མང་པོ་ལས་གསོ་བ་རིག་པའི་གཞུང་ལུགས་མང་ དུ་གསན་པས་འཛམ་གླིང་མཁས་པའི་གཙུག་རྒྱན་དུ་གྱུར། སྐུ་ཚེ་ [1584] རྒྱ་ གར་དུ་ཐེངས་གསུམ་ཕེབས་པ་དང། བལ་ཡུལ་དང་རྒྱ་ནག་རི་བོ་རྩེ་ ལྔ་བཅས་ལ་ཕེབས་ནས་སྨན་དཔྱད་མཛད་དེ་འགྲོ་བ་མང་པོའི་ཚེ་སྲོག་ བསྐྱབས། གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་སྤེལ་བར་ མཛད་རྗེས་རླབས་པོ་ཆེ་བཞག་པར་མཛད། སྨན་པ་འབུམ་རམས་པ་ དང། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་ བསྡུས་ར་པ་བཅས་པའི་སྨན་པ་མཁས་པའི་མཚན་རྟགས་སོ་སོ་དེ་དུས་ བྱུང། ཁོང་ལ་སློབ་མ་ལྔ་བརྒྱ་ཙམ་ཡོད་པ་ལས་གྲགས་ཆེ་བ་ནི་འབུམ་ སེང་དང། དཔལ་འབུམ། དགའ་དགའ་གསུམ་ནི་ཁོང་གི་རིགས་ སྲས་ཡིན། དཔལ་ལྡན་ལྷུན་གྲུབ། ཀོང་པོ་བདེ་ལེགས་རྒྱལ། གྲགས་ པ་བསོད་ནམས། བསོད་ནམས་རྩེ་མོ། པདྨ་རྒྱལ་པོ། བདེ་བ་ དཔལ། མཛེས་པའི་དཔལ། སངས་རྒྱས་ཡོན་ཏན། འཇམ་དཔལ་ སེང་གེ་བྱང་ཆུབ་རྡོ་རྗེ། དཀོན་མཆོག་དཔལ་བཟང། དཔལ་ལྡན་ དར་པོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ བཞིའི་ཐེམ་ཡིག། བཞུགས་སོ། འདི་དག་ལ་རང་རྒྱལ་དུ་རྒྱ་ཡིག་དང་སོག་ཡིག་གི་ འགྱུར་ཡོད་པ་མ་ཟད། ཨུ་རུ་སི་དང་ཏེ་གོ་སོགས་སུ་ འདིའི་བསྒྱུར་གཞུང་ཡང་ཡོད།། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།། ཁོང་ནི་རབ་བྱུང་གཉིས་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ གཡས་རུ་གཙང་གི་སྒོ་བཞི་རེ་ཐང་དུ་ཡབ་ཁྱུང་པོ་རྡོ་རྗེ་དང། ཡུམ་ [1585] རབ་བྱུང་གསུམ་པའི་ཆུ་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་གཡུ་ཐོག་རྙིང་མ་ ཡོན་ཏན་མགོན་པོ་དང་གདུང་རྒྱུད་གཅིག་ཡིན་ཞིང། དེ་ནས་རྩིས་ པའི་མི་རབས་བཅུ་གསུམ་པ་ཡིན། འཁྲུངས་མ་ཐག་ཏུ་སྨན་གཟུངས་ ཐོགས་མེད་དུ་གསུངས་ཤིང་ཡུམ་ལ་སྤྱན་མི་འཛུམ་པར་གཟིགས་པ་ སོགས་མཛད། དགུང་ལོ་གསུམ་པར་སྔོན་གྱི་བག་ཆགས་སད་ནས་ ཆོས་སྤྱི་དང་གསོ་དཔྱད་ཀྱི་གཞུང་ལ་རྨོངས་པ་མེད་པའི་མཁྱེན་རབ་ དང་ལྡན་པས་མི་ཀུན་གྱིས་འཇམ་དབྱངས་གཡུ་ཐོག་མགོན་པོ་ཟེར་བ་ བྱུང། དགུང་ལོ་བརྒྱད་པར་རིན་གནས་ཀུན་དང་ཁྱད་པར་གསོ་ དཔྱད་ཀྱི་གཞུང་མན་ངག་དང་བཅས་པ་ཕུལ་དུ་ཕྱིན་པར་མཁྱེན་པས་ སྨན་པའི་རྒྱལ་པོ་དང་འདྲ་བར་འཕྲིན་ལས་ཤིན་ཏུ་རྒྱས་པར་གྱུར་ དགུང་ལོ་བཅུ་གཉིས་པར་དགེ་བཤེས་རོག་སྟོན་རྒྱུད་བཞིའི་མན་ངག་ གཞུང་འགྲེལ་དང་བཅས་པ་གསན། དགུང་ལོ་བཅོ་བརྒྱད་པར་རྒྱ་གར་ དུ་ཕེབས་ནས་སོ་མ་ཎ་ཛ་དང། ཡན་ལག་བརྒྱད་པ། རེག་པ་རྩ་མདོ་ འཁྲུངས་དཔེ་ཆེ་ཆུང་བཅས་གསོ་དཔྱད་གཞུང་ལུགས་མང་པོ་གསན་ ནས་དགུང་ལོ་ཉེར་གཅིག་པར་བོད་དུ་ཕེབས་ཏེ་འགྲོ་དོན་མཛད། རྒྱ་ གར་དུ་སྔ་ཕྱི་ཐེངས་དྲུག་ཏུ་ཕེབས་ནས་གསོ་བ་རིག་པ་སློབ་གཉེར་ མཛད་དེ་མཁས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ སྔར་གྱི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་མཇུག་རྣམས་ ལེགས་པར་གྲུབ་པས་སྐུ་ལུས་མ་སྤངས་པ་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་ ཕོའི་དྲུང་དུ་གཤེགས། ཁོང་ལ་སློབ་མ་སུམ་བརྒྱ་ལྷག་ཡོད་པ་ལས་ [1586] ལྗང་སྨན་ལེབ་སེ་ འབལ་སྨན་ཉི་མ། སྟོན་པ་ཨ་ཆོས། ཤར་མ་ཉི་མ་དཔལ། གཡུ་ ཐོག་བསོད་ནམས་སེང་གེ་དགེ་བཤེས་རོག་ཆུང་བཅས་ཡིན། ཁོང་གི་ གསུང་རྩོམ་ནི་ བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་བ་མཐོང་བའི་མེ་ལོང། ཆུང། རྩ་བ་ཤེས་རབ་ཀྱི་ཊིཀ།། གཡུང་སྟོན་རྡོ་རྗེ་དཔལ་བ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཚོང་འདུས་སུ་སྐུ་འཁྲུངས། གདུང་རུས་གླན་ཡིན། རབ་བྱུང་དྲུག་ པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ ནུའི་དུས་ནས་མཁྱེན་པ་ཤིན་ཏུ་ཆེ་ཞིང་སྔགས་གསར་རྙིང་དང་མཚན་ ཉིད་ལ་ཡང་ཤིན་ཏུ་མཁས། ཤངས་པ་ཤཱཀྱ་འབུམ་ལས་གཤིན་རྗེའི་ སྐོར་ལེགས་པར་གསན་པས་འཁྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་ མཁས་ཤིང་མཐུ་ཡང་ཆེ། གཞོན་ནུ་སྐབས་སུ་གོང་མའི་བཀའ་ལུང་ གིས་རྒྱ་ཡུལ་དུ་བྱོན་ཞིང་ཆར་ཕབ་པས་གོང་མ་དགྱེས་ཏེ་གནང་སྦྱིན་ མང་པོ་གནང་བས་ནོམ་པ་ཆེན་པོ་དང་བཅས་པ་བོད་དུ་ཕེབས། ཆོས་ རྗེ་རང་བྱུང་རྡོ་རྗེ་དང་བུ་སྟོན་རིན་ཆེན་གྲུབ་གཉིས་ལས་དུས་འཁོར་ ལེགས་པར་གསན་ཞིང་མཁས་པར་གྱུར། རྫོགས་པ་ཆེན་པོ་ལ་སོགས་ [1587] ཁྱད་པར་དུ་ཕུང་ བོ་རི་བོ་ཆེ་དང་ར་དུམ་བྲག་ལ་སོགས་པའི་གནས་སུ་བཞུགས་ཏེ་གཞན་ དོན་རྒྱ་ཆེན་པོ་མཛད། སྔགས་ཀྱི་སངས་རྒྱས་དང་མཚན་ཉིད་ཀྱི་སངས་ རྒྱས་གཉིས་ཀྱི་ཁྱད་འབྱེད་མཛད་པ་བ་གཡག་སྡེ་པཎ་ཆེན་གྱིས་ གཟིགས་པས་ཤིན་ཏུ་དད་དེ། དཔོན་སློབ་བཅོ་ལྔ་དང་མཉམ་དུ་ ཕུང་པོ་རི་བོ་ཆེར་བྱོན་ནས་ཞབས་ལའང་གཏུགས་ཏེ་ཆོས་མང་དུ་ གསན། ཁོང་གིས་སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལས་བསྙེན་ པར་རྫོགས་ཤིང་མཚན་ལ་རྡོ་རྗེ་འབུམ་ཞེས་གསོལ་ཡང་རྗེས་སུ་རྡོ་རྗེ་ དཔལ་བ་ཞེས་སུ་བསྒྱུར། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ་དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་སྒྱུ་འཕྲུལ་གཙོ་བོ་མཛད་པའི་གསང་སྔགས་རྙིང་ མའི་སློབ་དཔོན་ཆེན་པོ་ཞིག་ཡིན།། གཡུང་སྟོན་ཛ་རི།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་ པའི་དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ་ ལས་རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་ བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དོན་ལོ་སྟོན་རྡོ་རྗེ་ དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ཆོས་སྐོར་མང་ དུ་གསན། དེ་ནས་ཁོང་གིས་བ་འོར་བཟུང་སྟེ་དགེ་འདུན་མང་པོའི་ [1588] ཁོང་ ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ ཞིག་ཡིན་ནོ།། གཡུང་དྲུང་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་ལོ་ ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་ བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ དཔལ་ཀུན་ཏུ་ཁ་སྦྱོར་ཞེས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་བཤད་པ་རིན་ ཆེན་ཕྲེང་བ། བ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་འགྲེལ་བ།། གཡུང་དྲུང་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ བའི་རིམ་པ། [1589]། གཡེར་གཤོང་ངག་དབང་དགེ་འདུན་ཟླ་གྲགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རེབ་སྐོང་རྒན་གྱ་སྟོད་མའི་དཔོན་རྒྱུད་དུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་སྐུ་གོང་མ་གཡེར་གཤོང་ བསམ་གཏན་ཆོས་འཕེལ་གླིང་གི་གདན་སའི་ཁྲི་ལ་མངའ་གསོལ་ དགུང་ལོ་བདུན་པར་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་ བྱུང། དགུང་ལོ་བཅུ་གཅིག་པར་མཚན་ཞབས་པ་བཙུགས་ཏེ་རིམ་ བཞིན་བཀའ་པོད་ལྔ་ལ་སྦྱངས་པ་མཛད། མེ་རྒན་ཆོས་རྗེ་ལས་སྙན་ ངག་སྦྱངས། རྡོ་རྗེ་འཛིན་པ་འཇམ་དབྱངས་གྲགས་པ་ལས་མི་ཏྲའི་ དབང་སོགས་རྗེ་གོང་མ་ནས་བརྒྱུད་པའི་ཆོས་རྒྱུན་བཞུགས་ཚད་ གསན། དགུང་ལོ་བཅུ་དྲུག་པར་སྣང་རའི་དགོན་གསར་བཀྲ་ཤིས་རབ་ བརྟན་དུ་སྟོང་སྐོར་བསོད་ནམས་རྒྱ་མཚོ་ལས་ཕྲེང་དབང་གསན། དེ་ དུས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ད་ལྟ་བ་དང། བློ་བཟང་ སྦྱིན་པ། རོང་བོ་དགོན་ཆེན་གྱི་སྨྲ་དབང་འཇམ་དབྱངས་དགེ་འདུན་ བསྟན་འཛིན་སོགས་དགེ་བཤེས་བཅོ་ལྔ། བདེ་ཆེན་དང་བྱ་ཁྱུང་ནས་ བྱོན་པའི་རིགས་པ་སྨྲ་བ་དང་བཅས་ཉིན་རེ་བཞིན་བགྲོ་གླེང་ཚུགས་ པར་རྗེ་འདིའི་གྲྭ་སྐོར་མཛད། དགོན་ལུང་དུ་ཕེབས་ནས་ལྕང་སྐྱ་རིན་ པོ་ཆེ་ལ་བཀའ་ཆོས་དང་དོགས་གཅོད་འགའ་ཞུས། ཨེར་ཏེ་ནི་པཎྜི་ [1590] ཇ་སག་བླ་མ་དཀོན་མཆོག་ལྷུན་གྲུབ་ཀྱི་ གདོང་རྒྱལ་བ་འཇམ་དབྱངས་རྒྱ་མཚོས་ཀྱང་མཁན་ཆས་གནང་ གདན་ས་ཡུམ་འབུམ་པའི་པར་ཤིང་གསར་བརྐོའི་ལས་གྲྭ་བཙུགས་ཏེ་ ལོ་ལྔའི་རིང་དུ་ལེགས་པར་གྲུབ། དགུང་ལོ་ཉེར་དྲུག་པར་མཁན་ཆེན་ ལས་བསྙེན་པར་རྫོགས། ཆོས་པ་རིན་པོ་ཆེའི་སྒྲུབ་ཁང་གི་ཤུལ་དུ་འདུ་ ཁང་རྒྱ་བསྐྱེད་དེ་བཞེངས། སྡེ་དགེ་ནས་བསྟན་འགྱུར་དང་ས་སྐྱའི་ བཀའ་འབུམ་སོགས་པོད་ཉིས་བརྒྱ་བཞི་བཅུ་ཙམ་གདན་དྲངས་ གདན་སར་གོང་མས་བཞག་པའི་བཅའ་ཡིག་ཅུང་ཟད་བསྡུས་པ་ཇེ་ རྒྱས་སུ་བཏང་ཞིང་རྟིང་སྐུལ་རྒྱུན་འཇགས་མཛད་པས་གདན་སའི་ ཆོས་ཀྱི་བྱ་བ་འཕེལ་རྒྱས་སུ་བཏང་ངོ། དེ་ལྟར་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་དགུ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་གཡེར་གཤོང་སྐུ་ཕྲེང་གཉིས་པ་ཡིན་ ནོ།། གཡེར་གཤོང་འཇམ་དབྱངས་བློ་གྲོས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རེབ་སྐོང་ཤ་སྦྲང་དུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གི་སྐུ་གོང་མ་ནི་སྐྱེས་རབས་དུ་མར་པཎྜི་ཏ་དང་གྲུབ་པའི་གོ་འཕང་ བརྙེས་པའི་ཟློས་གར་ཤ་སྟག་མཛད་པ་ཡུལ་མདོ་སྨད་ཀྱི་སྒྲུབ་བརྒྱུད་ བསྟན་པའི་མེས་པོ་ཆེན་པོ། གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་ མཚན་ཡིན། དགུང་ལོ་ཆུང་ངུའི་དུས་ནས་ཤ་སྦྲང་འཇམ་དབྱངས་རྒྱ་ [1591] ཉ་ལུང་དགེ་སློང་བདེ་བའི་འབྱུང་གནས་ ལས་ཡི་གེའི་སྦྱོར་ཀློག་དང། ལྷ་བྲིས་པ་འགྲོན་ལུང་དགེ་སློང་ལས་ བཟོ་རིག་སྦྱངས་ཏེ། རིག་གནས་སྤྱི་དང་ཁྱད་པར་བྲིས་འབུར་གྱི་བཟོ་ རྩལ་ལ་ཤིན་ཏུ་མཁས་པས་ཤ་སྦྲང་ལྷ་བཟོ་ཞེས་གྲགས། གྲུབ་ཆེན་ སྐལ་ལྡན་རྒྱ་མཚོ་ལས་ཐུགས་རྫོགས་བཞེས་ཤིང་ཟབ་ཆོས་མཐའ་ཡས་ པ་གསན། དེ་ནས་དབུས་སུ་ཕེབས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ དང་གཙང་རྒྱུད་གཉིས་ལ་རིམ་བཞིན་ཞུགས། རྒྱལ་བ་ངག་དབང་བློ་ བཟང་རྒྱ་མཚོ་དང། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་སྲས་བློ་ བཟང་བསྟན་འཛིན། ཁྲི་ཆེན་བློ་གྲོས་རྒྱ་མཚོ། དཔོན་སློབ་བློ་ བཟང་མགོན་པོ་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་གཞུང་ལ་ མི་འཇིགས་པའི་གདེང་བརྙེས་ཤིང་སྔགས་རམས་པའི་མཚན་བཏགས་ བཞེས། ཕྱིར་མདོ་སྨད་དུ་ཕེབས་ནས་བ་སོ་རྗེ་དྲུང་དཀོན་མཆོག་ཉི་ མ་སོགས་ཀྱི་ཞབས་ལ་གཏུགས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་ བཅས་པའི་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། རབ་བྱུང་བཅུ་ གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་གཡེར་གཤོང་བསམ་ གཏན་ཆོས་འཕེལ་གླིང་གསར་འདེབས་མཛད་ཅིང་མདོ་སྔགས་ལམ་ རིམ་གྱི་འཆད་ཉན་བཙུགས། རྟེན་དང་བརྟེན་པ་གསར་བཞེངས་ མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་ངག་དབང་ འཕྲིན་ལས་རྒྱ་མཚོ། མཁན་ཆེན་དགེ་འདུན་རྒྱ་མཚོ། ཀུན་གཟིགས་ བློ་བཟང་ཆོས་གྲགས་རྒྱ་མཚོ། ཐུའུ་བཀྭན་ཆོས་ཀྱི་རྒྱ་མཚོ། བྱང་ ཆུབ་མི་ལ། ཆུ་དམར་བློ་བཟང་རྒྱ་མཚོ། རྗེ་ཤེས་རབ་བཀྲ་ཤིས་ [1592] ཁོང་གི་གསུང་རྩོམ་ ནི་པོད་གཉིས་བཞུགས་སོ། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་ པར་གྲུབ་སྟེ་དགུང་ལོ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་གཡེར་གཤོང་སྐུ་ཕྲེང་དང་པོ་ཡིན་ནོ། ། གཡོ་དགེ་བའི་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་ལྷོ་ འབྲོག་ཏུ་སྐུ་འཁྲུངས། དེ་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་ མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ནང་བྱན་ཆུད་པ་མཛད་ བོད་ལུགས་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་པོ་གླང་དར་མ་འུ་ དུམ་བཙན་པོས་དབུས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས་ ནས་རབ་ཏུ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པའི་གནས་ ཚུལ་རྣམས་དཔལ་ཆུ་བོ་རི་ལ་སྒྲུབ་པ་ཉམས་ལེན་མཛད་པའི་དགེ་ སློང་གཡོ་དགེ་བའི་འབྱུང་གནས་ཀྱིས་གཟིགས་ཏེ་རི་དྭགས་བདའ་ མཁན་བཙུན་པ་ཨད་དན་ཅིག་པ་དང། ལྷ་ལུང་འཚག་པོ། ཞ་སྔ་ ཁྱམས་པོ་གསུམ་ལ་རབ་ཏུ་བྱུང་བས་རི་དྭགས་བདའ་དགོས་པའི་རྒྱུ་ མཚན་གནས་ཚུལ་རྣམས་ཞིབ་ཏུ་དྲིས་པས། དེའི་ལན་དུ་བཙུན་པ་ གསུམ་པོས་མགྲིན་གཅིག་ཏུ་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོས་ དབས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས་ནས་རབ་ཏུ་བྱུང་ བ་རྣམས་ལ་བཀའ་ཆད་ཕོག་པའི་གནས་ཚུལ་རྣམས་ཞུས་རྗེས། དགེ་ སློང་གཡོ་དགེ་བའི་འབྱུང་གནས་དང། དམར་ཤཱཀྱ་མུ་ནེ། གཙང་རབ་ [1593] གཅིག་བཀལ་ནས་དཔལ་ཆུ་བོ་རི་ལས་སྟོད་མངའ་རིས་བརྒྱུད་ཅིང་ བྱང་ལམ་དེད་དེ་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་དེའུ་ཚྭ་མཚོ་རྒྱུད་རྨ་ ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བདེ་བར་ཕེབས་སོ་ བོད་ལུགས་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་བླ་ཆེན་དགོངས་པ་རབ་ གསལ་གྱིས་གཡོ་དགེ་བའི་འབྱུང་གནས་དང། དམར་ཤཱཀྱ་མུ་ནེ་ གཙང་རབ་གསལ་གསུམ་ལས་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བསྒྲུབས་པས་བོད་ཡུལ་དུ་འདུལ་བའི་ བསྟན་པ་མི་ནུབ་པའི་ས་བོན་བསྐྲུན་པ་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་ ཐོག་ཏུ་གྲགས་པའི་མཁས་པ་མི་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། [1594] ར་ཁོ་ཤེས་རབ་ཆོས་འབྱོར།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་བཅུ་གཉིས་ པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ ཁྲི་ལ་ཕེབས་ཏེ་འགྲིག་ལམ་ཀུན་སྤྱོད་ཀྱི་སྐོར་ཅུང་ཟད་རེ་ཉམས་ལྷོད་དུ་ སོང་བ་ཐམས་ཅད་གསར་གསོས་དང། མ་ཉམས་པ་རྣམས་གོང་ འཕེལ་དུ་མཛད། ལྷག་པར་དུ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་དུས་འཁྲུགས་བྱུང་དུས་ཆོས་ཁྲིམས་དར་ མདུད་ལྟར་ཆེས་དམ་པར་མཛད་དེ། ཉན་ཀུང་ཡོ་སོགས་བཀས་ མངགས་དཔོན་ཆེན་དུ་མ་དམག་གི་དཔུང་ཚོགས་དང་བཅས་པ་སྐུ་ འབུམ་དགོན་དུ་སླེབས་དུས། གྲྭ་ཚང་གི་དགེ་འདུན་བརྒྱད་ཅུར་ཉེ་བ་ རྣམས་འ་འུར་ཟ་ཟིང་མེད་པར་གཏོར་སྒྲུབ་ཆོས་ཐོག་འཚོགས་བཞིན་ བཞུགས་པ་མཐོང་བའི་རྐྱེན་གྱིས་དཔོན་བློན་རྣམས་ཀྱི་ཐུགས་ཤིན་ཏུ་ མཉེས་ཏེ་གྲྭ་རྐྱང་ཚུལ་མཐུན་སུམ་བརྒྱ་འདུག་ཏུ་བཅུག་སྟེ་ཟླ་ཕོག་ཀྱང་ སྤྲད་དོ། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ [1595] ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་ལེགས་པར་ མཛད་དེ་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་སོ། ཁོང་ནི་སྐུ་ འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་བཅུ་བདུན་པ་དང། སྐུ་འབུམ་ དགོན་གྱི་གདན་རབས་ཁྲི་ཆེན་ཉེར་གསུམ་པ་ཡིན་ནོ། ། ར་ཏི་རྨ་སེང་སྟོན་པ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་བའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་མི་ ཉག་ཏུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་ཕོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། སློབ་དཔོན་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ དབུ་སྐྲ་བསིལ་ཏེ་ཡི་གེའི་འབྲི་ཀློག་བསླབས། དགུང་ལོ་བཅོ་བརྒྱད་ པར་དབུས་སུ་བྱོན་ནས་གསང་ཕུར་དབུ་རུ་པ་བྱང་ཆུབ་སྐྱབས་ལ་བསྟེན་ཏེ་འདུལ་མཛོད་ལ་སོགས་གསན་སྦྱོང་བྱས། དེ་ནས་ཁམས་སུ་ ཕེབས་ཀྱང་ཀརྨ་པ་རོལ་བའི་རྡོ་རྗེ་ཕོ་བྲང་ནས་ཡར་བྱོན་ཕྱག་ཕྱི་བྱས་ ནས་སླར་ཡང་དབུས་སུ་བྱོན། དེ་ནས་ཆོས་གྲགས་གཉིས་པ་བླ་མ་ཆོས་ དཔལ་བ་དང། མཉམ་མེད་ལྟ་སྟོན་ཞིག་པོ། རུ་མཚམས་པ་གྲགས་ པ་བཟང་པོ། སེམས་དཔའ་སྦྱིན་པ་དཔལ། སློབ་དཔོན་སེང་གེ་ རྒྱལ་མཚན། སློབ་དཔོན་གྲགས་པ་བཟང་པོ་སོགས་ལ་བསྟེན་ནས་ བདེ་དགྱེས་དང། རྒྱལ་བ་རྒྱ་མཚོ། རྒྱུད་བརྟགས་གཉིས། མཁའ་ འགྲོ་ཀུན་སྤྱོད། བསམ་གཏན་ཐུན་འཇོག་བྱམས་ཆོས་སྡེ་ལྔ་ ཤེར་ཕྱིན། མངོན་པ་ཀུན་བཏུས། ཐེག་བསྡུས་སྐོར་གསུམ། སྒྲུབ་ ཐབས་རྒྱ་མཚོ། འདུལ་བ་མདོ་རྩ། མདོ་སྡེ་རྒྱན། རྒྱུད་བླ་མ་ [1596] མཚན་སྙན་བླངས། ཞྭ་ལུ་དགོན་དུ་ཕེབས་ནས་བུ་སྟོན་རིན་པོ་ཆེ་ལ་ བརྒལ་བརྟག་མཛད་སྐབས་བུ་སྟོན་རིན་པོ་ཆེས་ཀྱང་ལན་ཐེབས་དཀའ་ བ་བྱུང་བས་རྗེ་སྐྱབས་མཆོག་དཔལ་ཡང་ཤིན་ཏུ་མཉེས་སོ། དེ་ལྟར་ དབུས་གཙང་དུ་ལོ་ངོ་བཅོ་ལྔ་ཙམ་བཞུགས་ནས་རབ་སྒང་དུ་ཕེབས་ཏེ་ བསམ་གྲུབ་རིན་ཆེན་གླིང་དུ་བཞུགས་ནས་འཆད་མཉན་རྒྱ་ཆེར་སྤེལ་ ཞིང་ཡུལ་གྱི་འཁྲུགས་པའང་བསྡུམས། དེ་ནས་ར་ཏི་ལུང་པར་དགོན་ པ་བཏབ་ཅིང་འབྲུག་ལོ་ ་ ནས་ཚོགས་པ་རྒྱ་ཆེར་བསྐྱངས་ཏེ་ སློབ་མའི་ཚོགས་ཀྱང་མཐའ་ཡས་པ་བྱུང་ངོ། ཁོང་གི་མཚན་གཞན་ ལ་རིན་ཆེན་བཟང་པོ་ཞུ་བ་དང། མི་ཉག་མཁས་དབང་མི་ལྔའི་ནང་ གི་གཅིག་ཡིན། ། ར་བྱིད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་ གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ འགྱུར། ། རག་ཤི་ཚུལ་ཁྲིམས་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་དབུས་ [1597] ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་ཙོང་ཁའི་ ཡུལ་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ ཆེན་དགོངས་པ་རབ་གསལ་ ་ ལས་རབ་བྱུང་ དང། དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ ཤིང་དབུས་གཙང་དུ་ལོག་ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ ཁང་སོགས་ལ་ཞིག་གསོས་མཛད། དེ་རྗེས་ཁོང་གིས་ཕྲང་འོག་གི་ ལྷ་ཁང་བརྩིགས་ཤིང་ཀ་ཚལ་དང་ཞྭ་བཅས་བཟུང་སྟེ་འདུལ་བའི་ བསྟན་པ་སྤེལ་ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་ དེ་ལས་གྱེས་པའི་ཆོས་རྒྱུད་ལ་རག་ཚོ་ཞེས་གྲགས་སོ། ཁོང་ནི་བསྟན་ པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་ རྫོགས་ཞུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ ཞིག་ཡིན་ནོ། ། ར་སངས་ཁྲི་ནེ་ཁོད།། ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ནམ་སྐུ་ བོན་ཡིན་ནོ། ། རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ།། ཁོང་ནི་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་དང་མི་ གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། རབ་མཆོག་དཔལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ [1598] ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ སྒྲུབ་ཐབས་མདོར་བསྡུས་པ། ཆོག། གསོ་སྦྱོང་གི་ཆོ་གའི་མན་ངག། ། རབ་འབྱམས་པ་ངག་དབང་ཐུབ་བསྟན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་བདུན་པར་དགེ་སློང་གྲགས་པ་ཚེ་རིང་ ལས་དགེ་བསྙེན་བསྒྲུབས་ཤིང་མཚན་ལ་བློ་བཟང་ཐུབ་བསྟན་ཞེས་ གསོལ། དེ་ནས་ཁུ་རེ་དགོན་པར་ཆོས་ཞུགས་མཛད་ནས་ཡི་གེའི་སྦྱོར་ ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་ བདུན་པར་རྗེ་ངག་དབང་མཁས་གྲུབ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ ངག་དབང་ཐུབ་བསྟན་ཞེས་གསོལ། གཞུང་ཆེན་བཀའ་པོད་ལྔ་དང་ གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་གསན་བསམ་དཔྱིས་ཕྱིན་པར་ མཛད། དེ་ནས་དབུས་སུ་ཕེབས་ཏེ་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་དང་ པཎ་ཆེན་བསྟན་པའི་ཉི་མ། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སོགས་དགེ་ [1599] མང་དུ་གསན། དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་བློ་བཟང་དཔལ་ ལྡན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་བཞེས། དེ་ནས་སོག་ ཡུལ་དུ་ཕེབས་ཏེ་ཁུ་རེ་དགོན་པའི་མཁན་ཁྲིར་བཞུགས་ཤིང་འཆད་རྩོད་ རྩོམ་གསུམ་གྱིས་དུས་འདའ་བར་མཛད་དོ། །ཁོང་གི་གསུང་རྩོམ་ནི་ མེ་ལོང་གི་ལུས་དང་རྒྱན་གྱི་མཚན་ཉིད་དང་དཔེར་བརྗོད་ཙམ་དྲན་ ཐོར་བཀོད་པ། གཉིས་བཞུགས་སོ། ། རབ་ཞི་བཤེས་གཉེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་འཛིན་པ་ཆེན་པོར་ གྱུར། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ ཤིང་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་རྒྱ་གཞུང་དང་རྒྱ་ཡིག་ བཅས་སྦྱངས་པ་ཕུལ་དུ་བྱུང་བ་མཛད་ནས་བསྟན་བཅོས་མང་པོ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ བརྟག་པ། [1600] པའི་མན་ངག། པར་འཇོམས་པའི་སྒྲུབ་ཐབས། གཟུངས་ཀྱི་སྒྲུབ་ཐབས། བསྟོད་པ། སྦྱིན་སྲེག་གི་ཆོ་ག། འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག། འཇོམས་པའི་ལས་བཞི་སྒྲུབ་པའི་བུམ་པའི་ཆོ་ག། འཇོམས་པའི་ལས་བཞི་སྒྲུབ་པའི་འཁོར་ལོའི་ཆོ་ག། པར་འཇོམས་པའི་ལས་ཀྱི་སྒྲུབ་ཐབས་ཆོ་ག། འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག། མདོར་བསྡུས་པ། འགལ་བ། ། རས་ཆུང་རྡོ་རྗེ་གྲགས་པ།། ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གུང་ཐང་ཕྲང་རར་ཡབ་གཉན་དར་མ་གྲགས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་གསུམ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་སྐུ་འབྲས་གཙང་བ་ལྷའི་བུ་དང་འདྲ་བ་བཞུགས་ཤིང་ [1601] དགུང་ལོ་བཅུ་གཅིག་པར་རྗེ་བཙུན་མི་ལ་དང་མཇལ། ཀློག་བཀླགས་ པའི་ཡོན་རྣམས་རྗེ་བཙུན་མི་ལ་ལ་ཕུལ་བས་མ་དང་ཁུ་བོས་སྡིག་མོ་ བཏང། དབང་མེད་ཁྲིད་ནས་ཕྲུ་སློག་བྱེད་བཅུག་པས་མཛེ་ནད་ཀྱིས་ ཟིན། དེ་ནས་མ་དང་ཁུ་བོས་ཀྱང་མི་ལའི་རྩར་རྒྱུག་ཟེར། རྗེ་བཙུན་ གྱིས་ཀླན་ལུགས་ཀྱི་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་གནང་ནས་སྔགས་ བཟླས་པས་མཛེ་ནད་དྭངས་བར་གྱུར། དེ་ནས་རྒྱ་གར་དང་བལ་ཡུལ་ དུ་ཕེབས་ནས་གནས་སྐོར་མཛད། སླར་རྗེ་བཙུན་མདུན་དུ་བྱོན་ནས་ དབང་དང་གདམས་ངག་མང་པོ་གསན་ཏེ་བསྒོམས་པས་གཏུམ་མོའི་ དྲོད་རྟགས་ཐོན། རྗེ་བཙུན་གྱིས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ ལས་ལྔ་མ་གཏོགས་བོད་དུ་མེད་པས་བཞི་དེ་ལེན་བར་རས་ཆུང་པ་རྒྱ་ གར་དུ་ཐེངས་གཉིས་པ་གཏོང། ཁོང་གིས་རྗེ་བཙུན་གྱི་བཀའ་ལྟར་ བླ་མ་ནཱ་རོ་པ་དང་མཻ་ཏྲི་གཉིས་ཀྱི་དངོས་སློབ་ཏི་ཕུ་བ་ལས་གདམས་ ངག་ཚང་བར་ཞུས། མ་གཅིག་གྲུབ་པའི་རྒྱལ་མོ་ལས་ཚེ་དཔག་མེད་ པའི་སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ལས་ཚོགས། རྟ་ མགྲིན་ལ་སོགས་པའི་ཤམ་བུ་དང་བཅས་པ་གསན་ནས་རྗེ་བཙུན་ མདུན་དུ་ཕེབས་ཏེ་གདམས་ངག་ཞུས་པ་རྣམས་སྐྱེས་སུ་ཕུལ། དེ་ནས་ གནས་ངེས་མེད་དབེན་པའི་རི་ཁྲོད་འགྲིམས་ནས་འཕྲིན་ལས་ཡུན་རིང་ དུ་བསྐྱངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལོ་བྱི་མགོ་བ་དང་ གཙང་པ་སུམ་པ། བུར་བོ་པར་ཤེར་སྣང། བླ་མ་སྒོམ་ཆོས། ལོ་རོ་ མི་སྣ་བ་སུམ་སྟོན་ཆོས་དར། བུར་སྒོམ་ནག་པོ། ལ་སྟོད་པ་ཟངས་ [1602] འབྲི་སྒོམ་དོན་གྲུབ་བཅས་ཐུགས་སྲས་བཅུ་གསུམ་བྱོན་ ནོ། ། རི་ཁྲོད་པ་མགོན་པོ་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་རྣལ་འབྱོར་པ་ཞིག་ཡིན། ཁོང་ནི་གཡག་སྡེ་པཎ་ཆེན་གྱི་ སློབ་མ་གཙོ་བོ་ཞིག་ཡིན་པས། གཡག་སྡེ་པཎ་ཆེན་སྐུ་གཤེགས་རྗེས་ ཨེ་བཾ་དགོན་གྱི་གདན་ས་བཟུང་ནས་ཡུན་མི་རིང་བ་ཞིག་བཞུགས་ཏེ་ སློབ་མའི་ཚོགས་པ་བསྐྱངས་ཤིང་འཆད་ཉན་འཕྲིན་ལས་སྒོ་ཀུན་ལས་ དར་བར་མཛད། དུས་ཕྱིས་སུ་ཝ་ལ་སྣའི་དགོན་པ་གསར་འདེབས་ མཛད་ཅིང། འདུལ་བའི་ཆོས་ཁྲིམས་ལེགས་པར་བཟུང་ནས་འཆད་ ཉན་གྱི་མཛད་སྒོ་རྒྱ་ཆེན་སྤེལ་བས་དགེ་འདུན་ཡང་མང་དུ་འདུས་ གཞན་དོན་རྒྱ་ཆེར་བསྐྱངས་ནས་དུས་འདའ་བར་མཛད་དོ། ། རི་བ་གཞོན་ནུ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་ནི་ཟུར་ཕུག་པའི་མཆོག་ཏུ་གྱུར་པའི་ སློབ་མ་ཡིན། ཁོང་གི་རྣམ་ཐར་ལག་ཏུ་མ་ཚུད་པས་མཛད་པ་འཕྲིན་ ལས་འགོད་ཐབས་བྲལ་ལོ། ། རོ་བོང་སྨན་པ།། ཁོང་ནི་ཞང་སྟོན་གཟི་བརྗིད་འབར་བ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། [1603] རི་མི་འབབ་པ་བསོད་ནམས་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་གིས་སྤྱིར་དགེ་བའི་བཤེས་གཉེན་མང་དུ་བསྟེན་ ནས་གཞུང་བཀའ་པོད་ལྔའི་གཙོས་རྒྱུད་དང་རིག་གནས་བཅས་པར་ གསན་བསམ་དཔྱིས་ཕྱིན་པར་མཛད། དང་པོ་ཞྭ་སེར་ཅོད་པན་ འཛིན་པའི་རི་བོ་དགེ་ལྡན་པའི་མཁས་གྲུབ་རྣམས་ཀྱི་ཞབས་ལ་ གཏུགས་ཏེ་རབ་ཏུ་བྱུང་བའི་ཀུན་སྤྱོད་རྣམ་པར་དག་པར་མཛད། དེ་ ནས་ཞྭ་དམར་བ་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོའི་ཞབས་ལ་ གཏུགས་ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྒྱུད་སྐོར་གྱི་དབང་ལུང་ ཁྲིད་གསུམ་བཅས་ལེགས་པར་ཞུས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ ཆེན་པོར་མངའ་བརྙེས། དེ་ནས་གནས་ངེས་མེད་ཁོ་ནར་རྟེན་ཏེ་དབུ་ སྔས་ལ་མི་འཇོག་པ་དང། ཞབས་སྟན་ལ་མི་བཞུགས་པ། ཆུ་དང་ རྡོའི་དཀའ་ཐུབ་སྤྱད་ནས་རྒྱལ་ཁམས་འགྲིམས་ཤིང་གཞན་དོན་ཕུན་ སུམ་ཚོགས་པ་བསྒྲུབས་ནས་དགུང་ལོ་གོ་གཉིས་པར་དྭགས་པོ་ལ་བར་ སྐུ་གཤེགས་སོ། ། རིག་པ་མགོན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་པུ་ རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང། ཡུམ་ཅོག་རོ་བཟའ་ཟངས་ ཁ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་མངའ་རིས་མང་ཡུལ་ དང། འབངས་གཞུ་ནག་བཙན། ཤར་དུ་ཐོག་གསེར་ཁ་གོག་ལད་ [1604] མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་ མིག་གི་ཕ་བོང་གཡག་ལྡེར་རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་ འགོག་པོ། ནུབ་ཁ་ཆེའི་ལ་བཙས་ལ་གཏོགས་པ་རྣམས་ལ་དབང་ བསྒྱུར་ནས་ཆབ་སྲིད་བསྐྱངས་ཤིང། བཙུན་མོ་ཞིག་ཁབ་ཏུ་བཞེས་ཏེ་ རིགས་སྲས་འགྲོ་མགོན་དང། ཆོས་མགོན་གཉིས་སྐུ་འཁྲུངས། གོང་ གི་གནས་ཚུལ་ནི་ རྒྱལ་རབས། ཁོང་ནི་བོད་ཀྱི་ལོ་ རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ ནོ། ། རིག་འཛིན་ཀུ་མཱ་ར་རཱ་ཛ།། ཁོང་ནི་རབ་བྱུང་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ བར་གསར་རྫིང་ཁར་ཡབ་ཇོ་སྲས་བསོད་ནམས་དཔལ་དང། ཡུམ་ཁྱེ་ བཟའ་འབུམ་མེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་ མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ ལ་ཐར་པ་རྒྱན་དུ་ཞུ། དགུང་ལོ་བདུན་པར་ཀོང་པོ་འོ་ཤོད་མཐོ་ སྟེངས་དགོན་པའི་བླ་མ་དགྱེས་རྡོར་བ་ལས་ཀྱེ་རྡོར་དང་བདེ་མཆོག་གི་ དབང་ཞུས། དགུང་ལོ་དགུ་པར་མཁན་པོ་གཙང་པ་ལས་དགེ་བསྙེན་ གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཉིས་པར་མཁན་པོ་ཡེར་པ་བ་ སློབ་དཔོན་མངའ་རིས་པ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་ གཞོན་ནུ་རྒྱལ་པོ་ཞེས་གསོལ། འདུལ་བའི་ཆོས་སྐོར་རྣམས་གསན་ རིན་པོ་ཆེ་གྲགས་ཡེ་ལས་ནཱ་རོ་ཆོས་དྲུག་ལོ་ལྔའི་བར་དུ་ཞུས། ཁྱུང་ [1605] དེ་ནས་ སྒྲགས་ཕུར་ཕེབས་ཏེ་གྲུབ་ཐོབ་མེ་ལོང་རྡོ་རྗེ་དང་མཇལ་ཞིང་ཕྱག་རྒྱ་ ཆེན་པོའི་ཁྲིད་ཞུས་པས་ངོ་འཕྲོད་དེ་རྟོགས་པ་རྒྱུད་དུ་འཁྲུངས། དེ་ ནས་མཚུར་ཕུར་བྱོན་ཏེ་བླ་མ་གཉན་རས་དང་དར་མ་མགོན་པོ་གཉིས་ གསང་སྐོར་གནད་ཀྱི་ངོ་སྤྲོད། སྐལ་ལྡན་ཆོས་ཀྱི་སེང་གེ་ལས་གསང་ བ་གནད་ཀྱི་མེ་ལོང་ལ་སོགས་པའི་རྫོགས་ཆེན་གསང་སྐོར་རྣམས་ཞུས་ སླར་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་ལོ་ངོ་བརྒྱད་ཀྱི་རིང་དུ་བསྟེན་ཏེ་སྙིང་ ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པར་ཞུས། ཁོང་ ལྷ་བཟོ་མཁས་པ་ཡིན་པས་བླ་མའི་དོན་དུ་དབྱར་ཐོག་གཉིས་ལ་ལྷ་བྲིས་ པར་མཛད། དེ་ནས་ཡར་ཀླུང་དུ་ཕེབས་ཏེ་འཚར་སྟེང་གི་རི་ཁྲོད་ བཏབ་ཅིང་དར་ཅིག་བཞུགས། སློབ་དཔོན་སྒོམ་པ་ལས་བསམ་ གཏན་མིག་གི་སྒྲོན་མེ་དང། དཔོན་པོ་བྱང་གྲུབ་ལས་ཡང་དགོན་ པའི་རི་ཆོས། མར་ལམ་བླ་མ་བཀྲ་ཤིས་ལུང་པ་ལས་གཤིན་རྗེ་དགྲ་ ནག་དང། སློབ་དཔོན་ཡེ་མགོན་ལས་རྒོད་ཚང་པའི་ཁྲིད་རྣམས་ དང། ཨ་རོའི་ཁྲིད་མོ་ཆེ་བཅས་ཞུས་ཤིང་ཐོས་བསམ་གྱིས་སྒྲོ་འདོགས་ ཆོད་པར་མཛད། དེ་ནས་རི་ཁྲོད་དང་གངས་ཁྲོད་འབའ་ཞིག་ལ་ འགྲིམས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་ མངའ་བརྙེས། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ བདུན་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན། ཁོང་གི་སློབ་ [1606] དང། ཀརྨ་པ་རང་བ་ཨུང་རྡོ་རྗེ་རྣམ་གཉིས་ཡིན་ནོ། ། རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།། ཁོང་ནི་རྡོར་བྲག་ངག་དབང་འཇམ་དཔལ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། རིག་འཛིན་པདྨ་ལྷུན་གྲུབ།། ཁོང་ནི་སྟག་ཕུ་པདྨ་བཛྲ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། རིག་པ་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་ བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ སྦྱིན་སྲེག་གི་ཆོ་ག། དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས། འགྲེལ་བ། ། རིན་ཆེན་རྒྱལ་མཚན།། [1607] སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ ཕུལ་དུ་ཕྱིན་པ་ཐོས་བསམ་མཛད། དེ་ནས་ལེགས་སྦྱར་གི་སྐད་ལ་ བྱང་ཞིང་ཆུབ་པར་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་དཔལ་ས་སྐྱའི་ གཙུག་ཁང་དུ་བཞུགས་ནས་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ བ། འགྲོའི་དབང་ཕྱུག་གི་སྒྲུབ་ཐབས། པའི་མེའི་མཆོད་པའི་ཏིང་ངེ་འཛིན། གི་ཕྲེང་བ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་མན་ངག། ཉིད་ཀྱི་བདུད་རྩིའི་མན་ངག། བཅས་བཞུགས་སོ། ། རིན་ཆེན་བླ་མ་འཇམ་དབྱངས།། ཁོང་ནི་རབ་བྱུང་བཞི་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ རྒྱལ་ཚ་འབུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་ཡོས་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་དགེ་བའི་བཤེས་གཉེན་ མང་པོའི་ཞབས་ལ་གཏུགས་ནས་ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ ཡིན་པའི་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་པ་ [1608] དགུང་ལོ་ཉི་ཤུ་རྩ་གཉིས་པ་རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་ སྟེ་སྤྱི་ལོ་་ལོར་དཔོན་ཆེན་དགའ་བདེས་རོ་སྐམ་དགོན་པའི་ གདན་སར་བསྐོས་ཏེ་སློབ་མ་མང་པོའི་ཚོགས་པ་བསྐྱངས། དགུང་ལོ་ ཉི་ཤུ་རྩ་གསུམ་པར་ཡང་དགོན་གྱི་རིན་པོ་ཆེ་སངས་རྒྱས་རིན་ཆེན་ སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་ བར་དུ་གདན་སར་བཞུགས་ཤིང་དགོན་པའི་འཆད་ཉན་དང་སྒོམ་སྒྲུབ་ དར་བར་མཛད། དགུང་ལོ་བཞི་བཅུ་ཞེ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་རོ་སྐམ་དགོན་པའི་གདན་རབས་བཞི་ པ་ཡིན། ། རིན་ཆེན་གཞོན་ནུ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ འཕྱོས་ཁ་སྒང་གི་འབྲོག་ཏུ་སྐུ་འཁྲུངས། གདུང་རུས་མཁའ་རེ་ཡིན་ འདས་ལོའི་ལོ་ཚིགས་མི་གསལ། ཁོང་གིས་ཚེས་བཞི་རྙིང་མ་གྲགས་པ་ རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དགུང་ལོ་དགུ་པར་རབ་ཏུ་ བྱུང། ཆོས་ཁྲིད་ཀྱང་རྫོགས་པར་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ པར་གངས་དཀར་ཏི་སེར་བྱོན་ཞིང་དེར་ལོ་ངོ་བཞིའི་རིང་དུ་སྒྲུབ་པ་ མཛད། ཆུ་བར་དུ་སྔ་རྟིང་གཉིས་ལ་ལོ་བཅོ་བརྒྱད་དེ་ལོ་ངོ་ཉི་ཤུ་རྩ་ གཉིས་ཀྱི་རིང་དུ་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་མཛད་པས་ཕྱག་རྒྱ་ ཆེན་པོའི་རྟོགས་པ་འཁྲུངས། མངོན་པར་ཤེས་པའང་མངའ་བརྙེས། དེ་ ཁོ་ན་ཉིད་གཟིགས་ཤིང་ཐུགས་རབ་ཏུ་རྣོ་བས་མཁས་པ་ཆེན་པོར་རློམ་ པ་རྣམས་ཀྱི་སྤོབས་པ་ཡང་འཕྲོག་ནུས་པས། ཀརྨ་པ་དཀོན་མཆོག་ [1609] གཞོན་ཕམ་པར་མཛད། མཁས་པ་སུ་དང་སུ་ཕྲད་ཀྱང་ཉམ་མི་ངའོ་ སྐུ་ཚེ་ཧྲིལ་བོར་བྱ་བྲལ་བའི་བརྟུལ་ཞུགས་བཟུང་ནས་མི་དབང་གྲགས་ པ་རྒྱལ་མཚན་ལ་སོགས་པ་ཆེ་དགུའི་བླ་མར་གྱུར་ཀྱང་དམར་པའི་སྤྱོད་ པ་མཛད་ཅིང་ཁོང་རང་གཅིག་པུར་བཞུགས་ཤིང་ཐབ་ཁའང་རང་གིས་ མཛད། ན་གཟའ་ཐམས་ཅད་ཀྱང་ཅི་བྱུང་མནབས་པ་མ་གཏོགས་བླ་ ཆེན་གྱི་སྤྱོད་པ་གཏན་ནས་མི་འཛིན་པའི་རྣལ་འབྱོར་པ་ཡིན། བརྩོན་ འགྲུས་དང་སྒོམ་སྲན་ཤིན་ཏུ་ཆེ་བས་སྐྱེ་འགྲོ་ཀུན་གྱིས་རྗེ་བཙུན་མི་ལ་ ལྟ་བུར་བཞུགས་སོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་མཆོད་དོ། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་ པོ་དང། ནམ་མཁའ་བསོད་ནམས་རྣམ་གཉིས་ཡིན། ། རིན་ཆེན་འོད་ཟེར།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྟོད་ལུང་མདའི་ཞིང་བཟུང་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་འབྲས་སྤུངས་ སུ་ཆོས་རྗེ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང། སློབ་དཔོན་ཡེ་ཤེས་ བཟང་པོ་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་མཁས་པར་ སྦྱངས། རྒྱུད་པ་ཚུལ་ཁྲིམས་བཟང་པོ་ལས་སྔགས་གཞུང་རྣམས་ གསན་པར་མཛད། ཉི་སྡིངས་སུ་དྲུང་གཟིམས་ཆེན་པ་ལས་བསྙེན་ པར་རྫོགས་ཤིང་ཟབ་ཆོས་མང་དུ་གསན། དགུང་ལོ་ཞེ་དྲུག་པ་རབ་ བྱུང་བརྒྱད་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་ཀྱི་འཆད་ཉད་ [1610] དགུང་ལོ་ང་དྲུག་པ་ལ་བྱང་རྩེར་བྱོན་ དགུང་ལོ་བདུན་ཅུ་ཐམ་པ་རབ་བྱུང་དགུ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་དགའ་ལྡན་གྱི་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་ རིང་དུ་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། གསེར་ཟངས་ཀྱི་མགོན་ པོ་འོད་དཔག་མེད་ཀྱི་སྐུ་བརྙན་བཞེངས། དགུང་ལོ་དོན་བརྒྱད་པར་ ཟུར་བཞུགས་མཛད། དགུང་ལོ་གྱ་བརྒྱད་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་ རབས་བཅུ་བཞི་བ་ཡིན། ཁོང་གི་བུ་སློབ་ཆེ་བ་ནི་བརྩེ་པ་ཆོས་རྗེ་ཆོས་ སྐྱོང་རྒྱ་མཚོ་སོགས་ཡིན་ལ། གསུང་རྩོམ་ནི་ སྒྲོན་མེ། ། རིན་སྡིངས་བློ་བཟང་རྒྱ་མཚོ།། ཁོང་ནི་འོ་འཚོ་བྱེད་བློ་གྲོས་བརྟན་པ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། རིན་སྤུངས་པ་ཀུན་ཏུ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་རིན་ སྤུངས་སུ་ཡབ་ནོར་བུ་བཟང་པོའི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཝང་གྲགས་པ་འབྱུང་གནས་ ་ ཀྱི་ཞབས་ལ་གཏུགས་ཤིང་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་སྦྱངས་པ་མི་ དམན་པ་ཞིག་མཛད། དེ་ནས་ཡབ་མེས་ཀྱི་འཇའ་ས་ལས་འཛིན་ བཟུང་ཞིང་རིན་སྤུངས་རྫོང་གི་རྫོང་དཔོན་མཛད། རབ་བྱུང་བརྒྱད་ པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་མི་གྲངས་ཁྲི་གཅིག་ལྷག་ [1611] སོགས་བཟུང་སྟེ་ཕག་གྲུའི་སྲིད་དབང་ལ་ངོ་རྒོལ་བྱས་ རིན་སྤྱངས་པ་ངག་དབང་འཇིགས་མེད་གྲགས་པ།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་རིན་སྤུངས་སུ་ཡབ་ངག་དབང་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཁྱེན་རབ་ཀྱི་ ཀློང་རྣམ་པར་ཡངས་པས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་ བཅུ་ཕྲག་གཅིག་ལ་མཆོག་ཏུ་མཁས་པར་གྱུར། ཆོས་སྲིད་གཉིས་ཀའི་ ཕྱོགས་ལ་མཁྱེན་རྒྱ་ཆེ་ཡང་སྐུ་ཚེའི་མཇུག་ཏུ་རིན་སྤུངས་པའི་ཆབ་སྲིད་ ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་བཟུང་ནས་མངའ་ཐང་ཕལ་ཆེར་གཞན་ དབང་དུ་གྱུར། ཁོང་གིས་ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་ རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་དུ་འཕགས་པ་ བཞེངས་ཤིང་ཆོས་རྗེ་ཀུན་དགའ་གྲོལ་མཆོག་གདན་འདྲེན་ཞུས་ཏེ་རབ་ གནས་མཛད། ཁོང་གི་གསུང་རྩོམ་ནི་ བཟང་ལེགས་ལམ། བ་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོའི་སྒྲ་དབྱངས། བརྗོད་མཁས་པའི་རྣ་རྒྱན། བཞུགས་སོ། ། རིན་སྤུངས་པ་ངག་དབང་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་དུ་ རིན་སྤུངས་སུ་ཡབ་མཚོ་སྐྱེས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ [1612] ལྔ་དང་སྒྱུ་རྩལ་དྲུག་ཅུ་བཞི་ལ་བྱང་ཞིང་ཆུབ་པར་གྱུར། ཁྱད་པར་དུ་ སྙན་ངག་ལ་མཁས་པས་ བཅོས་བརྩམས། རིན་སྤུངས་མཛད་ཆེན་ཁག་ལ་སྣེའུ་གདོང་གི་ལམ་ ལུགས་བཞིན་དུ་རིན་ཆེན་རྒྱན་ཆ་སོགས་སྤྲོས་རྒྱུའི་སྲོལ་གཏོད། རབ་ བྱུང་དགུ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཨེ་གཉལ་ཕྱོགས་སུ་ དམག་དྲངས་ཀྱང་ཕམ་ཉེས་བྱུང་ནས་རྫོང་གཞིས་ཁ་ཤས་ཤོར་བས་ མངའ་ཐང་ཅུད་ཟད་ཉམས་པར་གྱུར། དེ་ནས་གཙང་ཕྱོགས་སེང་གེ་ རྩེ་དང་ལ་སྟོད་ལྷོ་སོགས་མངའ་འོག་ཏུ་བསྡུས་ཤིང་ཆབ་སྲིད་བསྐྱངས་ ཁོང་ལ་རིགས་སྲས་གསུམ་ཡོད་དེ། པདྨ་དཀར་པོ་དང། དོན་གྲུབ་ ཚེ་བརྟན་རྡོ་རྗེ། ངག་དབང་འཇིགས་མེད་གྲགས་པ་བཅས་སོ། ། རིན་སྤུངས་པ་དོན་གྲུབ་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་རིན་ སྤུངས་སུ་ཡབ་ནོར་བུ་བཟང་པོའི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་སོགས་ལ་ལེགས་པར་ སྦྱངས། ལྷག་པར་དུ་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་འཇོན་ཐང་ཆེ་ ཙམ་བྱུང་བར་བརྟེན་ཕག་གྲུའི་སྲིད་གཞུང་གིས་གཞིས་ཀ་བསམ་གྲུབ་ རྩེའི་རྫོང་དཔོན་དུ་བསྐོ་བཞག་མཛད། དེ་ནས་ཕག་གྲུའི་སྲིད་དབང་ འཛིན་མཁན་ཝང་གྲགས་པ་འབྱུང་གནས་དང་དེའི་ཡབ་སངས་རྒྱས་ རྒྱལ་མཚན་གཉིས་འཆམས་པོ་མ་བྱུང་བའི་གོ་སྐབས་དང་བསྟུན་ཏེ་ རབ་བྱུང་བདུན་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱའི་ [1613] དབང་ལ་དངོས་སུ་རྒྱབ་གཏོད་བྱས་ནས་གཞིས་ཀ་བསམ་གྲུབ་རྩེ་ བཙན་བཟུང་བྱས་ཏེ་རང་ཉིད་ཀྱི་སྲིད་དབང་བཙུགས། དེ་ནས་བཟུང་ གཞིས་ཀ་བསམ་གྲུབ་རྩེ་ནི་རིན་སྤུངས་པའི་ཆབ་སྲིད་ཀྱི་ལྟེ་གནས་སུ་ གྱུར་ཏོ། ། རིན་སྤུངས་པ་དོན་གྲུབ་ཚེ་བརྟན་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་རིན་ སྤུངས་སུ་ཡབ་ངག་དབང་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་མཁས་ པར་སྦྱངས། ཆོས་སྲིད་གཉིས་ཀའི་ཐད་དུ་འཇོན་ཐང་ཅུང་ཟད་ལྡན་ པས་ཡབ་མེས་ཀྱིས་མ་ལོན་པའི་རྣམ་ལྷུན་གྲུབ་རྩེའི་རྫོང་སོགས་མངའ་ འོག་ཏུ་བསྡུས་ནས་ཆབ་སྲིད་བསྐྱངས། ཀརྨ་མི་སྐྱོད་རྡོ་རྗེའི་སྦྱིན་ བདག་མཛད་ཅིང་གསུང་རབ་གླིང་གི་དགོན་པ་བཏབ། རབ་བྱུང་ དགུ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་འབྲུག་པ་པདྨ་དཀར་པོ་ རིན་སྤུངས་སུ་གདན་དྲངས་ཞུས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ པར་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད། ཆོས་དང་འཇིག་རྟེན་ གང་ལ་ཡང་མཁྱེན་རྒྱ་ཆེ་ཞིང། སྣེའུ་རིན་གཙང་བཅས་ལ་ལུགས་ མཐུན་གྱི་ཐབས་ལམ་མཁས་པས་སྡེ་དཔོན་ཚུགས་པའི་ཚད་དུ་བྱེད་དོ། ། རིན་སྤུངས་པ་དོན་ཡོད་རྡོ་རྗེ།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ [1614] རབ་བྱུང་ དགུ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་སོགས་ལ་ལེགས་ པར་སྦྱངས། ལྷག་པར་དུ་དམག་དོན་ལ་མཁས་པ་དང་ཆོས་སྲིད་གཉིས་ ཀའི་ཕྱོགས་ལ་འཇོན་ཐང་ཆེས་ཆེར་ལྡན་པ་ཞིག་ཡིན། རབ་བྱུང་ བརྒྱད་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ཞྭ་དམར་ཆོས་གྲགས་ཀྱི་ སྦྱིན་བདག་བྱས་ཏེ་ཡངས་པ་ཅན་དུ་དགོན་པ་བཏབ། རབ་བྱུང་ བརྒྱད་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དྲག་པོ་གཡུལ་ལ་རྟེན་ ནས་ཡར་ཀླུང་དང། གཞིས་ཀ་བྲག་དཀར། ཆུ་ཤུལ་ལྷུན་རྩེ། ལ་ སྟོད། སྐྱིད་ཤོད་སོགས་བདག་གིར་མཛད། རབ་བྱུང་བརྒྱད་པའི་ས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་དབུས་སུ་དམག་དྲངས་ཏེ་སྣེའུ་གཞིས་ རྩིས་བླངས་ཤིང་ལྷ་ལྡན་སྨོན་ལམ་ཆེན་མོར་གསང་ཕུ་དང་ཀརྨ་བ་ སོགས་ལས་སེ་ར་དང་འབྲས་སྤུངས་གཉིས་ཞུགས་མི་ཆོག་པའི་བཀས་ བཅད། རབ་བྱུང་བརྒྱད་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ འབྲུག་ཆེན་ངག་དབང་ཆོས་རྒྱལ་རིན་སྤུངས་སུ་གདན་དྲངས་ནས་ གཞིས་ལེན་ཕུན་སུམ་ཚོགས་པར་ཞུས། དེ་ལྟར་ཆོས་སྲིད་གཉིས་ཀར་ དབང་བསྒྱུར་ནས་རྫོང་ཆེན་བཅུ་གཉིས་བདག་གིར་མཛད་དོ། ། རིན་སྤུངས་པ་ནམ་མཁའ་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མཇུག་ཙམ་དུ་ དུ་ཡབ་རིན་སྤུངས་པ་ནམ་མཁའ་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་ [1615] ཆོས་སྲིད་གཉིས་ཀའི་ཐད་དུ་མཁྱེན་རྒྱ་ཤིན་ཏུ་ཡངས་པ་ཞིག་ བྱུང། དེ་ནས་རྫོང་དཔོན་གྱི་འགན་ཁུར་བཞེས་ཏེ་ཕག་གྲུའི་ཆབ་ སྲིད་ལ་གཞོགས་འདེབས་ལེགས་པར་མཛད། རབ་བྱུང་བདུན་པའི་ མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་མིང་གོང་མ་ཡུང་ལོ་རྒྱལ་པོས་རིན་ སྤུངས་རྫོང་དུ་བཀོད་འདོམས་པུའུ་བཙུགས་ཤིང་ཁོང་ཉིད་སྣེ་མོ་ལས་ འཛིན་པ་བསྐོ་བཞག་གནང་བ་མ་ཟད། དཔའ་ངར་ཅན་གྱི་དམག་ དཔོན་ཞེས་པའི་ཆོ་ལོ་ཡང་གནང། ཁོང་ནི་འཇོན་ཐང་ཅན་གྱི་རྫོང་ དཔོན་ཞིག་ཡིན་ནོ། ། རིན་སྤུངས་པ་ནམ་མཁའ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ རིན་སྤུངས་སུ་ཡབ་སྒེར་ཤཱཀྱ་འབུམ་གྱི་སྲས་སུ་སྐུ་འཁྲུངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས་ དེ་ནས་ཕག་གྲུའི་ཝང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་ ཆོས་སྲིད་གཉིས་ཀའི་ཕྱོགས་ལ་སྦྱངས་པ་མི་དམན་པ་མཛད་ཅིང་ལས་ ཀའི་འཇོན་ཐང་ཆེ་བར་གྱུར། ཝང་གྲགས་པ་རྒྱལ་མཚན་གྱིས་ཁོང་ ཉིད་གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་དང། ཆུ་མིག་གི་ཁྲིམས་ དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་སོགས་ཀྱི་གོ་སར་བསྐོ་ བཞག་མཛད། ཕག་གྲུའི་སྲིད་དབང་ལ་ཞབས་ཏོག་ལེགས་པར་ཐོན་ པའི་རྫོང་དཔོན་ཞིག་ཡིན་ནོ། ། རིན་སྤུངས་པ་ནོར་བུ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་ [1616] ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས་ དེ་ནས་ཆོས་སྲིད་གཉིས་ཀའི་ཐད་དུ་འཇོན་ཐང་ཅུང་ཟད་ཡོད་པར་ བརྟེན་ཡབ་ཀྱི་གོ་གནས་དཔའ་ངར་ཅན་གྱི་དམག་དཔོན་ཞེས་པ་རྒྱུད་ འཛིན་བྱས་པ་མ་ཟད། ཕག་གྲུའི་སྲིད་གཞུང་གི་སྣེ་མོ་ལས་འཛིན་ རྫོང་དཔོན་སོགས་ཀྱི་འགན་ཁུར་བཞེས་ནས་ཕག་གྲུའི་སྲིད་དབང་ལ་ ཞབས་ཏོག་གང་ལེགས་ཞུས་སོ། ཁོང་ལ་རིགས་སྲས་ཨུ་པ་སི་ཀ་དང་ ཀུན་ཏུ་བཟང་པོ། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་ མཚན་བཅས་ལྔ་ཡོད་ཅིང། དེ་དག་གིས་རིན་སྤུངས་པའི་སྲིད་དབང་ འཛུགས་པར་ཧུར་བརྩོན་བྱས་ཀྱང་གྲུབ་འབྲས་དེ་ཙམ་མ་ཐོབ་པ་ རེད། ། རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་ རིན་སྤུངས་སུ་ཡབ་ནོར་བུ་བཟང་པོའི་སྲས་སུ་སྐུ་འཁྲུངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་ལེགས་པར་སྦྱངས་ ལྷག་པར་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་སྦྱངས་པ་མི་དམན་པ་བྱས་ ནས་ཕག་གྲུའི་སྲིད་གཞུང་གི་སྣེ་མོ་ལས་འཛིན་པ་བྱས། རབ་བྱུང་ བདུན་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཕག་གྲུའི་སྲིད་དབང་ འཛིན་མཁན་ཝང་ཀུན་དགའ་ལེགས་པ་དང་དེའི་ཡབ་ཡུམ་སོགས་ཁྱིམ་ གཞིས་མི་མཐུན་པའི་གོ་སྐབས་དེ་དང་བསྟུན་ནས་ཁོང་གིས་མཁར་ ཐོག་བཙན་བཟུང་བྱས། རབ་བྱུང་བརྒྱད་པའི་ཤིང་ཕོ་འབྲུག་ལོ་ [1617] རིགས་སྲས་ངག་དབང་བཀྲ་ཤིས་གྲགས་པ་སྐུ་ན་མ་སོན་པའི་བར་དུ་ ཁོང་དང་སྤྱན་སྔ་ཆོས་ཀྱི་གྲགས་པ་གཉིས་ཐུན་མོང་ནས་ཕག་གྲུའི་སྲིད་ དབང་ལོ་ངོ་བཅུའི་རིང་དུ་བསྐྱངས་སོ། ། རུ་ཐོག་པ་ཆེན་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ གྲ་ཟུར་ཕུར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གི་ གདུང་རུས་མཛོ་རོ་ཡིན། ཁོང་གི་སྐུ་ཚེ་སྟོད་ལ་གྲའི་ལྡེའུ་སྒང་དུ་སྣ་རོ་ ཆོས་ཀྱི་སློབ་མར་མཛད་ཅིང་ཆོས་རྣམས་ལེགས་པར་ཞུས། སྐུ་ཚེའི་ སྒང་ལ་ལྷ་ཕྱུག་མཁར་པ་ཉི་ཟླ་འོད་ཀྱི་སློབ་མར་མཛད་ཅིང་ཕྱག་རྒྱ་ ཆེན་པོའི་སྒོམ་ཁྲིད་ཞུས། རྟོགས་པ་ཤིན་ཏུ་མཐོ་བར་གྱུར། དེ་ནས་ མལ་གྲོ་རུ་ཐོག་དང། སྒང་བུ་དགོན་པ་བཅས་གསར་འདེབས་མཛད་ ནས་སློབ་མ་མང་པོའི་ཚོགས་པ་བསྐྱངས་སོ། ཁོང་གི་མཚན་གཞན་ནི་ རྟོགས་ལྡན་ཞིག་པོ་སྟོན་བདེ་ཞུའོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ རྟོགས་ལྡན་གསུམ་ཡོད་དེ། རྟག་ཆེད་དུ་རྟོགས་ཚལ་པ་དང། ཟ་ ལུང་དུ་རྟོགས་ལྡན་མཛེས་པ། རྟ་སྒ་རུ་རྟོགས་ལྡན་དར་བསོད་བཅས་ ཡིན། ། རུ་ཡོང་བཟའ་སྟོང་རྒྱལ་མཚོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཁྲི་ཐོག་རྗེ་བཙན་གྱི་བཙུན་མོ་དང། རྒྱལ་པོ་ལྷ་ ཐོ་ཐོ་རི་གཉན་བཙན་གྱི་མ་ཡུམ་ཡིན། [1618] ཞེས་འཁོད་འདུག་གོ་ རུ་ཡོང་བཟའ་མདོ་རྒྱལ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་ཤིང། རྒྱལ་པོ་མུ་ནེ་བཙན་པོའི་བཙུན་མོ་ཡིན་ནོ། ། རུ་ལས་སྐྱེས།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་མཛངས་བློན་དུ་གྱུར་ཏེ། དེ་ ཡང་ ལས་སྐྱེས་ཁྱོད་ཀྱིས། ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན་ སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། ཆེ་ཆུང་མེད་པའི་མི་ ཀུན་ཁྱོད་ལ་སྨོན། མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་ཞེས། བཏགས་ ཤིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། རྒྱལ་པོས་ཁུ་བོར་ཁུར་བས་ཁུའི་ རུས་སུ་ཐོགས་སྐད། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་ གྱི། ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། མཛངས་པའི་ ལས་སུ་ཤིང་བསྲེགས་སོལ་བ་བྱུང། དེ་ཡིས་རྡོ་བཞུགས་གསེར་དངུལ་ ཟངས་ལྕགས་ཕྱུང། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས་ ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། རྨོན་པ་དོར་སྡེབས་སྤང་ ཐང་ཞིང་དུ་རྨོས། བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། རྨོས་ པའི་ལོ་ཏོག་ཐོག་མར་འདི་ནས་བྱུང། མ་འོངས་སྔགས་དང་འདུལ་ བ་འབྱུང་བའི་ལྟས། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང། [1619] ར་ལུག་ཁྱིམ་དུ་དགོས། ། རུས་པའི་རྒྱན་ཅན།། ཁོང་ནི་སངས་རྒྱས་རྒྱལ་མཚན་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ་ རེད་མདའ་བ་གཞོན་ནུ་བློ་གྲོས།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་རེད་མདའ་ཁང་སོར་ཡབ་བཀྲ་ཤིས་རྒྱལ་མཚན་དང། ཡུམ་ དབང་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་གདུང་ རུས་ནི་མགར་ཡིན་ལ་བྱིས་པའི་མིང་དུ་བཙུན་ནེ་ཞེས་ཞུ། དགུང་ལོ་ ཆུང་ངུའི་དུས་ནས་འཕགས་ཆེན་ཆོས་བཟང་དཔལ་ལས་སེམས་བསྐྱེད་ དང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུས། དགུང་ལོ་བཅོ་བརྒྱད་པར་ས་ བཟང་པཎ་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་གཞོན་ནུ་ བློ་གྲོས་ཞེས་གསོལ། དེ་ནས་ཉ་དབོན་ཀུན་དགའ་དཔལ་བ་དང་ གཡག་ཕྲུག་སངས་རྒྱས་དཔལ་བ་གཉིས་ལས་ཚད་མ་རྣམ་འགྲེལ། བླ་མ་ བསོད་ནམས་རྒྱལ་མཚན་ལས་ཕར་ཕྱིན། ལོ་ཆེན་བྱང་ཆུབ་རྩེ་མོ་ལས་ མངོན་པ་གོང་འོག་ལྡོག་ལོད་པ་ཀུན་དགའ་བཟང་པོ་ལས་འདུལ་བ་ ཆོས་རྗེ་བྱང་ཆུབ་སེང་གེ་ལས་དབུ་མ་བཅས་ལ་ཐོས་བསམ་མཛད་ཅིང་ བསྙེན་པར་རྫོགས། དེ་ནས་སྔགས་ལ་བློ་ཁ་ཕྱོགས་ཏེ། ལོ་ཆེན་བྱང་ ཆུབ་རྩེ་མོ་ལས་གསང་འདུས་དང། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ [1620] ས་བཟང་པཎ་ཆེན་ལས་བདེ་མཆོག་རྒྱལ་ སྲས་ཐོགས་མེད་བཟང་པོ་ལས་ལམ་རིམ་དང་བློ་སྦྱོང་སོགས་གསན་ པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། མདོར་ན་དགེ་བའི་བཤེས་ གཉེན་ཉི་ཤུ་ལྷག་ལ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཀྱི་ དགོངས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ་བཤད་སྒྲུབ་ཀྱི་ བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད། དགུང་ལོ་དྲུག་ཅུ་རེ་ བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་ བརྒྱུད་ཀྱི་བླ་རབས་བདུན་ཅུ་དོན་བཞི་པ་ཡིན། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཉིད་ཀྱི་ཞལ་ནས། ཀུན་མཁྱེན་ཤེར་འོད་བློ་བཟང་ གྲགས་པ་སོགས། གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་ གཉེན་བདུན། དཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག་ཕར་ ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ་ཞེས་གསུངས་སོ། ཁོང་གི་ གསུང་རྩོམ་ནི། རྩའི་ཊཱིཀྐ། ཊཱིཀྐ། ཀྱི་ཊཱིཀྐ། བསྟོད་པ། ། རེའུ་སྨལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ [1621] ཁོང་ སྐུ་ན་སོན་རྗེས་ཡ་རྩེའི་མངའ་བདག་མཛད་ཅིང་ཆབ་སྲིད་བསྐྱངས་ ཏེ། ཡབ་མངའ་བདག་ཨ་ནན་སྨལ་གྱིས་སོག་པོའི་ལག་ནས་སྔར་རྒྱ་ གར་རྡོ་རྗེ་གདན་གྱི་མཆོད་རྒྱུན་དུ་གཏོགས་པའི་གྲོང་སྡེ་ཉོས་ཏེ་ཕུལ་བ་ རྣམས་མུ་མཐུད་དུ་གཞན་ཤོར་མི་འབྱུང་རྗེས་གནོན་དང། དེ་དག་ དང་འབྲེལ་བའི་ཉེ་འདབས་ཀྱི་གྲོང་ཁྱེར་འགའ་ཞིག་ལ་དབང་བསྒྱུར་ བྱས་པར་མངོན། ཁོང་གིས་སྦྱིན་བདག་མཛད་དེ་མངའ་རིས་སུ་ དངུལ་དཀར་ཞེ་གཅིག་ལས་གྲུབ་པའི་སྨན་བླ་མཆེད་བརྒྱད་ཀྱི་སྣང་ བསྙན་བཞེངས་པ་དང། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་ཚལ་པ་ཁྲི་དཔོན་སྨོན་ལམ་རྡོ་རྗེར་མངགས་བཅོལ་གྱིས་ མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་རིན་ཆེན་རྡོ་རྗེ་དང། མཛོད་པ་ཨ་ ཛུ་ལ་སོགས་པ་ཆེད་དུ་དབུས་ལྷ་ལྡན་དུ་མངགས་ཏེ། ཟངས་ཁལ་ བཅོ་བརྒྱད་ལ་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི། གསེར་ སྲང་ལྔ་བརྒྱ་རྣམས་ལས་གྲུབ་པ་ར་ས་འཕྲུལ་སྣང་གི་ཇོ་བོ་ཤཱཀྱ་མུ་ནེའི་ དབུ་ཐོག་ཏུ་གསེར་ཐོག་ཕུབ་པ་དང། བཅུ་གཅིག་ཞལ་གྱི་དབུ་ཐོག་ ཏུ་གསེར་ཐོག་ཆུང་ངུ་ཞིག་ཕུབ་པ་འདི་ནི་ལྷ་ས་གཙུག་ལག་ཁང་འདིར་ གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན་པའི་ཐོག་མ་ཡིན། ཁོང་ནི་ཡ་རྩེའི་ རྒྱལ་རྒྱུད་ཀྱི་གདུང་རབས་བདུན་པ་ཡིན་ནོ། ། རོ་སྐམ་ཉི་མ་ཤེས་རབ།། ཁོང་ནི་རབ་བྱུང་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གླགས་ཀྱི་ཕུ་ལུང་མྱང་ཁང་ཕྱུག་པོ་བཀྲ་ཤིས་སེང་གེའི་སྲས་སུ་སྐུ་ [1622] རབ་བྱུང་བཞི་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་མཁན་པོ་ལྕགས་ཕུ་བ་ དང་སློབ་དཔོན་མཁར་བ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཉི་མ་ ཤེས་རབ་ཅེས་གསོལ། བླ་མ་ཞང་གི་གྲྭའི་འགྱེར་དུ་དམག་ལ་བྱོན་པ་ དང་ངར་ཕུག་ཏུ་ཕྱག་ཕྱི་ལ་ཕྱིན། ཚལ་གུང་ཐང་དུ་མཁན་པོ་ཤ་མི་ འདུལ་འཛིན་དང། སློབ་དཔོན་བླ་མ་ཞང། མཁན་པོ་བཟོད་པ་ སོགས་ཀྱི་སྤྱན་སྔར་བསྙེན་པར་རྫོགས། དགུང་ལོ་ཞེ་དགུ་བར་དུ་བླ་ མ་ཞང་ལ་བསྟེན་ནས་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་ ཐོབ། བླ་མ་ཞང་འདས་རྗེས་རོ་སྐམ་དུ་འཇག་སྤྱིལ་མཛད་ནས་སྒོམ་ སྒྲུབ་མཛད། དེ་ནས་འབྲི་གུང་ཆོས་རྗེ་དང་མཇལ་ཞིང་ཆོས་ཐོབ་པ་ དང། སྒོམ་ཞྭ་ཚོགས་དུང་སོགས་ཀྱང་གནང། རབ་བྱུང་གསུམ་ པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རོ་སྐམ་དགོན་པ་གསར་ འདེབས་མཛད་ཅིང་སློབ་མ་མང་པོའི་ཚོགས་པ་ཡུན་རིང་དུ་བསྐྱངས་ ཞོར་དུ་ཚལ་གུང་ཐང་གི་གདན་ས་ལ་ཡང་ཞབས་ཏོག་ཕུན་སུམ་ཚོགས་ པ་མཛད། དགུང་ལོ་བདུན་ཅུ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ། རོག་སྟོན་དཀོན་མཆོག་སྐྱབས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྟོད་ལྷ་རྩེ་ཁུལ་གྱི་མང་མཁར་ཚ་ལུང་དུ་སྐུ་འཁྲུངས། རྔོག་བློ་ལྡན་ ཤེས་རབ་ ་ དང་དུས་མཉམ་ཡིན། ཁོང་དགུང་ ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས། དེ་ནས་ [1623] ནས་ལེགས་པར་མཁྱེན། རབ་བྱུང་དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་རྒྱ་གར་དུ་ཕེབས་ཤིང་ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མ་ ལ་བསྟེན་ནས། བོད་ཡུལ་དུ་ལོག་ཕེབས་མཛད་ཅིང་གསོ་རིག་གི་འཆད་ཉན་སྤེལ། ཁོང་ གི་མཚན་གཞན་ལ་སྟོད་སྟོན་དཀོན་མཆོག་སྐྱབས་ཞེས་ཞུའོ། ཁོང་ གི་གསུང་རྩོམ་ནི། མཆན་བུ། ། རོག་ཞིག་པོ་རིན་ཆེན་ཤེས་རབ།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཡབ་རོག་བཀྲ་ཤིས་གྲགས་པ་དང། ཡུམ་ཆོས་ཀྱི་དགེ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་གསུམ་པར་ཡི་གེའི་འབྲི་ ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་གཉིས་པར་ཁ་རག་འདུལ་བ་ འོད་ལས་ཆོས་མང་དུ་ཞུས། དགུང་ལོ་བཅུ་དྲུག་པར་གྲོང་ཆོག་ཏུ་ ཕེབས་ཏེ་ཡུམ་གྱི་ཞབས་ཏོག་ལེགས་པར་མཛད། དགུང་ལོ་བཅོ་བརྒྱད་ པར་བྱ་མོ་སྤྲེ་ལྟག་གི་ཕུག་པར་སྒོམ་སྒྲུབ་མཛད་པས་རང་བཞིན་ གྱིས་སྟོང་པའི་སེམས་ཀྱི་ངོ་བོ་མངོན་སུམ་དུ་རྟོགས། དེ་ནས་གཅེན་ པོ་རོག་ཤེས་རབ་འོད་ལས་ཆོས་དང་གདམས་ངག་མང་དུ་ཞུས། དགུང་ ལོ་ཉེར་ལྔ་པར་ནམ་མཁའ་རྫོང་དུ་ཕེབས་ནས་སྒྲུབ་པར་མཛད། དགུང་ [1624] པར་ཞུས་ཤིང་རྟོགས་པ་ཁྱད་པར་ཅན་འཁྲུངས། དགུང་ལོ་སོ་གཅིག་ པར་འབྲི་གུང་དུ་བྱོན་ཏེ་མཁན་པོ་དཔལ་ཆེན་གུར་བ་དང། སློབ་ དཔོན་གཙང་པ་འདུལ་འཛིན། གསང་སྟོན་ལྕགས་རི་བ་མཛད་ཅིང་ བསྙེན་པར་རྫོགས་ཤིང་མཚན་ལ་རིན་ཆེན་ཤེས་རབ་ཅེས་གསོལ་ འཆུས་པ་བརྩོན་འགྲུས་སེང་གེ་དང། འཆར་བུ་རྒྱ་རས། རི་ཁྲོད་སྦུག་ སྟོན། རྒྱལ་བ་དཀོན་སྐྱབས། རོག་སྟོན་བཙན་པོ། རོག་སྟོན་ཀླུ་ སྦྱིན། ཞིག་པོ་བདུད་རྩི། ཁ་རག་སྐྱི་སྟོན། ཤངས་པ་རོམ་བཧེ། ལོ་ སྒོམ། གླན་སྙིང་པོ། རོག་ཤེས་རབ་ཟླ་བ། ལྷབ་འདྲེས་མ་གོང་བ་ བཅས་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་མདོ་རྒྱུད་བསྟན་ བཅོས་དང། གྲུབ་མཐའ་སོ་སོའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ བཅས་ལ་གསན་པར་མཛད། དེ་ནས་ཙ་རི་དང། མཁར་ཆུ་ ཤམ་བུ། མུ་ཏིག་ཕོ་མ། གངས་བཟང་བཅས་ཀྱི་གནས་རི་རྣམས་ སུ་ཕེབས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད། དགུང་ལོ་སོ་བདུན་པར་ བཀའ་བརྒྱུད་ཀྱི་གསུང་རབ་རྣམས་གསེར་དུ་བཞེངས་པར་མཛད་ དགུང་ལོ་བཞི་བཅུ་ཐམ་པར་དིང་རི་ལ་ཕེབས་ནས་མཆོད་པ་རྒྱ་ཆེར་ ཕུལ། སློབ་མ་རྣམས་ལ་ཆོས་ཀྱི་ཆར་ཕབ་ཅིང་ལམ་རིམ་ཆེ་ཆུང་ བཤད་འབུམ་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས། དེ་ནས་ གཞན་དོན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་ལྔ་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཞི་བྱེད་བརྒྱུད་པའི་ཕྱི་མའི་ སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན་ནོ། ། [1625] རོག་ཤེས་རབ་རྒྱ་མཚོ།། ཁོང་ནི་རབ་བྱུང་དང་པོའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྔགས་པ་ཡོན་ཏན་ཤིན་ཏུ་ཆེ་བ་གཅིག་གི་སྲས་སུ་སྐུ་འཁྲུངས། རབ་ བྱུང་གཉིས་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་གཞོན་ནུའི་སྐབས་སུ་རབ་ཏུ་བྱུང། རོག་མངོན་པ་བ་ དང། རྒྱ་འདུལ་འཛིན་མགོ་ཉུག་བྱུང་བ་ཞིག་ལ་མངོན་པ་དང་ འདུལ་བ་ལེགས་པར་གསན། དེ་ནས་པོ་ཏོ་བ་རིན་ཆེན་གསལ་གྱི་ ཞབས་ལ་གཏུགས་ཤིང་བཀའ་གདམས་པའི་ཆོས་སྐོར་ཐམས་ཅད་ལོ་ངོ་ ཉི་ཤུ་རྩ་གཉིས་ཀྱི་རིང་དུ་གསན་པར་མཛད། འགྲོ་མགོན་ཕག་མོ་གྲུ་ པས་ཀྱང་ཁོང་གི་ཞབས་ལ་གཏུགས་ནས་ཆོས་འབྲེལ་ཡང་གསན་ སློབ་མ་ཡང་སྟོང་གཅིག་ལྷག་ཙམ་བསྐྱངས་ཤིང་འགྲོ་དོན་ཡང་རྒྱ་ཆེན་ པོ་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ ལོ་བདུན་ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཞིག་ཡིན་ནོ། ། རོག་ཤེས་རབ་འོད།། ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཡབ་རོག་བཀྲ་ཤིས་གྲགས་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ ལོ་ལྔ་པར་མེས་པོ་རོག་ཤེས་རབ་བླ་མ་ལས་ཡིག་རྩིས་རྣམས་ལེགས་པར་ བསླབས། དགུང་ལོ་བདུན་པར་ཀློག་ལ་ཤིན་ཏུ་མཁས་པས་ཉིན་ གཅིག་ལ་ཉི་ཁྲི་ཚར་གཅིག་འདོན་ཐུབ་པ་བྱུང། དགུང་ལོ་བཅུའི་ [1626] གསན། དགུང་ལོ་བཅུ་གསུམ་བར་དུ་ཕུར་པའི་བསྙེན་པ་མཚམས་ མཛད་པས་གྲུབ་རྟགས་མང་དུ་བྱུང། དེ་ནས་རོག་སྟོན་བཙན་པོ་ལ་ བསྟེན་ནས་སོ་ལུགས་ཀྱི་མདོ་སྒྱུ་སེམས་གསུམ་དང། སྒྲུབ་ཐབས་རྣམ་ གསུམ་དང། རོག་སྟོན་ཀླུ་སྤྱིན་ལས་བདེ་མཆོག་མར་དོ་ལུགས་ བཅས་གསན་པར་མཛད། དགུང་ལོ་བཅོ་ལྔ་པར་ལྷབ་འདྲེས་མ་གོང་ བ་ལས་སྔ་འགྱུར་གྱི་རྒྱུད་ལྔ་དང། བདུད་རྩི་ཁམས་ལུགས། རྟ་ མགྲིན་ལྷ་བཞི། སྒྲོན་སྤྲུལ་བཅས་གསན། དགུང་ལོ་བཅུ་དྲུག་པར་ སློབ་དཔོན་ཡམ་ཤུད་དངོས་གྲུབ་ལས་མདོ་སྒྱུ་ཟུར་ལུགས་གསན་ དགུང་ལོ་བཅུ་བདུན་པར་སྐྱང་པོ་དར་མ་གྲགས་ལས་འཇམ་དཔལ་ སྒེག་པའི་ཆོས་བཞི་དང་སྨྲྀ་ཏིའི་ཆོས་དྲུག་གསན། དགུང་ལོ་བཅུ་དགུ་ པར་ལང་སྟོན་ཇོ་པད་ལས་མངོན་པ་ཀུན་བཏུས་དང། རྒྱ་བསོད་ ནམས་འབར་ལས་བདུད་རྩི་རྒྱ་ལུགས། སློབ་དཔོན་ཇོ་དར་ལས་ རྫོགས་ཆེན་ཀློང་ཆེན། གཙང་ནག་པ་བརྩོན་འགྲུས་སེང་གེ་ལས་ཚད་ མ་བསྡུས་པ། གྲུབ་ཐོབ་དངོས་གྲུབ་ལས་ཐུགས་རྗེ་ཆེན་པོ་སྐོར་གསུམ་ བཅས་གསན་པར་མཛད། དེ་ནས་གྲྭ་ཐང་དུ་ཕེབས་ཏེ་འཆད་ཉན་ མཛད། དགེ་བཤེས་མཐའ་བཞི་བ་ལས་ཕར་ཕྱིན་དང་དབུ་ཚད། ནཱ་ རོའི་ཐབས་ལམ་ཞུས་པས་གདམས་ངག་ལ་འཕྲིག་ཚུད། དགུང་ལོ་ ཉེར་བརྒྱད་པར་འཆུས་པ་བརྩོན་འགྲུས་སེང་གེ་ལས་རྨ་སོ་སྐམ་གསུམ་ གྱི་གདམས་ངག་རྣམས་རྫོགས་པར་གསན། དགུང་ལོ་སོ་གཉིས་པར་ གྲ་ཕྱིའི་སློབ་དཔོན་རོ་བཧེ་ལས་བདེ་མཆོག་ལྷ་བཅུ་གསུམ་མ་དང། ཏིང་ [1627] ལོ་རོ་བའི་ཆོས་བཞི། འཕོ་བསྲེ། ཐུན་འཇོག་སྙན་ བརྒྱུད་ཡུམ་སྐོར། རྣམ་འཇོམས་སྣུར་ལུགས། འཚུར་གྱི་ཤོག་དྲིལ་ བཞི་བཅས་ཞུས། དགུང་ལོ་བཞི་བཅུ་ཐམ་པར་རྒྱལ་ཚ་མདོ་དབང་ གིས་སྙེ་མདོ་ཕུལ་བ་བཞེས་ནས་གདན་ས་སྨྲ་བའི་སེང་གེ་ལ་གཏད་ དགུང་ལོ་བཞི་བཅུ་རྩ་དགུ་པ་ནས་གཞན་དོན་བསྒྲུབས་ཏེ་དགེ་བཤེས་ ཁམས་པ་ཤེས་རབ་བརྩོན་འགྲུས་ལ་སོགས་པའི་སློབ་མ་མང་དུ་ བསྐྱངས། དགུང་ལོ་རེ་བརྒྱད་པར་ཆོས་གྲྭ་ཆེན་པོ་སུམ་ཅུ་ཙམ་ལ་ཆོས་ ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར། སྒྱུ་འཕྲུལ་ལམ་རིམ་གྱི་ཊཱིཀྐ་དང་གཞི་ ལམ་གྱི་སྟོང་ཐུན་བཅས་བརྩམས་པར་མཛད། དེ་ནས་གཞན་དོན་ ལེགས་པར་གྲུབ་ཅིང། དགུང་ལོ་བདུན་ཅུ་རྩ་དགུ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་ བརྒྱུད་པ་སྤེལ་མཁན་ཡིན་ནོ། ། རོང་ཁམས་ཞབས་དྲུང་ཆོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཧན་སྟག་ལུང་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་ འཁྲུངས་རབས་བཅུ་བཞི་ཡོད་པའི་མཁས་གྲུབ་ཆེན་པོ་ཡིན། དགུང་ ལོ་བཅུ་བདུན་པར་དབུས་སུ་བྱོན་ཏེ་དགུང་ལོ་བཞི་བཅུའི་བར་ལོ་ངོ་ ཉེར་བཞིའི་རིང་དུ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཅིང་གསང་ཕུར་གྲྭ་བསྐོར་མཛད་ནས་མཚན་ བཏགས་བཞེས། ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་ [1628] གསན། དེ་ནས་མདོ་སྨད་དུ་ཕེབས་ཏེ་ཟམ་ཚའི་དཔོན་ཁག་འགས་ གདན་དྲངས་ཤིང་མདོ་སྨད་སྤྱིའི་ས་འདུལ་ལྟ་བུར་ཕྱོགས་ཕྱོགས་སུ་ལ་ བཙས་དང་རྡོ་འབུམ་མང་དུ་བརྩིགས། གུག་ཆེན་ལུང་པར་དགའ་ ལྡན་བཀྲ་ཤིས་རབ་རྒྱས་གླིང་གི་རི་ཁྲོད་གསར་འདེབས་མཛད་ཅིང་ འདུ་ཁང་རྟེན་བརྟེན་པ་དང། དངུལ་སྲང་སྟོང་ཕྲག་ལྷག་གིས་བཀའ་ འགྱུར་དང་བསྟན་འགྱུར་བཞེངས། སློབ་མ་རྣམས་ལ་འཆད་ཉན་ མཛད་མུར་དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས་སོ། ། རོང་སྟོན་སྨྲ་བའི་སེང་གེ་ ཁོང་ནི་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་དང་མི་ གཅིག་ཡིན་པས་དེར་གཟིགས་པར་ཞུའོ། ། རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ རྒྱལ་མོ་རོང་དུ་བོན་པོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ གཞོན་པའི་དུས་ནས་གཙང་དུ་བྱོན་ཏེ་གསང་ཕུ་ལ་བཞུགས་ཏེ་མདོ་ སྔགས་རིག་གནས་དང་བཅས་པར་སློབ་གཉེར་དཔྱིས་ཕྱིན་པར་མཛད་ དགུང་ལོ་ཉི་ཤུ་ཙམ་བཞེས་པ་ན་རྣམ་ངེས་ལ་མཁས་ཤིང་རིགས་པ་སྨྲ་ བ་ལ་འགྲན་པའི་ཟླ་དང་བྲལ་བས་མཚན་ལ་སྨྲ་བའི་སེང་གེ་ཞེས་ གསོལ། དམར་སྟོན་ཆེན་པོ་ལས་སོ་སོ་ཐར་བའི་བསླབ་པ་ཡང་དག་ [1629] དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་སྡེ་སྣོད་ མཐའ་དག་ལ་དབང་ཐོབ་པར་གྱུར། ལ་སྟོད་དང། ལྷོ་བྱང་ གཙང་སྟོད་སྨད། དབུ་གཡོར་གྱི་དགོན་གནས་མང་པོར་ཕེབས་ཤིང་ བློ་དང་ལྡན་པའི་སློབ་མ་མང་པོ་ལ་ཇི་ལྟར་འོས་པའི་སྡེ་སྣོད་སོ་སོའི་ བཤད་པ་མཛད། ཁོང་གིས་མཁན་ཆེན་སངས་རྒྱས་དཔལ་བའི་ སྲོལ་གཙོ་བོར་བཟུང་ནས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་ བཅས་པ་རྒྱུན་མི་འཆད་པར་གསུང་ཞིང། དེའི་མན་ངག་ཞི་བྱེད་ བརྒྱུད་པ་ཕྱི་མ་གཙོ་བོར་མཛད། སློབ་མ་ནང་དག་པ་རྣམས་ལ་ཐོག་ མ་མེད་པའི་འཆིང་བ་འདི་རྣམས་ཀྱིས་ཆོག་ལ། རང་གི་ཡིད་ལ་ཇི་ ལྟར་བདེ་བའི་གྲུབ་མཐའ་བཟུང་བས་ཆོག་གསུངས། རྫས་སམ་ཡོ་ བྱད་ལ་ནི་ཆགས་པ་ཅུང་ཟད་ཀྱང་མི་མངའ། འཕྲལ་དུ་ཆོས་བཤད་ པ་ཁོ་ན་ལ་བརྩོན་པ་ལྟར་མཛད་ཀྱང་རྣལ་འབྱོར་ལ་རྒྱུན་དུ་གནས་པས་ རླུང་ལྔའི་ཁ་དོག་ཀྱང་སོ་སོར་གཟིགས། ཞབས་ཀྱི་མཐེ་བོང་གི་སེན་ མོ་ཞིག་ལྷུང་བ་ཡང་ཉ་ལྕིབས་སུ་གྱུར། རབ་བྱུང་བདུན་པའི་ཤིང་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་བོད་ཀྱི་ནཱ་ལེནྡྲའི་དགོན་པ་གསར་ འདེབས་མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དེ་ནས་ བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་ གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གདན་ས་ འཛིན་པའི་སློབ་མ་གཙོ་བོ་ནི་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་ཡིན་ནོ། ། རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ [1630] བཀྲ་ཤིས་དཔལ་ལྡན་དང། ཡུམ་སྨན་ལྷ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་སྐུ་གོང་མ་བློ་བཟང་བསྟན་ པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཡུལ་ཤུལ་ཁུལ་གྱི་ རག་ རྭ་ ཉག་ཐེག་ཆེན་གླིང་གི་རོང་ཐ་བླ་བྲང་གི་གདན་སའི་ཁྲི་ལ་ མངའ་གསོལ། བླ་མ་རྒྱལ་མཚན་བཟང་པོ་དང། བློ་བཟང་འཕྲིན་ ལས་རྒྱལ་མཚན་གཉིས་ཡོངས་འཛིན་དུ་བསྟེན་ནས་ཡེ་གེའི་སྦྱོར་ཀློག་ དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། ཡོངས་འཛིན་གཉིས་ལས་ དགེ་བསྙེན་བསྒྲུབས་ཤིང་མཚན་ལ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཅེས་ གསོལ། དགུང་ལོ་བཅུ་ཐམ་པར་ཡོངས་འཛིན་བློ་བཟང་འཕྲིན་ལས་ པཎ་ཆེན་རིན་པོ་ཆེ། འཇོག་རི་རིན་པོ་ཆེ་ ཀེའུ་ཚང་བློ་བཟང་ཡེ་ཤེས་སོགས་ལ་བསྟེན་ནས་བདེ་གསང་འཇིགས་ གསུམ་གྱི་དབང་ལུང་མང་དུ་གསན། དགུང་ལོ་བཅུ་གཅིག་པར་ཕུར་ ལྕོག་བྱམས་པ་རྒྱ་མཚོ་ལས་དགེ་བསྙེན་དང། རབ་བྱུང། དགེ་ ཚུལ་བཅས་ཀྱི་སྡོམ་པ་བཞེས་ཏེ་རང་དགོན་དུ་ཕེབས། དགུང་ལོ་ བཅུ་གསུམ་པར་ཀོ་རྫོང་གི་པཎྜི་ཏ་དཱ་ན་རག་ཉག་དགོན་དུ་གདན་ དྲངས་ནས་སྙན་ངག་དང། སུམ་རྟགས། བརྡ་གསར་རྙིང་བཅས་ ལ་སྦྱངས་པ་མཛད། དགུང་ལོ་བཅུ་དྲུག་པར་དཔལ་སྤུངས་དགོན་དུ་ ཕེབས་ཏེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་དབང་ལུང་མན་ངག་མང་དུ་ [1631] དགུང་ལོ་བཅུ་དགུ་པར་དབུས་སུ་ཐེངས་གཉིས་པ་ཕེབས་ནས་ ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་སུ་ཕེབས་ཏེ་ལྷ་རམས་པའི་དམ་ བཅའ་སོགས་ལ་བྱོན། རྗེ་བློ་གྲོས་མཐའ་ཡས་ལས་བསྙེན་རྫོགས་ བསྒྲུབས་ཤིང་རང་དགོན་དུ་ཕེབས། དགུང་ལོ་ཉི་ཤུ་རྩ་དྲུག་པར་རག་ ཉག་དགོན་གྱི་བྱམས་ཁང་དང་ཕོ་བྲང་ཞིག་གསོས་མཛད་ཅིང་གཙོ་བོ་ སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་དགུང་ལོ་ཞེ་ལྔ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི། ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དག་ སྣང་ནོར་བུ་འདྲེན་པའི་ཤིང་རྟ། དཔལ་གསང་བ་འདུས་པའི་བསྙེན་ཡིག་རབ་གསལ་ཤེལ་དཀར་མེ་ ལོང། དགོན་བདེ་ཆེན་གླིང་གི་རྟེན་དང་བརྟེན་པར་བཅས་པའི་ལོ་རྒྱུས་ དཀར་ཆག་གསལ་བ། པོད་གཉིས་བཞུགས་སོ། ། རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་སྒ་ལུང་སྟེ་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་ རིགས་རང་སྐྱོང་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ ལོ་དགུ་པར་ཡུལ་ཤུལ་རྫོང་འགྲོས་མདའ་ཞམ་གྱི་ཁོངས་གཏོགས་རག་ རྭ་ ཉན་ཕུན་ཚོགས་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ནས་རབ་ཏུ་ བྱུང། དེ་ནས་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ་སྡེ་སྣོད་གསུམ་དང་ [1632] དགུང་ལོ་བཞི་བཅུ་ ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་འཇིགས་བྱེད་དབང་ཆོག་ལྗགས་བརྩམས་གནང། མདོར་ན་ མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ དོ། །ཁོང་གི་གསུང་རྩོམ་ནི། བཤད། གསལ་བའི་མེ་ལོང། གསལ་ཡིད་ཀྱི་དགའ་སྟོན་རིགས་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག། བཤད་ནོར་བུའི་དོ་ཤལ། སོ་དྲུག་ལོངས་པའི་པོད་བཞི་བཞུགས་སོ། ། རོང་པོ་འཕྲུལ་གྱི་ལྡེ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཡར་ ལུང་སོན་པར་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་ བློན་བཙན་པོ་དྲུག་གི་ཡ་གྱལ་ཞིག་ཡིན་ནོ། ། རོང་བ་རྡོ་རྗེ་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཨཱ་ཀ་ར་སིདྡྷིའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་ གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་ འབྲི་ཀློག་བསླབས། འཇམ་དབྱངས་རིན་རྒྱལ་དང་སློབ་དཔོན་ཤེས་ [1633] དགུང་ལོ་བཅུ་ དྲུག་པར་དབེན་དམར་གྱི་གདན་སར་ཕེབས། དུས་འཁོར་གྱི་བཤད་ གྲྭ་བསྐྱངས། མཁན་པོ་དཀའ་བཞི་པ་དང་མཁན་པོ་ཞལ་སྔ་བ་ལས་ བསྙེན་པར་རྫོགས། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཙནྡྲ་པ་དང་ཡི་ གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་ མང་པོ་གསན། རོང་བ་ཤེས་རབ་སེང་གེ་ལས་དུས་འཁོར་གྱིས་གཙོས་ པའི་དབང་གི་བཀའ་ཐམས་ཅད་ཞུས་ཤིང་བུམ་པ་གང་བྱོའི་ཚུལ་དུ་ མཁྱེན། གཞན་ཡང་མཁན་པོ་ཞལ་སྔ་བ་ལས་འདུལ་བ་དང། མཛོད་ མཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་བ་ནས་བརྒྱུད་པའི་རྡོ་ རྗེ་ཕྲེང་བ་དང། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག་ལམ་ འབྲས་ལ་སོགས་པའི་མན་ངག་དང། རྒྱུད་མང་པོ་ཞུས། སྲིའུ་ཆུང་ བ་བློ་ལྡན་སེང་གེ་ལས་གསང་འདུས་དང། ཡོ་ག་གསང་ལྡན་ གདན་བཞི་ལ་སོགས་པའི་རྒྱུད་མང་པོ་གསན། བླ་མ་ཤེས་རབ་སེང་ གེ་གཤེགས་རྗེས་ཤམྦྷར་གྱི་གདན་ས་ཡང་བཟུང་སྟེ་དུས་འཁོར་གྱི་ འཆད་ཉན་ཡུན་རིང་པོར་མཛད། དེ་ནས་སྙན་པའི་གྲགས་པས་ ཕྱོགས་ཐམས་ཅད་དུ་ཁྱབ་པའི་རྐྱེན་གྱིས་རྒྱལ་པོ་ཆེན་པོས་གདན་ དྲངས་ཏེ། ཁྱི་ལོ་ལ་གོང་དུ་ཕེབས་ཤིང་རྒྱལ་པོ་ཆེན་པོ་དང་བློན་པོ་མ་ ལུས་པ་དད་པར་མཛད་ཅིང་བཀུར་སྟི་རྒྱ་ཆེན་པོ་མཛད། འགྲོ་བའི་ ལས་དོན་ལེགས་པར་གྲུབ་ནས་དགུང་ལོ་བཞི་བཅུ་རྩ་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཆོག་ཏུ་གྱུར་པའི་ སློབ་མ་ནི་བུ་སྟོན་རིན་པོ་ཆེ་ཡིན་ནོ། ། [1634] རོང་བ་ཤེས་རབ་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་ཡི་གེའི་འབྲི་ཀློག་ལ་ སོགས་འབྱོངས་ནས་དུས་འཁོར་ལ་སློབ་གཉེར་མཛད་ཅིང། དགུང་ ལོ་བཅུ་དྲུག་པར་སློབ་མའི་ཚོགས་ལ་དུས་འཁོར་གསུངས། དགུང་ལོ་ ཉི་ཤུ་པ་ལ་ཐར་བར་བྱོན་ཏེ་དཔྱལ་བའི་ཆོས་རྣམས་ཞུས། དགུང་ལོ་ ཉི་ཤུ་རྩ་གཉིས་པར་སྟག་སྡེ་སེང་གེ་རྒྱལ་མཚན་གྱི་དྲུང་དུ་ཕེབས་ཏེ་ལོ་ ངོ་ལྔའི་བར་དུ་ཕར་ཕྱིན་དང་ཚད་མ་ལ་སྦྱངས། ཁྱད་པར་དུ་ཚད་མ་ ལ་མཁས་པར་གྱུར་ཏེ་དབུས་གཙང་དུ་གྲྭ་སྐོར་ཡང་མཛད། དགུང་ལོ་ སུམ་ཅུ་པར་བླ་མ་ཆོས་རྒྱལ་འཕགས་དང་མཁན་པོ་མཆིམས་ཀྱི་དྲུང་ ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་གསན། ལོ་ ཙཱ་བ་གྲགས་པ་རྒྱལ་མཚན་ལས་རྡོ་རྗེ་ཕྲེང་བའི་དབང། འཇམ་དཔལ་ རྩ་རྒྱུད་ལ་སོགས་པའི་རྒྱུད་རྣམས་དང་སྨན་དཔྱད་ཡན་ལག་བརྒྱད་པ་ སོགས་གསན། དབེན་དམར་གྱི་གདན་ས་བཟུང་ནས་འཆད་ཉན་ཡུན་ རིང་དུ་མཛད། གཞན་ཡང་ཐར་པ་དང། ཁྲོ་ཕུ། བསམ་ཡས། སྟག་ ལུང། གཞི་ཀུན་དགའ་ར་བ། ཤངས་རྩེ་གདོང། ཆུ་མིག་སྟོན་ མོ་ལུང། གཡུས་དགའ་ལྡན་སོགས་ཀྱི་དགོན་པ་རྣམས་སུ་ཕེབས་ཏེ་ ཆོས་མང་པོ་གསུངས། དགུང་ལོ་བཞི་བཅུ་རྩ་གཅིག་པར་དབེན་ དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་ལ་གཏད་ནས་དམུ་རུར་ ཕྱག་ཕེབས། ཤམྦྷར་བཏབ་ནས་གཙུག་ལག་ཁང་བཞེངས། རྒྱུད་ [1635] མཛད། དགུང་ལོ་དྲུག་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཏི་ཤྲཱི་ཀུན་དགའ་བློ་གྲོས་ དང། ཡར་ལོ་གྲགས་པ་རྒྱལ་མཚན། ཐར་ལོ་ཉི་མ་རྒྱལ་མཚན་ དཔང་ལོ་བློ་གྲོས་བརྟན་པ་བཅས་ཡིན། ། རོང་བོ་ཁྲི་རྒན་དགེ་འདུན་མཁྱེན་རབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་རོང་དཔོན་ཚེ་མགོན་བཀྲ་ཤིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བཞི་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རོང་བོ་ཁྲི་རྒན་བློ་བཟང་ བསྟན་དར་གྱི་སྐུ་སྐྱེས་ངོས་འཛིན་གནང་སྟེ་མཚན་ལ་ལྷ་རྒྱས་ཞེས་ གསོལ། དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ཀློག་བསླབས་ཏེ་ལེགས་པར་ མཁྱེན། དགུང་ལོ་བཅུ་གཅིག་པར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་ དུ་ཞུགས་ཤིང་མཚན་ཉིད་ལ་སོགས་པའི་གཞུང་ལ་ཐུགས་གཉེར་ མཛད། མཁན་ཆེན་སེང་གེ་ལས་རབ་ཏུ་བྱུང། དེ་ནས་བླ་བྲང་དུ་ ཕེབས་ཏེ་ཉིན་ལྔའི་རིང་དུ་དམ་བཅའ་བཞག་པས་ཁས་ལེན་ལ་གནོད་ པ་ཅི་ཡང་མ་སོང་པར་གྲགས་པའི་སྙན་པ་ཟླ་བཞིན་འཕེལ་དེ་ནས་ དབུས་སུ་ཕེབས་ཏེ་སྲད་རྒྱུད་མཁན་པོ་སངས་རྒྱས་འོད་ཟེར་སོགས་ལ་ བསྟེན་ཞིང་གཞུང་ལུགས་རྣམས་ལ་ཞིབ་དཔྱོད་བགྱིས། གཙང་བ་གོ་ བོ་མཁན་ཆེན་ཡེ་ཤེས་དཔལ་ལྡན་ལས་བསྙེན་པར་རྫོགས། འབྲས་ སྤུངས་སྒོ་མང་དུ་ཕར་ཕྱིན་དམ་བཅའ་བཞག་པས་མདོ་དབུས་གཉིས་ [1636] པཎ་ཆེན་དཔལ་ལྡན་ཡེ་ཤེས་ དང། མཁན་པོ་དགེ་འདུན་བདེ་ཆེན། རྒྱལ་སྲས་རྡོ་རྗེ་འཆང། ཁྲི་ ཆེན་ངག་དབང་ཆོས་གྲགས་སོགས་ལས་མདོ་སྔགས་ཀྱི་བཀའ་ཆོས་མང་ དུ་གསན། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་བདུན་གྱི་རིང་དུ་གདན་ས་བསྐྱངས། ཆོས་འཆད་ ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ལ་དོ་དམ་གང་ལེགས་གནང། ཁྲི་ ཟུར་ནས་རྒྱལ་བོ་གླིང་ཚང་གི་ཚ་རྒྱལ་སྒྲུབ་སྡེ་ཕུལ་བ་བདག་གིར་ བཞེས། འདུ་ཁང་དང། བྱམས་ཁང་རྟེན་བརྟེན་པར་བཅས་པ་ གསར་བཞེངས་གནང། རྣམ་རྒྱལ་མཆོད་རྟེན་ཞིག་ཀྱང་གསར་ བཞེངས་མཛད། གདན་སའི་གཟིམ་ཁང་གསར་བཞེངས་སུ་སངས་ རྒྱས་སོ་ལྔ། བདེ་གཤེགས་བརྒྱད་སོགས་ཀྱི་ཐང་ག་བརྒྱ་ཕྲག་ཏིང་ འཕགས་བསྐལ་གསུམ་སོགས་གསར་དུ་བཞེངས། དེ་ལྟར་བསྟན་ འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བརྒྱད་ཅུ་བ་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་ནི་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་མཁན་རབས་བཅུ་བདུན་པ་ཡིན་ནོ། ། རོང་བོ་ཁྲི་ཆེན་བློ་བཟང་བསྟན་པ་དར་རྒྱས།། ཁོང་ནི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ཆུ་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་ཁྲི་རྒན་བློ་བཟང་ཆོས་གྲགས་ལས་རབ་ཏུ་བྱུང། ཡི་ གེའི་སྦྱོར་ཀློག་དང་དགོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དེ་ [1637] གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། ལྷ་ལྡན་ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དམ་བཅའ་བ་མཛད་ནས་ལྷ་རམས་པའི་ མཚན་སྙན་བཞེས། རྒྱལ་ཚབ་ཆེན་པོ་ཁྲི་ཆེན་བློ་གྲོས་རྒྱ་མཚོ་ལས་ བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་ཞུས། རྡོར་ཕྲེང་དང་མི་ ཏྲའི་དབང་གསན། དེ་ནས་མདོ་སྨད་རང་ཡུལ་དུ་བྱོན་ཏེ་ཁ་གྱའི་ ཚུལ་ཁྲིམས་བཀྲ་ཤིས་བླ་མར་བསྟེན་ཏེ་བདེ་གསང་འཇིགས་གསུམ་ སོགས་ཀྱི་དབང་དང། སྣར་ཐང་བརྒྱ་ཙ་སོགས་ཀྱི་རྗེས་གནང་རྣམས་ གསན། སྐུ་གོང་མའི་འཁྲུངས་ཡུལ་ཚ་ཁོ་རྒྱལ་མོ་རོང་དུ་ཕེབས་ཏེ་ ཆོས་ཀྱི་འཁོར་ལོ་བསྐོར། དབུས་སུ་ཕེབས་ནས་རྒྱལ་བ་ཡབ་སྲས་ དང། གྲྭ་ས་ཆེན་པོ་རྣམས་ལ་མཆོད་འབུལ་མང་འགྱེད་བཅས་བློས་མི་ དཔོགས་པ་གནང། རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ སའི་ཁྲི་ལ་བཞུགས་ནས་སྔོན་རྗེས་སུ་ལོ་སུམ་ཅུའི་རིང་དུ་གདན་ས་ བསྐྱངས། ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ལ་དོ་ དམ་གང་ལེགས་མཛད། གསེར་ཁྲི་བླ་བྲང་གི་རྨང་བཏིངས་ཏེ་གསར་ བཞེངས་བཅས་མཛད་པས་བཀའ་དྲིན་ཤིན་ཏུ་ཆེའོ། ཁོང་ནི་རོང་བོ་ དགོན་གྱི་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་བཞི་ བ་དང། བདུན་པ་ཡིན་ནོ། ། རོང་བོ་མཚན་སྒྲོགས་དག་དབང་འཇམ་དཔལ་བསྟན་པ་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་ [1638] རབ་བྱུང་ བཅུ་བཞི་པའི་ཤིང་ཕོ་ཏྲ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་མཚན་ སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་ མཛད། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་དུ་ཞུགས་ནས་སློབ་གཉེར་ ལེགས་པར་མཛད་དེ་དབུས་སུ་ཕེབས། འཇོག་རི་བ་ངག་དབང་ བསྟན་འཛིན་སོགས་ལ་བསྟེན་ཆོས་རྒྱུན་མང་དུ་གསན། རབ་བྱུང་ བཅུ་བཞི་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ཕྱིར་རང་དགོན་དུ་ ཕེབས་ཏེ། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་བཞིའི་རིང་དུ་གདན་ས་བསྐྱངས། ཆེན་པོ་ཧོར་གྱི་ ཡུལ་དུ་སྔ་ཕྱི་ལན་གཉིས་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ རྒྱ་ནག་གོང་མ་ཆེན་པོའི་ཕོ་བྲང་དུ་བྱོན་ཏེ་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་ སྤེལ་བས་ཧོ་ཐོག་ཐུའི་ཆོ་ལོ་དང་ཐམ་ཀ་བླ་མ་མཛད། ཁོང་གོང་མའི་ ཕོ་བྲང་དུ་བཞུགས་བཞིན་རང་དགོན་ལ་འཕགས་ཡུལ་རྡོ་རྗེ་གདན་གྱི་ གཙུག་ལག་ཁང་དཔེར་བླངས་པའི་ལྷ་ཁང་སྟེང་མ་གཉྫི་རས་གཟི་ བརྗིད་འབར་བ། ནང་གི་རྟེན་གཙོ་བོ་ཚེ་དཔག་མེད་ཀྱི་ཙོ་འཁོར་ གསུམ། མཐར་འོད་དཔག་མེད་སྟོང་སྐུས་བསྐོར་བ། མཆོད་རྟེན་སྣ་ ཚོགས། བཀའ་བསྟན་འགྱུར་སོགས་སྐུ་གསུང་ཐུགས་རྟེན་གྱིས་བྱུར་ བུར་གཏམས་པ་གསར་བཞེངས་གནང། གཞན་ཡང་སྐུ་གསུང་ཐུགས་ རྟེན་གྲངས་པ་གསར་བཞེངས་གནང། དེ་ལྟར་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་སྟེ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ རོང་བོ་ཐོས་བསམ་གླིང་གི་གདན་སའི་མཁན་རབས་ཉེར་དྲུག་པ་ཡིན་ [1639] དང། ཡིག་ཕྱོགས་བསྒྲིགས། དྲིས་ལན་སྣ་ཚོགས་དང་བསྟོད་ཚོགས་ཀྱི་སྐོར་ མགུར་དབྱངས་སྣ་ཚོགས། སེང་གདོང་ཆོས་སྐོར། ཆོས་རྒྱལ་ཕྱག་ བཞི་པའི་གཏོར་ཆོག་རྡོ་རྗེ་དགྲ་འཇོམས། ཡི་དམ་ཆོས་སྲུང་དུ་མའི་ སྒྲུབ་སྐོར་བཞུགས་སོ། ། རོང་ཟོམ་ཆོས་ཀྱི་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ གཙང་སྨད་ཀྱི་སྣར་ལུང་རོང་དུ་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་ སྲས་སུ་སྐུ་འཁྲུངས། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ ་ ་ དང་དུས་མཉམ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ མགར་སྟོན་ཚུལ་ཁྲིམས་བཟང་པོ་དང་མདོ་སྟོན་སེང་གེ་རྒྱལ་མཚན་ སོགས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ ཕུལ་དུ་ཕྱིན་པ་མཛད་ཅིང་དགུང་ལོ་བཅུ་གསུམ་གྱི་སྐབས་སུ་རིག་པའི་ རྩལ་རྫོགས་ཤིང་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར། དེ་ནས་ རྒྱ་གར་གི་པཎྜི་ཏ་མཉྫུ་ཝརྨ་དང། མཉྫུ་ཤྲཱི་ཛཉན། ཨུ་པཱ་ཡ་ཤྲཱི་མི་ ཏྲ། བུདྡྷ་ཨཱ་ཀ་ར་བྷ་དྲ། དེ་བ་ཀ་ར་ཙནྡྲ། པ་ར་མེ་ཤྭ་ར། ཨ་མོ་ གྷ་བཛྲ་སོགས་ལ་བསྟེན་ནས་རྒྱ་གཞུང་དང་རྒྱ་ཡིག་བསླབས་ཏེ་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ལྷག་པར་དུ་གསང་ཆེན་ རྙིང་མའི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བས་འཕྲིན་ལས་ཀྱང་དེ་ ལྟར་རྒྱས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཡོལ་དགེ་བསྙེན་རྡོ་རྗེ་ [1640] དབང་ཕྱུག་དང། གཡག་རྡོ་རྗེ་འཛིན་པ། གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ ཤེས་རབ་བཅས་མང་དུ་བྱོན། ཁོང་གི་གསུང་རྩོམ་ནི་ པོའི་ཚུལ་ལ་འཇུག་པ། ཚུལ་བཞི་ཡན་ལག་བཅོ་ལྔ་པ། འགྲེལ་བ། བསྒྱུར་ རྩོམ་ནི། པོ་རྟག་པ་གསུམ་པ། ཐབས་ཧེ་རུ་ཀ་མཉེས་པར་བྱེད་པའི་ཆོ་ག། ཐབས། སྒྲོན་མ། ཆོ་ག་སེམས་པ་བསྡུས་པ། སྔགས་རྡོ་རྗེ་རབ་ཏུ་འབྱེད་པ། རིན་ཆེན་འབྱུང་གནས། བཞུགས་སོ། ། རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང། ཡུམ་སྒྲོལ་ མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་ བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཉིས་པར་ ལི་ཐང་མཁན་པོ་ཕུན་ཚོགས་རྒྱ་མཚོའི་དྲུང་དུ་རྣམ་འཇོམས་ཀྱི་བྱབས་ [1641] ཁྲུས་ཞུས། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་གྱི་ཡང་སྲིད་ ཡིན་མིན་ལ་ཐེ་ཚོམ་མི་དགོས་པས་མཚན་ལ་བློ་བཟང་བསྟན་དར་ཞེས་ གསོལ། དགུང་ལོ་དྲུག་པར་དབུས་སུ་ཕེབས་ཏེ་རྭ་སྒྲེང་དགོན་ལ་ མཛད་སྒོ་གང་ལེགས་གནང་ནས་གསེར་ཁྲིར་བཞུགས། པཎ་ཆེན་ དཔལ་ལྡན་ཡེ་ཤེས་ལས་རབ་བྱུང་བསྒྲུབས། ཡོངས་འཛིན་ཁྲི་ཆེན་ ངག་དབང་ཆོས་གྲགས་ལ་བསྟེན་ནས་ཡི་གེའི་སྦྱོར་ཀློག་བསླབས་ཤིང་ མཁས་པར་མཁྱེན། དགུང་ལོ་བཅུ་ཐམ་པར་སེར་བྱེས་མཁས་སྙན་གྲྭ་ ཚང་དུ་ཆོས་ཞུགས་མཛད་དེ་ཆོས་རྗེ་བྱམས་པ་སྨོན་ལམ་ཡོངས་འཛིན་ དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྤྱོད་མཛད་ཅིང་ དགུང་ལོ་ཉེར་གཅིག་པར་སེར་བྱེས་གྲྭ་ཚང་དུ་ལྷ་རམས་པའི་མཚན་ བཏགས་བཞེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་ མཛད། གསང་ཆེན་སྔགས་ཀྱི་ཆོ་ག་ཕྱག་ལེན་དང་བཅས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད། དགུང་ལོ་ཞེ་བདུན་པར་རྒྱལ་བ་རིན་པོ་ཆེས་ བཀའ་ལུང་གནང་བ་ལྟར་ལྕང་སྐྱ་རིན་པོ་ཆེའི་ཡོངས་འཛིན་དུ་འབྲས་ སྤུངས་སུ་བཞུགས། དགུང་ལོ་ཞེ་དགུ་པར་སེར་བྱེས་མཁས་མང་གྲྭ་ ཚང་ནས་གསོལ་བ་བཏབ་པ་བཞིན་དུ་ངུར་སྨྲིག་འཛིན་པའི་འདུས་པ་ སྟོང་ཕྲག་དུ་མར་ལམ་རིམ་བསྡུས་དོན་གྱི་བཤད་ལུང་ཞག་སྐོར་དགྱེས་ བཞིན་དུ་གནང། དགུང་ལོ་ལྔ་བཅུ་ང་བརྒྱད་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་རྭ་སྒྲེང་གི་སྐུ་ཕྲེང་གཉིས་པ་ཡིན་ ཁོང་གི་གསུང་རྩོམ་ནི་ [1642] འགྲེལ་བ། གསོལ་འདེབས། ཆོས་ཚན་ལྔ་བཅུ་ང་ལྔ་ལོངས་པའི་པོད་གཉིས་བཞུགས་སོ།། རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་པེ་ཅིན་ནས་བོད་དུ་ཕེབས་པའི་ལམ་ཁར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་བློ་བཟང་ཡེ་ཤེས་བསྟན་པ་རབ་ རྒྱས་ཀྱི་སྤྲུལ་སྐུར་ངོས་འཛིན་ཞུས་ཏེ་རང་གི་གདན་སའི་ཁྲི་ལ་མངའ་ གསོལ། རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་བཞེས་ཤིང་སེར་བྱེས་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ ཆེན་བཀའ་པོད་ལྔ་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད། དགུང་ལོ་ ཉེར་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོའི་ཧོར་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་བཀའ་ཤག་སྲིད་གཞུང་གི་ སྲིད་སྐྱོང་ཐུགས་འགན་བཞེས་ཏེ་ལོ་ངོ་བཅུ་གཅིག་གི་རིང་དུ་ཆབ་སྲིད་ བསྐྱངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་རྒྱལ་བ་མཁས་གྲུབ་རྒྱ་མཚོས་བོད་ཀྱི་ཆབ་སྲིད་འཛིན་ཡང་ལོ་དེའི་ ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གློ་བུར་སྐུ་གཤེགས། དེ་ནས་ རྭ་སྒྲེང་ལགས་ཀྱིས་སླར་ཡང་སྲིད་སྐྱོང་རྒྱལ་ཚབ་མཛད་ཅིད་རྒྱལ་ དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོར་ཁྲི་འདོན་དང་རབ་ [1643] བྱུང་གི་སྡོམ་པ་ཕུལ། གོར་ཥའི་བཙན་ཤུགས་ལ་མ་བཟོད་ནས་གོར་ དཔོན་ལྷ་སར་བཅའ་སྡོད་ཆོག་པ་སོགས་དམིགས་བསལ་གྱི་དབང་ཆ་ འགའ་རེ་སྤྲད་དགོས་བྱུང། བཤད་སྒྲ་དབང་ཕྱུག་རྒྱལ་པོའི་བཀའ་ བློན་གྱི་གོ་ས་བླངས་ནས་གནས་དབྱུངས་བཏང། རབ་བྱུང་བཅུ་བཞི་ པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་འབྲས་སྤུངས་རིགས་གྲྭའི་ གཏོང་སྒོ་ཆག་པ། སྟབས་ཀྱིས་སྲིད་སྐྱོང་གི་ཐམ་ག་བསྣམས་ནས་པེ་ཅིན་དུ་ཕེབས་ཀྱང་ གོང་མ་ཐུང་ཀྲི་རྒྱལ་པོས་བཏང་སྙོམས་སུ་བཞག་པར་མཛད། ཁོང་ ཉིད་སྐུ་གཤེགས་རྗེས་བོད་གཞུང་ནས་ཁོང་གི་སྒོས་གཞིས་དང་བཅས་ པ་རྭ་སྒྲེང་དགོན་པར་རྩིས་སྤྲད་བྱས། དེ་ལྟར་ལོ་ངོ་བཅུ་བདུན་གྱི་ རིང་དུ་བཀའ་ཤག་སྲིད་གཞུང་ལ་ཞབས་ཏོག་བསྒྲུབས་ནས་ཞིང་ཁམས་ གཞན་དུ་ཐེགས་སོ། ཁོང་ནི་རྭ་སྒྲེང་སྐུ་ཕྲེང་གསུམ་པ་ཡིན་ནོ། ། རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དྭགས་ པོ་རྒྱ་ཚ་རྫོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་སྡེ་བ་གཞུང་གིས་བཀྲོངས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་སྐུ་གོང་མ་ངག་དབང་བློ་བཟང་ཡེ་ཤེས་བསྟན་ པའི་རྒྱལ་མཚན་གྱི་སྤྲུལ་སྐུར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཐུགས་ཐག་ བཅད་ཅིང་གདན་སའི་ཁྲི་ལ་བཀོད། དེ་ནས་སེར་བྱེས་གྲྭ་ཚང་དུ་ ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ ཕྱིན་པ་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་ [1644] ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་བཀའ་ཤག་སྲིང་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཏུ་བཞུགས་ནས་ བོད་ཀྱི་ཆབ་སྲིད་ལོ་ངོ་བདུན་གྱི་རིང་དུ་བསྐྱངས། དེའི་རིང་དུ་རྒྱལ་ བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་དགེ་ལེགས་ འདོད་འཇོ་རྟེན་དང་བརྟེན་པ་གསར་བསྐྲུན་དང། རྒྱལ་བ་སྐུ་ཕྲེང་ བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་ གསོལ་དང། རབ་བྱུང་གི་སྡོམ་པ་ཕུལ་ཏེ་ཞབས་བརྟན་གསོལ་ འདེབས། ཡོངས་འཛིན་ གྱི་ཐུགས་འགན་བཞེས་ཏེ་ཆོས་ཀྱི་མཆོད་པ་རྒྱ་ཆེན་ཕུལ། གོ་མིན་ ཏང་གི་དོན་གཅོད་ལས་ཁུངས་ལྷ་སར་བཙུགས་པ་བཅས་མཛད་དོ་ དགུང་ལོ་སུམ་ཅུ་ཐམ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ ལོ་་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྲིད་སྐྱོང་རྒྱལ་ཚབ་ དགོངས་ཞུ་མཛད་དེ་རྭ་སྒྲེང་དགོན་དུ་སྐུ་མཚམས་བཞུགས། དེ་རྗེས་ རྭ་སྒྲེང་ལགས་ལ་སྡེ་བ་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ཏེ་རྭ་སྒྲེང་ དོན་རྐྱེན་ཞེས་པ་བསམ་བཞིན་དུ་བསླངས་ནས་རྭ་སྒྲེང་རིན་པོ་ཆེ་དོ་ དམ་བཙོན་འཇུག་བྱས་རྟིང་དུག་སྨན་དྲངས་ནས་དགུང་ལོ་སོ་དྲུག་ པར་བཀྲོངས་སོ། ཁོང་ནི་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཡིན་ནོ། ། རྭ་ཆོས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ ལ་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ཁུ་བོ་རྭ་ལོ་ཙཱ་ [1645] བ་རྡོ་རྗེ་གྲགས་པ་སོགས་ལ་བསྟེན་ནས་སློབ་གཉེར་མཛད་ཅིང། དེ་ ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎྜི་ཏ་ས་ མཏྣ་ཤྲཱི་བཅས་ལ་བསྟེན་ཏེ་རྒྱ་གཞུང་དང་རྒྱ་ཡིག་ལ་ལེགས་པར་སྦྱངས་ ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ རབ་ཏུ་བྱེད་པ། འབྱུང་བའི་རྒྱུད་ཀྱི་རྒྱལ་པོ། ལོའི་དཀྱིལ་འཁོར་གྱི་ཆོ་ག། གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། ལག་དྲུག་གི་སྦྱོར་བའི་མན་ངག། ཏུ་གནས་པའི་ཆོ་ག། ཆོ་ག། རྣལ་འབྱོར་མའི་སྒྲུབ་ཐབས། གྱི་ཆོ་ག། ཁྲོད་ཆེན་པོའི་འགྲེལ་བ། གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས། བ་སྦྱིན་སྲེག་གི་ཆོ་ག། ། རྭ་ལོ་རྡོ་རྗེ་གྲགས་པ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ལ་སྟོད་དུ་ཡབ་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང། ཡུམ་ [1646] རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་ མིང་ལ་ངོ་མཚར་འབྱུང་གནས་ཞེས་ཞུ། དགུང་ལོ་བརྒྱད་པར་ཡི་གེའི་ སྦྱོར་ཀློག་དང་འདོན་ཆོས་ཐམས་ཅད་ཐུགས་སུ་ཆུད། དགུང་ལོ་བཅུ་ གཅིག་པར་ཇོ་མོ་དགེ་མ་ལྕམ་བྱ་བ་ཁབ་ཏུ་བཞེས། དགུང་ལོ་བཅུ་ གཉིས་ནས་བཅུ་བཞིའི་བར་དུ་ཡང་དག་ལ་བསྙེན་པ་བསྐྱལ། དགུང་ ལོ་བཅོ་ལྔ་པར་བལ་ཡུལ་དུ་བྱོན་ཏེ་སློབ་དཔོན་བྷ་རོ་དང་མཇལ་ཞིང་ རྒྱུད་སྒྲུབ་ཐབས་ལས་ཚོགས་བཅས་རྫོགས་པར་གསན། དཔལ་རྡོ་རྗེ་ འཇིགས་བྱེད་ཀྱི་དབང་ལུང་ཁྲིད་གསུམ་ཡང་ཐོབ་ནས་བོད་ཡུལ་དུ་ བྱོན་ཏེ་སློབ་མ་བསྐྱངས། དེ་ནས་ལང་ལབ་བྱང་ཆུབ་རྡོ་རྗེ་དང་རྫུ་ འཕྲུལ་འགྲན་པས་ཅུང་ཟད་ཕམ་པའི་ཚུལ་གྱིས་བལ་ཡུལ་དུ་ཐེངས་ གཉིས་པ་ཕེབས་ཏེ་སློབ་དཔོན་བྷ་རོ་ལས་བསད་བཟློག་སོགས་མན་ངག་ མཐའ་ཡས་པ་གསན་ནས་བོད་དུ་ཕེབས། ཡུན་རིང་དུ་མ་བཞུགས་ པར་རྒྱ་གར་དུ་ཕེབས་ནས་སློབ་དཔོན་མན་ཛ་གླིང་པ་དང་མཇལ་ཞིང་ ནཱ་ལེནྡྲའི་གཙུག་ལག་ཁང་དུ་བསྙེན་པར་རྫོགས་ཤིང་གདམས་ངག་མང་ དུ་ཞུས། གཞན་ཡང་ཚད་མ་སྡེ་བདུན་དང། བྱམས་ཆོས་ས་ལྔ་ མངོན་པའི་གཞུང་ལུགས་བཅས་ལ་སྦྱངས་པར་མཛད། སློབ་དཔོན་ ཤནྟི་པ་ལས་འདུས་པ་ལུང་སྡེ་བཞི་དང། རིག་པའི་ཁུ་བྱུག་གཉིས་ ལས་དབུ་མའི་སྐོར་བཅས་གསན། དེ་ནས་བོད་ཡུལ་དུ་བྱོན་ཏེ་ལང་ ལབ་བྱང་ཆུབ་རྡོ་རྗེ་འཁོར་དང་བཅས་པ་བསྒྲལ་ཞིང་སྔགས་ཀྱི་ནུས་པ་ ཆེ་བའི་སྙན་གྲགས་ཐོབ། དགུང་ལོ་རེ་གཉིས་པར་རྒྱ་གར་དུ་ལན་ [1647] གཉིས་པར་ཕེབས་ཤིང་སློབ་དཔོན་མརྫེ་གླིང་དང་མཇལ་ཞིང་བོད་དུ་ གདན་དྲངས་ཏེ་དབུས་གཙང་ཀུན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ མདོར་ན་འཆད་རྩོད་རྩོམ་གསུམ་གྱིས་བོད་ཁམས་ཀྱི་བསྟན་པ་ཉིན་མོ་ ལྟར་མཛད་ཅིང་དགུང་ལོ་བརྒྱ་དང་བརྒྱད་ཅུར་བཞུགས་པར་རྭ་ཡེ་ ཤེས་སེང་གེས་མཛད་པའི་ སྒྲ། ཁོང་གི་བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ རྒྱུད་ཀྱི་རྟོག་པ། ལོའི་རྒྱུད་ཀྱི་རྒྱལ་པོ། པའི་རྒྱུད་རྟོག་པ་བདུན་པ། ལྟར་འབྱུང་བའི་རྟོག་པ། བསྟན་འགྱུར་ལས་ ག། འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ། གཅིག་ཕྱག་གཉིས་པའི་སྒྲུབ་ཐབས། པོའི་སྦྱིན་སྲེག་གི་ཆོ་ག། ། རྭ་ལོ་སྤྲུལ་སྐུ་བློ་བཟང་བསམ་གྲུབ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་གཙང་རྒྱ་ མཁར་ཕུ་ཡིན། རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་ཅིང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་ཡིན་ལ་ [1648] རྭ་ལོ་ཙཱ་བའི་སྤྲུལ་སྐུར་ཡང་གྲགས། དེ་ནས་མདོ་སྨད་དུ་ཕེབས་ཤིང་ རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་ དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་ གདན་ས་བསྐྱངས། དེའི་རིང་དུ་གསེར་གདུང་སྟེང་ཤོད་དབུས་ འབུབ་དང། བླ་བྲང་འདུ་ཁང་གཉིས་ཀྱི་སྟེང་ཤོད། ཆོས་ར་ཆེན་མོ་ བཞི་སྐོར་བཅས་ཞིག་གསོ་དང་གསར་བསྐྲུན་ཅི་རིགས་མཛད། གཞན་ ཡང་བྱམས་པ་ཆུ་གཟིགས་མ་ལྷ་ཁང་དང་བཅས་པ། སྨན་བླའི་ཕོ་ བྲང། བཅུ་གཅིག་ཞལ། ཇོ་བོ་རྗེ། ཆོས་རྗེ་རིན་ཆེན་དོན་གྲུབ་ རྗེ་རིན་པོ་ཆེ། ཡུམ་ཆེན་མོས་གཙོས་སངས་རྒྱས་སྟོང་སྐུ་སོགས་སྐུ་ བརྙན་སྟོང་དང་དྲུག་ཅུ་ལྷག་དང། ཡུམ་རྒྱས་འབྲིང་བསྡུས་གསུམ་ དངུལ་བྲིས་མ། ཚོགས་ཁྲོ་གསར་བ་བཅས་སྐུ་གསུང་ཐུགས་རྟེན་ བཞེངས་པ་མཛད། རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱིས་བྱ་ཁྱུང་དགོན་ ལ་བཅའ་ཡིག་གོས་ཆེན་སེར་པོའི་སྟེང་དུ་དབུ་མེད་སུག་རིང་ལ་རྣམ་ བཅུ་དབང་ལྡན་གྱི་བཀའ་ཐམ་བརྒྱབ་པ་བྱིན་རླབས་ཅན་གནང་བར་ མཛད། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ཤུ་རྩ་ དྲུག་པ་ཡིན་ནོ། ། རྭ་བསོད་ནམས་དབང་རྒྱལ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བཙན་མོ་སྣའི་མང་ངེ་ཞེས་པའི་རུས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ [1649] གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་དབྱིག་ཀྱ་རབ་འབྱམས་པ་ ངག་དབང་འཇམ་དབྱངས་ལས་རབ་ཏུ་བྱུང་ཞིང་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་ཆོས་སྒོར་ཞུགས། སྡེ་ཁྲི་བློ་བཟང་དོན་གྲུབ་དང་རིགས་པའི་ སེང་ཆེན་བློ་བཟང་གནས་བརྟན་གཉིས་ལ་བསྟེན་ནས་བསྡུས་གྲྭ་བློ་ རྟགས་དང་ཕར་ཕྱིན་བཅས་ལ་སྦྱངས་པས་རྩོད་པ་ལ་ཐོགས་པ་མེད་ པའི་སྙན་གྲགས་ཐོབ། དེ་ནས་དབུས་སུ་བྱོན་ཏེ་འབྲས་སྒོ་མང་གྲྭ་ཚང་ དུ་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ཁྲི་ཆེན་ནམ་མཁའ་ བཟང་གི་དྲུང་ནས་བསྙེན་པར་རྫོགས། སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་ རྒྱུད་སྡེ་བཞིའི་གཞུང་ལུགས་དང་མན་ངག་མཐའ་དག་ལ་མཁས་པར་ སྦྱངས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དང། ཁྲི་ཆེན་ནམ་ མཁའ་བཟང། ལྕང་སྐྱ་ཐམས་ཅད་མཁྱེན་པ། རྗེ་ངག་དབང་བྱམས་ པ། སྟག་ཕུ་གྲུབ་པའི་དབང་ཕྱུག་བྲག་རྒྱབ་དཔོན་སློབ་བློ་བཟང་ ཆོས་འཕེལ་སོགས་ཀྱི་དྲུང་ནས་ཟབ་རྒྱས་ཀྱི་མན་ངག་མཐའ་ཡས་པ་ གསན། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་གཞུང་བཀའ་ པོད་ལྔ་དང་བསྡུས་གྲྭ་བཅས་པར་དམ་བཅའ་བཞག་པས་མཁས་པའི་ ཡོན་ཏན་མངོན་དུ་གྱུར། རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ ཕེབས་ཏེ་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ཤིང་ཐོས་བསམ་གླིང་ལ་ བཅའ་ཡིག་ཟུར་དུ་བཞག་ཚོགས་ཆེན་ལ་སྦྱིན་བདག་ཟུར་བ་མེད་ སྐབས་ཐོས་བསམ་གླིང་ལ་གྲྭ་ཇ་སྟར་ཆགས་སུ་གཏོང་བའི་སྲོལ་ [1650] བཙུགས། པོ་ཏི་ལྔའི་རྩོད་གྲྭ་ཧོར་ཁོངས་སུ་མི་ལུས་པའི་ཆེད་དུ་རྩོད་ ཡིག་བཞག་བསྡུས་གྲྭ་བ་རྣམས་སྤོབས་པ་སྐྱེ་བ་སོགས་ཀྱི་ཆེད་དུ་རྭ་ སྟོད་ལྟར་བསྡུས་གྲྭའི་ཚོགས་ལངས་གསར་འཛུགས་མཛད། ཁྲི་ཟུར་ ནས་འཆད་རྩོད་རྩོམ་གསུམ་དང་སྒྲུབ་པ་ཉམས་ལེན་གྱིས་དུས་འདའ་ བའོ། དགུང་ལོ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་ལྔ་པ་ཡིན། ཁོང་ གི་གསུང་རྩོམ་ནི། སྙིང་པོའི་དཀའ་གནད་ཀྱི་ཟིན་བྲིས། དཔྱོད། བཞུགས་སོ། ། རླབས་དཔལ་གྱི་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ ཡབ་ཨ་མེས་བྱང་ཆུབ་འདྲེ་ཁོལ་དང། ཡུམ་ཇོ་མོ་སྐལ་ལྡན་མ་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ ཆེན་ཞུ་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལོ་ཕོག་ པས་དྲེགས་པའི་བཀའ་བབས་ཡིན་ཞིང། དྲེགས་ཚོགས་ལྷ་སྲིན་ ཐམས་ཅད་བྲན་གཡོག་ཏུ་བཀོལ་ནུས་པ་དང། སྒྲུབ་གནས་སྤ་འགྲོ་ སྟག་ཚང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་ཞལ་གཟིགས་ཤིང་ དངོས་གྲུབ་བརྙེས་ཏེ། གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ། ཞེས་གསུངས་སོ། ཁོང་ནི་གྲུབ་ ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། [1651] རླངས་བློན་ཁྲི་སུམ་རྗེ་སྤེག་ལྷ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་བློན་ཆེན་ཡིན་ཏེ། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་ པ་ཞེས། ཀྱི་མ་ཡིག་ཆ་ཚང་ནི། འདུག་གོ་ རླངས་བློན་གསས་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། མཁས་པའི་དགའ་སྟོན། རླངས་བློན་བསམ་སྐྱེས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། [1652] གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། [000] ལ་ཕྱི་ཀུན་བཟང་ཆོས་ཀྱི་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བཀྲ་ ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ཏེ་དཀྱིལ་ཁང་བློ་བཟང་སྦྱིན་པ་སློབ་ དཔོན་དུ་བསྟེན་ཞིང་ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་ཆེན་བཀའ་ པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། དངུལ་ཆུ་བློ་བཟང་ འཇིགས་མེད་དབང་པོ་ལ་བསྟེན་ཏེ་མདོ་སྔགས་ཆོས་ཀྱི་དབང་ལུང་ མན་ངག་མང་དུ་ཞུས། དེ་ནས་སྟོད་ལ་ཕྱིར་ཕེབས་ཏེ་དབེན་པའི་རི་ ཁྲོད་འགྲིམས་ཤིང་སྒྲུབ་པ་ཉམས་ལེན་ལ་བརྩོན་ནས་སྒྲུབ་རྒྱུད་བསྟན་ པའི་རྒྱལ་མཚན་བསྒྲེངས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་དུས་ འདའ་བར་མཛད་དོ། ཁོང་གི་མཚན་གཞན་ལ་ངག་དབང་སྦྱིན་པ་ ཚུལ་ཁྲིམས་ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི། ཁྲིད་ཀུན་ཕན་ཉི་མའི་འོད་ཟེར། ཁྲིད་ཕྱི་ནང་གསང་གསུམ་དྭངས་ཤེལ་མེ་ལོང། བཙུན་ཁྲོས་མ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག་གསེར་གྱི་ལྡེ་མིག། [1654] བཅས་ཆོས་ཚན་སུམ་ཅུ་སོ་གཅིག་ལོངས་པའི་པོད་གཉིས་བཞུགས་ སོ། ། ལ་མོ་གྲགས་རྒན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་འབལ་གཞུང་ཉ་མཚོའི་དཔོན་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་ གཉིས་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་ མཚན་དངོས་ལ་ངག་དབང་བློ་བཟང་བཀྲ་ཤིས་ཞེས་ཞུ་ཞིང་དབུས་སུ་ ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་མཁྱེན་ རབ་ཆེ་བས་འཛིན་གྲྭ་བདུན་རེའི་བརྩི་བཞག་དུས་གཅིག་ཏུ་གསན་ གྲྭ་ས་ནས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་བས་ལོ་བདུན་གྱི་མཚམས་ནས་ལྷ་ རམས་པའི་མཚན་བཏགས་བླངས། རྒྱལ་དབང་ལྔ་བ་རིན་པོ་ཆེ་ལས་ བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བཀའ་འགྱུར་སོགས་ཀྱི་བཀླག་ལུང་ ཡང་མང་དུ་གསན་པར་མཛད། རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ བྱ་ལོ་སྟེ་སྤྱི་ལོ་་ལོར་རང་ཡུལ་དུ་ཕེབས་ནས་མདོ་སྨད་ཀྱི་གྲྭ་ས་ ཕལ་ཆེར་ལ་དམ་བཅའ་བཞག་དགུང་ལོ་ཞེ་བརྒྱད་པར་དབུས་གཙང་ དུ་སླར་ཕེབས་ནས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཤིང་པཎ་ཆེན་བློ་བཟང་ཡེ་ ཤེས་ཀྱང་མཇལ་ཁ་ཐོབ། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཕག་ལོ་ སྟེ་སྤྱི་ལོ་་ལོར་རང་ཡུལ་དུ་ཕེབས། མེ་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ཁྲི་ཆེན་སྤྲུལ་སྐུ་བསྟན་པའི་ཉི་མ་དང། ཐར་ཤུལ་དགེ་ འདུན་ཆོས་སྐྱོང་རྒྱ་མཚོ། ཤ་སྦྲང་འཇམ་དབྱངས་བློ་གྲོས་བཅས་ལ་ [1655] ཕྲེང་ཀྲྀ་སྦྲགས་པའི་དབང་དང། ལམ་རིམ་གྱི་མྱོང་ཁྲིད་ཚར་མང་ པོར་གནང་ངོ། ཁོང་གི་གསུང་རྩོམ་ཡང་འཇིགས་བྱེད་བསྐྱེད་རིམ་ དང། དབུ་མ་དང་འདུལ་བའི་ཐལ་ཕྲེང། ཆོས་འབྱུང་སོགས་བཞུགས་ སོ། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ཚོགས་ མང་ལ་བྱང་ཆུབ་ལམ་རིམ་གྱི་བཤད་ལུང་གནང་སྟེ་གདན་ས་ཕན་ཚུན་ དུ་འཆད་ཉན་གྱི་ཁུར་སྐྱོང་སྒང་དུ་ཞི་བར་གཤེགས་སོ། ཁོང་ནི་བྱ་ ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ནོ། ། ལ་མོ་བློ་གྲོས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཐུ་མེད་རྒྱལ་པོ་ཧོ་ལོ་ཆིའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་མགུར་རྣམ་རྒྱལ་གླིང་དུ་ སྐུ་གཤེགས། ཁོང་དགུང་ལོ་གསུམ་པའི་སྟེང་དུ་པཎ་ཆེན་བློ་བཟང་ ཆོས་ཀྱི་རྒྱ་མཚན་གྱིས་ལ་མོ་ཚོགས་གཉིས་རྒྱ་མཚོའི་སྦྲུལ་སྐུ་ལ་ངོས་ འཛིན་གནང། དེ་ནས་བཟུང་པཎ་ཆེན་མཆོག་དང། རོང་བའི་ ཆོས་པ་རིན་པོ་ཆེ། ཤར་སྐལ་ལྡན་རྒྱ་མཚོ་སོགས་མཁས་གྲུབ་ཚད་ ལྡན་མང་པོའི་ཞབས་ལ་གཏུགས་པས་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་ མངའ་བདག་ཏུ་གྱུར། གཅན་ཚའི་མགུར་དགོན་རྣམ་པར་རྒྱལ་བའི་ གླིང་ཕྱག་འདེབས་མཛད་ནས་འཆད་མཉན་གྱི་བཤད་གྲྭ་བཙུགས། གྲྭ་ བཙུན་སུམ་བརྒྱ་འདུས། དེའི་སྐབས་སུ་རྒྱལ་དབང་ལྔ་བས་བཀའ་ ཕབ་ནས་ཧལ་ཧ་དང་ཨོ་རོད་གཉིས་ཀྱི་ནང་འཁྲུག་འདུམ་པར་མཛད་ [1656] པས་ཚ་ཀན་ནོ་མིན་ཧན་གྱི་མཚན་སྙན་ཕུལ། ཧྭ་ལུང་རྫོང་གི་བ་ཡན་ དང་ཁ་སྒང་གཉིས་ཀྱི་བར་དུ་འཁྲུག་རྩོད་ཡུན་རིང་བྱུང་བའང་ཁོང་ གིས་འདུམ་པར་མཛད་པས་སྡོང་རྒན་ཐང་གི་སྡེ་བ། ཅོ་ཚ། ཞབས་ དྲུང་ཧོ་ར། ལུང་ཕྲན་ལམ་སྔོན། བ་ཡན་དགེ་ཕྱུག་དགོན་པ་བཅས་ དགེ་ཕྱུག་སངས་རྒྱས་རྒྱ་མཚོས་ཕུལ། གོང་མ་ཡུང་ཏྲི་སྲིད་ལོ་ལྔ་བའི་ དུས་ཁོང་ལ་ཇ་སག་གི་ཐམ་ག་གཟེངས་བསྟོད་དུ་གནང། གཞན་ཕན་ འཕྲིན་ལས་ཀྱི་འཇུག་པ་ཆེས་ཆེར་རྒྱས་པས་ཀོ་ཤྲཱི་ཝང་དང་ཧོང་ཐེ་ ཇིའི་སྐུ་གདུང་མཆོད་རྟེན་སྒོ་རྒྱན་གསེར་དང་མཆོད་རྟེན་དངུལ་ལས་ གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་ཚོམ་བཏབ་པ་ལྔ་ཁྲུ་ཙམ་རེ་ཡོད་པ་ སྒར་གཞུང་ཚོམས་ཆེན་དུ་བཞུགས་ཀྱང་རབ་བྱུང་བཅུ་དྲུག་པའི་ས་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་གཏོར་བརླགས་བྱས་སོ། ཁོང་ཞི་བར་ གཤེགས་པའི་སྐུ་གདུང་གསེར་དངུལ་ལས་གྲུབ་པ་དེ་བྱང་ཆུབ་མཆོད་ རྟེན་མགུར་སྒར་གཞུང་གི་ཚོམས་ཆེན་དུ་ལྷམ་མེར་བཞུགས་པ་རིག་ གནས་གསར་བརྗེའི་སྐབས་སུ་མེད་པར་བྱས་སོ། ཁོང་ནི་ལ་མོའི་སྐུ་ ཕྲེང་གཉིས་པ་ཡིན་ ལ་མོ་ཚོགས་གཉིས་རྒྱ་མཚོ།། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ལོ་ཚིགས་གསལ་བོ་ཞིག་མ་ རྙེད་ཀྱང། ཁོང་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་ མཚོ་ ་ དང་དུས་མཉམ་ཡིན་ཏེ་འཁྲུངས་ཡུལ་ནི་ དབུས་ཀྱི་ལ་མོ་རིན་ཆེན་སྒང་ནས་ཡིན། ཁོང་ཚེར་གསེབ་ནས་རབ་ ཏུ་བྱུང་ཞིང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་གཞུང་བཀའ་ [1657] པོད་ལྔ་དང། དཔལ་ལྡན་སྨད་རྒྱུད་དུ་གསང་སྔགས་ལ་སྦྱངས་པས་ མདོ་སྔགས་རིག་གནས་རབ་འབྱམས་ལ་མཁས་པ་ཆེན་པོར་གྱུར་ཏེ་ རྒྱུད་སྨད་བླ་མ་དབུ་མཛད་གནང་སྐབས། རྒྱལ་དབང་བསོད་ནམས་ རྒྱ་མཚོའི་བཀའ་མངགས་ལྟར་ཧོ་ཤོས་ཉེར་བཞིའི་དབུ་བླར་ཕེབས་ རྗེ་འབངས་ཀུན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོ་ཇི་བཞིན་གཙུག་ ཏུ་བཀུར་ཞིང་ཕུ་དུད་བླ་ན་མེད་པ་བྱས། ད་ལྟའི་གཅན་ཚའི་རྔ་བ་རྡོ་ རྗེ་བཟང་པོ་ནས་ཕྱག་བཏབ་པའི་རྔ་སྒར་བྱང་ཆུབ་གླིང་དེ་ཁོང་ལ་ཕུལ་ གདན་ས་འདི་དང་ཁྲི་ཀའི་ཡུལ་གྱི་དབེན་གནས་འགའ་དང་གུར་སྒར་ ཆུང་ངུ་ལོགས་སུ་ཕྱེས་ནས་ཐུགས་དམ་ཉམས་བཞེས་ཀྱིས་རྟོགས་པ་ ཀློང་དུ་བརྡོལ། དད་སོགས་འཕགས་པའི་ནོར་གྱིས་ཐུགས་རྒྱུད་ གཏམས་ཤིང་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ཡང་དག་པའི་ལམ་ལ་ བཀོད་པའི་གྲགས་སྙན་གྱིས། གོང་མ་ཡུང་ལོ་རྒྱལ་པོས་རྔ་སྒར་སྐུ་སྐྱེ་ དཀར་པོ་ཞེས་ལུང་ལས་ཀྱི་གཟེངས་བསྟོད་དང་གསེར་ཐམ་བཅས་ གནང། བསྟན་འགྲོ་ཡོངས་ལ་གཅིག་ཏུ་དཀར་བའི་ལྷག་བསམ་གྱིས་ ཚ་ཀན་ནོ་མིན་ཧན་ནམ་ཞབས་དྲུང་དཀར་པོ་ཞེས་མཚན་ཐོགས། ཞི་ བར་གཤེགས་པའི་གདུང་རྟེན་ནི་ཁྲི་ཀའི་མརྒེན་གྲྭ་ཚང་དུ་བཞུགས་པ་ དེ་རབ་བྱུང་བཅུ་དྲུག་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་གཏོར་ བརླགས་བྱས་སོ། ཁོང་ནི་ལ་མོའི་སྐུ་ཕྲེང་དང་པོ་དང། ཡང་ན་ ཞབས་དྲུང་དཀར་པོའི་སྐུ་ཕྲེང་དང་པོ་ཡིན་ནོ། ། ལ་མོ་གསེར་ཁྲི་བློ་བཟང་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ [1658] ལོར་ཁུ་རེ་ནོར་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་ འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ ནུའི་དུས་ནས་དབུས་སུ་ཕེབས་ཏེ་གྲྭ་ས་ཆེན་མོའི་ཆོས་གྲྭར་ཞུགས་ཤིང་ མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་སྦྱོང་མཛད། བླ་མ་ངག་ དབང་བློ་བཟང་བཀྲ་ཤིས་ཀྱི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ བཞེས། ཆོས་རྗེ་འཇམ་དབྱངས་བློ་གྲོས་དང། ཆོས་རྗེ་ངག་དབང་ ཆོས་སྐྱོང་སོགས་བླ་མ་རྣམས་ལ་བསྟེན་ནས་རིག་པའི་གཞུང་ལུགས་ ཀུན་ལ་སྦྱངས་པ་མཐུར་ཕྱིན་མཛད་དེ་མཁས་པ་ཆེན་པོར་གྱུར། དེ་ ནས་གོང་མ་ཡུའུ་ཛི་ནས་རྒྱ་ནག་པེ་ཅིན་ཕོ་བྲང་དུ་གདན་དྲངས་ཏེ་ ཧུའི་ཨུ་ཆན་དགའ་ལྡན་གུ་ཤྲུ་ཐུ་ཧོ་ཐོག་ཐུའི་མཚན་སྙན་གནང། པེ་ ཅིན་ཙན་དན་དགོན་ཇོ་བོའི་བླ་བྲང་དུ་རྒྱུན་རིང་བཞུགས་ཏེ་གསུང་ ཆོས་མང་པོ་བརྩམས། དེ་ནས་སོག་ཡུལ་མཚོ་བདུན་དགོན་དུ་ཕེབས་ཏེ་ འཆད་རྩོད་རྩོམ་གསུམ་གྱིས་དུས་འདུའ་བར་མཛད། དགུང་ལོ་བརྒྱད་ ཅུ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ གསུང་རྩོམ་ནི། རྒྱས་བྱང་སེམས་ཀྱི་བསྟོད་པ། བུམ་བཟང། གདམས་ངག་ཡིད་བཞིན་ནོར་བུ། ། ལ་གསུམ་རྒྱལ་བ་བྱང་ཆུབ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ [1659] འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་མཁན་པོ་བོ་དཧི་ས་ཏྭ་ལས་ རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་ པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། སློབ་དཔོན་པདྨ་འབྱུང་ གནས་ལས་དབང་དང་གདམས་ངག་ཞུས་ནས་སྒྲུབ་པ་ཉམས་ལེན་ མཛད་པས་གྲུབ་པ་བརྙེས་ཏེ། རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་འཆའ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ ནོ། ། ལང་གྲོ་དཀོན་མཆོག་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་ཆེན་པོ་ཞིག་ ཡིན་ཏེ་མཚན་ལ་ལང་གྲོ་སྣང་བཞེད་ཅེས་ཞུའོ། དུས་ཕྱིས་སུ་མཁན་ པོ་བོ་དཧི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་མཚན་ལ་དཀོན་མཆོག་འབྱུང་ གནས་ཞེས་ཞུའོ། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་ གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་རྟགས་མངོན་ སུམ་དུ་ཐོན་ཏེ་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་ པའི་རྫུ་འཕྲུལ་ལྡན་ཞིང། གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། ཞེས་གསུངས་སོ། ཁོང་ ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། ལང་གྲོ་སྣང་བཞེར།། [1660] ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་འཁོར་བ་ཡིན་ཞིང་ ཞང་བློན་མ་ཞང་གྲོམ་པ་སྐྱེས་དུར་དུ་གསོན་བཅུག་བྱས་རྗེས་རྒྱལ་པོ་ཁྲི་ སྲོང་ལྡེ་བཙན་གྱིས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སྤེལ་ཆོག་པའི་ བཀའ་ཁྲིམས་བསྒྲགས་ཏེ་ཁོང་མང་ཡུལ་དུ་མངགས་ནས་མཁན་པོ་ཞི་ བ་འཚོ་ར་སའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་སོ། །དེ་ནས་ ཁོང་རྒྱ་གར་དུ་བྱོན་ཏེ་བྲྀ་ཀ་མ་ཤི་ལའི་གཙུག་ལག་ཁང་ནས་གཞི་ ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་པོད་ཡུལ་དབུས་སུ་ གདན་འདྲེན་ཞུས་སོ། ། ལང་གྲོ་བློན་ཁྲོམ་ལེགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དབང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ པ་དང། པའི་དགའ་སྟོན། ལང་མྱེས་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་ [1661] བློན་པོ་ཡིན། བོད་ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་བློན་པོ་ འབལ་ལྡོང་ཙབ་དང་ངན་འབྲེལ་བྱས་ནས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ མེས་ཨག་ཚོམ་ཅན་ལྐོག་ཏུ་བཀྲོངས་ཏེ་སྲིད་འགྱུར་བསླང་པའི་ངན་ སེམས་འཆང་ཡང། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དམག་དང་ ཁྲིམས་ཀྱིས་ཚར་བཅད་ཅིང་ཁྱིམ་གཞིས་རྒྱུ་ནོར་དང་བཅས་པ་གཞུང་ བཞེས་མཛད་ནས་དུས་ཟིང་ལྗིང་འཇགས་སུ་བཏང་ངོ། ། ལམ་ཁྲི་བདེ་བླག་ཁྲི་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཡར་ སྟོད་དུ་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ཕྱི་བློན་བཙན་ པོ་དྲུག་གི་ཡ་གྱལ་ཞིག་ཡིན་ནོ། ། ལར་ཤཱཀྱ་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་ སྟོད་ཙམ་དུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་ གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་ དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་ འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་གིས་ གཟུས་པོ་བཟུང་སྟེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འདུལ་ བའི་བསྟན་པ་དར་བར་མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། ལས་ཆེན་ཀུན་དགའ་རྒྱལ་མཚན།། [1662] ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་གཞོན་པའི་དུས་སུ་རྩེད་ཐང་གི་ཆོས་གྲྭ་ཆེན་ པོར་ཞུགས་ནས་སློབ་གཉེར་དཔྱིས་ཕྱིན་པར་མཛད། ཀུན་བཏུས། ལོར་ པར་གསུངས། བརྒྱད་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ འབྱུང་མཁས་པའི་ཡིད་འཕྲོག། ཆོས་ འབྱུང་འདི་ལ་བསྡོམས་པས་ལེའུ་བཅུ་ཡོད། ཆོས་འབྱུང་འདིའི་ མཚན་གཞན་ལ། ཁོང་གི་ གསུང་རྩོམ་ནི་པོད་གཅིག་བཞུགས་སོ། ། ལི་བློ་གྲོས་གཞོན་ནུ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་ གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་ པའི་དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ་ ལས་རབ་ཏུ་བྱུང་བའི་དབུས་གཙང་གི་མཁས་པ་མི་བཅུའི་ ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ ཕྱུག་ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་ རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ ནས་ཁོང་གིས་ཇོ་མོ་གཙུག་ལག་ཁང་སོགས་བཞེངས་པར་མཛད་ཅིང་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་སྟན་པ་དར་ [1663] བར་མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་ འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། ། ལིག་མི་རྒྱ།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། ཞང་ཞུང་གི་རྒྱལ་པོ་མཛད་ནས་ཕོ་བྲང་ཁྱུང་ལུང་དུ་ བཞུགས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོའི་སྲིང་ལྕམ་སད་མ་དཀར་ བཙུན་མོར་བཞེས་ཀྱང་ཡིད་གཅུགས་པར་མི་མཛད་པ། སྔར་འདྲིས་ ཀྱི་ཟུར་གྲོགས་ཤུད་ཀེ་བཟའ་རྩལ་ཏིང་ཤགས་དང་མཛའ་བོར་གྱུར་ པའི་དབང་གིས་སྲིང་ལྕམ་སད་མ་དཀར་ཐུགས་དགྱེས་པ་མ་བྱུང་བས་ རྒྱལ་པོ་སྲོང་བཙན་སྒམ་པོ་ལ་གསང་འཕྲིན་འབུལ་ནས་ཕྱི་ནང་ཟུང་དུ་ འབྲེལ་ཏེ་ཁོང་གི་ཆབ་སྲིད་བརླགས་སོ། ། ལུང་ཤར་རྡོ་རྗེ་ཚེ་རྒྱལ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་གཞིས་རྩེར་ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང། ཡུམ་བདེ་ཆེན་ པད་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་ པར་ཡབ་འདས་ཀྱང་ཡུམ་གྱིས་ལེགས་པར་བསྐྱངས་ཏེ་ཡིག་རྩིས་སོགས་ ལ་མཁས་པར་སྦྱངས། གསོ་བ་རིག་པ་ལ་ཡང་ཐོས་བསམ་མཛད། དེ་ ནས་ལྷ་སར་ཕེབས་ཏེ་དྲུང་འཁོར་གྱི་གྲལ་དུ་འཁོད་ཅིང་རྩིས་པའི་ལས་ འགན་ལོ་ངོ་བཅུ་ཙམ་འཁྲུར། དགུང་ལོ་སོ་གསུམ་པ་རབ་བྱུང་བཅོ་ ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་ [1664] གསུམ་པ་ཐུབ་བསྟན་རྒྱ་མཚོས་བཀའ་མངགས་ལྟར་བོད་ཕྲུག་བཞི་ཙམ་ ཁྲིད་ནས་དབྱིན་ཇིའི་རྒྱལ་ས་ལོན་ཏུང་དུ་ཕེབས། དབྱིན་ཇིའི་སྐད་ ཡིག་སོགས་ལ་སྦྱོང་ནས་བསམ་བློ་གསར་པ་མང་ཙམ་སྐྱེས། བོད་དུ་ ཕྱིར་ལོག་རྗེས་རྒྱལ་བ་རིན་པོ་ཆེས་རྩིས་དཔོན་གྱི་གོ་གནས་གནང་ཞིང་ འབབ་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་དུ་བསྐོས། དེ་ནས་སྡེ་དཔོན་སྐུ་ དྲག་དང། ཡབ་གཞིས། སྒེར་གཞིས། མཆོད་གཞིས། བཀའ་ གཞིས། མདའ་གཞིས་སོགས་ནས་འབྲུ་རིགས་མང་དུ་འབབས་ཞིབ་ བསྡུས་པས་དཔོན་རིགས་ཁ་ཤས་ལ་ཕོག་ཐུག་བྱུང། རྒྱལ་བ་རིན་པོ་ ཆེས་དམག་སྤྱིའི་འཚོ་འཛིན་ཞེས་པའི་གོ་གནས་ཀྱང་གནང། རྒྱལ་བ་ རིན་པོ་ཆེ་སྐུ་གཤེགས་རྗེས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་ པ་ཞིག་སྒྲིག་འཛུགས་བྱས་པའི་རྐྱེན་གྱིས་སྡེ་བ་གཞུང་གིས་བཙོན་ འཇུག་དོ་དམ་བྱས་ཏེ་སྤྱན་མིག་གཉིས་པོ་འདོན་རྒྱུའི་ཁྲིམས་ཐག་ བཅད་ཅིང་དེ་ལྟར་དོན་དུ་སྨིན་པར་བྱས། དེ་ནི་ལོ་རྒྱུས་སྟེང་དུ་ ཡོངས་སུ་གྲགས་པའི་ལུང་ཤར་དོན་རྐྱེན། ཟེར་བ་དེ་ཡིན་ནོ་ ལུམ་པ་བཀྲ་ཤིས་རྒྱལ་པོ།། ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ས་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་བཅུ་གཅིག་པའི་གཅིག་ ཉིན་ཆིན་གོང་མའི་དམག་དཔོན་ཁྲ་ལང་ཨ་ཡིས་ཁྲིམས་ལ་སྦྱར་ནས་ སྲོག་ཐོག་ཏུ་བཏང། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་ དང་དྲག་རྩལ་བཅས་ལ་ལེགས་པར་སྦྱངས། དེ་ནས་སྐུ་ན་སོན་ཏེ་རྒྱལ་ པོ་ལྷ་བཟང་ཧན་གྱིས་གཟིགས་སྐྱོང་ཆེ། རབ་བྱུང་བཅུ་གཉིས་པའི་ [1665] ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་མའི་དམག་དཔུང་དང་ མཉམ་དུ་ཇུན་གར་ཚེ་རིང་དོན་གྲུབ་འཁོར་དང་བཅས་པར་དྲག་པོས་ རྒོལ་ལན་སྤྲད་པས་བྱས་རྗེས་ཆེ་ཤོས་ཡིན། དེ་ནས་རབ་བྱུང་བཅུ་ གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་མས་གུང་ གི་ཆོ་ལོ་དང་སྦྲགས་བཀའ་བློན་དུ་བསྐོ་བཞག་མཛད་ཅིང་བོད་ཀྱི་ཆབ་ སྲིད་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ང་ཕོད་རྡོ་རྗེ་རྒྱལ་པོ་ དང། སྦྱར་ར་བློ་གྲོས་རྒྱལ་པོ་དང་མཉམ་དུ་ཆིན་གོང་མའི་གཙོ་ བདག་བཀའ་བློན་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས། དེ་ནས་ དབུས་དམག་ཁྲིད་ཅིང་གཙང་དུ་བཞུགས་པའི་ཕོ་ལྷ་བསོད་ནམས་ སྟོབས་རྒྱལ་འཛིན་བཟུང་བྱེད་པའི་དམིགས་ཡུལ་ཡོད་ཀྱང་དོན་དུ་མ་ འཁེལ་བ་མ་ཟད། དེ་ལས་ལྡོག་སྟེ་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་ གཙང་དམག་ཁྲིད་ནས་རྒོལ་ལན་མཐའ་གཅིག་ཏུ་སྤྲད་པས་རབ་བྱུང་ བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོའི་ཧོར་ཟླ་ལྔ་པའི་ ནང་ནས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ལ་མགོ་འབུལ་དང་རྒྱལ་བ་ བསྐལ་བཟང་རྒྱ་མཚོ་ལ་སྲོག་སྐྱོབ་ཞུས་སོ། དེ་ནས་ཆིན་གོང་མའི་ དམག་དཔུང་བོད་དུ་སླེབས་འཕྲལ་ལུམ་པ་བ་སོགས་བཙོན་འཇུག་དོ་ དམ་བྱས་ནས་ཁྲིམས་ཐག་བཅད་དོ། ། ལེགས་སྡུག་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ [1666] ་ གྱི་ནང་བློན་ཡིན། བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དྦའས་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་དང་ངན་འགྲེལ་བྱས་ ནས་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བཀྲོངས་སོ། ། ལེགས་པའི་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ ལ་ཐོས་བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ ཞིང་ཆུབ་པར་སྦྱངས་ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་ བ་མཛད། ཁོང་གི་བསྒྱུར་ཙོམ་ནི་ མ་དམར་མོའི་སྒྲུབ་ཐབས། མཛད་པ་བཞུགས་སོ། ། ལེའུ་བློན་ཀུ་རྨ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དབང་ པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ཞིག་ཡིན་ ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་ མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་ མནའ་བོར་དུ་བཅུག་པའི། [1667] དགའ་སྟོན། ལེའུ་བློན་ཀླུ་བཞེར།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། མཁས་པའི་དགའ་སྟོན། ལེའུ་བློན་ལྷ་བཟང་བྱིན་བྱིན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ནང་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་བ་དང། འབྱུང་མཁས་པའི་དགའ་སྟོན། ལོ་ངམ་རྟ་རྫི།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་གྲི་གུམ་བཙན་པོའི་རྟ་དཔོན་ཡིན་ཏེ། རྗེས་སུ་རྒྱལ་པོ་ གྲི་གུམ་བཙན་པོ་བཀྲོངས་ནས་རྒྱལ་ས་རེ་ཞིག་བཟུང་ཡང་སྤུ་དེ་གང་ [1668] རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱིས་མཁར་མྱང་རོ་ཤམ་པོར་ བཀྲོངས་སོ། ། ལོ་ཆུང་གྲགས་འབྱོར་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྟོད་མངའ་རིས་སུ་སྐུ་འཁྲུངས། ཁོང་གིས་ལོ་ཆེན་རིན་ཆེན་བཟང་པོ་ ་ སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་ ལེགས་སྦྱར་གྱི་སྐད་ལ་ཤིན་ཏུ་མཁས་པས་རྒྱ་གཞུང་བསྟན་བཅོས་མང་ པོ་བོད་ཡིག་ཏུ་བསྒྱུར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་ཆོས་འབྲེལ་ གསན། ཁོང་གི་བསྒྱུར་རྩོམ་ནི། ཉུང་ངུའི་མཚམས་སྦྱོར། མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ནོར་བུའི་གཏམ། འདས་པའི་གཏམ། མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་བ། པའི་དཀའ་འགྲེལ། བཞུགས་སོ། ། ལོ་ཆེན་ནམ་མཁའ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་འཇུག་ཙམ་དུ་ [1669] ལྷོ་བྲག་ས་ཁུལ་ལ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས། དེ་ནས་ མདོ་སྔགས་གཉིས་ཀར་སློབ་གཉེར་ལེགས་པར་མཛད་ཅིང་མཁས་པ་ ཆེན་པོར་གྱུར། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ནང་བྱན་ཚུད་པ་ མཛད་ནས་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི། ཞེས་བྱ་བ་བཞུགས་སོ། ། ལོ་ཆེན་བྱང་ཆུབ་རྩེ་མོ།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ལ་སྟོད་ལྷོར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུ་ངུའི་དུས་ནས་རྗེ་ བཙུན་དབང་གི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་དང། རྒྱུད་སྡེ་ རྣམས་དང། ལེགས་སྦྱར་གྱི་སྐད་ལ་སྦྱངས་མཛད་པས་ཤིན་ཏུ་མཁས་ པར་གྱུར་ནས་བོ་དོང་གི་གདན་ས་ཡང་མཛད། དེ་ནས་སྟག་ལུང་ ཕེབས་ཏེ་ལོ་ཆེན་ནམ་མཁའ་བཟང་པོའི་སློབ་དཔོན་མཛད། དུས་ ཕྱིས་སུ་ཡར་ཀླུང་དང། གདན་ས་ཐེལ། གུང་ཐང་དུ་བཞུགས་ནས་ དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་ཆོས་ཀྱི་ཆར་གྱིས་མཁས་པ་མང་ པོ་ཚིམས་པར་མཛད། དེ་ནས་གཙང་ཕྱོགས་སུ་བྱོན་ཏེ་ཆུ་མིག་རིང་ མོར་བཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་དགུང་ལོ་ བདུན་ཅུ་རྩ་བརྒྱད་པར་ཞི་བར་གཤེགས། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་ལོ་ཙཱ་བ་ནམ་མཁའ་བཟང་པོ་དང། སྤྱན་སྔ་གྲགས་པ་བྱང་ [1670] ཆུབ། ལོ་རཱ་བ་གྲགས་པ་རྒྱལ་མཚན་བཅས་ཡིན། ཁོང་གི་བསྒྱུར་ རྩོམ་ནི་བསྟན་འགྱུར་ལས། དག་པར་བརྗོད་པའི་མངོན་པར་རྟོགས་པ། དག་པར་བརྗོད་པའི་འགྲེལ་བ། མ་ལ་ཕན་པ། ཉིད་སྟོན་པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས། ། ལོ་ཆེན་རིན་ཆེན་བཟང་པོ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མངའ་རིས་གུ་གེ་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང། ཡུམ་ ཅོག་རོ་ཀུན་བཟང་ཤེས་རབ་བརྟན་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་དང་པོའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་ བྱུང། དེ་ནས་མངའ་རིས་གུ་གེའི་རྒྱལ་པོ་ཡེ་ཤེས་འོད་ཀྱིས་བཀའ་ མངགས་ལྟར་ཁ་ཆེ་དང་རྒྱ་གར་སོགས་སུ་ཞབས་ཀྱིས་བཅགས་ཏེ་པཎ་ ཊི་ཏ་བདུན་ཅུ་རྩ་ལྔར་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་ མཁས་པར་བསླབས་ཏེ་བོད་ཡུལ་དུ་ཕེབས། ཁོང་གིས་རྒྱ་གར་དང་ཁ་ ཆེའི་པཎྜི་ཏ་མང་པོ་བོད་དུ་གདན་དྲངས་ནས་བཀའ་འགྱུར་དང་ བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། ལོ་རྒྱུས་ཐོག་ཏུ་ལོ་ཙཱ་བ་ འདི་བའི་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་ དང། རྗེས་སུ་བསྒྱུར་བ་དག་ལ་གསང་སྔགས་གསར་མ་ཞེས་འབོད་ [1671] ཁོང་གིས་འཇམ་དཔལ་མཚན་བརྗོད་འབུམ་ཕྲག་གསུམ་བཏོན་མྱངས་ དགུང་ལོ་བརྒྱད་ཅུ་རྩ་ལྔ་པར་ཇོ་བོ་རྗེ་ལས་བདེ་མཆོག་སོགས་གསན་ མངའ་རིས་སོགས་སུ་དགོན་པ་དང་གཙུག་ཁང་འགའ་བཞེངས་མཛད་ རྒྱལ་པོ་ལྷ་ལྡེ་ཁྲིར་འཁོད་རྗེས་ཁོང་ལ་རྡོ་རྗེ་སློབ་དཔོན་ཞེས་པའི་མཚན་ གསོལ་ཞིང་མཆོད་གཞིས་ཕུལ་བས་ལོ་རྒྱུས་ཐོག་ཏུ་བླ་མ་དགོན་པར་ གཞིས་ཀ་ཕུལ་བའི་སྲོལ་ཚུགས། ཁོང་གི་བཀའ་དྲིན་ལས་དབུས་ གཙང་དུ་བསྟན་པ་ཕྱི་དར་མ་ཚུགས་གོང་ནས་མངའ་རིས་སུ་བསྟན་པ་ དར། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གུར་ཤིང་བརྩོན་འགྲུས་རྒྱལ་ མཚན་སོགས་དང། ཞུས་ཆེན་འཕེར་བའི་ལོ་ཙཱ་བའང་བཅུ་ལྷག་ཙམ་ ཡོད། ཁོང་གི་བསྒྱུར་རྩོམ་ནི་བཀའ་འགྱུར་གྱི་སྐོར་པོ་ཏི་བཅུ་བདུན་ དང། བསྟན་འགྱུར་གྱི་སྐོར་པོ་ཏི་སོ་གསུམ། གསང་སྔགས་ཀྱི་སྐོར་ པོ་ཏི་བརྒྱ་རྩ་བརྒྱད། གསོ་བ་རིག་པ་དང་བཟོ་རིག་པ་སོགས་ཀྱི་སྐོར་ པོ་ཏི་དུ་མ་བཞུགས་སོ། དེ་མིན་ད་དུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ སྐབས་སུ་བསྒྱུར་བའི་བསྟན་བཅོས་ཚང་མར་ཞུ་དག་མཛད་དོ། ། ལོ་ཆེན་དྷརྨ་ཤྲཱི།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་འཕྲིན་ ལས་ལྷུན་གྲུབ་དང། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ་ལོར་ཨོ་རོད་ཅུང་གར་བས་སྐྱིད་ཆུའི་འགྲམ་དུ་བཀྲོངས་ ཁོང་གི་བྱིས་པའི་མིང་ལ་ལེགས་པ་དོན་གྲུབ་ཅེས་ཞུ། དགུང་ལོ་བརྒྱད་ [1672] པར་གཅེན་པོ་དང་མཉམ་དུ་འཕྱོངས་རྒྱས་དཔལ་རི་དང་གནས་ཆེན་ མཆིམས་ཕུར་བཞུགས། དགུང་ལོ་བཅུ་གསུམ་པར་གཏེར་སྟོན་བླ་མ་ ལ་གཙུག་ཕུད་ཕུལ་ཏེ་མཚན་ལ་བསྟན་འཛིན་འཇམ་དབྱངས་དབང་པོ་ ཞེས་གསོལ། དགུང་ལོ་བཅོ་ལྔ་པར་ལྷ་སར་ཕེབས་ཏེ་རྒྱལ་དབང་ལྔ་ བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ངག་དབང་ཆོས་དཔལ་ཞེས་བཏགས་ དགུང་ལོ་བཅུ་དགུ་པར་སློབ་དཔོན་དོན་གྲུབ་དབང་རྒྱལ་ལས་རྩིས་ དང། སྟག་ལུང་གྲུབ་ཆེན་ངག་དབང་གཟུགས་མཆོག་ལས་སྒྲའི་ བསྟན་བཅོས་དང། གཏེར་ཆེན་བླ་མ་ལས་སྙན་ངག་དང་སྡེབ་སྦྱོར་ སོགས་གསན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་རྒྱལ་དབང་ལྔ་བ་ ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་སྨིན་གྲོལ་གླིང་གྲྭ་ཚང་གི་ དགེ་སྐོས་ལས་སྣེ་བཞེས་ཤིང་འགྲིག་ལམ་ཀུན་སྤྱོད་བཅས་ལ་དོ་དམ་ གང་ལེགས་གནང། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་བའི་ བཀའ་ཕེབས་པ་ལྟར་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་ འདུལ་བ་སྨད་ལུགས་ཀྱི་ཆོ་གས་བསྙེན་པར་རྫོགས། དེ་ནས་ཕྱི་ནང་ ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་ལ་སྦྱངས་པ་ དཔྱིས་ཕྱིན་པར་མཛད་དེ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ གྱིས་དུས་འདའ་བར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ས་སྐྱ་ བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་དང། ཡར་འབྲོག་གླིང་ གི་ཞབས་དྲུང་ཡབ་སྲས། ཕུན་ཚོགས་གླིང་གི་དགེ་སློང་འབྱུང་གནས་ སྟག་སྣ་ཏྲེ་བོ་སྤྲུལ་པའི་སྐུ། ཆབ་མདོ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་ སྡེ་དགེའི་བླ་མ་རབ་འབྱམས་པ། མི་དབང་བསོད་ནམས་སྟོབས་རྒྱས་ [1673] མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་བཅས་བྱོན་ནོ། ཁོང་གི་ གསུང་རྩོམ་ནི། ཞལ་ལུང། རྩ་འགྲེལ། རྩིས་ཉིན་བྱེད་སྣང་བ་རྩ་འགྲེལ། རྒྱུ་སྐར་ཕྲེང་བ། རྡོ་རྗེའི་ཐེམ་སྐས། སྣང་བ། མཚོའི་སྙིང་པོ། ། ལོ་ཏེ་གུ་སྣང་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་ཏེ། བློན་ པོ་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་པའི་སྐབས་སུ་ཁོང་ གིས་དུར་ཁང་གི་སྒོ་ཕ་བོང་ཆེན་པོས་བཀག་ཅིང་རྭ་མཐུད་པའི་ཆུ་ལམ་ གཏོར་བ་བཅས་མཛད་དོ། ། ལོ་སྟོན་རྡོ་རྗེ་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞིན་ནུའི་དུས་སུ་མདོ་སྨད་ ཙོང་ཁའི་ཡུལ་རྨ་ལུང་རྡོའི་བྲག་དན་ཚིག་ཤེལ་གྱི་ཡང་དགོན་ དེང་ [1674] སང་མཚོ་སྔོན་ཞིང་ཆེན་ཞུང་ཧྭ་རྫོང་ཁོངས་ དུ་བྱོན་ནས་བླ་ཆེན་ དགོངས་པ་རབ་གསལ་ ་ ལས་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་དབུས་ གཙང་དུ་ལོག་ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ཁང་སོགས་ལ་ ཞིག་གསོས་དང་ཞབས་ཏོག་ལེགས་པར་མཛད། དེ་རྗེས་ཁོང་གཙང་ ཕྱོགས་སུ་ཕེབས་ཏེ་མྱང་སྨད་དུ་ཉི་མ་རྒྱན་གོང་གི་གཙུག་ལག་ཁང་ བཞེངས་ནས་འདུལ་བའི་བསྟན་པ་སྤེལ་ཞིང་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱ་ཤཱཀྱ་གཞོན་ནུ་ དང། སྐྱོ་ཤེས་རབ་རྡོ་རྗེ། སྟག་ལོ་གཞོན་ནུ་བརྩོན་འགྲུས། ཨ་ མེས་ཞུ་གཅིག་ལར་ཤཱཀྱ་ཡོན་ཏན། ལི་བློ་གྲོས་གཞོན་ནུ། གླག་ བྱང་ཆུབ་རྒྱལ་མཚན། མགར་ཤེས་རབ་བླ་མ། རྔོག་ཡེ་ཤེས་འབྱུང་ གནས། གླང་བཙུན་བྱམས་པ། མགོ་བ་ཡེ་ཤེས་གཡུང་དྲུང། ལྕེ་ བཙུན་ཤེས་རབ་འབྱུང་གནས། སྐྱི་ཡེ་ཤེས་དབང་པོ། ཀོང་པོ་ཐར་ པ་རིན་ཆེན། ལྕེ་བཙུན་དཀར་པོ་བཅས་ཡིན། ཁོང་ནི་བསྟན་པ་ཕྱི་ དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་རྫོགས་ ཞུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན་ ནོ། ། ལོ་བྱི་མགོ་བ།། ཁོང་ནི་སྤྱི་ལོའི་དུས་རབ་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ གཉལ་སྟོད་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་པ་ཞིག་ཡིན། ཁོང་གིས་རས་ ཆུང་བ་ལ་གསེར་གྱི་མཎྜལ་ཕུལ་ནས་དབང་དང་གདམས་ངག་ཐམས་ [1675] ཅད་ཛོགས་པར་ཞུས། རླུང་ཨ་བ་དྷཱུ་ཏཱུརི་ཚུད་ནས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས། བདེ་མཆོག་ དཔའ་བོ་གཅིག་པའི་ཞལ་ཡང་མཇལ། རྣལ་འབྱོར་གྱི་དབང་ཕྱུག་ ཆེན་པོར་བཞུགས། མ་གཅིག་གཡང་དགོས་ཀྱི་སྲས་མོ་ཞིག་གིས་ ཞབས་ཏོག་མཛད་ནས་རྗེ་རས་ཆུང་པའི་སྤྱན་སྔར་ལོ་ངོ་ཉི་ཤུ་རྩ་ལྔར་ གྲལ་དཔོན་མཛད་དེ་གདུལ་བྱའི་འཁྲོ་ཐམས་ཅད་སྐྱོང་ཞིང་བཞུགས་ པ་ཡིན་ཏེ། ཁོང་ནི་རབས་ཆུང་རྡོ་རྗེ་གྲགས་པའི་ཐུགས་སྲས་བཅུ་ གསུམ་ནང་གི་དང་པོ་ཡིན་ནོ། ། ལོ་ཙཱ་བ་རྒྱལ་བ་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྒྲ་བསྒྱུར་ལ་མཁས་པས་སྙན་གྲགས་ཅན་གྱི་ལོ་ཙཱ་ ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། དང་པོའི་ལོ་དྲི་བ། ། ལོ་ཙཱ་བ་དགེ་བ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྒྲ་བསྒྱུར་ལ་མཁས་པར་མཁྱེན་པས་སྙན་གྲགས་ཅན་ གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། བདུན་པ་དང། བྱ་བའི་མདོ། པའི་དཔལ་ལུང་བསྟན་པའི་མདོ། [1676] པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ། བཞུགས་སོ། ། ལོ་ཙཱ་བ་དགེ་ཚུལ་ཁྲུང་གྲགས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་སློབ་གཉེར་མཛད་ཅིང་ རབ་བྱུང་དང་དགེ་ཚུལ་བསྒྲུབས། རྗེས་སུ་བལ་ཡུལ་དང་རྒྱ་གར་ སོགས་སུ་ཕེབས་ཏེ་ཐོས་བསམ་མཛད་པས་ལེགས་སྦྱར་གྱི་སྐད་ལ་ནང་ བྱན་ཚུད་ཅིང་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོར་གྱུར། ཁོང་གི་བསྒྱུར་ རྩོམ་ནི། དྲག་པོ་རྡོ་རྗེ་མེ་ལྕེའི་རྒྱུད། ལས། ཆོ་ག་ཐུགས་རྗེའི་ཕྲེང་བ། རྟོགས་པའི་མན་ངག་གི་རྒྱུད་ཀྱི་འགྲེལ་བ་གཟི་བརྗིད་སྣང་བ། མཚན་ཡང་དག་པར་བརྗོད་པའི་འགྲེལ་བ། ཕྲག་གཅིག་དང་དྲུག་བརྒྱ་ལྔ་བཅུ་ཡོད་པ་བཅས་བཞུགས་སོ། ། ལོ་ཙའ་བ་ཆོས་ཀྱི་ཤེས་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཅིང། དེ་རྗེས་ཁ་ཆེ་དང། བལ་ཡུལ་ [1677] རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ མདོ་སྔགས་ཆོས་ཀྱི་གཞུང་ལུགས་ལ་སློབ་གཉེར་ལེགས་པར་གནང་བ་ དང། ལེགས་སྦྱར་གྱི་སྐད་ལ་བྱང་ཞིང་ཆུབ་པ་མཛད་དེ་རྒྱ་གཞུང་ མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། འགྱུར། དང། བ། དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ། རྩིའི་འོད། དགའ་བའི་ཐིག་ལེ། མདོ་བསྡུས་པ། འཕགས་པ་གནོད་ འཛིན་ཆུ་དབང་གི་སྒྲུབ་ཐབས། རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ། གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་ བཤད་པ། བ། རྗེ་གཤེད་ནག་པོའི་འཁོར་ལོའི་མན་ངག། ཕྱག་དྲུག་པའི་སྒྲུབ་ཐབས། བཟང་པོའི་སྦྱིན་སྲེག་གི་ཆོ་ག། བཞུགས་སོ། ། ལོ་ཙཱ་བ་དྲན་པ་ནམ་མཁའ།། [1678] ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། སྐུ་ཚེའི་སྟོད་ལ་བོན་གྱེར་གཤེན་ཆེན་པོ་ཞིག་ཡིན། སྐུ་ ཚེའི་སྨད་དུ་རབ་བྱུང་བསྒྲུབས་ཏེ་ལོ་ཙཱ་བ་ལ་ཡང་མཁས་པར་བསླབས་ སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་རྫུ་འཕྲུལ་གྱིས་བྱང་ གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས་ཐུབ་པའི་ དངོས་གྲུབ་བརྙེས་ཏེ། ནམ་མཁས་བྱང་ནས་གཡག་རྒོད་ཁུག་ཞེས་གསུངས་སོ། ཁོང་ནི་ གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་ གི་བསྒྱུར་རྩོམ་ནི། པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ། སུམ་ཅུ་དང། དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག། སངས་རྒྱས་ ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག། པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་དོན་ བརྒྱད་མ། བརྟག་པའི་རྒྱ་ཆེར་བཤད་པ། ། ལོ་ཙཱ་བ་ནམ་མཁའ་སྐྱོང།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང། སྒྲ་བསྒྱུར་ལ་མཁས་པར་མཁྱེན་པས་སྙན་གྲགས་ཅན་ གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། [1679] བམ་པོ་བདུན་པ་དང། པའི་རྒྱ་ཆེར་བཤད་པ། ། ལོ་ཙཱ་བ་དཔལ་གྱི་ལྷུན་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ ཤིང་རྟེན་རབ་བྱུང་ཡིན། སྒྲ་བསྒྱུར་ལ་མཁས་པར་མཁྱེན་པས་རྒྱལ་ བའི་བཀའ་དང་བསྟན་འགྱུར་སོགས་བོད་ཡིག་ཏུ་བསྒྱུར་ཏེ་སྙན་གྲགས་ ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི། ལས། བམ་པོ་བདུན་པ་དང། པོ་ལྔ་བ། པ་ནོར་བུ་ཆེན་པ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་ གསང་བ་དམ་པ་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོའི་གཟུངས། བདུན་པ། འོད་ཀྱི་གཟུངས། པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། བསྟོད་པ། རིན་པོ་ཆེས་སྤྲས་པ། མཆོག་གསུམ་གྱི་བསྟོད་པ། འགྲེལ་བ། [1680] སོ། ། ལོ་ཙཱ་བ་དཔལ་འབྱོར།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྟེན་རབ་བྱུང་ཡིན། སྒྲ་བསྒྱུར་ལ་ཤིན་ཏུ་མཁས་པར་ མཁྱེན་པས་རྒྱལ་བའི་བཀའ་དང་བསྟན་འགྱུར་སོགས་བོད་ཡིག་ཏུ་ བསྒྱུར་བ་མཛད་དེ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་ བསྒྱུར་རྩོམ་ནི། བརྒྱད་ཀར་རྫོགས་པ། དང། བསྔོ་བ་ཆེན་པོའི་རྒྱལ་པོ། ། ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་ རྩོམ་ནི། གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ། རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་བ་རིན་ པོ་ཆེ་གསལ་བ། བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ། རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་ གཅིག་ཏུ་གྲུབ་པ། བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ། [1681] ཞེས་བྱ་བའི་རབ་ཏུ་བྱེད་པ། ཤུ་བ། ཤོ་ལོ་ཀ་སུམ་སྟོང་ཕྱེད་དང་བཞི་བཅས་བཞུགས་སོ། ། ལོ་ཙཱ་བ་བཟང་སྐྱོང།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྟེན་རབ་བྱུང་ཡིན། སྒྲ་བསྒྱུར་ལ་མཁས་པར་མཁྱེན་ པས་སྙན་གྲགས་ཅན་གྱི་ལོ་རཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ གསུམ་པ་དང། གཉིས་པ། འགྱུར། བཞུགས་སོ། ། ལོ་ཙཱ་བ་ཡེ་ཤེས་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་ འཁྲུངས་ཤིང་རྟེན་རབ་བྱུང་ཡིན། སྒྲ་བསྒྱུར་ལ་མཁས་པར་མཁྱེན་ པས་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་བོད་ཡིག་ཏུ་བསྒྱུར་བ་ མཛད་དེ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ ནི། པའི་མདོ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ། [1682] བ་དང། པོ་གཅིག་པ། མདོ། སྐྱོབ་པར་བྱེད་པའི་བསྔོ་བ། བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་ པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། བཅས་བཞུགས་སོ། ། ལོ་ཙཱ་བ་རཏྣ་རཀྵི་ཏ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ཅན་གྱི་ ལོ་ཙཱ་བ་ཞིག་ཡིན། ཁོང་གི་མཚན་གཞན་ལ་རིན་ཆེན་འཚོ་ཞེས་ཞུའོ་ རྟེན་རབ་བྱུང་ཡིན། ཁོང་གི་བསྒྱུར་རྩོམ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ། པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་ མདོ། མེད་པར་བསྟན་པའི་མདོ། དགྲའི་འགྱོད་པ་བསལ་བའི་མདོ། སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བུ་བརྩེགས་པའི་མདོ། ། [1683] ལོ་རས་དབང་ཕྱུག་བརྩོན་འགྲུས།། ཁོང་ནི་རབ་བྱུང་གསུམ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་གཞུང་གི་གྲགས་ཆེན་དུ་ཡབ་རྣལ་འབྱོར་དང། ཡུམ་མེ་བཟའ་ སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཡི་གེའི་ སྦྱོར་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་དྲུག་པར་ཆོས་རྗེ་གཙང་ པ་བ་དང་མཇལ་ཞིང་དད་པ་ཐོབ་ནས་བསྙེན་བཀུར་རྒྱ་ཆེར་མཛད་ དགུང་ལོ་བཅོ་བརྒྱད་པར་བྲོས་ཏེ་སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་ རབ་ཏུ་བྱུང། མཚན་ལ་དབང་ཕྱུག་བརྩོན་འགྲུས་ཞེས་གསོལ། དེ་ ནས་འབྲུག་ཏུ་ཕེབས་ཏེ་བསྙེན་པར་རྫོགས། འདུལ་བ་མདོ་རྩ་དང་ བརྟག་གཉིས། མ་ཧཱ་ཧཱ་ཡཱ་ལ་སོགས་པའི་རྒྱུད་དང། དོ་ཧ་ལ་ སོགས་པའི་ཟབ་ཆོས་དང། བདེ་མཆོག་ལ་སོགས་པའི་སྒྲུབ་གཞུང་ མང་དུ་གསན། དེ་ནས་ཡབ་གཤེགས་པས་ཆོས་རྗེ་འཁོར་བཅས་ གཞུང་དུ་གདན་དྲངས་ཏེ་ཁལ་ཉིས་སྟོང་བརྒྱད་བརྒྱ་གཙོས་པའི་ འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དགེ་འདུན་དང་ཡུམ་མི་རྣམས་ ལ་འགྱེད་བཟང་པོ་བཏང་ནས་ཕ་ཡུལ་དུ་མི་འགྲོ་བ་དང། རི་མི་ འབབས། ཙོག་པུ་རྒྱུན་དུ་མཛད་པ། ཁྱིམ་པའི་སྒོ་ཐེམ་སྤངས། རས་ རྐྱང། གསུང་བཅད། གཏོར་མ་བརྒྱ་རྩ་མ་ཆག་པ་སྟེ་དམ་བཅའ་ བདུན་མཛད། ཆོས་རྗེས་དམ་བཅའ་འདི་རྣམས་དགོས་པ་མེད་ཅིང་ ལོ་དྲུག་ཏུ་དམ་བཅའ་བསྲུངས་ནས་ཅི་བདེར་མཛོད་གསུངས། དེ་ ནས་ཕ་སྤུན་གྱིས་ཡུམ་དང་སྲོང་མོ་མནར་བའི་གཏམ་དང། མཆེད་ [1684] གྲོགས་ཀྱིས་ཆགས་སྡང་བྱེད་པ་དང། ལུས་ལ་ཤིག་ནད་ཚབས་ཆེ་བ་ དང། ཐུགས་རླུང་ལ་སོགས་པའི་འགལ་རྐྱེན་དྲག་པོ་བྱུང་ཡང། བླ་ མའི་མོས་གུས་དང་མ་བྲལ་བར་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་ གྱུར། དགུང་ལོ་ཉེར་ལྔ་པར་རྗེ་གཙང་པ་གཤེགས། དེ་ནས་ཁ་རག་ གི་རྩེ་མོ་ཇོ་མོ་གྲོ་ས་དང། ཇོ་མོ་གངས། སེ་མོ་དོ་རྣམས་སུ་ཐུགས་ དམ་མཛད་པས་ཡེ་ཤེས་ཀྱི་སྟོབས་རྒྱས། མངོན་པར་ཤེས་པ་ཆེན་པོ་ ཡང་ལྡན། ཆུ་མིག་དཀར་མོ་དང། ཤིང་སྐམ། ལྕགས་སྤྱིལ། དབུ་ རི་ལ་སོགས་པའི་དགོན་པ་ཕྲན་རེ་མཛད་ནས་གཞན་དོན་བསྐྱངས་ དེ་ནས་གླང་གི་ལོ་ལ་དཀར་པོ་ཆོབ་ལུང་བཏབ། ཚོགས་པ་མང་དུས་ ཁྲི་ཚོ་གཅིག་ལྷག་ཙམ་འདུས། ཐུགས་དམ་གསེར་གྱི་པོ་ཏི་མང་དུ་ བཞེངས། དེ་ནས་ལྷོ་བྲག་མཁར་ཆུར་བྱོན་ཏེ་མཁར་ཆུའི་ལྷ་ཁང་ཞིག་ གསོ་མཛད་ནས་གསེར་གྱི་རྒྱལ་མཚན་བཙུགས། དེ་ནས་མོན་བུམ་ ཐང་དུ་བྱོན་ཏེ་ཐར་པ་གླིང་གི་དགོན་པ་བཏབ། དེ་ནས་སེང་གེ་རི་ལ་ ཕེབས་ཏེ་རབ་བྱུང་སྟོང་དང་ལྔ་བརྒྱ་ཙམ་ལ་བདེ་མཆོག་གི་དབང་ཆེན་ རྒྱས་པ་གནང། དེ་ནས་སྐུ་ཚེ་འདིའི་མཛད་པ་རེ་ཞིག་རྫོགས་ཤིང་ དགུང་ལོ་དྲུག་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ སོ། །ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་འཇམ་ དབྱངས་མགོན་པོ་ཡིན། ། [000] ཤ་མི་སྒོམ་ཆེན་སྨོན་ལམ་འབར།། ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་ ཕུ་ཐུང་མགོན་པོ་ནང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་སྐོར་ནི་རུ་པ་ རྒྱ་སྨད་དུ་བྱོན་པ་ལས་གདམས་པ་ཞུས་པས་སེམས་ཀྱི་གནས་པ་ཡག་པོ་ ཞིག་སྐྱེས། དེ་ནས་སོ་ཆུང་དགེ་འདུན་འབར་དང་མཇལ་ཏེ་ཕྱག་ ཕྱིར་བྱོན་ནས་གཡོག་ཡུན་རིང་པོར་མཛད་ཀྱང་གདམས་པ་གཅིག་ ཀྱང་མ་ཐོབ། སོ་རིན་པོ་ཆེས་ཁོང་ལ་ཞེ་སྡང་ལངས་པའི་ཚུལ་སྣ་ཚོགས་ ཕུད་པའི་མཐར་ཁོང་ཞེ་སྡང་རྣལ་མ་གཅིག་ལངས་ཏེ་གྲི་ཕྱུངས་ནས་སོ་ རིན་པོ་ཆེའི་ཐོག་ལ་རྒྱུག་པས་སོ་རིན་པོ་ཆེས་ཁྱོད་ཀྱི་ཞེ་སྡང་ལ་ལྟོས་ ཤིག་གསུངས་པ་ཙམ་གྱིས་སེམས་ངོ་རྣལ་མར་འཕྲོད་ཅིང་རྟོགས་པ་ ཡང་དག་པར་ཤར། དེ་ནས་ཁོང་དགའ་གྲགས་ནས་ལག་པས་མདུན་གྱི་ ཐུ་བ་གཉིས་ཡར་བཟུང་སྟེ་བྲོ་འཁྲབ་ཅིང། ཐུགས་རྗེ་ཅན་ཁྱོད་ལ་ ཡའི། ཐབས་མཁས་པོ་ཁྱོད་ལ་ཡའི། མཁྱེན་པ་ཅན་ཁྱོད་ལ་ཡའི་ ཞེས་པའི་བསྟོད་བསྔགས་མཛད། སོ་རིན་པོ་ཆེས་ཀྱང་གདམས་ངག་ [1686] ཐམས་ཅད་རྫོགས་པར་གནང། དེ་ནས་སོ་རིན་པོ་ཆེ་སྐུ་གཤེགས་ ལོ་ངོ་སུམ་ཅུ་རྩ་བཞི་བར་དུ་སོ་རིན་པོ་ཆེའི་གཡོག་མཛད། དེ་རྗེས་ བཟང་གྲོང་ཚུགས་ཁར་ཁང་ཆུང་ཞིག་བརྩིགས་ཤིང་དེར་བཞུགས་ནས་ སློབ་མ་མང་པོར་སོ་ལུགས་ཀྱི་བརྒྱུད་པ་སྤེལ་ནས་བསྟན་འགྲོའི་ཞབས་ ཏོག་ཡུན་རིང་དུ་མཛད། དགུང་ལོ་བརྒྱད་ཅུ་རྩ་བདུན་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ འཆུས་པ་དར་མ་བརྩོན་འགྲུས་དང། མལ་ཀ་བ་ཅན་པ། མཐིང་ གང་པ་ཤེས་རབ་ཚུལ་ཁྲིམས། ལུག་རོ་ཞིག་པོ་བཅས་ཡིན་ནོ། ། ཤ་ར་བ་ཡོན་ཏན་གྲགས།། ཁོང་ནི་རབ་བྱུང་དང་པོའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ བྱང་གི་རོམ་པོར་འབྲོག་པ་ཞིག་གི་སྲས་སུ་སྐུ་འཁྲུངས། རབ་བྱུང་ གཉིས་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུའི་དུས་སུ་ཕ་མས་མནའ་མ་བླངས་ཀྱང་དེ་ལ་མ་ཆགས་པར་པོ་ ཏོ་བ་རིན་ཆེན་གསལ་གྱི་སྤྱན་སྔར་བྱོན་ཏེ་རབ་ཏུ་བྱུང་ཞིང་གདམས་པ་ གསན། ཐུགས་རབ་ཤིན་ཏུ་ཆེ་བས་བཀའ་འགྱུར་རོ་ཅོག་ཐུགས་ལ་ བཞུགས་པར་གྲགས། པོ་ཏོ་བ་རིན་ཆེན་གསལ་སྐུ་གཤེགས་རྗེས་ཁོང་ གིས་ཚོགས་པ་བསྐྱངས་བས་སློབ་མ་སུམ་སྟོང་དྲུག་བརྒྱ་འདུས་ཤིང་ བཤད་པ་ཕལ་ཆེར་གཞུང་ཆེ་བ་ཁོ་ན་ལ་མཛད། པ་ཚབ་ལོ་ཙཱ་བ་ ཉི་མ་གྲགས་རྒྱ་གར་ནས་བོད་དུ་ཕེབས་ཏེ་དབུ་མའི་འཆད་ཉན་མཛད་ སྐབས་སློབ་མ་ཧ་ཅང་ཉུང་བས་ཁོང་གིས་སློབ་མ་བཙུན་ཆུང་མང་པོ་ སློབ་མར་ཕུལ། དུས་ཕྱིས་སུ་རྭ་སྒྲེང་དུ་ཁ་ཆེ་ཛ་མ་ཡ་ཨཱ་ནནྡ་དང་ [1687] ལོ་ཙཱ་བ་པ་ཚབ་ཉི་མ་གྲགས། ཁུ་མདོ་སྡེ་འབར་རྣམས་གདན་དྲངས་ ཏེ་མདོ་ཀུན་ལས་བཏུས་པ་ཇོ་བོའི་ཕྱག་དཔེ་བོད་སྐད་དུ་བསྒྱུར་བཅུག་ ནས་འགྱུར་གྱི་སྦྱིན་བདག་མཛད་ཅིང་བསྟན་པའི་བདག་པོར་གྱུར་ཏེ་ དབུ་མའི་ལུགས་དང་སེམས་ཙམ་པའི་ལུགས་ཀྱི་སེམས་བསྐྱེད་གཉིས་པོ་ རྟེན་ལ་སོགས་པ་མཐུན་པར་སྒྲུབ་པའི་ཡིག་ཆ་ཡང་མཛད། དུས་ ཕྱིས་སུ་རྗེ་བཙུན་ཙོང་ཁ་པས་ཀྱང་དེ་བཞིན་དུ་མཛད། དེ་ནས་བསྟན་ འགྲོའི་དོན་ཆེན་ལེགས་པར་གྱུབ་ཅིང་དགུང་ལོ་བདུན་ཅུ་རྩ་གཉིས་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བཀའ་གདམས་ པའི་དགེ་བཤེས་ཆེན་པོ་ཞིག་ཡིན། ཁོང་གི་སློབ་མའི་ཚོགས་ལས་ གྲགས་ཆེ་བ་ནི་པྲཛྙཱ་ཛྭ་ལ་དང། ནགས་ཤོད་དཔེ་སྟོན། གཞོའི་ ཤེས་རབ་རྡོ་རྗེ། སྣར་ཐང་པ་གཏུམ་སྟོན། བྱ་གྲགས་པ་སེང་གེ་ལ་ སྟོད་པ་བྱང་ཆུབ་གྲགས། ཤར་བ་བློ་གྲོས་གྲགས། གཉལ་བ་དགེ་ འདུན་སྐྱབས། ལྷོ་པ་དར་མ་གྲགས། རྒྱལ་བ་བྱང་གྲགས། བྱ་ སྟོན་འཆད་ཁ་བ་ཡེ་ཤེས་རྡོ་རྗེ་བཅས་ཡིན་ནོ། ། ཤངས་སྟོན་ཀུན་མཁྱེན་ལེགས་དཔལ་དོན་གྲུབ།། ཁོང་ནི་རབ་བྱུང་བརྒྱད་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཀུན་གཟིགས་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་ གསལ་བའི་མེ་ལོང་ལས། དགའ་བའི་ཏོག་གི་སྐྱེ་མཐའ་ནི། དེ་ནས་ ལོ་འགའ་སོང་བ་ན། དོན་གྲུབ་ཅེས་བྱའི་དགེ་སློང་འབྱུང། ཅེས་ ལུང་བསྟན་པ་ལྟར། སངས་རྒྱས་ཞལ་བཞུགས་སྐབས་བྱང་སེམས་ [1688] དགའ་བའི་ཏོག་ཏུ་གྱུར་པ་ཉིད་བསམ་བཞིན་དུ་བཀྲ་ཤིས་ལྷུན་པོའི་ ཤར་རྩེ་གྲྭ་ཚང་གི་མཁན་ཐོག་བཞི་པར་ཕེབས། འཕགས་ཡུལ་གྱི་ དཔལ་འབྲས་བུ་རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་བ་སོགས་དང་ཐུགས་རྒྱུད་ གཅིག་ཁོང་གི་སྐུ་སྐྱེ་སྔ་མ་ནི་རྗེ་ཙོང་ཁ་པའི་ཐུགས་སྲས་ཚ་ཁོ་ངག་ དབང་གྲགས་པ་ཡིན། རྗེས་མར་དགའ་ལྡན་མཁའ་སྤྱོད་དུ་མི་སློབ་ པའི་ཟུང་འཇུག་མངོན་དུ་མཛད་པར་དགའ་ལྡན་ཆོས་འབྱུང་ནོར་བུའི་ ཕྲེང་བ་ལས་གསུངས་སོ། ། ཤབ་རྩེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་ སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ ་ ལས་ རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་ རབ་བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ཆོས་སྐོར་མང་དུ་གསན། དེ་ ནས་ཁོང་གིས་ཤབ་རྩེ་ལྷ་ཁང་བཞེངས་ཤིང་དགེ་འདུན་མང་པོའི་ ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་དར་བར་མཛད། ཁོང་ནི་ ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ ཞིག་ཡིན་ནོ། ། ཤ་ནྟི་པ་བློ་གྲོས་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ [1689] མངའ་རིས་སྟོད་དུ་ཉང་གི་གདུང་བརྒྱུད་པ་ཡབ་རིག་འཛིན་ཞི་བ་ བཟང་པོ་དང། ཡུམ་བྱིན་ཟ་ལམ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་བའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བཅུ་གཅིག་པར་མཁས་གྲུབ་དམ་པ་རིན་ཆེན་དཔལ་བཟང་ ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་གྲོས་རྒྱལ་མཚན་ཞེས་ གསོལ། དགུང་ལོ་བཅུ་གཉིས་པར་ཚད་མ་རྣམ་འགྲེལ་གྱི་གཞུང་བློ་ འཛིན་གནང་བར་མ་ཟད། མཁས་པ་མང་པོའི་དབུས་སུ་བགྲོ་གླེང་ མཛད་པས་རྣམ་དཔྱོད་ལ་ཐམས་ཅད་གྱིས་བསྔགས་པའི་ཆུ་སྐྱེས་ འཐོར། དེ་ནས་གཙང་དུ་ཕེབས་ལམ་གསེར་ཏོག་ཅན་དུ་བཞུགས་ཏེ་ ཆོས་རྗེ་ཤཱཀྱ་མཆོག་ལྡན་དང་མཇལ། དགུང་ལོ་བཅོ་ལྔ་བར་བཀྲ་ ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཡེ་ཤེས་རྩེ་མོས་མཁན་པོ་དང་ དགེ་རུ་རབ་འབྱམས་པས་སློབ་དཔོན། མཁན་མཆོག་ཤནྟི་པས་དུས་ གོ་བར་མཛད་དེ་དགེ་ཚུལ་གྱི་སྡོམ་པ་ནོད། དེ་ནས་བཟུང་ཁོང་ལ་ ཤནྟི་པ་ཞེས་གྲགས། པཎ་ཆེན་ཡེ་ཤེས་རྩེ་མོ་ལས་བཀའ་གདམས་ གླེགས་བམ་ཆ་ལག་ཡོངས་རྫོགས་དང། དཀའ་ཆེན་བཞི། དབུ་མ་ རྩ་འཇུག་གི་ཊིཀྐ་རྣམས་གསན། དགུང་ལོ་སོ་གཅིག་པར་རྒྱལ་བ་དགེ་ འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས། ལོ་དེ་ནས་བཟུང་དཀྱིལ་ཁང་ གྲྭ་ཚང་གི་མཁན་པོ་ལོ་ཉེར་གཅིག་མཛད། དེ་ནས་གདན་སའི་ཁྲི་པ་ ལས་ཐོག་པས་ཁྲི་པ་འོས་འགབ་གསུམ་ལ་བརྟག་པ་ན་རྗེ་འདི་ལ་བབས་ པས་གནང་སྦྱིན་རྒྱ་ཆེ་དང་འབྲེལ་སྙན་ངག་གི་ལམ་ནས་དྲངས་པའི་ ཆབ་ཤོག་བསྩལ་ཏེ་རྒྱལ་བ་དགེ་འདུན་གྲུབ་པའི་རྒྱལ་ཚབ་ཏུ་མྔ་ [1690] གསོལ། གདན་ས་ལོ་མང་པོ་བསྐྱངས་ཏེ་ཐོས་གླིང་རབ་འབྱམས་པ་ གདན་སར་བསྐོ་བཞག་གནང་སྟེ་མངའ་རིས་ཕྱོགས་སུ་ཕེབས། མཐོང་ ལྡིང་གི་ཁྲི་ལ་ཕེབས་ནས་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པ་ སྨིན་གྲོལ་དུ་བཀོད། རི་གསུམ་དབུས་མ་དུང་ཁ་གྱེན་དུ་བསླང་བ་ལྟ་ བུར་བླ་བྲང་གི་འགྲམ་བཏིང། རི་གཉིས་པར་འདུས་སུ་ གུ་གེའི་ བཀྲ་ ཤིས་ལྷུན་པོ་བཏབ། འདུ་ཁང་ཀ་བ་བཅུ་དྲུག་གཙང་ཁང་དང་བཅས་ པ། མཆོད་ཁང་ཀ་བཞི་མ། རྟེན་གཙོར་གསེར་ཟངས་ཀྱི་རྗེ་རྩོང་ཁ་པའི་ སྐུ་བརྙན་གྱིས་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བསྐྲུན་ནོ། ཁོང་ནི་ བཀྲ་ཤིས་ལྷུན་པོའི་ཁྲི་པ་བདུན་པ་ཡིན། ཁོང་གི་གསུང་རྩོམ་ནི་དབུ་ ཕར་རྣམ་འགྲེལ་སོགས་ཀྱི་དགོངས་འགྲེལ་སོགས་ལེགས་བཤད་མང་དུ་ བཞུགས་སོ། ། ཤར་སྐལ་ལྡན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་རེབ་གོང་རྒྱལ་ཐང་དུ་ཡབ་མཁར་འབུམ་རྒྱལ་དང། ཡུམ་ སྙིང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་ མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་ པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་དགེ་བསྙེན་གྱི་ སྡོམ་པ་བཞེས། དགུང་ལོ་བཅུ་པར་རབ་ཏུ་བྱུང་སྟེ་མཚན་ལ་སྐལ་ ལྡན་ཚོགས་གཉིས་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་དབུས་ གཙང་དུ་ཕེབས། མཁན་ཆེན་བློ་གྲོས་རྒྱ་མཚོ་བླ་མར་བསྟེན་ནས་ མཚན་ལ་སྐལ་ལྡན་རྒྱ་མཚོ་ཞེས་གསོལ། དེ་ནས་བྱང་རྩེ་གྲྭ་ཚང་ [1691] གི་འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང། གཙང་དཀའ་ ཆེན་བློ་གྲོས་རྣམ་རྒྱལ། མཁས་གྲུབ་བསྟན་དར་སོགས་བླ་མར་བསྟེན་ ནས་བསྡུས་སྦྱོར་བློ་རྟགས་དང་བཅས་པའི་གཞུང་དཀའ་པོད་ལྔ་ལ་ སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་བར་པཎ་ཆེན་བློ་བཟང་ ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགུང་ལོ་ཉེར་གཅིག་ པར་མདོ་སྨད་དུ་ཕེབས། དེ་ནས་སྡེ་པ་ཆོས་རྗེ་བསྟན་འཛིན་བློ་ བཟང་རྒྱ་མཚོ་དང། རྒྱལ་སྲས་བློ་བཟང་བསྟན་འཛིན། རྗེ་སྟོང་ འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་ལ་བསྟེན་ ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་གསན། དགུང་ལོ་ ཉེར་བཞི་པར་རོང་བོ་དགོན་དུ་མཚན་ཉིད་གྲྭ་ཚང་གསར་འཛུགས་ མཛད། དགུང་ལོ་ཞེ་གཉིས་པར་མདོ་སྨད་སྒྲུབ་སྡེ་ཡོངས་ཀྱི་རྒྱན་དབེན་ གནས་བཀྲ་ཤིས་འཁྱིལ་དུ་ཕེབས། ལོ་ངོ་སུམ་བཅུའི་རིང་དུ་སྒྲུབ་སྡེ་དེ་ ལ་ཆོས་སྲིད་གཉིས་ཀས་ལེགས་པར་བསྐྱངས། དགུང་ལོ་ཞེ་དྲུག་པར་ རྒྱལ་དབང་ལྔ་པ་པེ་ཅིན་དུ་ཕེབས་པའི་ལམ་ནས་བཀའ་ཆོས་ཞུས། སྐུ་ ཚེ་གང་བོར་ཐུགས་རྩེ་གཅིག་གིས་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ། སྔ་ གཞུག་ཏུ་རི་དན་ཏིག་དང། ཡང་ཏིག་གནམ་རྫོང། ཤར་གཉའ་ གོང་བྲག་དཀར། རྒྱ་མ་གཤག་རལ། སྟག་ཚང་ལྷ་མོ་ལ་སོགས་པའི་ དབེན་གནས་ཉམས་དགའ་བར་བཞུགས་ནས་འགྲོ་དོན་མཛད། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་གཡུ་རྔོག་བསམ་གཏན་རྒྱ་མཚོ། རྟིས་ ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས། བློན་ཆོས་བློ་བཟང་ཆོས་གྲགས་ བཅས་ཡིན། ཁོང་གི་གསུང་རྩོམ་ནི་ [1692] མཛེས་རྒྱན་ ཚུལ་གྱི་ལོ་རྒྱུས། འདེབས། ཁྲིད། དུ་བཞུགས་སོ། ། ཤར་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་གཉའ་གོང་བྲག་དཀར་གྱི་ལྷ་ཞོལ་གཉན་ཐོག་ འབྲོག་ཏུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་མཁན་ཆེན་ དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་རྗེས་སོར་ཐུགས་རྫོགས་ཀྱང་ དེ་བ་ལས་བཤེས། དགེ་སློང་བློ་བཟང་ཤེས་རབ་ལས་ཡི་གེའི་སྦྱོར་ ཀློག་སྦྱངས། དབུ་མཛད་ངག་དབང་རྒྱ་མཚོ་ལས་ཆོས་སྤྱོད་ཐུགས་ འཛིན་གནང་སྐབས་མཚན་བརྗོད་རང་བཞིན་གྱིས་ཐུགས་སུ་ཆུད་ དགུང་ལོ་དགུ་པར་ཤར་བླ་བྲང་གི་གདན་སའི་ཁྲི་ལ་མངའ་གསོལ། དེ་ ནས་སྤྱང་ལུང་ཁྲི་རྒན་འཇམ་དབྱངས་དགེ་འདུན་བསྟན་འཛིན་དང་ དར་ཞིང་འཇམ་དབྱངས། དཔལ་ཆོས་མཁན་པོ། བྱམས་ཆེན་ མཁན་པོ་བློ་བཟང་འཕྲིན་ལས། མཁས་དབང་བློ་བཟང་དར་རྒྱས་ དྲུང་ཡིག་བློ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་པའི་རྡོ་རྗེ། པཎ་ཆེན་ དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ཁྲིད་ [1693] དང་དབང་ལུང་རྗེས་གནང་བཅས་པ་མ་ལུས་པར་གསན་པ་མཛད་ དགུང་ལོ་བཅུ་དྲུག་པར་རྒྱལ་བ་སྐལ་བཟང་རྒྱ་མཚོས་དགའ་ལྡན་ཨ་ ཆི་ཐུ་ཨེར་ཏེ་ནི་ནོ་མིན་ཧན་གྱི་བཀའ་ཐམ་གནང། དགུང་ལོ་བཅུ་ བདུན་པར་རྒྱུད་པའི་ཁྲིར་བཞུགས་ནས་བྱིན་གྱིས་བརླབས། དགུང་ ལོ་ཉི་ཤུ་ཐམ་པར་གསེར་ཁྲིར་ཕེབས་ཏེ་ཚོགས་མང་ལ་ཆོས་ཀྱི་བདུད་རྩི་ བསྩལ། དགུང་ལོ་ཉེར་བརྒྱད་པར་གོང་མ་ཆན་ལུང་ཁྲི་ལོ་སོ་གཉིས་ པར་རོང་བོ་ཧོ་ཐོག་ཐུ་པཎྜི་ཏ་ཞེས་པའི་ཆོ་ལོ་དང་ཐམ་ག་བཀའ་ཤོག་ གནང། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་ སྤྱི་ལོ་་ལོར་རོང་བོ་དགོན་ཆེན་དུས་འཁོར་གྲྭ་ཚང་གསང་སྔགས་ དར་རྒྱས་གླིང་གསར་དུ་བཙུགས། དེ་ནས་མཛོད་དགེ་དང། དཔལ་ ཤུལ། ཐེ་བོ། མདའ་མཚན། ཐོར་གོད། ཨ་རིག་སྦྲ་ནག་རྡོ་ སྦིས། མཚོ་སྔོན་པོ། ལོ་ཀྱ་ཏུན། ཨ་འགང་སོགས་སུ་ཕེབས་ ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་སོ་དགུ་པར་རྫོང་ དམར་སྒྲུབ་སྡེ་བཀྲ་ཤིས་ཆོས་གླིང་ཕྱག་འདེབས་མཛད། དགུང་ལོ་ བཞི་བཅུ་ཐམས་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཁྲི་འབུལ་བཏེགས་ ཏེ་སེམས་བསྐྱེད་མཆོད་པ་གསན། དགུང་ལོ་ཞེ་བདུན་པར་དབུས་ གཙང་དུ་ཕེབས་ཏེ་ཡོངས་འཛིན་རིན་པོ་ཆེ་དང། སྙེ་ཐང་བ་ངག་ དབང་ཀུན་དགའ་བཀྲ་ཤིས་སོགས་ལས་བཀའ་ཆོས་ཅི་རིགས་གསན་ རྒྱལ་བ་རིན་པོ་ཆེ་དང་གྲྭ་ས་རྣམ་གསུམ་ལ་མཆོད་འབུལ་དང་མང་ འགྱེད་སོགས་བློས་མི་དཔོགས་པ་གནང། གཞུང་ས་དགའ་ལྡན་ཕོ་ བྲང་ནས་གནང་སྦྱིན་གཏོས་ཆེན་དང། ཨེར་ཏེ་ནི་ནོ་མིན་ཧན་གྱི་ཆོ་ [1694] ལོ་བཀའ་ཤོག་ཐམ་ག་ཆེ་ཆུང། གདུགས་རྟ་དར། ཆིབས་སྒ་སྲབ་ རིན་ཆེན་རྒྱན་ལྡན། མཁན་ཆས་ཆ་ཚང། རོང་བོའི་ཕྱག་མཛོད་ལ་ ཇུ་རིག་ཐུ་ནང་སོའི་ཆོ་ལོ་ཐམ་ག་བཅས་བསྩལ། དགུང་ལོ་ང་གཉིས་ པར་བྲག་དཀར་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞུས་པ་ ལྟར་ཚོགས་ཆེན་འདུ་ཁང་ནས་ཀུན་རིག་གི་དབང་དང་ཡབ་རྗེའི་ བཀའ་འབུམ་སོགས་ཀྱི་ལུང་གནང། དགུང་ལོ་ང་གསུམ་པར་གཅུང་ རིན་ཆེན་རྒྱ་མཚོའི་ཁྱིམ་དུ་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་ མཚོ་འཁྲུངས་པ་ལ་སྲུང་མདུད་དང་བཀའ་བཀོད་གནང་ནས་བརྩེ་བས་ བསྐྱངས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་ གསུམ་པ་ཡིན་ནོ། ། ཤར་སྐལ་ལྡན་ངག་དབང་འཕྲིན་ལས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་དུ་ཡབ་ཆོས་སྐྱོང་ཞེས་པའི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བདུན་པར་བ་སོ་རྗེ་དྲུང་དཀོན་མཆོག་ཉི་མ་ ལས་རབ་ཏུ་བྱུང། རྗེ་ཚུལ་ཁྲིམས་བཀྲ་ཤིས་དང་རྗེ་ཤེས་རབ་བཀྲ་ ཤིས་གཉིས་བླ་མར་བསྟེན་ཏེ་དབང་ལུང་ཁྲིད་གསུམ་དང། རྗེ་གོང་ མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྙན་བརྒྱུད་ཀྱི་གདམས་ངག་གསན་ རོང་བོ་ཐོས་བསམ་གླིང་དུ་ཞུགས་ནས་བཀའ་པོད་དག་ལ་སྦྱངས་པར་ མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་ [1695] མང་གྲྭ་ཚང་དུ་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་ དུ་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས་ དགུང་ལོ་ཉེར་ལྔ་པར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དགའ་ལྡན་ཨ་ ཆི་ཐུ་ཨེར་ཏེ་ནི་ནོ་མིན་ཧན་གྱི་ཆོ་ལོ་དང། ཐམ་ག་གྲུ་སྒོར། གདུགས་ རྟ་དར། འབེབ་ལྕག་སོགས་གནང་སྟེ་ཆེན་པོར་འོས་པའི་གཟེངས་ བསྟོད་མཛད། པཎ་ཆེན་རིན་པོ་ཆེས་ཀྱང་བཀའ་ཤོག་གནང་ དེ་ནས་གདན་ས་རང་དུ་ཕེབས་ཏེ་སྔགས་འཆང་འཇམ་དབྱངས་བློ་ གྲོས་སོགས་ལས་ཟབ་ཆོས་ཀྱི་གདམས་པ་མང་དུ་གསན། ཆིང་ཧོ་ཤུ་ ཆི་ཆོས་རྒྱལ་ཚེ་དབང་བསྟན་འཛིན་དང། རྒྱལ་སྲས་ལྷ་སྐྱབས་མེ་ རྒན་དའི་ཆིང་སོགས་ཀྱི་དབུ་བླ་མཛད། དགུང་ལོ་རེ་གཉིས་པ་རབ་ བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རོང་བོར་ རྒྱུད་པ་གྲྭ་ཚང་གསར་དུ་བཙུགས་ཤིང་རྒྱུད་གྲྭའི་ཁྲི་ལ་བྱིན་གྱིས་ བརླབས། མཚོ་སྔོན་གཡས་རུའི་ཆོས་རྒྱལ་ཡུམ་སྲས་བཅས་པས་བདེ་ ཆེན་ཆོས་ཀྱི་རྒྱལ་བོ་ཞེས་པའི་ཆོ་ལོ་ཐམ་ག་བཀའ་ཤོག་གཟེངས་བསྟོད་ སོགས་གུས་པས་ཕུལ། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ་དགུང་ལོ་རེ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་གསུང་རྩོམ་ནི་ད་ལྟ་པོད་གཅིག་ཙམ་བཞུགས་སོ། ཁོང་ནི་ ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་གཉིས་པ་ཡིན་ནོ། ། ཤར་སྐལ་ལྡན་བློ་བཟང་ཆོས་གྲགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་བྱང་རྒྱུད་རྭ་ལོ་ཐང་དུ་ཡབ་བསྐལ་བཟང་རྣམ་ [1696] རྒྱལ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་ཆུ་ བཟང་བླ་བྲང་དུ་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་ལས་རབ་ཏུ་བྱུང་ ཞིང། ལོ་དེར་ཤར་བླ་བྲང་གི་གདན་སའི་ཁྲི་ལ་མངའ་གསོལ། དགེ་ བཤེས་བློ་བཟང་བསྟན་འཛིན་དང། རྒྱལ་བོའི་རབ་འབྱམས་པ་རྣམ་ གཉིས་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་ཟབ་སྦྱོང་ལེགས་ པར་གནང། དེ་ནས་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ ཞིབ་སྦྱོང་གནད་དུ་སྨིན་པར་མཛད། དགུང་ལོ་ཉེར་གསུམ་པར་ དབུས་སུ་ཕེབས་ཏེ་བྱང་རྩེ་གྲྭ་ཏང་ནས་སློབ་གཉེར་ཁ་གསབ་གནང་ ཞིང་ཚོགས་ཆེན་དུ་ཚོགས་གླིང་མང་དུ་མཛད་པས་མཁས་གྲགས་རབ་ ཏུ་རྒྱས། པཎ་ཆེན་བསྟན་པའི་ཉི་མ་ལས་ཐུགས་རྫོགས་བཞེས་ དགུང་ལོ་ཉེར་བརྒྱད་པར་ནང་སོ་སུ་ལ་སོགས་ཀྱིས་གདན་འདྲེན་བྱུང་ བ་ལྟར་གདན་སར་ཕྱིར་ཕེབས་ཤིང་ཚོམས་ཆེན་འཛམ་གླིང་རྣམ་རྒྱལ་ དུ་དགྱེས་སྟོན་ཚོགས་ལངས་ཕུལ། དགུང་ལོ་ཉེར་དགུ་བར་ཚོམས་ ཆུང་བཀྲ་ཤིས་སྒོ་མང་དང། ལྷོ་ལྟའི་མཆོད་ཁང་ཆེན་མོ། མགོན་ ཁང་རྔམ་བརྗིད་རོལ་བ་སོགས་གསར་བཞེངས་གནང། དགུང་ལོ་སོ་ དགུ་པར་ཆུ་བཟང་ཇོ་ཁང་ལ་རབ་གནས་སུ་སྤྱན་དྲངས་པ་ལྟར་ ཕེབས། དགུང་ལོ་ཞེ་གཅིག་པར་བླ་མ་ཁྲི་གདན་ཟུར་ལས་སྣེ་རྒན་ མང་ལྷན་རྒྱས་ཀྱིས་བསྐུལ་ངོར་སྤྱི་སོའི་བཅའ་ཡིག་ཆེན་མོ་གསར་ འཇོག་གནང། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཤར་སྐལ་ལྡན་རྒྱ་ [1697] མཚོའི་སྐུ་ཕྲེང་བཞི་པ་ཡིན་ནོ། ། ཤར་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཆུ་བཟང་རྭ་ལོ་ཐང་དུ་རིགས་རུས་ཕུན་སུམ་ཚོགས་པའི་ ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཚ་རྡོར་ འཇམ་དཔལ་ཚུལ་ཁྲིམས་དང། རྒྱལ་སྲས་ངག་དབང་ཐོགས་མེད་ བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ཀྱིས་སྐུ་གོང་མ་སྐལ་ལྡན་བློ་བཟང་ འཕྲིན་ལས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ཤར་བླ་བྲང་དུ་ གདན་སར་བཀོད། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་དགེ་ བསྙེན་གྱི་སྡོམ་པ་ཕུལ། རྒྱུད་པའི་སོག་རུའི་བྱིངས་འདྲེན་པ་ལས་ཨི་ གེའི་སྦྱོར་ཀློག་སྦྱངས་ནས་ཚེགས་མེད་དུ་མཁྱེན། ཨ་རོལ་རིན་པོ་ཆེ་ ལས་རབ་བྱུང་དགེ་ཚུལ་བསྒྲུབས་ཤིང་དབང་ལུང་མན་ངག་ཐམས་ ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་བཅུ་བ་ནས་བཟུང་ སྐྱིའི་རབ་འབྱམས་པ་བློ་བཟང་བསྟན་འཛིན་དང། ས་དཀྱིལ་དགེ་ འདུན་རྒྱལ་མཚན། སྡོམ་སྐམ་རབ་འབྱམས་པ་བསྟན་པ་དར་རྒྱས་ སྦྱང་ལུང་རབ་འབྱམས་པ་བློ་བཟང་དར་རྒྱས། ཉ་ལུང་རབ་འབྱམས་ པ་དགེ་འདུན་འོད་ཟེར་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་གསན་སྦྱངས་མཛད། ཆུ་བཟང་དང། དགོན་ ལུང། བྱ་ཁྱུང་ལ་སོགས་པའི་དགོན་སྡེ་རྣམས་ལ་ཞབས་ཀྱིས་བཅགས་ ནས་བཀའ་ཆོས་གནང། དགུང་ལོ་ཉི་ཤུ་ཐམ་པར་ཨ་རོལ་རིན་ [1698] པོ་ཆེ་ལས་ཐུགས་རྫོགས་བཤེས། དགུང་ལོ་ཉེར་བཞི་པར་རི་བོ་རྩེ་ལྔ་ དང། པེ་ཅིན་ཕོ་བྲང། ཁྲིན་འདུ་སོགས་སུ་ཕེབས་ཏེ་གནས་ གཟིགས་གནང་ཞོར་ཆར་འབེབས་མཛད་པས་ཆར་ཆུ་སྙོམས་པར་ གྱུར། དགུང་ལོ་ཉེར་བརྒྱད་པ་དབུས་སུ་ཕེབས་ཤིང་རྒྱལ་བ་ཐུབ་ བསྟན་རྒྱ་མཚོ་དང། ས་སྐྱའི་བདག་ཆེན། གྲྭ་ས་ཁག་ལ་མཆོད་ འབུལ་དང་མང་འགྱེད་གང་ལེགས་མཛད། ཕྱིར་འབྱོན་ཁར་གཞུང་ས་ ཆེན་མོ་ནས་འཇའ་ས་ཐབ་ག་གྲུབ་སྒོར། མཁན་ཆས་ཆ་ཏང། གདུགས་ རྟ་དར་བཅས་བསྟན་པའི་གསལ་བྱེད་ཨེར་ཏེ་ཧོ་ཐོག་ཐུ་མཁན་པོ་ཞེས་ པའི་ཆོ་ལོ་གནང། དགུང་ལོ་སོ་གཉིས་པར་ཚོམས་ཆེན་ཕུན་ཚོགས་ འདུ་ཁང་དང་མི་ཕམ་མདུན་ས་གསར་བཞེངས་མཛད། དགུང་ལོ་ ཞེ་ལྔ་པར་རོང་བོའི་གསེར་ཁྲི་ལ་ཕེབས་ཏེ་ཆོས་ཀྱི་ཆར་རྒྱུན་ལེགས་ པར་ཕབ་ཅིང་གདུལ་བྱ་ཐམས་ཅད་སྨིན་གྲོལ་གྱི་ཞིང་ལ་བཀོད་ དགུང་ལོ་ང་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། །ཁོག་ ནི་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་དྲུག་པ་ཡིན། ། ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་བྱང་རྒྱུད་རྭ་ལོ་ཐང་དུ་སྐུ་གོང་མའི་རིགས་རུས་ སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁྲི་སྤྲུལ་རྒྱལ་མཚན་སེང་གེ་དང། སྐྱབས་རྗེ་ གསེར་ཁང་བ་སོགས་ཀྱི་ལུང་ལྟར་མཛོད་པ་ཆེན་མོ་སོགས་ཀྱིས་སྤྲུལ་ སྐུའི་རྒྱབ་ཆོས་མང་དུ་བསྒྲུབས། པཎ་ཆེན་བསྟན་པའི་ཉི་མ་ལས་ [1699] ཐུགས་ཐག་བཅད། དགུང་ལོ་བདུན་པར་ཚོགས་ཆེན་འདུ་ཁང་དང་ བླ་བྲང་ཆེན་མོའི་ཚོམས་ཆེན་རྙིང་བ་འཛམ་གླིང་རྣམ་རྒྱལ་དུ་ཁྲི་ལ་ མངའ་གསོལ། མཁས་བཙུན་བཟང་པོའི་བདག་ཉིད་ཅན་རོང་རྒན་ བློ་བཟང་མཁྱེན་རབ་དཔལ་ལྡན་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་ སྡོམ་པ་བཞེས། མི་རིང་བར་འབྲས་ཀླུ་འབུམ་ལྷ་རམས་པ་མཁྱེན་ རབ་རྒྱ་མཚོ་དང། ཁྲི་ཟུར་རྐ་སར་ལྷ་རྨས་པ་དཀོན་མྖྒོ་རྒྱ་མཚོ་ གཉིས་ཡོངས་འཛིན་དུ་བསྟེན་ཏེ་མཚན་ཞབས་པ་རྣམས་དང་མཉམ་དུ་ གཞུང་ལུགས་གྱ་མཚོ་ལྟ་བུ་ལ་ཤ་ཆོད་རུས་ཆོད་དུ་སྦྱངས་ཏེ་མཁས་པའི་ མཁས་པ་ཐམས་ཅད་ཀྱི་རྩེ་མོར་སོན་པའི་མཛད་བཟང་བདག་གིར་ བཞེས། དགུང་ལོ་བཅོ་ལྔ་པར་ཡུལ་སྤྱིའི་བསོད་ནམས་ཀྱིས་མ་ཆུན་ པར་མེ་ཏོག་མདའ་ཅན་སྙིང་ལ་ཕོག་པ་དུ་མས་ངན་སྤྱོད་ཀྱི་རྐྱེན་བྱས་ ཏེ། གློ་བུར་དུ་བསྙུང་སུལ་བསྟན་ནས་དགོངས་པ་ཆོས་དབྱིངས་ སུ་གཤེགས། ཁོང་ནི་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་ལྔ་བ་ཡིན་ནོ། ། ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བྱང་རྒྱུད་ཆུ་བཟང་རྭ་ལོ་ཐང་དུ་ཡབ་བཙན་ས་དོན་ གྲུབ་ཚེ་རིང་དང། ཡུམ་འདན་མ་བཟའ་རྟ་མགྲིན་སྐྱིད་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་གསུམ་པར་སྐུ་གོང་མ་སྐལ་ ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ཐག་བཅད་ཅིང་ ཤར་བླ་བྲང་གི་གདན་སར་བཀོད། དགུང་ལོ་བདུན་པར་འཇམ་ [1700] དབྱངས་ཐུབ་བསྟན་རྒྱ་མཚོས་མཁན་པོ་དང། རྫི་རྒྱ་དགེ་འདུན་རྒྱ་ མཚོས་གྲོགས་བགྱིས་ཏེ་རབ་བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་བཞེས་ དགུང་ལོ་བཅུ་གཉིས་པར་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་ལམ་ རིམ་སོགས་ཆོས་རྒྱུན་མང་པོ་བཞེས། སུམ་རྟགས་དག་གསུམ་ཡང་ གསན་སྦྱོང་མཛད། དགུང་ལོ་བཅུ་བཞི་པར་ཡོངས་འཛིན་རིན་པོ་ཆེ་ ལས་བསྡུས་གྲྭ་དང་མཚན་ཉིད་ཀྱི་གཞུང་ལ་ཐུགས་གཉེར་མཛད་ དགུང་ལོ་ཉེར་གཅིག་པར་པན་ཆེན་བློ་བཟང་ཆོས་ཀྱི་ཉི་མ་རེབ་སྐོང་ རིག་པ་འབྱུང་བའི་གྲོང་ཁྱེར་དུ་གདན་དྲངས་ཏེ་རོང་བོ་ཐོས་བསམ་ གླིང་གི་རྩོད་རྒྱུགས་འབུལ་བའི་ཐོག་མར་རྗེ་འདི་བ་བཞེངས་ཏེ་རྒྱན་ དྲུག་མཆོག་གཉིས་གཅིག་ཏུ་བསྒྲིལ་བ་ལྟ་བུའི་ཆོས་ཀྱི་གཏམ་མཛད་ པས་ཀུན་གྱིས་ཡིད་དབང་ངོ་མཚར་བ་མཛད། ལོ་དེར་ཐུགས་རྫོགས་ བཞེས། དགུང་ལོ་ཉེར་བདུན་པར་ཐོས་བསམ་གླིང་གི་ཞུས་ངོས་ གསེར་ཁྲི་པདྨའི་གདན་སྟེང་དུ་ཕེབས་ཏེ་འགྲེལ་བ་དོན་གསལ་སྡུད་པ་ སོགས་ཚོགས་མང་ལ་ཆོས་སྦྱིན་དུ་བསྩལ། མདོར་ན་མདོ་སྨད་ཡུལ་གྱི་ པཎྜི་ཏ་ཆེན་པོ་རྣམས་ཡོངས་འཛིན་དུ་བསྟེན་ནས་ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་ཐུགས་སུ་ཆུད་པ་མཛད་དེ་སྙིགས་མའི་གདུལ་བྱ་ རྣམས་ཀྱི་རེ་བ་ཡོངས་སུ་བསྐོངས་ཤིང་སྨིན་གྲོལ་གྱི་ཞིང་ལ་བཀོད་པ་ མཛད། ཁྱད་པར་དུ་སྐུ་ཚེའི་སྨད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་ པའི་སྒོ་ནས་བསྟན་འགྲོའི་བྱ་བ་རྣམས་ཐུགས་སུ་བཞེས་པའི་ཚུལ་ནི་ བྱང་ཆུབ་སེམས་དཔའི་སྤྱོད་པ་ཤ་སྟག་ཡིན་པས་བརྗོད་ཀྱིས་མི་ལངས་ སོ། ཁོང་ནི་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བདུན་པ་ཡིན་ནོ། ། [1701] ཤར་གདོང་ངག་དབང་བསྟན་འཛིན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ མདོ་སྨད་མདོ་བའི་ཡུལ་དུ་སྐུ་འཁྲུངས། མཁན་ཆེན་ངག་དབང་དོན་ གྲུབ་དང། ངག་དབང་བསྟན་འཕེལ་རྣམ་གཉིས་ཀྱི་སྐུ་དཔོན་ཡིན་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ ཏེ་ཆོས་སྤྱོད་རིག་གནས་བཅས་ལ་མཁས་པར་བསླབས། དེ་ནས་དབུས་ སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ནས་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་པ་མཛད་ནས་ རང་ཡུལ་རང་དགོན་དུ་ཕྱིར་ཕེབས། རབ་བྱུང་བཅུ་བཞི་པའི་ཤིང་ མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་བཞིའི་རིང་དུ་འཆད་ཉན་བསྐྱངས། དེའི་སྐབས་སུ་ ཁོང་གིས་གསེང་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ ་ ་ བྱ་ཁྱུང་དུ་གདན་དྲངས་ཏེ་དགའ་ལྷའི་ཁྲིད་སོགས་བཀའ་ ཆོས་མང་དུ་གནང་བཅུག་པ་ཡིན། དེ་ནས་ཁྲི་ཟུར་བཞུགས་ཤིང་དབེན་ པའི་རི་ཁྲོད་འགྲིམས་ཏེ་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བར་ མཛད་དོ། །ཁོང་གི་མཚན་གཞན་ལ་མདོ་བའི་དབོན་ཆུང་ཞེས་ ཞུའོ། །ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ལྔ་ བཅུ་ང་ལྔ་པ་ཡིན་ནོ། ། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་ཤར་པ་ཤེས་རབ་འབྱུང་གནས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ [1702] བྱུང་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ ལོ་ཆུང་ངུའི་དུས་ས་སྐྱའི་ཆོས་སྒོར་ཞུགས་ནས་མདོ་སྔགས་རིག་གནས་ དང་བཅས་པར་སློབ་གཉེར་མཐར་ཕྱིན་པ་མཛད་ནས་དགུང་ལོ་སུམ་ ཅུ་ཐམ་པ་རབ་བྱུང་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ས་སྐྱའི་ གདན་སའི་ཁྲི་ལ་ཕེབས་ནས་ཆོས་འཆད་ཉན་དང་སྐུ་གསུང་ཐུགས་ རྟེན་མང་དུ་བཞེངས་པར་མཛད། མདོར་ན་དྷཱརྨ་པཱ་ལ་སྐུ་གཤེགས་ ནས་བདག་ཆེན་བཟང་པོ་དཔལ་བ་བོད་དུ་མ་ཕེབས་བར་གྱི་ལོ་ངོ་བཅུ་ ནས་བདག་ཆེན་བཟང་པོ་དཔལ་བ་བོད་དུ་མ་ཕེབས་བར་གྱི་ལོ་ངོ་བཅུ་ གཉིས་རིང་དང། བདག་ཆེན་བཟང་པོ་དཔལ་བ་བོད་དུ་ཕེབས་པ་ ནས་གདན་ས་མ་གནང་གི་བར་ལོ་ངོ་བཅོ་བརྒྱད་བཅས་ཁྱོན་བསྡོམས་ ལོ་སུམ་ཅུ་ཐམ་པའི་རིང་དུ་ས་སྐྱའི་གདན་ས་བསྐྱངས་ཤིང་ས་སྐྱའི་ ཆོས་ལུགས་སྔར་ལས་ལྷག་པར་འཕེལ་རྒྱས་ཡོང་བའི་མཛད་རྗེས་ཆེན་ པོ་བཞག་ཡོད་པ་ཞིག་ཡིན། རབ་བྱུང་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་ ་ལོ་མགོར་བདག་ཆེན་བཟང་པོ་དཔལ་བར་གདན་ས་ཕུལ་རྗེས་ ཡོན་རྒྱལ་རབས་ཀྱི་གོང་མ་ཨོལ་ཇོའི་ཐུས་ཕོ་བྲང་དུ་གདན་དྲངས་ཏེ་ ཏཱི་ཤྲཱིའི་གོ་ས་གནང་ཡང། ལོ་དེའི་ལོ་མཇུག་དགུང་ལོ་བཞི་བཅུ་ཞེ་ དགུ་པར་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ ས་སྐྱའི་གདན་སའི་ཁྲི་རབས་དགུ་པ་དང། ཡོན་གོང་མའི་དབུ་བླ་སྟེ་ ཏཱི་ཤྲཱི་དྲུག་པ་ཡིན་ནོ། ། ཤར་པ་དམ་ཆོས་དཔལ་བ།། ཁོང་ནི་འཇང་ཞབས་དམ་ཆོས་དཔལ་བ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། [1703] ཤར་རྩེ་དགེ་འདུན་ཚུལ་ཁྲིམས།། ཁོང་ནི་སྤོམ་འབོར་དགེ་འདུན་ཚུལ་ཁྲིམས་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་ངག་དབང་ཆོས་གྲགས།། ཁོང་ནི་ཆུ་བཟང་ངག་དབང་ཆོས་གྲགས་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་འཇམ་དབྱངས་སྨོན་ལམ།། ཁོང་ནི་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་དཔལ་ལྡན་གྲགས་པ།། ཁོང་ནི་ཧོར་ཚང་དཔལ་ལྡན་གྲགས་པ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་བྱང་ཆུབ་ཆོས་འཕེལ།། ཁོང་ནི་སྤོམ་འབོར་བྱང་ཆུབ་ཆོས་འཕེལ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་བློ་བཟང་མཁས་མཆོག་ ཁོང་ནི་ཚ་རྡོ་བློ་བཟང་མཁས་མཆོག་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་བློ་བཟང་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ གཡོན་རུའི་རྩེས་ཐང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ [1704] ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ཁང་རྩེར་སྐུ་གཤེགས། ཁོང་སྟག་ ཚང་རབ་སྟོད་དང། རྒྱུད་སྟོད་རྣམས་སུ་ཞུགས་ནས་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དབྱིས་ཕྱིན་པ་མཛད་དེ་གཞུང་ ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་གྱུར། རྒྱུད་པ་དང་ཤར་ རྩེའི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་དྲུག་གི་ རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཀྱི་འཆད་ཉན་མཛད། ཁྲི་ ཟུར་ནས་མས་དྲོ་རིན་ཆེན་གླིང་དང་རྩེ་ཐང་སོགས་སུ་ཞལ་འཛིན་ གང་ལེགས་གནང། དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡང་སེར་ཁྲི་འཛིན་པའི་ཁྲི་ རབས་བཞི་བཅུ་ཞེ་གཅིག་པ་ཡིན་ནོ། ། ཤར་རྩེ་བློ་བཟང་ཆོས་འཕེལ།། ཁོང་ནི་ཡང་སྟེང་བློ་བཟང་ཆོས་འཕེལ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་བློ་བཟང་དར་རྒྱས།། ཁོང་ནི་ཅོ་ནེ་བློ་བཟང་དར་རྒྱས་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། ཤར་རྩེ་ཡེ་ཤེས་ཐར་འདོད།། ཁོང་ནི་ཀོང་པོ་ཡེ་ཤེས་ཐར་འདོད་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ཤར་རྩེ་བསམ་གཏན་ཕུན་ཚོགས།། [1705] ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་དབུས་སྟོད་ལོའི་མདར་ཡབ་རྟ་ཕག་ལྷ་མོ་དར་རྒྱས་དང་ ཡུམ་ཨ་མ་ཕྱོགས་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་འབྲས་སྤུངས་བློ་གསལ་གླིང་གི་ནང་ཚན་ དབུས་སྟོད་སྤྱི་ཁང་དུ་ཞུགས་ཏེ་ཡི་གེའི་སྦྱོར་ཀློ་གདང་འདོན་ཆོས། རྩ་ གཞུང་ཆེ་ཆུང་སོགས་ལ་བྱང་བར་མཛད། བློ་བཟང་སྦྱིན་པ་ལས་ རབ་ཏུ་བྱུང་ཞིང་རྭ་སྒྲེང་མཁན་པོ་སོགས་སྤྱི་ཆོས་ཀྱི་བླ་མར་བསྟེན་ནས་ གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས་ཏེ་དགུང་ལོ་སུམ་ཅུ་སོ་ གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད། དགུང་ལོ་སོ་ བཞི་པར་རྒྱལ་མཆོག་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་བཀའ་ ཆོས་མང་དུ་གསན། གཞན་ཡང་ངག་དབང་བྱམས་པ་དང། དྭགས་ པོ་བློ་བཟང་སྦྱིན་པ། ཡེ་ཤེས་བསྟན་པའི་སྒྲོན་མེ། ཁྲི་ཆེན་རྒྱལ་ མཚན་སེང་གེ་ངང་དབང་ནམ་མཁའ་བཟང་པོ། ཤར་ཆེན་ངག་ དབང་ལྷུན་གྲུབ། དཀའ་ཆེན་ཐབས་མཁས་རྒྱ་མཚོ་སོགས་ལ་བསྟེན་ ནས་ལམ་རིམ་ཆེ་ཆུང་དང། སྔགས་རིམ། འགྲེལ་བ་བཞི་སྦྲགས་ གསང་བདེ་འཇིགས་གསུམ་སོགས་ཀྱི་བསྐྱེད་རྫོགས། བཀའ་གདམས་ གསར་རྙིང་གི་བློ་སྦྱོང་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་ སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པ་མཛད། བླ་མ་དབུ་མཛད་དང། རྒྱུད་ཀྱི་མཁན་ཁྲི་ [1706] ཤར་རྩེའི་མཁན་ཁྲི་རིམ་བཞིན་དུ་ཕེབས་ནས་འཆད་ཉན་བསྐྱངས་ དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་ དུ་གསེར་ཁྲི་བསྐྱངས་ཏེ་མདོ་སྔགས་ཆོས་ཀྱི་འཆད་ཉན་གོང་ནས་གོང་ དུ་འཕེལ་བར་མཛད། དགུང་ལོ་དྲུག་ཅུ་རེ་གཉིས་པར་དབུས་སྟོན་ ཕག་མོ་ཆོས་སྡེར་ཟུར་བཞུགས་མཛད་ནས་ཐུགས་དམ་ཆུ་བོའི་རྒྱུན་ བཞིན་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བའི་ངང་དགུང་ལོ་རེ་བརྒྱད་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ ཁྲི་འཛིན་པའི་ཁྲི་རབས་ལྔ་བཅུ་ང་བདུན་པ་ཡིན་ནོ། །ཁོང་གི་མཚན་ གཞན་ལ་ཁྲི་བསམ་གཏན་ཕུན་ཚོགས་ཞེས་ཞུའོ། ། ཤིང་བཟའ་པཎྜིཏ་བློ་བཟང་དར་རྒྱས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ཕྱོགས་ལྷ་གཉན་རྨ་ཆེན་གྱི་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བརྒྱད་པར་གཙང་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ལས་རབ་ ཏུ་བྱུང། དགུང་ལོ་བཅུ་གསུམ་པར་བཤེས་གཉེན་ཆེན་པོ་རྒྱལ་མཚན་ འོད་ཟེར་གྱིས་ཤིང་བཟའ་སྒོམ་ཆེན་གྱི་ཡང་སྲིད་དུ་ཁྲི་འདོན་མཛད་ ར་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་དགོན་གསར་འདེབས་ཀྱི་གྲྭ་ རྒྱུན་ཐོག་མའི་མཚན་ཐོའི་དབུར་ཕེབས། དགུང་ལོ་བཅུ་བདུན་པར་ དབུས་སུ་ཕེབས་ཏེ་སེ་རའི་ཚོགས་གྲལ་ནས་འབད་བརྩོན་གྱིས་ལོ་བཅུ་ གསུམ་གྱི་རིང་དུ་སློབ་གཉེར་གྱི་ཞར་ནས་ཡིག་ཆའི་ཤོག་ཆེན་སྟོང་ཕྲག་ [1707] འགའ་ཐུགས་འཛིན་རྒྱུགས་སྤྲོད་གནང། པཎ་ཆེན་བློ་བཟང་དཔལ་ ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་མཚན་ལ་བློ་བཟང་དར་རྒྱས་ རྒྱ་མཚོ་ཞེས་གསོལ། སློབ་གཉེར་མཐར་ཕྱིན་ཏེ་ལྷ་ལྡན་སྨོན་ལམ་ ཆེན་མོའི་ལྷ་རམས་ཨང་དང་པོ་ཐོན་པས་ལེགས་སྐྱེས་གཏོས་ཆེ་བ་ ཐོབ། སྨད་རྒྱུད་དུ་ཕེབས་ནས་སྔགས་ཀྱི་དམ་བཅའ་ཆེན་མོ་མཛད་ དེ་ནས་མདོ་སྨད་དུ་ཕེབས་ཏེ། རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ལོ་སྟེ་ སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་དགོན་པ་ཡོངས་ཀྱི་ཀུན་ སྤྱོད་དང་སློབ་གཉེར་བཅས་ལ་དོ་དམ་ལེགས་པར་མཛད་ཅིང་འཆད་ ཉན་གྱི་བྱ་བ་སྒོ་ཀུན་ནས་དར་རྒྱས་གོང་འཕེལ་དུ་བཏང། ཁྲི་ཟུར་ ནས་ཀྱང་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་དགོན་ནས་སེར་སྐྱ་མང་པོར་དུས་འཁོར་གྱི་དབང་ཆེན་གནང་ རབ་བྱུང་བཅུ་བཞི་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་ བསམ་གླིང་གི་གདན་སའི་ཁྲི་ལ་ཕེབས་ཏེ་འགྲིག་ལམ་ཀུན་སྤྱོད་དང་ སློབ་གཉེར་བཅས་ལ་དོ་དམ་ནན་དུ་མཛད་ནས་ལོ་ལྔའི་རིང་དུ་ལུང་ རྟོགས་གཉིས་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད་དོ་ དགུང་ལོ་དྲུག་ཅུ་རེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཞི་བཅུ་ཞེ་བཞི་པ་དང་ རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གདན་སའི་མཁན་རབས་ཉེར་བརྒྱད་ པ་ཡིན་ནོ། ། ཤིང་བཟའ་བློ་བཟང་བསྟན་པའི་དབང་བྱུག་ [1708] ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་ཆུའོ་ལོ་ཏག་པར་དུ་ཡབ་མགོན་པོ་རྡོ་རྗེ་ཇ་སག་དང། ཡུམ་ རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ཁྲི་ཀའི་གོང་བ་གྲྭ་ཚང་གི་རང་ སྒར་དུ་སྐུ་གཤེགས། ཁོང་སྡེ་དགོན་གཉིས་ཀྱིས་དབུས་གཙང་ཕྱོགས་ སུ་སྤྲུལ་སྐུའི་དོན་དཔྱད་སྐོར་གྱི་བཀའ་ལུང་ཞུ་བ་དང། སྐྱབས་རྗེ་ གསེར་ཁང་རྡོ་རྗེ་འཆང་ལ་བློ་གཏད་ཀྱི་ལུང་བསྟན་ཡང་ཡང་ཞུང་པས་ སྐུ་གོང་མ་ཤིང་བཟའ་པཎྜི་ཏའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ ལོ་བདུན་པར་ཨ་རིག་ཁྲི་རྒན་བྱམས་པ་འཕྲིན་ལས་རབ་རྒྱས་ཀྱི་མདུན་ ནས་དགེ་བསྙེན་དང། རབ་བྱུང་དགེ་ཚུལ་གྱི་སྡོམ་པ་རྣམས་བཞེས་ དགུང་ལོ་བརྒྱད་པར་རྭ་རྒྱ་དགོན་པའི་གདན་སར་མངའ་གསོལ་ཞིང་ དགའ་སྟོན་ཟད་མི་ཤེས་པ་བསབས། དེ་ནས་དགེ་བཤེས་བློ་གྲོས་རབ་ ཡངས་ཀློག་གི་ཡོངས་འཛིན་ལ་བསྟེན་ཏེ་ཡི་གེའི་ཕྱི་མོ་དཀའ་ཚེགས་ མེད་པར་ཐུགས་སུ་བྱང་བར་ཆུད། རང་དགོན་གྱི་མཚན་ཉིད་གྲྭ་ཚང་ གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ ཕྱིན་པ་མཛད་ཅིང། སྒྲ་དང་སྙན་ངག་སོགས་ལ་འབད་པ་ཅུང་ཟད་ ཙམ་གྱིས་ཐུགས་སུ་ཆུད་དེ་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ དུ་གྱུར། དགུང་ལོ་ཉེར་གཉིས་པར་སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་ བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས་ཤིང་ འདུལ་འཛིན་བྱེ་བའི་དབུས་ན་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ ཆེན་པོར་གྱུར། དགུང་ལོ་སོ་དྲུག་པར་ཨ་རིག་གི་འབྲོག་སྡེའི་ཕྱོགས་ [1709] སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་སོ་བདུན་ པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་ གདན་ས་བསྐྱངས་ཏེ་འགྲིག་ལམ་ཀུན་སྤྱོད་དང་སློབ་གཉེར་བཅས་ལ་ ཚགས་འཛིན་ལེགས་པར་མཛད། ཁྲི་ཟུར་ནས་ཀྱང་རོང་བོ་དགོན་གྱི་ ཚོགས་ཆེན་ཁྲི་བར་ཕེབས་ཏེ་འགྲིག་ལམ་ཀུན་སྤྱོད་ལ་དག་ཐེར་དང་ ཆོས་འཆད་ཉན་གྱི་རིམ་པ་མཐའ་དག་ལ་རྟིང་སྐུལ་ནན་ཏན་དུ་ མཛད། དགུང་ལོ་ང་གཉིས་པར་སླར་སྐུ་འབུམ་དགོན་དུ་ཕེབས་ཏེ་ ཆོས་ཀྱི་སྦྱིན་པ་ཡང་ཡང་དུ་བཏང། དགུང་ལོ་ང་ལྔ་པར་བྱང་ཕྱོགས་ བརྒྱུད་དེ་རི་བོ་རྩེ་ལྔར་ཕེབས་ཤིང་རྟེན་ཁྱད་འཕགས་ཅན་རྣམས་ལ་ མཆོད་པ་རྒྱ་ཆེན་པོ་ཕུལ། དེ་ནས་པེ་ཅིན་དུ་ཕེབས་ཏེ་ཙན་དན་ཇོ་ བོ་གཙོ་མཛད་སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་ ཕུལ། དགུང་ལོ་ང་བདུན་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་དགེ་ འདུན་མང་ཚོགས་རྣམས་ལ་མང་ཇ་དང་སྐུ་འགྱེད་གང་ལེགས་མཛད་ དགུང་ལོ་དྲུག་ཅུ་ཐམ་པར་སྐུ་འབུམ་དགོན་གྱི་གསེར་སྡོང་ཆེན་མོ་ཞིག་ གསོས་མཛད་པའི་གཙོ་འགན་བཞེས་ཏེ་ལོ་གཉིས་ཀྱི་ནང་ནས་ལེགས་ པར་གྲུབ། གཞན་ཡང་བྱ་ཁྱུང་དགོན་དང། དགོན་པ་སོ་མ་སོགས་ དགོན་སྒྲུབ་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ་བསྟན་པའི་བྱ་བ་དང་ སྐལ་ལྡན་གདུལ་བྱ་ཡོངས་ཀྱི་རེ་བ་ཐམས་ཅད་བསྐངས་ནས་དགུང་ལོ་ དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཤིང་ བཟའ་སྒོམ་ཆེན་པ་ནས་རྩིས་པའི་སྐུ་ཕྲེང་གསུམ་པ་ཡིན་ལ། སྐུ་འབུ་ [1710] དགོན་གྱི་གདན་རབས་ཁྲི་ཆེན་ལྔ་བཅུ་ང་བརྒྱད་པ་ཡིན་ནོ། ། ཤུད་ཀེ་གྲགས་པ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་ སུ་ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་འགའ་ ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ཙོམ་ནི་ འགྱུར། ཀྱི་རྒྱལ་པོ་དཔའ་བོ་གཅིག་པ། པདྨ་འབར་བའི་རྒྱུད་ཆེན་པོ་ལས་ཕྱུང་བ་རིགས་ཀྱི་འཇིག་རྟེན་མགོན་ པོ་ལྔ་བཅུ་བ། བཤད་པ། ། ཤུད་པུ་ཁྲི་འབྲིང་ཁོང་བཅན།། ཁོང་ནི་ཤིད་པུ་དཔལ་གྱི་སེང་གེ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། ཤུད་པུ་སྟག་རྩེ།། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོ་སྐུ་གཤེགས་ ནས་གདུང་སྲས་མངའ་བདག་འོད་བསྲུངས་དང། མངའ་བདག་ ཡུམ་བརྟན་གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་ [1711] གཉིས་སུ་གྱེས་པ་དང། དུས་མཚུངས་སུ་བོད་ཡུལ་གྱི་ཕྱོགས་སོ་སོ་ ནས་འབངས་གྱེན་ལོག་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ་བོད་ཁམས་ སིལ་བུར་འཐོར་ནས་མགོ་མེད་མཇུག་མེད་དུ་གྱུར་ཞིང། བོད་རྒྱལ་ རིམ་བྱོན་གྱི་བང་སོ་རྣམས་བོད་ལུགས་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཤུད་པུ་སྟག་རྩེ་གཙོས་པའི་རྗེ་དཔོན་རུས་ཚན་ཁག་གིས་གྲོས་བསྡུས་ བྱས་ནས་བང་སོ་རྣམས་བགོ་བཤའ་བརྒྱབ་སྟེ་བསྔོགས་འདོན་བྱས་ པས་ མཁར་མདའ་ཡི་བང་སོ་བྲུས། ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས་ འཕྲུལ་རྒྱལ་བང་སོ་གྲེང་འཕྱོས་ཁུ་ཡིས་བྲུས། སྔོ་བཞེར་སྙི་བས་ཐོབ་ སྟེ་འབྲུ་འཕྲོར་ལུས། སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས། ཞེས་གསུངས་སོ། ། ཤུད་པུ་དཔལ་གྱི་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། དེ་ནས་ སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུ་བའི་ཕོ་ཉ་མཛད་ཅིང་ སློབ་དཔོན་ལས་ལོ་ཙཱ་བ་མཁས་པར་སྦྱངས་ཤིང། མ་གཤིན་ཕུར་ གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང། རྡོ་རྗེ་ཕུར་ པ་དང་མ་མོའི་སྒོ་ནས་གྲུབ་པ་བརྙེས་ཏེ་ངམ་ཤོད་ཀྱི་ཆུ་བོ་དང་ མཆིམས་ཕུའི་ཆུ་བོ་གྱེན་དུ་བཟློགས་པས་ཤུད་པུ་དཔལ་སེང་ཆུ་བོ་ གྱེན་ལ་ལྡོག་ཅེས་འཁོད་འདུག་བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ [1712] ་ལོའི་མན་དུ་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་དབུ་རྩེ་ རིགས་གསུམ་གྱི་ཤར་ལོགས་དང་མཆོད་རྟེན་དཀར་པོ་བཞེངས་པ་ མཛད་ཅིང། བོད་ལུགས་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བསམ་ ཡས་གྲུབ་པའི་དགའ་སྟོན་གྱི་སྐབས་སུ་མར་ཁུ་ཝ་ལས་དྲངས་པར་ གྲགས། ཁོང་གི་སྒྲུབ་གནས་གི་སྤང་ཆུང་པདྨའི་གླིང་ཡིན་ལ། ཁོང་གི་ མཚན་གཞན་ལ་ཤུད་པུ་ཁྲི་འབྲིང་ཁོང་བཙན་ཞེས་ཞུའོ། ཁོང་ནི་ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྗེ་འབངས་ཉེར་ལྔར་གྲགས་པའི་ཡ་ གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་ ན་ཉིད་སྒྲོན་མ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་རྫོགས་ པའི་རྒྱན། ། ཤུད་པུ་བློན་ཁོང་ཁྲི།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ གསལ་ཞིང། མཁས་པའི་དགའ་སྟོན། ཤུད་པུ་བློན་སྟག་སླེབས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ [1713] གྱི་ཕྱི་བློན་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི། གསལ་ཞིང། མཁས་པའི་དགའ་སྟོན། ཤེའུ་བཛྭ་དེ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཛད་ཅིང་ དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་ པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་ བཅས་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་ བོད་ཡིག་ཏུ་བསྒྱུར་བ་མཛད་དོ། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། པོ་ཅན་གྱི་སྒྲུབ་ཐབས་འཁོར་ལོ་ཆེན་པོ། དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་ བདུད་རྩི་ཐིགས་པ། ཐབས་མདོར་བསྡུས། སྦྱིན་གྱི་སྡེ་དཔོན་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས། དྭགས་དང་གྲུལ་བུམ་དང་ཤ་ཟ་དང་སྤྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་ སེལ་བའི་སྒྲུབ་ཐབས། [1714] གཟུངས་ཀྱི་གཏོར་མའི་ཆོ་ག། སྲུང་བ། ། ཤེས་རབ་སྐྱབས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཅིག་ཙམ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། བཧི་ག་བཧས་མཛད་པ་བཞུགས་སོ། ། ཤེས་རབ་བདུད་རྩི་འཁོར་ལོ།། ཁོང་ནི་གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེ་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། ཤེས་རབ་བརྩོན་འགྲུས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་ གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་མཛད་ཅིང་བསྟན་བཅོས་གཅིག་ ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ [1715] འགྱུར། ཆེན་པོ་བརྩོན་འགྲུས་བཟང་པོས་མཛད་པ་བཞུགས་སོ། ། ཤེས་རབ་འོད་ཟེར།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙའ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོ་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ མཁོ་བ། ། ཤེས་རབ་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི་ [1716] འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག། ངག་རང་བྱིན་གྱིས་བརླབས་པའི་རིམ་པ། པའི་རྒྱ་ཆེར་འགྲེལ་བ། དཀའ་འགྲེལ་རྩ་རྒྱུད། བ། ། ཤེས་རབ་ལེགས་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་ བྱུང་དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ ཤིང་འདུལ་བའི་ཆོས་གཞུང་བཅས་ལ་ཐོས་བསམ་མཛད། དེ་ནས་ཁ་ ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་ པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ ལས་ བཅས་བཞུགས་སོ། ། ཤེས་རབ་སེང་གེ་ ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་ནི་ར་ལུང་དགོན་པའི་གདན་རབས་དགུ་བ་ [1717] ཡིན། དགུང་ལོ་ཉི་ཤུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ། ཤེས་སྟོན་རྡོ་རྗེ་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ ལ་སྟོད་སྦྱང་ལུང་ཤར་ཁའི་བོང་ར་ལ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཆེན་པོ་ ཞིག་ཡིན། ཁོང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་སྟག་སྡེ་སེང་ གེ་རྒྱལ་མཚན་ལས་ཕར་ཕྱིན་དང། ཚད་མ། མངོན་པ་བཅས་ལ་ སློབ་གཉེར་མཛད། དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ ཞུས། འབྲོ་འགྱུར་གྱི་སྟེང་ནས་རྒྱུད་འགྲེལ་དང་བཅས་པའི་བཤད་པ་ ཡང་གསན། གོ་ལུང་བ་མདོ་སྡེ་དཔལ་རྒྱལ་མཚན་ལས་སྔགས་ཀྱི་ བསྟན་བཅོས་དུ་མ་དང་རྩིས་རྣམས་བྱང་བར་བསླབས། རབ་བྱུང་ བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཁོང་གི་འགྲོ་མགོན་ཆོས་ རྒྱལ་འཕགས་པ་ལ་གནང་བར་ཞུས་ནས་བལ་ཡུལ་དུ་ཕེབས་ཏེ་པཎྜི་ཏ་ མ་ཧེནྡ་བྷ་དྲ་ལ་ལོ་ངོ་ལྔ་ཙམ་བསྟེན་ནས་རིག་པའི་གནས་ཆུང་ལྔ་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་སྒྲ་རིག་ལ་ཤིན་ཏུ་བྱང་ པར་སྦྱངས་ཏེ་ས་སྐྱར་བྱོན། འཕགས་པ་རིན་པོ་ཆེས་མཆོག་ཏུ་གྱུར་ པའི་ཡོན་ཏན་གྱི་བསྔགས་པ་དང་ལྡན་པའི་བཀའ་ཤོག་ཀྱང་གནང་ དེ་ནས་ཡང་རྒྱ་གར་དུ་བྱོན་ཞིང་རྒྱ་གར་གྱི་པཎྜི་ཏ་ལ་ཀཥིམ་ཀར་བོད་དུ་ གདན་དྲངས་ཏེ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྒྲ་བསྒྱུར་མཛད་ ཅིང་སྒྲ་སྙན་ངག་དང་མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་ བཙུགས་སོ། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས། [1718] ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། བསྟོད་པ་བརྒྱ་བ། ཀུན་ཏུ་དགའ་བའི་ཟློས་གར། བརྗོད་པ་དཔག་བསམ་གྱི་འཁྲི་ཤིང། བྱིངས་ཀྱི་འགྲེལ་བ་ཆེན་པོ། བཅས་བཞུགས་སོ། མཛད་ཅིང། བོད་དུ་སྙན་ངག་བཤད་རྒྱུན་དངོས་སུ་སྦེལ་ནས་སློབ་ མ་མང་པོ་གསོ་སྐྱོང་མཛད་དོ་ ཤོང་བློ་གྲོས་བརྟན་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙའ་བ་ཡིན། ཁོང་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ གཅུང་པོ་ཡིན། ཁོང་གིས་སྦྱིར་དགེ་བའི་བཤེས་གཉེན་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པ་མཛད། སོགས་སུ་གཅེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ ལ་བསྟེན་ནས་ལོ་ཙཱ་བར་ལེགས་པར་བསླབས། དུས་ཀྱི་འཁོར་ལོའི་ རྒྱུད་འགྲེལ་ཡང་ལེགས་པར་གསན་ཞིང་སློབ་མ་ཡང་སྒྲ་ཚད་པ་རིན་ ཆེན་རྒྱལ་མཚན་དང། ལོ་ཙཱ་བ་མཆོག་ལྡན་གཉིས་ཀྱིས་གཙོས་པའི་ མང་དུ་བསྐྱངས་པར་མཛད་དོ། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ ལས་ [1719] མ་མེད་པ། འགྲེལ་པདྨ་ཅན། པ་སྦྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ ཆོ་ག། ལེའུ་བྱས་པ།། ཤཱཀྱ་བརྩོན་འགྲུས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ དང། གུར་གྱི་དཀའ་འགྲེལ། རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག། དཀའ་འགྲེལ། བར་བྱེད་པའི་དཀའ་བསྡུས་ཀྱི་འགྲེལ་བ། འགྲེལ། ཉི་ཤུ་བ། སོ། ། [1720] ཤཱཀྱ་འབུམ།། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་གླང་ལོ་སྤྱི་ལོ་་ལོར་སྐུ་ འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་སུམ་བཅུ་རྩ་བདུན་པ་རབ་བྱུང་ལྔ་པའི་ལྕགས་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་སར་ཕེབས་ ལོ་ངོ་དགུའི་རིང་དུ་གདན་ས་བསྐྱངས། དགུང་ལོ་བཞི་བཅུ་ཞེ་དྲུག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཚལ་གུང་ཐང་གི་ བླ་རབས་བཅུ་པ་ཡིན། ། བཤད་སྒྲ་དབང་ཕྱུག་རྒྱལ་པོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྤེལ་བཞིའི་ཁྱིམ་ཚང་དུ་སྐུ་འཁྲུངས། རབ་བྱུང་བཅུ་ བཞི་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་སུ་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ནས་ རབ་ཏུ་བྱུང་སྟེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པ་མཛད། དགུང་ལོ་སུམ་ཅུ་ཐམ་པ་རབ་བྱུང་བཅུ་བཞི་པའི་ ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ལྷ་སར་ཕེབས་ཏེ་རྩེ་དྲུང་གི་ལས་ ཀ་བསྒྲུབས། དེ་ནས་སྐྱ་སར་བབས་ཏེ་བཤད་སྒྲ་དོད་གྲུབ་རྡོ་རྗེའི་བུ་ མོ་དང་གཉེན་སྒྲིག་བྱས་ཤིང་བཤད་སྒྲའི་རུས་མིང་ཡང་དེ་ལྟར་ཆགས་ དགུང་ལོ་སོ་གཉིས་པར་ལྡིངས་དཔོན་གྱི་ལས་འགན་འཁུར་ནས་དམག་ སྲིད་ཀྱི་ལས་དོན་བསྒྲུབས། དགུང་ལོ་སོ་བརྒྱད་པར་ལ་དྭགས་ལ་དམག་དྲངས་ཏེ་རྒྱལ་ཁ་བླངས། དགུང་ལོ་སོ་དགུ་པར་ ་ [1721] བཀའ་བློན་གྱི་འགན་ཁུར་བཞེས་ཏེ་ནོར་བུ་གླིང་ཁ་དང་བསམ་ཡས་ གཙུག་ལག་ཁང་གི་ཞིག་གསོས་བཅས་ལ་ཐུགས་འགན་མཛད་ཅིང་ དགུང་ ལོ་ང་གཅིག་པར་ ་ གོར་བོད་དམག་འཁྲུག་གི་སྤྱི་ཁྱབ་དམག་ སྤྱི་མཛད་ནས་འཐབ་འཛིན་དུ་ཞུགས་ཀྱང་རྒྱལ་ཁ་མ་ཐོབ། དགུང་ ལོ་ང་བདུན་པར་ ་ ཚེ་སྨོན་གླིང་འདས་པའི་འབྱུང་རྐྱེན་ལ་ དམིགས་ནས་རྭ་སྒྲེང་རྒྱལ་ཚབ་ཀྱིས་བཀའ་བློན་གྱི་གོ་གནས་ཕབ་སྟེ་ སྙེ་མོ་རྒྱལ་བྱེད་ཚལ་དུ་བསྐྱལ་སྐབས་བཤད་སྒྲ་བས་སླར་ཡང་སྡོམ་པ་ སྐྱར་ཞུ་བྱས་ནས་རབ་བྱུང་བསྒྲུབས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་རྒྱལ་ཚབ་མེས་རྒྱལ་ནང་ཁུལ་དུ་ ཕེབས་རྗེས་ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བདུན་ཉིན་བཤད་སྒྲ་དབང་ ཕྱུག་རྒྱལ་པོ་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་གི་ཐུགས་འགན་བཞེས་ ཤིང་ནོ་མིན་ཧན་ཆོ་ལོ་བསྩལ། དེ་ནས་ལོ་ངོ་གཉིས་ལ་བོད་ཀྱི་ཆབ་སྲིད་ བསྐྱངས་ཏེ་དགོངས་པ་གཞན་དུ་ཐེགས་སོ། །ཁོང་གི་མཚན་གཞན་ ལ་སྤེལ་བཞི་དབང་ཕྱུག་རྒྱལ་པོ་ཞེས་ཞུའོ། ། བཤེས་གཉེན་བྱམས་པ་ཆོས་ལྡན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གཞོན་ནུའི་དུས་ ནས་རབ་ཏུ་བྱུང་སྟེ་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱངས་པ་མཐར་ ཕྱིན་པར་མཛད་དེ་མཁས་པའི་ཕུལ་དུ་ཕྱིན། དེ་ནས་དཔལ་ལྡན་སྨད་ རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་ [1722] བཅས་ལ་ཞིབ་ཏུ་སྦྱངས་ཤིང་རྒྱུད་པའི་རྡོ་རྗེ་སློབ་དཔོན་མཛད། དེ་ ནས་ཁྲི་ཆེན་སྦྱིན་པ་རྒྱ་མཚོ་ ་ ལ་བསྟེན་ཏེ་བྱང་ ཆུབ་ལམ་རིམ་གྱི་ཁྲིད་སོགས་གསན་པར་མཛད། དེ་ནས་དབུས་སྟོད་ ལོ་དགོན་དུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ ཏན་ལ་མངའ་བརྙེས། དད་ལྡན་གྱི་བུ་སློབ་རྣམས་ལ་བྱང་ཆུབ་ལམ་ གྱི་རིམ་པའི་ཁྲིད་བཏབ་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་གོང་ནས་གོང་དུ་ འཕེལ་བར་མཛད། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་དྲུག་ཅུ་ རེ་བདུན་པ་ཡིན་ནོ། ། ཤཱི་དྷརྨ་ཀཱིརྡི།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་བོད་ཀྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ་ རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ལེགས་པར་སྦྱངས་ནས་བསྟན་ བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ བཅོས། ། [000] ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་དཔལ་ཆེན་འོད་པོ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་ ཕག་ལོ་སྟེ་སྤྱི་ལོ་་ལོར་ཡུལ་ལང་གྲུར་སྐུ་གཤེགས། ཁོང་གི་ཆུང་ མིང་ལ་དཔལ་ལྡན་དོན་གྲུབ་ཅེས་ཞུ། རྗེས་སུ་ཁུ་བོ་གྲགས་པ་རྒྱལ་ མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་ མཚན་ཞེས་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་ དང། བཟོ་རིག་པ། སྐར་རྩིས། སྒྲ་རིག་པ། གསོ་བ་རིག་པ་ ཕར་ཕྱིན། དབུ་མ། འདུལ་བ། མཛོད། གསང་སྔགས་རྒྱུད་སྡེ་ བཞི་ལ་སོགས་པ་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་ པར་གྱུར། དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་ འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ་ནས་རལ་བ་བྲེགས་ དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་བར་ས་སྐྱའི་གདན་སའི་ [1724] ཁྲིར་ཕེབས། ཆོས་ཀྱི་འཆད་ཉན་ཡུན་རིང་མཛད་ནས་སྐལ་ལྡན་བུ་ སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་པོའི་རྒྱལ་པོ་ཨོ་ གོ་ཏའི་སྲས་གཉིས་པ་གོ་དན་གྱིས་གདན་ཞུས་ལྟར་ཚ་བོ་འགྲོ་མགོན་ ཆོས་རྒྱལ་འཕགས་པ་དང། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་ བཅས་པ་ལང་གྲུར་ཕེབས། དགུང་ལོ་རེ་བཞི་བར་རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་ས་གནས་གཅིག་འགྱུར་ཡོང་བར་ ཕན་པའི་སྐུར་ཡིག་བོད་ལ་བཏང་ཞིང། མེས་རྒྱལ་གཅིག་འགྱུར་ ཡོང་བར་མཛད་རྗེས་རླབས་པོ་ཆེ་བཞག་མཁན་རྒྱལ་གཅེས་པ་ཞིག་ ཡིན། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་བཞི་པ་ཡིན། ཁོང་གི་ གསུང་རྩོམ་ནི་པོད་གསུམ་བཞུགས་ཤིང་གྲགས་ཆེ་བ་ནི་ དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས། རིགས་གཏེར། ལུགས་ལེགས་པར་བཤད་པའི་བསྟན་བཅོས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ། བ་ནོར་བུའི་ཐིག་ལེ། པོ། བསྟན་འགྱུར་ལས་ ཀྱི་འཁོར་ལོའི་ཆོ་ག། ས་སྐྱ་བསོད་ནམས་རྒྱལ་མཚན།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཞྭ་ལུ་ [1725] ཁང་གསར་དུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། འཁྲུངས་འདས་གཉིས་ཀའི་ལོ་ཚིགས་ལ་ ད་དུང་དཔྱད་དགོས། དགུང་ལོ་བརྒྱད་པར་སློབ་གཉེར་མཛད་ སྐབས་གཞུང་ལུགས་མང་པོ་ཐུགས་སུ་ཆུད་ནས་གཞན་ལ་རྒྱ་ཆེར་གསུང་ ཐུབ་པ་བྱུང་བས་མཁས་པའི་སྙན་གྲགས་ཤིན་ཏུ་རྒྱས། དགུང་ ལོ་བཅུ་བདུན་པར་མཁན་པོ་བསོད་ནམས་གྲགས་པ་དང། སློབ་ དཔོན་དཔལ་ལྡན་སེང་གེ་གཉིས་ལས་རབ་བྱུང་བསྒྲུབ་པས་མཚན་ལ་ བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། བུ་སྟོན་རིན་ ཆེན་གྲུབ་དང། རྒྱལ་སྲས་ཐོགས་མེད་བཟང་པོ། དབང་ལོ་ཙཱ་བ་བློ་ གྲོས་བརྟན་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད། འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ཤིན་ཏུ་འཕེལ། ཁོང་ གི་གསུང་རྩོམ་ནི་ཚད་མ་དང། ཕར་ཕྱིན། དབུ་མ། གསང་ སྔགས་སོགས་མདོ་སྔགས་ཀྱི་བསྟན་མཅོས་མང་པོ་མཛད་ཡོད་པ་མ་ ཟད། བསྟན་བཅོས་ཀྱང་མང་པོ་མཛད་ཡོད་པ་རེད་ ས་སྐྱོང་བསྟན་པ་ཚེ་རིང།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་སྡེ་དགེའི་ཡུལ་དུ་ཡབ་དབང་ཆེན་མགོན་པོ་དང་ ཡུམ་ཨུརྱན་ཨདྡྷི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ [1726] ཆུང་ངུའི་དུས་ནས་ཁུ་བོ་སངས་རྒྱས་བསྟན་པ་ལས་ཡི་གེའི་སྦྱོར་ཀློག་ དང་ཆོས་སྤྱོད་བཅས་ལ་མཁས་པར་སྦྱངས། དེ་ནས་མཁས་གྲུབ་ སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་དཔལ་ལྡན། མཁན་ པོ་བཟང་པོ་རྒྱལ་མཚན། མཚུངས་མེད་ཀུན་དགའ་ཆོས་འཕེལ། སི་ ཏུ་ཆོས་ཀྱི་འབྱུང་གནས་བཅས་ལ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་མཛད་པ་དང། ཁྱད་པར་ དུ་གསོ་བ་རིག་པའི་གཞུང་ལུགས་ལ་ནང་བྱབ་ཚུད་པ་མཛད། ས་སྐྱ་ གོང་ནས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མདོ་ཁམས་ སྡེ་དགེར་གདན་འདྲེན་ཞུས་ཏེ་ས་སྐྱའི་བསྟན་པ་ཕྱོགས་བཅུར་རྒྱས་པ་ མཛད། རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ བཀའ་འགྱུར་དང། བསྟན་འགྱུར། ས་སྐྱའི་བཀའ་འབུམ་བཅས་ ཤིང་དཔར་དུ་བརྐོ་མགོ་བརྩམས་ཏེ་རྒྱལ་ཁའི་ངང་ནས་ལེགས་པར་ གྲུབ་ཅིང་མཁས་བཙུན་བཀྲ་ཤིས་དབང་པོ་དང། སི་ཏུ་ཆོས་ཀྱི་འབྱུང་ གནས། ཀརྨ་དཔལ་གྲུབ། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་ ཞུས་དག་མཛད། མདོར་ནས་དམ་པ་འདིས་བོད་རིགས་ཀྱི་རིག་གནས་ དཔར་བསྐྲུན་ཐད་ལ་གཞལ་དུ་མེད་པའི་མཛད་རྗེས་བཞག་ཡོད་པ་ རེད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ དྲུག་ཅུ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ གི་མཚན་གཞན་ལ་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་ཞེས་ཞུའོ། ། ས་ཆེན་ཀུན་དགའ་སྙིང་པོ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ [1727] ས་སྐྱར་ཡབ་འཁོན་དགོན་མཆོག་རྒྱལ་པོ་དང། ཡུམ་མ་གཅིག་ཞང་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ཕོ་སྟག་ལོ་ སྟེ་སྤྱི་ལོ་་ལོར་གཡས་རུ་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། སྐུ་ འཁྲུངས་མ་ཐག་ནས་གནམ་ཁའུ་པས་སྐུ་བང་དུ་བཞེས་ཏེ་ངེས་པར་ སྤྱན་རས་གཟིགས་ཡིན་པས་བསྔགས་བརྗོད་མཛད་ནས་མཚན་ལ་ཀུན་ དགའ་སྙིང་པོ་ཞེས་གསོལ། ཡབ་ཀྱི་དྲུང་ནས་ཡི་གེའི་འབྲི་ཀློག་དང་ ལུགས་ཀྱི་བསྟན་བཅོས། བརྟག་པ་རྣམ་བརྒྱད། རྩིས་དང་སྒྲ་ སྙན་ངག་དང་སྡེབ་སྦྱོར་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་ གཅིག་པར་ཡབ་གཤེགས་ནས་གདན་ས་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ ལ་གཏད། དེ་ནས་བ་རི་ལོ་ཙཱ་བ་ལས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ གསན་ནས་སྒྲུབ་པས་འཇམ་དབྱངས་ཀྱི་ཞལ་གཟིགས་པ་བྱུང། བྲང་ ཏི་དར་མ་སྙིང་པོ་ལས་མངོན་པ་ཀུན་བཏུས་དང། དགེ་བཤེས་ཁྱུང་ པོ་ལས་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་གསན། ཁྱད་པར་དུ་ཞང་དགོན་ པ་བ་ལས་ལོ་བཞིའི་རིང་ཕ་ཆོས་དཀར་པོ་གསུང་ངག་རིན་པོ་ཆེ་ལམ་ འབྲས་བུ་དང་བཅས་པ་མ་ལུས་པ་གསན། དགུང་ལོ་ཉི་ཤུ་ཐམ་པར་ བླ་མ་བ་རི་བས་ཁོང་ལ་གདན་ས་གཏད་ནས་ཞི་བར་གཤེགས། བླ་ མས་ཁོང་ལ་ལོ་བཅོ་བརྒྱད་བར་དུ་སྒྲུབ་བརྒྱུད་ཀྱི་ལུང་གསང་བ་དགོས་ པའི་བཀའ་ལྟར་འཆད་ཉན་དང་ཡི་གེར་བཀོད་པ་ཅུང་ཙམ་མེད། དེ་ ནས་དགུང་ལོ་ལྔ་བཅུ་པར་གསང་སྔགས་ཀྱི་བཀའ་རྒྱ་ལོ་བཅོ་བརྒྱད་ ཡོད་པ་གྲོལ་ནས་གང་ཟག་སོ་སོའི་མོས་བློ་ལྟར་འཆད་ཉན་གྱིས་བསྟན་ པ་དར་བར་མཛད། མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཐོག་ནས་ [1728] སྐལ་ལྡན་བུ་སློབ་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཆོས་སྦྱིན་ གནང། དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་ཀྱི་ཐུགས་མཉེས་ པར་མཛད། ཆོས་ཐམས་ཅད་ལ་མངའ་བརྙེས་པ་དང། མངོན་ ཤེས་དང་རྫུ་འཕྲུལ་སོགས་ལ་ཐོགས་པ་མེད་ཅིང། གདན་ས་མཛད་ བསྟན་ འགྲོའི་བྱ་བ་རྒྱ་ཆེན་མཛད་ནས་དུས་འདའ་བར་མཛད། ཁོང་ནི་ས་ སྐྱ་གོང་མ་རྣམ་ལྔའི་ནང་གི་དང་པོ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་སློབ་དཔོན་བསོད་ནམས་རྩེ་མོ་དང། མཆོག་གསུམ་ཐོབ་པ་གསུམ་ བཟོད་པ་ཐོབ་པ་བདུན། རྟོགས་ལྡན་བརྒྱད་ཅུ་བཅས་ཡོད། ཁོང་ གི་གསུང་རྩོམ་ནི། གུང་གྱི་ཐོབ་ཡིག། གཉིས་བཞུགས་སོ། ། ས་དིང་དིང།། ཁོང་མོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་མཆིམས་ ཡུལ་དགུ་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་མུ་ཁྲི་བཙན་པོའི་བཙུན་ མོ་ཡིན་ལ་རྒྱལ་པོ་དིང་ཁྲི་བཙན་པོའི་མ་ཡུམ་ཡིན། ཁོང་མོའི་མཚན་ གཞན་ལ་ས་སྨན་ཏིང་ཏིང་མ་ཞེས་ཞུའོ། ། ས་སྨན་ཏིང་ཏིང་མ།། ཁོང་མོ་ནི་ས་དིང་དིང་དང་མི་གཅིག་ཡིན་པས་དེ་ལ་གཟིགས་ པར་ཞུའོ། ། ས་སྨན་བུ་མོ།། [1729] ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས་ཤིང་རྒྱལ་པོ་ཐི་ཤོ་ལེགས་ཀྱི་བཙུན་མོ་དང། རྒྱལ་པོ་ཨི་ཤོ་ ལེགས་ཀྱི་མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ལ། པའི་དགའ་སྟོན། ས་བཙུན་ཀླུ་རེ།། ཁོང་མོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་ འཁྲུངས། རྒྱ་པོ་སྲིབ་ཁྲི་བཙན་པོའི་བཙུན་མོ་ཡིན་ལ་རྒྱལ་པོ་གྲི་ གུམ་བཙན་པོའི་མ་ཡུམ་ཡིན། ཁོང་མོའི་མཚན་གཞན་ལ་ས་བཙུན་ རླུང་རྗེ་ཞེས་ཞུའོ། ། ས་བཙུན་རྗེ་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་བའི་ རྒྱལ་པོ་ལྡེ་སྣོལ་པོའི་བཙུན་མོ་དང། རྒྱལ་པོ་ལྡེ་རྒྱལ་པོའི་མ་ཡུམ་ཡིན་ ནོ། ། ས་བཟང་བློ་གྲོས་རྒྱལ་མཚན།། ཁོང་ནི་སྤྱི་ལོ་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དགུང་ལོ་ ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་ དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་ལ་ཐོས་བསམ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་བྱང་ཞིང་ཆུབ་པར་སྦྱངས་ཤིང་བསྟན་བཅོས་དུ་མ་བོད་ ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། [1730] རྗེ་གདན་བཞིའི་སྒྲུབ་ཐབས། བཏུས་པ། རྣམ་དབྱེ། ། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་ མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་རྩེ་གདོང་དུ་ཡབ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་ཡུམ་མ་ གཅིག་ཧོར་མོ་ཚེ་བརྟན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་ པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་གཞི་ཐོག་བླ་བྲང་དུ་སྐུ་ གཤེགས། ཁོང་དགུང་ལོ་དྲུག་པར་བདག་ཆེན་ཤེས་རབ་རྒྱལ་མཚན་ ལས་དགེས་པ་རྡོ་རྗེ་དང་རྡོ་རྗེ་ཕུར་བའི་སོགས་ཀྱི་དབང་ལུང་མན་ངག་ མང་དུ་གསན་ཞིང་བླ་མ་ལེགས་པ་བཟང་པོ་ལས་ཡི་གེའི་སྦྱོར་ཀློག་ བསླབས། དགུང་ལོ་བཅུ་གཅིག་པར་མཁན་ཆེན་བསོད་ནམས་ལྷུན་ གྲུབ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་ངོར་པར་ཕེབས་ཏེ་སློབ་ དཔོན་དཀོན་མཆོག་འཕེལ་བ་དང་གློ་བོ་མཁན་ཆེན་གཉིས་ལས་རབ་ བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཉིས་པར་ས་སྐྱའི་ གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ཚོགས་ཆོས་གསུངས། དགུང་ ལོ་བཅུ་བཞི་པར་རྭ་དཔོན་ཡོན་ཏན་འབྱུང་གནས་ལས་འདུལ་བ་ དང། ཚད་མ་རྣམ་འགྲེལ། ཕར་ཕྱིན་བཅས་ལ་སྦྱངས་པར་མཛད་ དགུང་ལོ་ཉི་ཤུ་ཐམ་པར་སློབ་དཔོན་དཀོན་མཆོག་འཕེལ་བ་སོགས་ [1731] ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། མཁན་ཆེན་ བསོད་ནམས་ལྷུན་གྲུབ་དང། མུས་ཆེན་སངས་རྒྱས་རིན་ཆེན། ཆག་ ལོ་རིན་ཆེན་ཆོས་རྒྱལ་སོགས་ལས་རྒྱུད་སྡེ་བཞི་བའི་ཆོས་སྐོར་གྱི་གཞུང་ དང་ཆོ་ག་ཕྱག་ལེན་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཞྭ་ ལུ་རིན་ཆེན་ཆོས་སྐྱོང་བཟང་པོ་དང་འགོས་ལོ་དྷརྨ་པཱ་ལ་གཉིས་ལ་ཐུན་ མོང་གི་རིག་གནས་ཆེ་ཆུང་ཚང་མ་གསན་ནས་ཐུགས་སུ་ཆུད་པར་ མཛད། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་གཙོ་བོར་མཛད་ པའི་རྩེ་གདོང་དང། ངོར་ཨེ་ཝཾ་ཆོས་ལྡན། ནཱ་ལེནྡྲ། གླིང་དགའ་ བདེ་བ་ཅན། ཆོས་འཁོར་ལྷ་ས། རྭ་སྒྲེང་སོགས་སུ་ཕེབས་ཏེ་མདོ་ སྔགས་ཆོས་ཀྱི་འཆད་ཉན་སྤེལ། དེ་ལྟར་མཁས་བཙུན་བཟང་གསུམ་ ལྡན་པའི་བདག་ཉིད་ཆེན་པོ་འདི་ཉིད་དགུང་ལོ་བཞི་བཅུ་ཞེ་དགུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་གདན་ས་ཆེན་ པོའི་ཁྲི་རབས་ཉེར་གཅིག་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ གཅུང་ངག་དབང་གྲགས་པ་རྒྱལ་མཚན་དང། སྔགས་འཆང་ངག་ དབང་ཀུན་དགའ་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ བྲག་དཀར་བསོད་ནམས་རྒྱལ་མཚན། གསེར་གླིང་ཀུན་དགའ་བཀྲ་ ཤིས། གཞི་སྡེ་འཇམ་དབྱངས་ནམ་མཁའ་བརྟན་པ། ཆོས་རྗེ་དངོས་ གྲུབ་དཔལ་འབར། སྤྱན་སྔ་ངག་དབང་གྲགས་པ། ལོ་ཙཱ་བ་ནམ་ མཁའ་དཔལ་བཟང། སླེ་ལུང་དཀོན་མཆོག་རིན་ཆེན། ཇོ་ནང་ ངག་དབང་ཀུན་དགའ་ལེགས་པ། སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་ བཀྲ་ཤིས། གསེར་མདོག་པ་གཞོན་ནུ་ནོར་བཟང་བཅས་ཡིན། ཁོང་ [1732] གི་གསུང་རྩོམ་ནི། སངས་རྒྱས་རིན་ཆེན་གྱི་རྣམ་ཐར། ཐར། ཡིག། བ་བསྟོད་པ། ས་སྐྱ་པ་ཡབ་སྲས་རྣམས་ལ་མཆོད་ཡར་གྱི་ཚིག་བཅད། གཅིག་བཞུགས་སོ། ། སངས་རྒྱས་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ གཙང་མྱང་སྟོད་སྟག་ཚལ་དུ་ཡབ་སྔགས་འཆང་སངས་རྒྱས་དཔལ་ལྡན་ དང། ཡུམ་སངས་རྒྱས་དཔལ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་དགུ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རས་ཆུང་ཕུག་ཏུ་ སྐུ་གཤེགས། དགུང་ལོ་བདུན་པར་མཁན་ཆེན་ཀུན་དགའ་སངས་ རྒྱས་ལས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ་ དེ་ནས་བཟུང་དགུང་ལོ་བཅུ་བདུན་བར་རང་ཡུལ་དུ་སློབ་གཉེར་ མཛད། དགུང་ལོ་བཅོ་བརྒྱད་པར་ཙ་རིར་བྱོན་ཏེ་རྗེ་བཙུན་ཤ་ཧ་རབ་ འབྱམས་པ་སངས་རྒྱས་སེང་གེ་དང་མཇལ། དེ་བ་ལས་རི་ཆོས་སྐོར་ གསུམ་དང། ཐར་གྲུ་སྐོར་གསུམ། ནཱ་རོ་ཆོས་དྲུག་ཕྱག་རྒྱ་ཆེན་པོ་ ལྔ་ལྡན། ལྷན་གཅིག་སྐྱེས་སྦྱོར། དོ་ཧ་སྐོར་གསུམ། མཛོད་དྲུག་རོ་ སྙོམས་སོགས་བཀའ་བརྒྱུད་པའི་ཆོས་སྐོར་ཕལ་མོ་ཆེའི་ལུང་གསན་ རྗེ་བཙུན་མ་ལྷན་གཅིག་སྐྱེས་མའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་ [1733] གསང་མཚན་མི་སྐྱོད་རྡོ་རྗེ་ཞེས་གསོལ། དེ་ནས་དཔལ་འཁོར་ཆོས་ སྡེར་བྱོན་ཏེ་གཡུ་ལུང་བ་ཡོན་ཏན་རྒྱ་མཚོ་ལས་བཀའ་ཆོས་མང་དུ་ གསན། སློབ་དཔོན་ཀུན་དགའ་ཉི་མ་དང་པཎ་ཆེན་དོན་གྲུབ་གྲགས་ པ་སོགས་ལ་བསྟེན་ནས་གསང་སྔགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ་ བསྐྱེད་རྫོགས་ཀྱི་གདམས་པ་མང་པོ་གསན། དེ་ནས་གངས་དཀར་ཏེ་ སེ་དང། ཙ་རི། ལ་ཕྱི་ཆུང་བ། བལ་ཡུལ་སོགས་གནས་ངེས་མེད་ དུ་བྱོན། ཆ་ལུགས་ཀྱང་སྐབས་འགའ་ཞིག་ཏུ་སྐུ་གཅེར་བུ་ལ་མིའི་ གཡང་གཞི་ཁྲག་ཅན་གསོལ། རྒྱུ་རློན་གྱིས་ག་ཤ་དང་གདུ་བུ་མཛད་ མི་ཐོད་རློན་པར་ཀླད་པ་དང་རྒྱུ་མ་སོགས་རྩིབ་མས་དཀྲུགས་ཏེ་ གསོལ། ཕལ་ཆེར་ཧེ་རུ་ཀའི་ཆ་བྱད་རུས་པའི་རྒྱན་དང་ཐོད་པ་ རྐང་གླིང། ཁ་ཊཱི་རྣམས་འཆང་ཞིང་དུར་ཁྲོད་དང་གྲོང་གསེབ་ངེས་ མེད་དུ་བྱོན་པས་གཙང་སྨྱོང་ཞེས་གྲགས། བལ་ཡུལ་གྱི་འཕགས་པ་ ཤིང་ཀུན་གྱི་ཞིག་གསོ་དང། གྲུབ་གནས་མང་པོར་བཀའ་བརྒྱུད་ཀྱི་ སྒྲུབ་སྡེ་བཙུགས། སྙན་བརྒྱུད་གླེགས་བམ་དུ་བཀོད་པ་པོད་བཅུ་ གསུམ་ལ་ཞུ་དག་མཛད། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ ཀྱང་ལས་འབྲས་ལ་རྩི་འཇོག་ཆེ་བས་དགེ་སྡིག་ཆུང་ངུ་ཙམ་ཡང་ཁྱད་ དུ་མི་གསོད་པའི་ཀུན་སྤྱོད་རྣམ་པར་དག་པས་དུས་འདའ་བར་མཛད་ ཁོང་གི་མཚན་གྱི་རྣམ་གྲངས་ནི་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ ཅན། ཆོས་ཀྱི་གྲགས་པ། མི་སྐྱོད་རྡོར་ཇེ། ཁྲག་འཐུང་རྒྱལ་པོ་ བཅས་ཡིན། ཁོང་གི་སློབ་མ་ལ་ཡོངས་གྲགས་སུ་ཐུགས་སྲས་ཞེ་དགུ་ ཐུན་མོང་མ་ཡིན་པའི་ཐུགས་སྲས་བརྒྱད། བླ་ཆེན་བླ་ཆུང་དྲུག་ཅུ་ [1734] རྟོགས་ལྡན་ཉེར་བརྒྱད། སྟོན་སྒོམ་ཉི་ཤུ། གྲུབ་ཆེན་བཅོ་བརྒྱད་ བཅས་ཡོད། ཁོང་གི་གསུང་རྩོམ་ནི། གླེགས་བམ། ཡོད། མགུར་འབུམ། ། སངས་རྒྱས་སྒོམ་པ་ཚུལ་ཁྲིམས་ཤེས་རབ།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ལོ་རོ་ལ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་ཟངས་པོ་ཆེ་བ་དང་མཚོ་སྣ་བ་གཉིས་ ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ལ་ཚུལ་ཁྲིམས་ཤེས་རབ་ ཅེས་གསོལ། འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ལ་གསན་པ་རྒྱ་ ཆེར་མཛད། དེ་ནས་བྱ་ཡུལ་དུ་ཕེབས་ཤིང་སངས་རྒྱས་ཇོ་བོ་དབང་ ཕྱུག་གཞོན་ནུ་སོགས་ལས་བསྙེན་པར་རྫོགས། སངས་རྒྱས་སྟོན་པ་ ཚུལ་ཁྲིམས་སེང་གེ་ལས་བྱ་ཡུལ་པའི་ཆོས་སྐོར་ཐམས་ཅད་ལེགས་པར་ ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཁྱད་པར་ཅན་ ཐུགས་རྒྱུད་ལ་འཁྲུངས། དེའི་དུས་སུ་གསང་སྔགས་བཀའ་བབས་ཀྱི་ སྐོར་ཁམས་པ་ལུང་པ་རིན་ཆེན་སེང་གེ་ནས་བཀའ་ཆད་དེ་མེད་པར་ གྱུར་བས། མན་ལུག་མགོ་སྟེངས་སུ་ཟེམ་ཚེ་རིང་མོ་བའི་སློབ་མ་སྒོམ་ པ་བྱང་སྐྱབས་བཞུགས་པ་ལས་བཀའ་ཐམས་ཅད་རྫོགས་པར་བླངས་ཏེ་ གདམས་ངག་གི་ཕྱུག་པོར་གྱུར། དགུང་ལོ་བཞི་བཅུ་ཞེ་གསུམ་པ་ རབ་བྱུང་ལྔ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་བྱ་ཡུལ་དགོན་གྱི་ [1735] གདན་སར་ཕེབས་ཤིང་ལོ་ངོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་དེ་འཕྲིན་ལས་ཤིན་ ཏུ་རྒྱས་པར་གྱུར། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ སྟེ་དགུང་ལོ་ལྔ་བཅུ་ལྔ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་བཅུ་པ་ཡིན་ནོ། ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ལྕགས་ཀྱི་སྐྱོ་ལུང་དྲོའི་ཕུ་ཁའུ་བྱ་བར་གསང་སྔགས་རྙིང་མའི་སློབ་ དཔོན་ཞིག་གི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དཔལ་ལྡན་གྲོ་མོ་ཆེ་ལས་ བསྙེན་པར་རྫོགས། མཁན་པོ་གྲོ་སྟོན་བདུད་རྩི་གྲགས་པ་ལས་བཀའ་ གདམས་པའི་གདམ་ངག་མ་ལུས་པ་གསན། དགུང་ལོ་དྲུག་ཅུ་རེ་ གསུམ་པར་སྣར་ཐང་གི་གདན་སར་ཕེབས། ཞེས་བྱ་བ་རྨད་དུ་བྱུང་བའི་ལེགས་བཤད་གཅིག་ཀྱང་བརྩམས་པར་ མཛད། གདན་ས་ལོ་ངོ་བཅུའི་རིང་དུ་བསྐྱངས། དེ་ནས་མཆིམས་ ནམ་མཁའ་གྲགས་པ་གདན་སར་བཀོད་དེ་ཁོང་ཉིད་རྟ་ཤི་ལུང་ཞེས་པ་ བྱང་ཆུབ་ཆེན་པོའི་དབེན་གནས་སུ་ཕེབས་ཏེ་ཐུགས་དམ་མཛད་ནས་ སྐལ་ལྡན་གྱི་གདུལ་བྱ་མང་པོ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པ་མཛད་ དོ། ཁོང་གི་གདུང་རྟེན་ནི་ཞལ་ཆེམས་ལྟར་བྲག་སྐྱིབས་མངོན་གསལ་ ཆེ་བ་ཞིག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནང་དུ་བཞུགས་སུ་བཅུག་ གོ་ ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་དྲུག་པ་ཡིན། ། [1736] སངས་རྒྱས་ཇོ་བོ་དབང་ཕྱུག་གཞོན་ནུ།། ཁོང་ནི་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་ནི་བྱ་ཡུལ་སངས་རྒྱས་སྒོམ་པའི་སྐྱེ་བར་གྲགས་ དགུང་ལོ་ཉི་ཤུ་རྩ་གཉིས་པར་གླང་ལུང་དུ་མཁན་པོ་སྐྱོར་མོ་ལུང་པ་ དང་སློབ་དཔོན་ཐང་པ་གཉིས་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་ པ་མནོས་ཤིང་མཚན་ལ་དབང་ཕྱུག་གཞོན་ནུ་ཞེས་གསོལ། དགུང་ལོ་ ཉི་ཤུ་རྩ་ལྔ་པར་བསྙེན་པར་རྫོགས། ཡོངས་སུ་གྲགས་པའི་དགེ་བའི་ བཤེས་གཉེན་མང་པོ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་ཁམས་ལུང་ ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་ ཆེན་སེང་གེ་ལས་བྱ་ཡུལ་པའི་གདམས་ངག་ཐམས་ཅད་རྫོགས་པར་ ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཁྱད་པར་ཅན་ ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་བྱུང་ལྔ་ པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་བཙན་གྲོང་དགོན་གྱི་གདན་ས་ མཛད། རབ་བྱུང་ལྔ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་འབྲི་གུང་ པས་བྱ་ཡུལ་དགོན་པར་མེ་བཏང་ཞིང་གདན་རབས་བདུན་པ་སངས་ རྒྱས་གཙང་སྟོན་བཀྲོངས། རབ་བྱུང་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ ལོ་་ལོར་ས་སྐྱ་པས་འབྲི་གུང་བཅོམ་པས་འབྲི་གུང་གླིང་ལོག་ བྱུང། དགུང་ལོ་དྲུག་ཅུ་པ་རབ་བྱུང་ལྔ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་བྱ་ཡུལ་དགོན་པའི་གདན་སར་ཕེབས་སྐབས་གོང་མ་ སེ་ཆེན་རྒྱལ་པོས་བྱ་ཡུལ་དགོན་པ་བསྐྱར་གསོ་བྱེད་པའི་ཆ་རྐྱེན་དུ་ [1737] གསེར་བྲེ་མང་པོ་གནང་བས་ལོ་ངོ་གཅིག་གི་རིང་དུ་བྱ་ཡུལ་དགོན་གྱི་ གཙུག་ལག་ཁང་ཐམས་ཅད་ཞིག་གསོས་མཛད་ནས་ལེགས་པར་གྲུབ་ ལོ་ངོ་ཉེར་གཅིག་གི་རིང་དུ་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་ སྐྱེས་བུ་མང་པོ་གསོ་སྐྱོང་མཛད་དེ། དགུང་ལོ་བརྒྱད་ཅུ་གྱ་གཅིག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་ གྱི་གདན་རབས་བརྒྱད་པ་ཡིན་ནོ། ། སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་ཡོལ་གྱི་མདར་སྐུ་འཁྲུངས། གདུང་རུས་གཉན་ཡིན། རབ་ བྱུང་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་སྐུ་ཆུང་ངུའི་དུས་ནས་བཟུང་འཁོར་བ་ལ་ཞེན་པ་ལོག་ཅིང་ཆོས་ སྒོར་ཞུགས་ཏེ་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་ཐམ་པ་ནས་བསྙེན་ པར་རྫོགས་ཏེ་ཆོས་མདོ་སྔགས་གཉིས་ལ་ལེགས་པར་སྦྱངས། དབུས་ གཙང་ཀུན་ཏུ་ཕེབས་ནས་བླ་མ་མང་དུ་བསྟེན་ཅིང། ཁྱད་པར་ དུ་ཆོས་རྗེ་འབྲི་གུང་པ་དང། སྐྱེར་སྒང་པ། མདོ་པོ་བ་ ས་སྐྱ་པ་རྣམས་ལ་བསྟེན། དེའང་སྐྱེར་སྒང་པའི་རྣམ་ཐར་ཐོས་ པ་ཙམ་གྱིས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ་བླ་མའི་དྲུང་དུ་ ཞུས། དེ་ནས་གྲུབ་པ་ཉམས་ལེན་མཛད་ནས་རྟོགས་པ་བླ་མ་སྐྱེས་ སྒང་པ་དང་འདྲ་བ་འཁྲུངས། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་མང་པོ་ མཇལ་ཞིང་གདམས་པ་མང་པོ་ཐོབ། སངས་རྒྱས་ཀྱི་ཞིང་མང་དུ་ [1738] བགྲོད་པ་སོགས་གྲུབ་པའི་ཡོན་ཏན་མཆོག་ལ་མངའ་བརྙེས། རི་ གུང་གི་དགོན་པ་གསར་འདེབས་མཛད་ཅིང་སློབ་མ་མང་པོའི་ཚོགས་ པ་བསྐྱངས། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་ཞི་བར་ གཤེགས་སོ། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་སངས་རྒྱས་སྟོན་ པ་ཡིན་ནོ། ། སངས་རྒྱས་སྙིང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། སྤྱི་ལོ་་ལོར་ འདས། ཁོང་རབ་བྱུང་བཞི་པའི་ལྕགས་མོ་ཡོལ་ལོ་སྟེ་སྤྱི་ལོ་་ ལོར་ཚལ་གུང་ཐང་གི་གདན་སར་ཕེབས། ངོ་ལོ་བདུན་གྱི་རིང་དུ་ གདན་ས་བསྐྱངས། རབ་བྱུང་བཞི་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཚལ་གུང་ཐང་གི་ བླ་རབས་དྲུག་པ་ཡིན། ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཁ་རག་རྩའི་སིལ་མར་སྐུ་འཁྲུངས། གདུང་རུས་ཡ་ངལ་དཀར་པོ་ ཡིན། རབ་བྱུང་ལྔ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ དགུང་ལོ་བརྒྱད་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ ལོ་བཅུ་པར་མ་གཅིག་སྤྲུལ་སྐུ་ལས་གཅོད་གྱི་ཆིག་བརྒྱུད་རྣམས་གསན་ དགུང་ལོ་བཅུ་གསུམ་པར་བླ་མ་ཙ་རི་རས་པ་ལས་རབ་ཏུ་བྱུང་ཞིང་ མཚན་ལ་བརྩོན་འགྲུས་སེང་གེ་ཞེས་གསོལ། སློབ་དཔོན་སྲེགས་ལས་ [1739] ཆོས་མང་དུ་གསན། དགུང་ལོ་བཅུ་བདུན་པ་ལ་ཆོས་བཤད་པ་མཛད་ པས་ཆོས་མྒོའང་ཐོན། སུམ་སྟོན་རས་པ་ལས་གཅོད་སྐོར་རྒྱས་པར་ ཞུས། འབུལ་བས་ཀྱང་མཉེས་པར་མཛད། བླ་མ་དབུ་མ་པ་ལས་ དགྱེས་རྡོར་ཞུས། བླ་མ་སྤང་པོ་པ་ལས་ཞང་ཚལ་བའི་ཆོས་སྐོར་རྣམས་ ཞུས། དགུང་ལོ་བཅུ་དགུ་པར་མཁན་པོ་ཆོས་རྒྱལ་ཅན་ལས་བསྙེན་ པར་རྫོགས། དེ་ནས་བླ་མ་གླང་ཕུག་པ་དང། སློབ་དཔོན་གཙང་ཚོགས་ སྟོན་ཤཱཀྱ། བླ་མ་ཁྲོ་ཕུ་བ། བླ་མ་ས་སྐྱ་བ། སློབ་དཔོན་གཙང་པ་ སློབ་དཔོན་ཇོ་སྟོན། སློབ་དཔོན་གྲུབ་ཐོབ། མཁར་རྒྱབ་པ། སློབ་ དཔོན་ཇོ་རྒྱལ། ཁམས་སྟོན་སོགས་དགེ་བའི་བཤེས་གཉེན་མང་པོར་ བསྟེན་ནས་ཆོས་རྣམས་གསན། དེ་ནས་ཡོལ་ཕུ་རི་གུང་དུ་ཕེབས་ཏེ་ སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ་དང་མཇལ་ཞིང་ཤངས་པའི་ ཆིག་བརྒྱུད་ཀྱི་གདམས་ངག་དང་བཅས་པ་ཞུས་ཤིང་སྒྲུབ་པ་ཉམས་ ལེན་མཛད་པས་སྒྱུ་ལུས་རྨི་ལམ་དུ་འབྱོངས། འོད་གསལ་མངོན་དུ་ གྱུར། ཡི་དམ་མང་པོའི་ཞལ་གཟིགས་ཤིང་ཆོས་སྐྱོང་བྲན་དུ་བཀོལ་ བའི་རྩལ་བྱུང། དག་པའི་ཞིང་དུ་བགྲོད་ཐུབ་པའི་སློབ་མ་བརྒྱ་རྩ་ བརྒྱད་བསྐྱངས་ནས་དགུང་ལོ་བདུན་བཅུ་རྩ་གཉིས་པར་རི་གུང་དུ་ཞི་ བར་གཤེགས། འདི་བ་ཡན་ཆད་ཀྱིས་ནི་གུའི་ཆིག་བརྒྱུད་ཀྱི་རིམ་པ་ རྫོགས་སོ། །ཁོང་གི་སློབ་མ་མཆོག་ཏུ་གྱུར་བ་ནི་མཁས་གྲུབ་ཤངས་ སྟོན་ཚུལ་ཁྲིམས་མགོན་པོ་ཡིན་ནོ། ། སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ་ ཁོང་ནི་རབ་བྱུང་བཞི་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ [1740] ཡུལ་གྲུ་ཤུལ་སྒོར་ཡབ་བཀྲ་ཤིས་འབུམ་དང། ཡུམ་སྲི་ཐར་སྐྱིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གིས་ཁམས་ལུང་པ་རིན་ཆེན་སེང་ གེ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་ མཛད་དེ། བསྟན་པའི་བདག་པོར་གྱུར། ཁྱད་པར་དུ་ཁམས་ལུང་ པ་ལས་བྱ་ཡུལ་བའི་ཆོས་སྐོར་ཐམས་ཅད་ཞུས་ཏེ་སྒྲུབ་པ་ཉམས་ལེན་ མཛད་པས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། རབ་ཏུ་ བྱུང་ཞིང་དགེ་ཚུལ་སློང་གི་སྡོམ་པ་མནོས་ནས་ཚུལ་ཁྲིམས་མིག་འབྲས་ ལྟ་བུར་བསྲུངས། རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་བྱ་ཡུལ་དགོན་གྱི་གདན་སར་ཕེབས་ཤིང་ལོ་ངོ་བཅུ་གསུམ་གྱི་རིང་ དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་ མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ དྲུག་ཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ བྱ་ཡུལ་དགོན་གྱི་གདན་རབས་དགུ་བ་ཡིན་ནོ། ། སངས་རྒྱས་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཡོན་བདག་འབུམ་མོའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ཁུ་བོ་རོ་སྐམ་ཉི་ མ་ཤེས་རབ་དང། འབྲི་གུང་ཆོས་རྗེ། སྤྱན་སྔ་རིན་པོ་ཆེ་རྣམས་ལ་ བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ [1741] ཕྱིན་པ་མཛད། རབ་བྱུང་བཞི་པའི་ས་ཕོ་འབྲུག་ལོས་ཏེ་སྤྱི་ལོ་་ ལོར་དཔོན་ཆེན་སངས་རྒྱས་ཀྱིས་རོ་སྐམ་དགོན་པའི་གདན་སར་བསྐོས་ ཏེ་ཚོགས་པ་བསྐྱངས། ལོ་ངོ་བཅུ་དགུའི་རིང་དུ་གདན་ས་མཛད་དེ་ དགོན་པའི་མངའ་ཐང་དར་བར་མཛད། དགུང་ལོ་ལྔ་བཅུ་རྩ་བརྒྱད་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་རོ་སྐམ་དགོན་ པའི་གདན་རབས་གཉིས་པ་ཡིན། ། སངས་རྒྱས་དབོན་གྲགས་པ་དཔལ།། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་ནི་རྗེ་སྒམ་པོ་བའི་སྐུ་སྐྱེ་ཡིན་ཏེ་ བྱིས་པའི་དུས་ནས་བཟུང་ངོ་མཚར་བའི་གྲུབ་རྟགས་མང་དུ་མཛད་ དགུང་ལོ་བཅུ་གསུམ་པར་སངས་རྒྱས་ཡར་བྱོན་གྱི་མདུན་དུ་ཕེབས་ ནས་རབ་ཏུ་བྱུང་ཞིང་བཀའ་བརྒྱུད་ཀྱི་ཆོས་མ་ལུས་པ་དང། འགྲོ་ བའི་མགོན་པོ་ཕག་མོ་གྲུ་པ་ནས་བརྒྱུད་པའི་སྟག་ལུང་པ་ལ་སྙན་བརྒྱུད་ འབའ་ཞིག་ཏུ་བཞུགས་པ་རྣམས་ཀྱང་ལེགས་པར་གསན། མཚན་ལ་ གྲགས་པ་དཔལ་ཞེས་གསོལ། དེ་ནས་ཁམས་སུ་ཕེབས་ཏེ། དགུང་ ལོ་ཉི་ཤུ་རྩ་དྲུག་པ་རབ་བྱུང་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རི་ བོ་ཆེ་བཏབ་ཅིང་འཆད་ཉན་གྱི་འཕྲིན་ལས་སྤེལ་བས་དགེ་འདུན་མང་ དུ་འདུས། བཤད་སྒྲུབ་གཉིས་ཀའི་བསྟན་པ་ལེགས་པར་སྤེལ་བས་ རྗེས་འཇུག་དགོན་དང་སློབ་མས་ཁྱབ་པར་མཛད། བསྟན་འཛིན་གྱི་ སྐྱེས་བུ་དམ་པ་རྣམས་ཀྱིས་སྟག་ལུང་གི་བསྟན་པ་ཉི་མ་ཤར་བ་ལྟར་ [1742] གོང་ནས་གོང་དུ་སྤེལ་བར་མཛད། དགུང་ལོ་བཞི་བཅུ་རྩ་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། སངས་རྒྱས་གཞོན་ནུ།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་བཞི་ པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་རབ་ བྱུང་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་ སར་ཕེབས། ལོ་ངོ་ཉི་ཤུ་རྩ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ ཉང་སྟོད་ཀྱི་གླང་ལུང་དགོན་པ་གསར་འདེབས་མཛད། དེ་ནི་རྒྱལ་ རྩེ་ཁུལ་དུ་ཡོད། ཁོང་ནི་ཚལ་གུང་ཐང་གི་བླ་རབས་བདུན་པ་ཡིན། ། ཁོང་གི་མཚན་གཞན་ལ་སངས་རྒྱས་རས་པ་ཞེས་ཀྱང་ཞུའོ། ། སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ།། ཁོང་ནི་སྟག་ལུང་སངས་རྒྱས་ཡར་བྱོན་དང་མི་གཅིག་ཡིན་ པས་དེར་གཟིགས་པར་ཞུའོ། ། སངས་རྒྱས་འོད།། ཁོང་ནི་སྣང་སྒོམ་རས་པ་དང་མི་གཅིག་ཡིན་པས་དེར་གཟིགས་ པར་ཞུའོ། ། སངས་རྒྱས་རས་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ ཡར་ཀླུང་དུ་ཡབ་གཙང་པ་དཔལ་གྲགས་དང། ཡུམ་བཙུན་ཆུང་ མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་གྲུ་གུ་ཡིན། དགུང་ལོ་དགུ་པར་ཟངས་རི་རས་པ་ལས་རས་ཆུང་སྙན་བརྒྱུད་ཀྱི་ [1743] གདམས་པ་རྣམས་ལེགས་པར་གསན་པས་བདེ་གསལ་མི་རྟོགས་པའི་ ཉམས་ཁོར་ཡུག་ཏུ་ཤར། ན་བཟའ་རས་རྐྱང་དུ་མཛད་པས་རས་ཆེན་ དུ་གྲགས། དགུང་ལོ་བཅོ་ལྔ་པར་ཕག་མོ་གྲུ་པ་དང་མཇལ་ཞིང་ཆོས་ མང་དུ་ཞུས། དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ་ལས་གསར་རྙིང་གི་ གདམས་པ་རྣམས་ཞུས། དེ་ནས་གཉལ་དུ་ཕེབས་ཏེ་གཙང་སྟོན་ དཀོན་ནེ་ཡབ་སྲས་ལས་ཆོས་མང་དུ་གསན། རྗེ་སྒོམ་ཞིག་པོ་ལས་བི་ མ་ལའི་གདམས་པ་མ་ལུས་པ་ཞུས། དེ་ནས་ཚ་བ་སྒང་དང་དམར་ ཁམས་སུ་བྱོན་ཏེ་སྐུ་བསོད་ཤིན་ཏུ་རྒྱས། སྔགས་གྲྭ་བཙུགས་ནས་ འཁྲུག་བསྡུམས་མང་དུ་མཛད། དེ་ནས་ཀམ་པོ་གནས་ནང་དུ་ཕེབས་ཏེ་ ཀརྨ་པ་དུས་གསུམ་མཁྱེན་པ་དང་མཇལ་ཞིང་གདམས་པ་རྣམས་གསན་ ནས་གདམས་པའི་ཕུ་ཐག་ཆོད། དགུང་ལོ་སོ་བདུན་པར་མཁན་པོ་མ་ དྲེལ་བ་དང་སློབ་དཔོན་བཀའ་གདམས་པ་ལས་ཆིག་རྫོགས་མཛད་ མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། དེ་ནས་དམར་ཁམས་ སུ་བྱོན་ནས་འགྲོ་དོན་རྒྱ་ཆེན་པ་མཛད་པའི་སྐབས་སུ་ཀརྨ་པ་དུས་ གསུམ་མཁྱེན་པ་སྐུ་གཤེགས་པ་ཡང་དགོངས་ནས་གདན་སའི་ཞབས་ ཏོག་ཀྱང་རྒྱ་ཆེར་མཛད། སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་སྒྲུབ་ ནས་དུས་འདའ་བར་མཛད་དོ། ། སངས་རྒྱས་རས་པ་རིན་ཆེན་སྨོན་ལམ།། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ ཕུ་ཐང་འཁུན་པ་སའི་ཞིང་ཚིགས་སུ་ཡབ་མཁའ་འགྲོ་དང། ཡུམ་ སྲུན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་འབྲིང་ཡིན་ [1744] རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་གཞོན་དུས་རྒྱལ་བ་ཏེན་ནེ་དང་མཇལ་ཞིང་དབང་དང་ བྱིན་རླབས་ཞུས། ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ནས་ལྔ་ལྡན་ཞུས་ དགུང་ལོ་ཉེར་གསུམ་པར་རོག་ཞིག་པོ་རིན་ཆེན་ཤེས་རབ་ཀྱི་མདུན་དུ་ ཕེབས་ཏེ་དངོས་པོ་ཐམས་ཅད་ཕུལ་ཞིང་དགེ་བསྙེན་གྱི་སྡོམ་པ་ཞུས་ མཚན་ལ་རིན་ཆེན་སྨོན་ལམ་ཞེས་གསོལ། སློབ་དཔོན་སྟོན་པ་སོགས་ ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་ཞི་བྱེད་ཀྱི་དབང་ཁྲིད་རྣམས་ ཞུས། དེ་ནས་སློབ་དཔོན་ཡོན་བཙུན་དང། འབྲི་གུང་དབོན་རིན་ པོ་ཆེ། ཁམས་སྒོམ་ཞིག་པོ། ཁྲོ་ཕུ་བ། གྲུབ་ཐོབ་སེང་གེ་ཡེ་ ཤེས། སྤྱན་སྔ་གངས་དཀར་བ། སློབ་དཔོན་ཀླུ་སྒོམ་སོགས་ལ་ བསྟེན་ནས་གདམས་ངག་ཟབ་དགུ་ཐམས་ཅད་ལེགས་པར་ཞུས། དེ་ ནས་གངས་དཀར་ཏི་སེ་དང། སྤུ་རངས་སུ་བྲག་ཕུ་གཉན་པོ་ སྤ་གྲོ་སྟག་ཚང་ཕུག་ཧ་འོ་གངས་བཟང། ཇོ་མོ་ཁ་རག་ལ་ཡག་ གངས་ཕུག་མཁར་ཆུ། ལུང་གི་གངས་རི། གཞིའི་རྫ་མདའི་གངས་ མཚོ་སྣའི་གཡག་མཚོ། ཤ་འུག་སྟག་སྒོའི་ལུང་སྟོང། མོན་གྱི་ལ་ ཆེན་ལ་སོགས་པའི་གནས་རི་རྣམས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ མཛད། རྟོགས་པ་ཁྱད་པར་ཅན་འཁྲུངས། ཞག་རེ་ལ་རླུང་འཛིན་ ཐེངས་རེས་ཆོག་པ། སྐྱིལ་དཀྲུངས་ནམ་མཁའ་ལ་ཐེག་པ་ རྐང་མགྱོགས་ཀྱི་ཆ་གྲུབ་པ་བཅས་བརྗོད་ཀྱིས་མི་ལངས་བ་ཡོད། དེ་ནས་ ཆར་མ་དགོན་པའི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་ པ་བསྐྱངས། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་ [1745] བདུན་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ གི་སློབ་མ་གཙོ་བོ་ནི་མྱང་འབན་པོ་དྷརྨ་སདྷི་ཡིན། ཁོང་ནི་ཞི་བྱེད་ བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན་ནོ། ། སངས་རྒྱས་རིན་ཆེན།། ཁོང་ནི་རབ་བྱུང་བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་རབ་བྱུང་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཚལ་གུང་ཐང་གི་གདན་སར་ཕེབས། ལོ་ངོ་བཅུའི་རིང་དུ་གདན་ ས་བསྐྱངས། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་ཚལ་གུང་ཐང་གི་བླ་རབས་དགུ་བ་ཡིན། ། སངས་རྒྱས་རིན་ཆེན།། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ སྣེའུ་མཁར་དུ་ཡབ་མཁས་གྲུབ་ཆོས་དཔལ་གྱི་སྲས་སུ་སྐུ་འཁྲུང། རབ་ བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་ལ་གསན་ པས་བྱིས་པས་ཟླ་བོ་དང་ཁ་འཐབ་ཙམ་ཡང་མཛད་མ་མྱོང། སྐུ་ན་ ཕྲ་བ་ཉིད་ནས་ཡབ་མེས་ཀྱི་ཆོས་བརྟག་གཉིས་རྔོག་ལུགས་ཀྱི་བཤད་པ་ དང། རྙིང་མའི་ཕུར་བུ་དང་རྟ་མགྲིན། བླ་མ་གསང་འདུས་ལ་ སོགས་པ་བཀའ་གཏེར་གྱི་ཆོས་མང་པོ་གསན། དེ་ནས་རྩེས་ཐང་དུ་ བྱོན་ཏེ་ཆེན་པོ་ཆོས་སེང་བ་དང་སློབ་དཔོན་འོད་ཟེར་དཔལ་བ་ལ་ བསྟེན་ནས་ཕར་ཕྱིན་བསླབས་ཤིང་གྲྭ་སྐོར་ཡང་མཛད། ལོ་ཆེན་བྱང་ [1746] ཆུབ་རྩེ་མོ་དང་ལོ་ཙཱ་བ་ནམ་མཁའ་བཟང་པོ་གཉིས་ལས་རྒྱུད་འགྲེལ་ ཆེན་མོའི་བཤད་པ་ཚར་གཉིས་རེ་དང། ཆོས་རྗེ་ཕྱོགས་ལས་རྣམ་ རྒྱལ་ལས་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། མན་ངག་སྦྱོར་ དྲུག་དང་བསྙེན་སྒྲུབ་གཉིས་ཀ་གསན། རྟོགས་ལྡན་སྔོ་ཉལ་མ་ཡེ་ཤེས་ རྒྱལ་མཚན་ལས་རྒྱུད་འགྲེལ་ཕྱོགས་མཆན་དང་བཅས་པ་གསན། སློབ་ དཔོན་འཇག་སྒེག་ལས་དོན་དམ་བསྙེན་པ་དང་ལྟ་འདོད་མདོར་བསྟན་ དང། ཡར་འབྲོག་ཁ་བ་ལུང་པ་ཞང་སྟོན་བསོད་ནམས་གྲགས་པ་ ལས་རྒྱུད་འགྲེལ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི་མཆན་དང་བཅས་ པ་གསན། རི་སྟོན་བློ་ཆེན་འོད་ལས་རྒྱུད་འགྲེལ་ལོ་ཙཱ་བ་གྲགས་པ་ རྒྱལ་མཚན་གྱི་འགྱུར་དང་ནཱ་རོ་པའི་དབང་མདོར་བསྟན་གི་འགྲེལ་བ་ བཅས་གསན། དགུང་ལོ་ཉི་ཤུ་ཐམ་པར་ཀུན་མཁྱེན་ཤེས་རབ་རྒྱལ་ མཚན་ལྷ་སར་ཕེབས་དུས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཆོས་ཕྲན་ འགའ་ཡང་ཞུས། དེ་ནས་སྒྲུབ་པ་ལ་ཞུགས་ཏེ་ཡན་ལག་དྲུག་གི་རྣལ་ འབྱོར་ལྷུར་བླངས་པའི་ཚེ་སྐུ་ལུས་སྟོད་སྨད་ཐམས་ཅད་མེ་མདག་གིས་ བསྲེགས་པ་འདྲ་བའི་བསྙུན་གྱིས་ལོ་དགུར་བསྙུང་ཡང་ཐུགས་དམ་མ་ ཆག་དེ་ནས་བསྙུན་ལས་ཀྱང་གྲོལ་ནས་ཐུགས་དམ་ཡང་ཤིན་ཏུ་འཕེལ་ བར་གྱུར་བ་ལས་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང། རྒྱུན་ལྡན་དུ་ སེར་སྐྱ་ཕོ་མོ་ལ་སོགས་པའི་གདུལ་བྱ་མང་པོ་ལ་ཡན་ལག་དྲུག་གི་ཁྲིད་ བཏབ་སྟེ་གཞན་དོན་ཡུན་རིང་དུ་མཛད་ཅིང་དགུང་ལོ་བརྒྱད་ཅུ་རྩ་ དྲུག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་སློབ་མའི་ གཙོ་བོ་ནི་འགོས་ལོ་གཞོན་ནུ་དཔལ་ཡིན་ནོ། ། [1747] སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ།། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་རྟ་ནག་གནས་གསར་དུ་ཡབ་འཇམ་དབྱངས་བསམ་འགྲུབ་རྡོ་རྗེའི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཞིག་རིན་པོ་ཆེ་ ཤཱཀྱ་འབྱུང་གནས་ཀྱི་སྤྱན་སྔར་བྱོན་ཏེ་དབང་དང་བྱིན་རླབས་མང་དུ་ ཞུས། ཡབ་ལས་ཆོ་ག་འཕྲིན་ལས་རྣམས་ཀྱང་ལེགས་པར་བསླབས་ དགུང་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་ བ་བྱུང། དེ་ནས་ཡབ་ཀྱི་བཀའ་ལྟར་ཇོ་མོ་མ་གཅིག་ཁབ་ཏུ་བཞེས་ ཏེ་སྲས་ལྕམ་སྲིང་དྲུག་ཙམ་འཁྲུངས། དགུང་ལོ་ལྔ་བཅུ་རྩ་དྲུག་པར་ ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད། ཁོང་སྒྱུ་འཕྲུལ་ལ་ཤིན་ཏུ་ མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་ཐམ་པར་གསང་བ་སྙིང་པོའི་ རྒྱུད་ལ་ཊི་ཀ་ཆེ་བ་གཅིག་དང། ལམ་རྣམ་པར་བཀོད་པའི་རྣམ་ བཤད་ཆེན་པོ་ཞིག་མཛད། དགུང་ལོ་བདུན་ཅུ་ཐམ་པར་སྒྱུ་འཕྲུལ་ ཞི་ཁྲོའི་དབང་དང། ཚེ་བདག་གི་དབང། ཡང་དག་མེ་གཅིག་གི་ དབང། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང། སེམས་སྡེ་བ་བཅོ་བརྒྱད་ ཀྱི་རིག་པའི་རྩལ་དབང། རྟ་མགྲིན་རྣ་བོ་བའི་ལུགས་ཀྱི་རྗེས་གནང་ བཅས་གཞན་ལ་གནང་བར་མཛད། སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་ མཛད་པའི་མདོའི་འགྲེལ་བ་མུན་པའི་གོ་ཆ་དང། སྒྱུ་འཕྲུལ་བརྒྱད་ ཅུ་པ། མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་བཅས་ཀྱི་སྟེང་ནས་སློབ་ མའི་ཚོགས་ལ་ཁྲིད་པར་མཛད། དགུང་ལོ་བདུན་ཅུ་རྩ་གཉིས་པར་ [1748] དབུས་སུ་ཕེབས་ཤིང་བསམ་གླིང་དུ་ཝང་གྲགས་པ་རྒྱལ་མཚན་བཅས་ ལ་འདུས་པ་མདོའི་དབང་ལ་སོགས་པ་དབང་མང་པོ་དང། གསང་ སྙིང་ལ་སོགས་པའི་བཤད་པ་དང་ལུང་མང་དུ་གནང་བར་མཛད་ དགུང་ལོ་བརྒྱད་ཅུ་རྩ་གཅིག་པར་གཙང་དུ་ཕེབས་ཏེ། དགུང་ལོ་ བརྒྱད་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་སྒྱུ་འཕྲུལ་གཙོ་བོར་མཛད་པའི་གསང་སྔགས་སྙིང་མའི་སློབ་དཔོན་ ཆེན་པོ་ཞིག་ཡིན་ནོ། ། སི་ཏུ་ཀརྨ་བསྟན་པའི་ཉིན་བྱེད།། ཁོང་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་མི་གཅིག་ཡིན་པས་ དེར་གཟིགས་པར་ཞུའོ། ། སི་ཏུ་བཀྲ་ཤིས་རྣམ་རྒྱལ།། ཁོང་ནི་རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་བོད་ཆོས་རྒྱལ་གདུང་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཆོས་རྗེ་ཀརྨ་བ་མཐོང་ བ་དོན་ལྡན་གྱིས་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་ གནང་ནས་སྐུ་གོང་མའི་ཁྲི་ལ་མངའ་གསོལ། རྗེ་དེ་ཉིད་ལས་མདོ་ སྔགས་ཀྱི་ཆོས་སྐོར་མང་དུ་གསན་ནས་མཁས་གྲུབ་གཉིས་ལྡན་གྱི་སློབ་ ཐམ་སོགས་ཀྱང་མཆིས་ཤིང། སློབ་མ་སྐྱོང་བ་སོགས་དམ་པའི་ ལེགས་མཛད་རྣམས་མཐར་ཕྱིན་ཏེ། དགུང་ལོ་ཞེ་བདུན་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་གཉིས་པ་ [1749] ཡིན། ། སི་ཏུ་བཀྲ་ཤིས་དཔལ་འབྱོར།། ཁོང་ནི་རབ་བྱུང་བརྒྱད་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་དགུ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཆོས་རྗེ་དུས་གསུམ་མཁྱེན་པའི་གསུང་གི་གདན་ས་བར་མ་ཁམས་རི་བོ་ ཆེའི་ཕྱོགས་ཀྱི་ཀརྨ་དགོན་པའི་བླ་མར་གྱུར། སློབ་མའི་ཚོགས་ཇི་ཙམ་ འདུས་པ་རྣམས་ལ་སྨིན་གྲོལ་དབང་ཆོས་ཀྱིས་ཚིམས་པར་མཛད་ འདུལ་ཁྲིམས་གཙང་བ་དང། མཁྱེན་རྒྱ་ཡོན་ཏན་ཚད་མེད་མངའ་ སྟོབས་འབྱོར་མངའ་ཐང་ཡང་རྒྱ་ཆེར་རྒྱས། སི་ཏུའི་མཁར་དམར་ སོགས་བཞུགས་གནས་དང། དབོན་རྒྱུད་སྡེ་འབངས་ཡེལ། སྒེར་ ཁྲོམ་གསུམ་སོགས་རྒྱ་ཆེ་ཙམ་བྱུང། ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བརྒྱད་ པའི་སྤྲུལ་སྐུ་ངོས་འཛིན་དང། ཞབས་ཏོག་མཛད་པ་སོགས་ཀར་ བསྟན་ལ་བྱས་རྗེས་ཆེ་བར་མཛད། དབང་དང། གདམས་ངག་ ཁྲིད། རབ་བྱུང་བསྙེན་རྫོགས་སོགས་གནང་བ་མཐའ་ཡས་ཤིང་བསྟན་ འགྲོའི་དོན་ཆེན་རླབས་པོ་ཆེ་རེ་ཞིག་མཐར་ཕྱིན་ཏེ་དགུང་ལོ་ཞེ་བདུན་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་ གསུམ་པ་ཡིན། ། སི་ཏུ་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ ཀརྨ་དགོན་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་ [1750] འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། རྗེ་དེ་བཞིན་གཤེགས་པ་ལས་དོན་རྒྱུད་ཀྱི་བྱིན་རླབས་ འཕོས་པས་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར། གོང་མ་ཏཱ་མིང་རྒྱལ་ པོས་གསེར་ཐམ་དང་འཇའ་ས་གནང། དེ་ནས་བཟུང་ད་ལྟའི་བར་ དུ་སི་ཏུའི་མཚན་དང་གོ་ས་དཀྱུས་སུ་འཇགས། ཆེན་པོའི་གོ་སར་དེ་ ལྟར་བཞུགས་ཀྱང་སྤྲོས་བཅས་རྒྱ་ཆེན་གྱི་མཛད་པ་མ་གནང། ཕལ་ ཆེར་དབེན་པའི་རི་ཁྲོད་དག་ཏུ་ཐུགས་དམ་བཞུགས་པས་ཀུན་སྤངས་ པ་ཆེན་པོ་ཞེས་ཀྱང་གྲགས། ཁོང་གི་གདན་ས་དབོན་པོ་སི་ཏུ་ཤཱཀྱ་ བཟང་པོ་ལ་གཏད་ནས་ཞོར་དུ་བསྟན་བཞེངས་དང། འཆད་ཉན་ སྨིན་གྲོལ་གནང་དགོས་ཙམ་ལ་གནང་པས་སློབ་མ་རིག་གྲོལ་གྱི་ཡོན་ ཏན་ལྡན་པ་མང་དུ་བྱོན་ཏེ། བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་ པར་མཛད། ཁོང་གིས་བསྟན་འགྲོའི་བྱ་བ་འབའ་ཞིག་བསྒྲུབས་པ་ མཛད་ནས་དགུང་ལོ་དོན་གཅིག་པར་དགོངས་པ་ཆོས་དབྱིངས་སུ་ འཐིམས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་དང་པོ་ཡིན། ། སི་ཏུ་ཆོས་ཀྱི་རྒྱལ་མཚན་ ཕྱི་མ་ །། ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། དགུང་ལོ་བཅོ་ལྔ་པར་ཆོས་རྗེ་ཀརྨ་པ་དབང་ཕྱུག་རྡོ་རྗེ་ ལས་རབ་ཏུ་བྱུང། ཕྱི་ནང་ཐུན་མོང་གི་རིག་གནས་དང། ཐུན་མོང་ མ་ཡིན་པའི་མདོ་རྒྱུད་བསྟན་བཅོས་དགའ་ལ་གསན་བསམ་རྒྱ་ཆེ་བ་དང་ [1751] དཔྱིས་ཕྱིན་པར་མཛད། ཏཱ་མིང་གོང་མ་རྒྱལ་པོས་ཀྭན་ཏིང་དབེན་ ཐོང་མེའུ་ཅི་གུ་ཤྲཱི་སྟེ་སྤྱི་བོ་ནས་དབང་བསྐུར་བའི་མཁྱེན་པ་བརྩེ་ལྡན་ འཇིག་རྟེན་བླ་མ་ཞེས་པའི་གསེར་ཐམ་དང་འཇའ་ས་ཐོབ་ཅིང་དབུ་ བླར་གྱུར། ས་ཐམ་རྒྱལ་པོས་ཀྱང་སྤྱན་དྲངས་ཏེ་བསྙེན་བཀུར་རྒྱ་ ཆེན་མཛད་པར་གྲགས། ཀཾ་པོའི་གནས་ཆེན་ཞིག་གསོས་མཛད་ ཀརྨའི་གདན་ས་གཡེན་མོ་ཆེ་ཀ་བ་བརྒྱ་དང་ལྔ་བཅུའི་རྒྱ་ཁྱོན་དང་ རྟེན་དང་བརྟེན་པ་གསར་བཞེངས་མཛད། སྐུ་ཚེ་འདིའི་འཕྲིན་ ལས་རེ་ཞིག་རྫོགས་པའི་ཚུལ་བསྟན་ནས་དགུང་ལོ་ཞེ་དྲུག་པར་ལྷོ་བྲག་ གུར་ཁྱིམ་དུ་ཞི་བར་གཤེགས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་ལྔ་པ་ཡིན། ། སི་ཏུ་ཆོས་རྒྱལ་མི་ཕམ་འཕྲིན་ལས་རབ་བརྟན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྡེ་དགེ་སྨད་ཤོད་རྩེད་ཐང་དུ་རིགས་རུས་ཕུན་སུམ་ཚོགས་པའི་ ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། སྐུ་ཆུང་ངུའི་དུས་ནས་རྡོ་ལ་ ཞབས་རྗེས་འཇོག་པ་དང། ཕྲེང་བ་དང་ཤམ་ཐབས་ཉི་ཟེར་ལ་འགེལ་ བ་སོགས་གྲུབ་རྟགས་སྣ་ཚོགས་ཀུན་གྱིས་མཐོང་སྣང་དུ་བསྟན། རྗེ་ ཆོས་དབྱིངས་རྡོ་རྗེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་མཚན་ གསོལ་ཁྲི་འདོན་མཛད། གཙང་སོག་གི་དུས་ཟིང་བྱུང་པའི་རྐྱེན་ཀྱིས་རྗེ་ ཆོས་དབྱིངས་རྡོ་རྗེ་འཇང་ལ་ཕེབས་དགོས་བྱུང་བས་ཁོང་གིས་སྐུ་རྗེས་ བསྙེགས་ཏེ་བྱོན། ཕེབས་ལམ་དུ་མངོན་མཁྱེན་དང་ལུང་བསྟན་སྣ་ ཚོགས་གསུངས་པ་མཐའ་ཡས། འཇང་ཡུལ་དུ་ཡུན་རིང་བཞུགས་ [1752] ནས་རྒྱ་ཡུལ་གྱི་རྒྱལ་པོ་སྟོབས་ཆེན་ཞིག་ཏུ་སྐུ་འཁྲུངས་ནས་ཀར་བསྟན་ ཉམས་གསོ་མཛད་ཆོག་པའི་ཞུ་བ་ཆོས་རྗེ་བཅུ་པར་ནན་གྱིས་ཕུལ་ ཡང། ཆོས་རྗེས་འགོག་པར་མཛད་པས་ཐུགས་ཆད་པའི་རྣམ་པས་ འཆོལ་སྤྱོད་ཀྱིས་དུས་འདའ་པར་མཛད་ནས་རི་བོ་བྱ་རྐང་གི་ལྷོ་ཕྱོགས་ ཚུ་ཤོང་ཧ་ཟེར་བ་ལ་དགུང་ལོ་ཉེར་བཞི་པར་དགོངས་པ་ཆོས་དབྱིངས་ སུ་འཐིམས་སོ། སྐུ་གདུང་དང་མཆོད་རྟེན་བཅས་ས་གནས་དེར་ཡོད་ བ་གྲགས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་དྲུག་པ་ཡིན། ། སི་ཏུ་ཆོས་ཀྱི་འབྱུང་གནས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་ཁམས་སྡེ་དགེ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རི་སྒང་དུ་ཡབ་ངག་ དབང་ཚེ་རིང་དང། ཡུམ་ཕྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ཆིན་གོང་ མའི་བཀའ་མངགས་གདན་ཞུ་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་ པའི་ལམ་བར་དཀར་མཛེས་སུ་སྐུ་གཤེགས། ཁོང་དགུང་ལོ་གསུམ་ པའི་དུས་སུ་ཀརྨ་པའི་སྐུ་ཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེས་སི་ཏུ་སྐུ་ ཐོག་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔ་པ་ ནས་ཡབ་ཀྱིས་ཡི་གེའི་སྦྱོར་ཀློག་བསླབས་ཏེ་ཞག་བདུན་ལ་སྦྱོར་ཀློག་ མཐར་ཕྱིན། དགུང་ལོ་བདུན་ནས་བཟུང་བོད་ཀྱི་རིག་གནས་ཀུན་ལ་ སྦྱོང་བར་མཛད་པས་མཁས་པའི་དབང་པོར་གྱུར། ཁོང་ནི་བལ་ཡུལ་ ལ་ཐེངས་གཉིས་དང། དབུས་སུ་ཐེངས་ལྔ། གཙང་དུ་ཐེངས་ གཉིས། མདོ་ཁམས་སུ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་ཀུན་ [1753] ཡུན་ནན་གྱི་བོད་རིགས་ས་ཁུལ་དང་འཇང་ཡུལ་བཅས་ལ་ཞབས་ཀྱིས་ བཅགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། རྒྱ་གར་ནག་དང་བོད་ ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ནས་ གྲུབ་མཐའ་ཡོངས་ཀྱི་རྣམ་གཞག་ཐུགས་སུ་ཆུད། ཁྱད་པར་སྒྲ་དང་ སྙན་ངག་རྩིས་དཀར་ནག་གསོ་རིག་བྲིས་འབུར་གྱི་ཆ་ཚད་ ཡི་གེ་དཀར་ནག་གི་ཡིག་གཟུགས་ཚད་ལྡན་འབྲི་བ་སོགས་ཐུན་མོང་གི་ རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སྔར་བསྒྱུར་ལ་འགྱུར་ བཅོས་དང། སྒྲ་དང་སྙན་ངག་མངོན་བརྗོད་སོགས་སྔོན་མེད་རྣམས་ གསར་བསྒྱུར་མཛད་དེ་བོད་ཀྱི་རིག་གནས་ཆ་ཚང་ཞིང་ཁུངས་ཐུབ་ ཚད་ལྡན་དུ་མཛད། སྤྱི་ལོ་་ལོར་དཔལ་སྤུངས་དགོན་པ་གསར་ འདེབས་མཛད་ཅིང་རྟེན་དང་བརྟེན་པ་གསར་བཞེངས་མཛད། ཁོང་ ནི་སི་ཏུའི་སྐུ་ཕྲེང་བརྒྱད་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་ དམར་ཆོས་གྲུབ་རྒྱ་མཚོ་དང་དཔའ་བོ་གཙུག་ལག་དགའ་བ། ཏྲེ་ཧོ་ ཆོས་ཀྱི་དབང་པོ། རིག་འཛིན་ཚེ་དབང་ནོར་བུ་བཅས་ཡིན། ཁོང་ གི་མཚན་གྱི་རྣམ་གྲངས་ནི་མགོན་པོ་སྲུང། ཆོས་ཀྱི་འབྱུང་གནས་ འཕྲིན་ལས་ཀུན་ཁྱབ་ཡེ་ཤེས། ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ ཆོས་ཀྱི་སྣང་བ་བཅས་སོ། ཁོང་གི་གསུང་རྩོམ་ནི་བསྟན་བཅོས་བརྒྱད་ ཅུ་གྱ་གསུམ་གཅིག་ཏུ་བསྡུས་ཏེ། པོ་ཏི་བཅུ་བཞིར་བྱས་ནས་ཁོང་ གིས་གསར་དུ་བཏབ་པའི་དཔལ་སྤུངས་དགོན་དུ་པར་བརྐོས་ཡོད་ མིང་ལ་ ད་ལྟ་དཔལ་སྤུངས་ དགོན་དུ་པར་ཤིང་ཆ་ཚང་བཞུགས་སོ། ། [1754] སི་ཏུ་པདྨ་ཀུན་བཟང།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་བྱང་ཐང་ལྷའི་གནམ་མཚོ་ཁར་རིགས་རུས་ཕུན་སུམ་ཚོགས་པའི་ ཡབ་ཡུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཀརྨ་པ་བྱང་ཆུབ་རྡོ་རྗེས་སྐུ་གོང་ མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང། ཀོང་སྤྲུལ་ཡོན་ཏན་རྒྱ་ མཚོ་དབུས་སུ་ཕེབས་ཏེ། གཞུང་ས་དང་སེ་ར་དགོན་པར་གནང་ བར་ཞུས་ནས་དཔལ་སྤུངས་དགོན་དུ་གདན་དྲངས་ཏེ་ཁྲི་ལ་མངའ་ གསོལ་མཛད། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་ཆོས་གཞུང་མང་ དུ་གསན། སྐུ་གཞོན་ནུའི་དུས་ནས་བཟུང་རྫུ་འཕྲུལ་དང་མངོན་ ཤེས་རང་བྱུང་དུ་མངའ་བ་ཞིག་ཡིན་པས་མི་ཚང་མས་ཁོང་ལ་སི་རྒོད་ མ་ཞེས་སྐུར་བ་འདེབས་པ་ལ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་ དབང་པོས་སི་ཏུ་རིན་པོ་ཆེ་འདི་བ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཤ་རློན་པ་ ཡིན་ཞེས་བསྟོད་བསྔགས་མཛད། དུས་རྒྱུན་དུ་ཕལ་ཆེར་འབག་ཆས་ མཛད་ཅིང་ཆང་གསོལ་བ་དང། རྟ་རྒྱུག་མདའ་འཕེལ་སོགས་མཛད་ ནས་བཞུགས་པ་ཞིག་ཡིན་ཏེ། ཐུགས་ལ་འཁྲུལ་བ་མི་མངའ་ཞིང་ བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་ནའང་ཀར་བསྟན་གྱི་འདྲེན་པ་ རྣམས་སྐུ་ཕྲེང་བཅུ་པའི་ཐོག་གེགས་པར་གྱི་སྲི་རེ་ཡོད་སྲིད་པས་དེ་ བཟློག་ཐབས་སུ་ཡིན་པར་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསུངས་སོ་ དགུང་ལོ་སོ་གཉིས་པར་ཞི་བར་གཤེགས། ཁོང་ནི་སི་ཏུའི་སྐུ་ཕྲེང་བཅུ་ པ་ཡིན་ནོ། ། [1755] སི་ཏུ་པདྨ་ཉིན་བྱེད་དབང་པོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་ཁམས་སྡེ་དགེ་སྨར་ཁམས་ཚང་དུ་འཚོ་མཛད་མཁས་ པའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཆོས་རྗེ་བདུད་འདུལ་རྡོ་རྗེ་དང་ ཞྭ་དམར་ཆོས་འགྲུབ་རྒྱ་མཚོ། འཛི་སྒར་རྡོ་རྗེ་གྲགས་པ་སོགས་མཁས་ གྲུབ་དུ་མར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་དཔྱིས་ཕྱིན་པ་མཛད། དཔལ་སྤུངས་རྒྱུད་སྡེའི་ལྷ་ཁང་རྟེན་ དང་བརྟེན་པ་བཅས་གསར་བཞེངས་མཛད། རིས་མེད་དགོན་ཁག་ མང་པོར་དངུལ་འགྱེད་ལན་གསུམ་མཛད་པས་མངའ་ཐང་དང་འཕྲིན་ ལས་ཤིན་ཏུ་རྒྱས། དགུང་ལོ་དྲུག་ཅུ་ནས་བརྒྱད་ཅུའི་བར་སྒྲུབ་སྡེ་ བསམ་གཏན་ཆོས་གླིང་དུ་ཐེམ་སྤང་པའི་བཅད་རྒྱ་སྒྲུབ་བརྒྱུད་གོང་མ་ རྣམས་ཀྱི་སྒྲུབ་ཚུགས་དང་མཉམ་པར་མཛད། འབྲི་འབྲུག་ས་རྙིང་ སོགས་ཀྱི་གདམས་པས་ཐུགས་རྒྱུད་ཡོངས་སུ་གང་བར་མཛད་ཅིང་ ཆོས་རྗེ་ཐེག་མཆོག་རྡོ་རྗེའི་རིགས་བདག་ཏུ་གྱུར། ཕྱག་ནས་ཟངས་ ཐལ་དུ་འགྲོ་བ་དང་རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་པ་ཆེན་པོའི་ རྣམ་ཐར་མང་དུ་མངའ། ཞག་གཉིས་ཀྱི་བར་དུ་ཐུགས་ཀའི་དྲོད་མི་ ཡལ་བ་དང། མཁའ་ལ་འཇའ་ཚོན་དང་མེ་ཏོག་འདབ་ལྔ་པའི་ཆར་ འབབས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་དགུང་ལོ་བརྒྱད་ཅུ་ པར་ཞི་བར་གཤེགས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་དགུ་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་ཐེག་མཆོག་རྡོ་རྗེ་དང། འཇམ་ [1756] མགོན་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ མཁན་ཆེན་ཟླ་བ་བཟང་པོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་པོ་ཏི་ གསུམ་ཙམ་བཞུགས་སོ། ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་ཁམས་ལི་ཐང་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཆོས་རྗེ་མཁའ་ཁྱབ་རྡོ་རྗེས་ཁོང་གི་འཁྲུངས་ ཡུལ་གྲོང་པ་དང། ཁང་པ། སྒོ་ཁྱི། ལྗོན་ཤིང་སོགས་དཔེ་རིས་ གསལ་པོར་བཀོད་ཅིང་ཡེ་ཤེས་ཀྱིས་གཟིགས་པའི་འཁྲུལ་བྲལ་དུ་ངོས་ འཛིན་མཛད། དཔལ་སྤུངས་སུ་ཕེབས་བྱམས་ལ་གདན་དྲངས་ཏེ་ཁྲི་ ལ་མངའ་གསོལ། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་རབ་ཏུ་བྱུང་ ཁྱུང་པོ་ཀརྨ་འོད་ཟེར་ལས་འདུལ་བ་མདོ་རྩ་དང། བཙད་པོ་ལྷ་རྒྱལ་ ལས་བཀའ་འགྱུར་གྱི་ལུང། འཇམ་མགོན་ཀོང་སྤྲུལ་ལས་བཀའ་ བརྒྱུད་སྔགས་མཛོད། འཇམ་དབྱངས་ཆོས་རྒྱན་ལས་སུམ་རྟགས་དག་ གསུམ་དང། སྒྲ། སྡེབ་སྦྱོར་སྙན་ངག་བཅས་ལ་སྦྱངས་པ་དཔྱིས་ ཕྱིན་པ་མཛད། དགུང་ལོ་ཉེར་ལྔ་པར་མཁན་ཆེན་བཀྲ་ཤིས་འོད་ ཟེར་ལས་བསྙེན་པར་རྫོགས། རྣུ་ཟོག་མཁན་བོ་བསྐལ་བཟང་ལས་ མངོན་བརྗོད་དང། ཚད་མ། མཁན་ཆེན་གཞན་དགའི་མདུན་ནས་ ཀཱ་རི་ཀ་ཆེ་ཆུང། མདོ་རྩ། སོར་མདོ། དབུ་མ། རྩ་འཇུག་ བཞི་གསུམ། རིགས་ཚོགས་ཕྱི་མ། སྤྱོད་འཇུག་བྱམས་ཆོས་སྡེ་ལྔ་ [1757] རྒྱུད་གསར་རྙིང། ཀློང་ཆེན་མཛོད་བདུན་སོགས་མདོ་རྒྱུད་བསྟན་ བཅོས་བགྲང་ལས་འདས་པ་གསན་སྦྱངས་མཛད། ཆོས་རྗེ་མཁའ་ ཁྱབ་རྡོ་རྗེ་ལས་ཀཾ་ཚང་གི་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་བཅས་ གསན་ནས་རྟོགས་པ་ཁྱད་དུ་འཕགས་པར་མངའ་བརྙེས། མདོར་ན་ དགུང་ལོ་སོ་གཉིས་པར་དུ་གསན་བསམ་མཛད། དབུས་གཙང་དུ་ ལན་གཉིས་ཕེབས་ནས་རྟེན་གསུམ་དགེ་འདུན་དང་བཅས་པར་མཆོད་ འབུལ་མང་འགྱེད་དང། གནས་ཆེན་རྣམས་ལ་ཞབས་ཀྱིས་བཅགས་ པར་མཛད། དཔལ་སྤུངས་འདུ་ཁང་རྙིང་སྐྱོན་དང་ཆུང་སྐྱོན་ཆེ་བས་ གཞི་ནས་གསར་བཞེངས་མཛད། གསེར་ཟངས་ཀྱི་བྱམས་ཆེན་ཐོག་ ཚད་གཉིས་དང། སྟོན་པ་ཇོ་བོ། འཇམ་དབྱངས། འོད་དཔག་ མེད། སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ་བཅས་གསེར་ཟངས་ ཐོག་ཚད་རེ་དང་སྒྲོལ་དཀར་དངུལ་སྐུ་ཐོག་ཚད་བཅས་གསེར་བཞེངས་ མཛད། དེ་ནས་སྒྲུབ་ཁང་དང་བཤད་གྲྭ་གཉིས་གསར་བཞེངས་རྒྱ་ བསྐྱེད་མཛད་དེ། མར་མི་དྭགས་གསུམ་མི་ཚད་རེ་དང་འཇམ་དབྱངས་ སོགས་གསེར་ཟངས་ཐོག་ཚད་བཅས་གསར་བཞེངས་མཛད། དཔར་ ཁང་དང་པར་ཤིང་གསར་དུ་བསྐྲུན་ནས་གསུང་རབ་ཀྱི་བསྟན་བཅོས་ ཐམས་ཅད་ཤིང་པར་དུ་བརྐོས། ཚེས་བཅུའི་ཆས་སྐོར་སོགས་བགྲང་ ལས་འདས་པའི་བཞེངས་པ་གནང་ནས་དགུང་ལོ་རེ་དྲུག་པར་དགོངས་ པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སི་ཏུའི་སྐུ་ཕྲེང་བཅུ་གཅིག་ པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཀརྨ་རང་བྱུང་རིག་པའི་རྡོ་རྗེ་ དང། བེ་རི་མཁྱེན་བརྩེ་རིན་པོ་ཆེ། རྒྱལ་སྲས་འཇམ་མགོན་ཀོང་ [1758] སྤྲུལ་བཅས་ཡིན་ནོ། ། སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ།། ཁོང་ནི་རབ་བྱུང་དགུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཟུར་མང་རྩི་རྒྱུད་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་ སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཆོས་རྗེ་ཀརྨ་པ་མི་སྐྱོད་རྡོ་རྗེའི་གཙོས་མཁས་གྲུབ་དགེ་ བའི་བཤེས་གཉེན་མང་དུ་བསྟེན་ནས་མདོ་རྒྱུད་མན་ངག་ཐམས་ཅད་ ཀྱི་བདག་པོར་གྱུར། ཆོས་རྗེ་མི་སྐྱོད་རྡོ་རྗེས་དཔོན་སློབ་ཐ་མི་དད་ པར་ཞལ་གྱིས་བཞེས་ཤིང་མཁས་གྲུབ་ཆེན་པོ་སི་ཏུ་མི་འཁྲུགས་ཆོས་ཀྱི་ འོད་ཟེར་གོ་ཆ་ཞེས་པའི་མཚན་དང། རྡོ་རྗེ་འཛིན་པ་ཆེན་པོར་ མངའ་གསོལ། ལུང་དང་ལས་སྐལ་བཅས་གནང་ནས་ཀརྨའི་གདན་ སར་བསྐོས། གཡེར་མོ་ཆེའི་གཙུག་ལག་ཁང་ཉམས་གསོ་དང། གྲྭ་ བཙུན་མཐའ་ཡས་པ་འདུས་པའི་ཚོགས་པ་བསྐྱངས། ཀརྨ་པ་སྐུ་ཕྲེང་ དགུ་པ་དང། ཞྭ་དམར་པའི་སྤྲུལ་སྐུ་ངོས་འཛིན་མཛད་ནས་སོ་སོ་ གདན་སའི་ཁྲི་ལ་མངའ་གསོལ་བ་དང། ཆོས་རྒྱུད་མན་ངག་མང་ པོའི་མཆོད་སྦྲིན་ཕུལ། རྒྱལ་བསྟན་སྤྱི་དང། ལྷག་པར་དུ་ཀར་ བསྟན་ལ་མཛད་རྗེས་མཐའ་ཡས་པ་བཞག་ནས་དགུང་ལོ་ཞེ་གསུམ་ པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་སི་ཏུའི་སྐུ་ ཕྲེང་བཞི་པ་ཡིན། ། སི་ཏུ་གཙིག་ལག་ཆོས་ཀྱི་སྣང་བ།། ཁོང་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་མི་གཅིག་ཡིན་པས་ [1759] དེར་གཟིགས་པར་ཞུའོ། ། སི་ཏུ་ལེགས་བཤད་སྨྲ་བའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་གླིང་རྒྱལ་མགོན་པོ་ལྷུན་གྲུབ་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཆོས་ རྗེ་ཡེ་ཤེས་རྡོ་རྗེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་ མཚན་གསོལ་མཛད། འོན་ཀྱང་གླིང་རྒྱལ་མགོན་པོ་ལྷུན་གྲུབ་ལགས་ ཀྱིས་རང་འདོད་ཀྱི་སྒོ་ནས་ས་སྐྱའི་ཆོས་སྒོ་ལ་བཅུག་པར་མཛད་ སྟབས་མ་ལེགས་པར་དགུང་ལོ་བཅུ་དྲུག་སྟེང་ནས་ཞི་བར་གཤེགས་ ཁོང་ནི་སི་ཏུའི་སྐུ་ཕྲེང་བདུན་པ་ཡིན། དུ་རྗེ་འདི་ཉིད་སི་ཏུའི་ཁྲི་གྲལ་དུ་བརྩིས་མེད་དོ། ། སུ་ཉིད་དཀོན་མཆོག་ནོར་བུ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་སུ་ཉིད་གཡོན་རུར་སྐུ་འཁྲུངས། རབ་བྱུང་ བཅུ་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བཅུ་དྲུག་པར་བྲོས་སྟོབས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ བྱོན་ཏེ་ཆོས་གྲྭར་བཞུགས། ཡབ་རྗེ་དཧྭ་ཛ་ལ་བསྟེན་ནས་བསྡུས་ཆེན་ སོགས་ལ་སྦྱངས་པས་རིགས་པ་སྨྲ་བར་འགྲན་ཟླ་དང་བྲལ་བ་གྱུར། དེ་ ནས་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གི་ཆོས་སྒོར་ཞུགས་ཏེ་གཞུང་ བཀའ་པོད་ལྔ་ལ་ཞིབ་སྦྱངས་མཛད། ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་ དུ་ཕེབས་ཏེ་རྡོ་རམས་པའི་མཚན་བཏགས་བཞེས། སྨན་པ་དང་རྒྱུད་ [1760] པའི་ཁྲི་ལ་བཞུགས་ནས་འཆད་ཉན་གང་ལེགས་སྤེལ། རབ་བྱུང་བཅུ་ བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་འཆད་ ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་སྔར་སྲོལ་མ་ཉམས་པ་ མཛད། ཁྲི་ཟུར་ནས་ཨུརྒེ་དང་ཨ་མཆོག་གི་ཁྲི་ལ་ཕེབས་ནས་མདོ་ སྔགས་ཆོས་ཀྱི་འཆད་ཉན་སྤེལ་ནས་དུས་འདའ་བའོ། ཁོང་གི་གསུང་ རྩོམ་ནི་ ཆུང། བཞིའི་རྣམ་བཞག། ཁོང་ནི་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་ལྔ་བ་ཡིན་ནོ། ། སུ་ཉིད་དགེ་འདུན་དར་རྒྱས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ གཞོན་ནུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ ཡིག་ཆའི་གཞུང་ཕལ་མོ་ཆེ་རྣམས་ཐུགས་འཛིན་གྱིས་གུང་ཐང་འཇམ་ པའི་དབྱངས་ལ་རྒྱུགས་ཕུལ། བཀའ་པོད་ཡོངས་རྫོགས་ལ་ཐུགས་ གཉེར་དཔྱིས་ཕྱིན་པ་མཛད་པས་རྡོ་རམས་པའི་མཚན་བཏགས་བྱུང་ དམ་བཅའ་གྲུབ་རྟིང་དུས་འཁོར་གྲྭ་ཚང་དུ་ཞུགས་ནས་སྔགས་གཞུང་ དང་ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས། རྡོ་རྗེ་འཛིན་པ་ དང་ཁྲི་བ་མཛད་དེ་ལུགས་གཉིས་ཟུང་འབྲེལ་གྱིས་བསྐྱངས། གྲྭ་ཁང་ དུ་ཆོས་རྒྱལ་བདུན་དང། རིགས་ལྡན་ཉེར་ལྔ་དང་བཅས་པའི་ལི་ [1761] སྐུ་ཁྲུ་གང་ལྷག་རྩམ་སོགས་སྦྱོར་འཇགས་མཛད། མུ་དགེ་དགོན་གྱི་ ཁྲི་ལ་བཞུགས་ནས་འཆད་ཉན་མཛད། བླ་བྲང་རྒྱུད་པའི་ཁྲི་བ་མཛད་ ནས་འཆད་ཉན་ཡར་ལྡན་དུ་བསྐྱངས། དགུང་ལོ་རེ་གསུམ་པ་རབ་ བྱུང་བཅུ་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་གཅིག་གི་རིང་དུ་ གདན་ས་བསྐྱངས་ཤིང་སྔར་སྲོལ་བཟང་པོ་མ་ཉམས་པ་མཛད། ཁྲི་ ཟུར་ནས་རྩ་དགོན་དགའ་ལྡན་བདེ་ཆེན་གླིང་དུ་རྒྱུད་གྲྭ་བཙུགས། ཚ་ གན་ཨོ་བོའི་དགོན་གྱི་མཚན་ཉིད་ཀྱི་བཤད་གྲྭ་ཉམས་པ་སོར་ཆུད་ མཛད། ཧལ་ཧ་ཨལ་ཐན་ཨོ་ཤིར་ཐུ་ཧུ་ཐོག་ཐུའི་དགོན་པར་མཚན་ ཉིད་གསར་འཛུགས་མཛད། དགུང་ལོ་བདུན་ཅུའི་ནང་ནས་དགོངས་ པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ གདན་རབས་ཞེ་གསུམ་པ་ཡིན་ནོ། ། སུམ་སྟོན་ཡེ་ཤེས་གཟུངས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ སྣེ་མོ་མདའི་སུམ་པར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ མིག་རྩིས་སོགས་ལ་མཁས་པར་སྦྱངས། དེ་ནས་གཡུ་ཐོག་གསར་མ་ ཡོན་ཏན་མགོན་པོའི་ ་ ཞབས་ལ་གཏུགས་ཏེ་མི་ ལོ་བཅུ་གཉིས་ཀྱི་རིང་དུ་མཉེས་པ་གསུམ་གྱིས་ཞབས་ཏོག་ཞུས་པས་ ཉིད་ལ་གནང་བས་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར། དེ་རྗེས་གསོ་ རིག་གི་འཆད་ཉན་སྤེལ་ནས་སློབ་མ་མང་དུ་བསྐྱངས་པ་ལས་མཆོག་ཏུ་ [1762] གྱུར་པ་ནི་གཞོན་ནུ་ཡེ་ཤེས་ཡིན། ཁོང་གི་གསུང་རྩོམ་ནི་ པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ། རྣམ་ཐར། ། སུམ་པ་དམ་ཆོས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་ དགོན་ལུང་གི་ཉེ་འདབས་སུམ་པ་གྲོང་ཚོར་ཡབ་སུམ་པ་དོན་གྲུབ་ཀྱི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཡོས་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་རང་ ཡུལ་དུ་བཞུགས་ནས་དཔེ་ཆར་གཟིགས་ཤིང་མཁས་པར་གྱུར། དེ་ ནས་དབུས་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་ཤར་རྩེ་གྲྭ་ཚང་དུ་རེ་ ཞིག་བཞུགས་ཤིང་བསྡུས་ཚད་ལ་སྦྱངས་པ་མཛད། དེ་རྗེས་འབྲས་ སྤུངས་སུ་ཕེབས་ནས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་མཁས་ མཆོག་བྱམས་པ་ལྷུན་འགྲུབ་དགེ་རྒན་དུ་བསྟེན་ཞིང། བྱམས་ཆོས་ དང། རིགས་ཚོགས། མངོན་པ་སོགས་ལ་སྦྱངས་ཤིང། ཁྱད་ པར་དུ་འདུལ་བའི་ཐལ་ཊིཀ་ལ་ལན་ལྔའི་བར་དུ་གསན་ཏེ་ཞིབ་སྦྱངས་ མཛད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་འདུས་པའི་རིམ་གཉིས་ སོགས་རྗེ་བླ་མའི་གསང་སྔགས་ཀྱི་ལེགས་བཤད་རྣམས་ལ་ཐོས་བསམ་ གྱིས་མཐར་ཕྱིན་པ་མཛད་ནས་ཁམས་ཆབ་མདོར་བྱོན་ཞིང་རྒྱལ་བ་ འཕགས་པ་ལྷའི་ཞབས་ལ་གཏུགས་ཏེ་མི་རྟི་ལྷ་དྲུག་སོགས་གདམས་ ངག་མང་དུ་ཞུས། ཆབ་མདོའི་སློབ་དཔོན་མཛད་པས་སུམ་པ་སློབ་ [1763] དཔོན་པར་གྲགས། དེ་ནས་རང་ཡུལ་དུ་ཕེབས་ཏེ་རྒྱལ་སྲས་དོན་ ཡོད་ཆོས་ཀྱི་རྒྱ་མཚོས་དགོན་ལུང་དགོན་པ་གསར་འདེབས་མཛད་པར་ མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས། དབེན་གནས་བྱང་ཆུབ་ གླིང་དུ་ཀུན་སྤངས་མཛད་ནས་བཞུགས་སྐབས་རྒྱལ་སྲས་དོན་ཡོད་རྒྱ་ མཚོས་དགོན་ལུང་དགོན་པའི་མཁན་ཁྲིར་བཞུགས་དགོས་པའི་བཀའ་ ནན་ཕེབས་པ་བཞིན་རབ་བྱུང་བཅུ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་དགོན་ལུང་གི་མཁན་པོ་མཛད། ལོ་གསུམ་གྱི་རིང་དུ་གདན་ས་ བསྐྱངས་ཤིང་ཚོགས་མང་ལ་བླ་མའི་རྣལ་འབྱོར། ལམ་རིམ། ལམ་ གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་སོགས་ཆོས་ཀྱི་ཆར་ཕབ། སློབ་གཉེར་ བ་རྣམས་ལ་མཛུབ་ཁྲིད་དང་བརྒལ་རྟགས་ཅི་རིགས་པའི་སྒོ་ནས་ཐོས་ བསམ་དབྱར་གྱི་ཆུ་བོ་བཞིན་འཕེལ་བས་འཇམ་པ་ཆོས་རྒྱ་མཚོ་དང་ ལྕང་སྐྱ་གྲགས་པ་འོད་ཟེར། སུམ་པ་དམ་ཆོས་རྒྱལ་མཚན། འདན་ མ་ཚུལ་ཁྲིམས་རྒྱ་མཚོ། ལུའུ་ཀྱ་གྲུབ་ཆེན་དགེ་འདུན་དར་རྒྱས་སོགས་ མཁས་པ་མང་དུ་ཐོན། ཝང་དབུ་མཛད་བསོད་ནམས་རིན་ཆེན་དང་ དབོན་པོ་སངས་རྒྱས་རྒྱ་མཚོ་སོགས་བོད་དུ་བཏང་སྟེ་རྒྱལ་བ་ཡབ་ སྲས། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་བཅས་ལ་འབུལ་བ་དང་ གྲྭ་ས་ཁག་ཏུ་མར་མང་འགྱེད་ཞུས། ལྷ་མོའི་བྲིས་ཐང་ལོ་རྒྱུས་ཅན་ དེ་ཡང་གདན་དྲངས་ཏེ་དགོན་ལུང་གི་ལྷ་མོའི་ཕོ་བྲང་དུ་རྟེན་གྱི་གཙོ་ བོར་བཞུགས། གྲྭ་བ་རྣམས་ལ་འཆད་ཉན་འཕེལ་ཐབས་སུ་ཕོག་དང་ ཇ་ཚུལ་སོགས་བཙུགས། འཆད་ཉན་དང་འགྲིག་ལམ་སོགས་ལེགས་ ཚོགས་བསྟན་པའི་བྱ་བ་གོང་འཕེལ་དུ་མཛད་དོ། རབ་བྱུང་བཅུ་པའི་ [1764] ལྕགས་ཕོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སླར་དགོན་ལུང་དགོན་པའི་ གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་ཆོས་འཆད་ཉན་ མཛད་ཅིང། ལོ་རེར་ཆོས་ཐོག་དྲུག་རེ་གཏོང་བའི་སྲོལ་བཙུགས་པ་ དང། འདུ་ཁང་བཟོ་སྐྱར་དང་རྟེན་གསུམ་གསར་བཞེངས་འགའ་ ཞིག་མཛད། ཁྲི་ཟུར་ནས་དབེན་གནས་བྱང་ཆུབ་གླིང་དུ་ཀུན་སྤངས་ མཛད་ཅིང་དུས་འདའ་བའོ། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ གདན་སའི་མཁན་རབས་དང་པོ་དང་བཞི་པ་ཡིན་ནོ། ། སུམ་པ་དཔལ་མཆོག་དང་པོའི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་ རྡོ་རྗེ་གདན་དུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ སྒྲོལ་མ་དང། ཕག་མོ་ལས་བློ་སྦྱོང་སྙན་རྒྱུད་སོགས་ལ་གསན་པས་ རྟོགས་པ་ཐུགས་སུ་འཁྲུངས། ལེགས་སྦྱར་གྱི་སྐད་ལ་བྱང་ཞིང་ཆུབ་ པར་མཛད་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར། བདེ་ མཆོག་མཁའ་འགྲོ་རྒྱ་མཚོ་གཙོ་བོར་གྱུར་པའི་ཆོས་སྣ་མང་པོ་བོད་ཡུལ་ དུ་སྤྱན་དྲངས། ཁོང་གི་བསྒྱུར་རྩོམ་ནི་ དང་ཆོས་ཅན་གཏན་ལ་ཕབ་པ། གེ། ། སུམ་པ་ཕུན་ཚོགས་རྣམ་རྒྱལ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྱུངས་ [1765] ཡུལ་ནི་མཚོ་སྔོན་སུམ་པ་གྲོང་ཚོ་ཡིན། དགུང་ལོ་ཆུང་ངུའི་དུས་ནས་ རབ་ཏུ་བྱུང་ཞིང་དགོན་ལུང་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་ མཚན་ཉིད་ཀྱི་གཞུང་བཅས་ལ་སྦྱངས་པ་མཛད། དགུང་ལོ་བཅུ་ བདུན་པར་དབུས་སུ་ཕེབས་ནས་གྲྭ་ས་ཆེན་མོ་ཁག་ཏུ་གཞུང་བཀའ་ པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། ངམ་རིང་དུ་རབ་ འབྱམས་པའི་མཚན་བཏགས་བཞེས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་ བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་མདོ་སྨད་དུ་ཕེབས་ཏེ་དབེན་ གནས་བྱང་ཆུབ་གླིང་གི་བླ་མ་མཛད། གོང་མ་ཆེན་པོ་བདེ་སྐྱིད་རྒྱལ་ པོ་ལ་འཚམས་ཞུ་ཞུས་སྐབས་གོང་མ་ཆེན་པོས་ཕྱག་གིས་ཁ་བཏགས་ གནང་ཞིང་བཀའ་བཟང་པོ་ཕེབས་ཟེར། ཁོང་གི་གོང་མ་སུམ་པ་ ཞབས་དྲུང་གི་དགོངས་རྫོགས་ཀྱི་དགེ་སྒྲུབ་ལ་དབུས་སུ་བྱོན་ནས་རྒྱལ་ བ་ཡབ་སྲས་དང་གྲྭ་ས་ཁག་ལ་འབུལ་བ་ཆེན་པོ་ཕུལ། དེ་ནས་ཕྱིར་ མདོ་སྨད་དུ་ཕེབས་ཏེ་བཀྲ་ཤིས་གླིང་གི་བླ་མར་མཛད། ལྕང་སྐྱ་ངག་ དབང་བློ་བཟང་ཆོས་ལྡན་དགོངས་པ་ཆོས་དབྱིངས་སུ་འཐིམས་སྐབས་ སླར་དབུས་སུ་ཕེབས་ཏེ་དགོངས་རྫོགས་ཀྱི་རྣམ་དཀར་ལེགས་པར་ བསྒྲུབས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་དུས་ཟིང་བྱུང་སྐབས་གསེར་ཁོག་དགོན་པ་ལ་སོགས་པའི་དགེ་ འདུན་མང་ཚོགས་རྣམས་བྱང་ཆུབ་གླིང་དང། མང་འདུས། ཕུན་ཚོགས་ལུང་པ་བཅས་རི་ཁྲོད་གསུམ་དུ་བཞུགས་དུས་རྗེ་འདི་བས་བྱང་ ཆུབ་གླིང་དུ་གྲྭ་ཚོགས་བསྡུས་ཏེ་ཁོང་ཉིད་བླ་མ་མཛད། རབ་བྱུང་ བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་དགོན་ལུང་བྱམས་པ་ [1766] གླིང་གསར་འདེབས་མཛད་སྐབས་ཁོང་གདན་སའི་ཁྲི་ལ་བཞུགས་ནས་ ལོ་ལྔའི་རིང་དུ་འཆད་ཉན་སོགས་ལུགས་ཟུང་གི་སྒོ་ནས་གདན་ས་ བསྐྱངས། སྐུ་ཡོན་ཧ་ཅང་ཆེ་ཚུལ་མི་སྟོན་ཡང་ཚུལ་ཁྲིམས་གཙང་ལ་ མངོན་ཞེན་ཆུང་བ་ཞིག་ཡིན། ཁོང་ནི་དགོན་ལུང་བྱམས་པ་གླིང་གི་ གདན་སའི་མཁན་རབས་ཉི་ཤུ་རྩ་བདུན་པ་ཡིན་ནོ། ། སུམ་པ་ཚུལ་ཁྲིམས་རྡོ་རྗེ།། ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ སེའུ་གངས་དཀར་མོ་ཞེས་པར་ཡབ་སུམ་པ་རྡོ་རྗེ་དཔལ་གྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་སྦྲུལ་ལོ་སེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་གྲོགས་མཁར་གཙང་ སྟོན་ལས་རབ་བྱུང་བསྒྲུབས་ཤིང་ཆོས་གཞུང་མང་དུ་གསན། དེ་ནས་ སྟོད་ལུང་དུ་ཕེབས་ཏེ་དཔལ་ཆེན་ཐག་མ་བ་ལས་བསྙེན་རྫོགས་ཞུས་ ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་རྨད་དུ་བྱུང་བ་ མཛད་ཅིང་དབུ་སྟོད་གུ་རའི་གནས་གཞི་བཟུང་ནས་མཁན་པོ་མཛད་ དགུང་ལོ་ཞེ་དྲུག་པར་འབྲི་གུང་བྱང་ཆུབ་གླིང་དུ་ཕེབས་ཏེ་ཆོས་རྗེ་ སྐྱོབ་པ་ལས་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ ནས་མཁན་པོའི་ཐུགས་འགན་བཞེས། ཆོས་རྗེ་སྐྱོབ་པས་དེ་བཞིན་ གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་རྣམ་འཕྲུལ་དུ་ལུང་བསྟན། དགུང་ ལོ་དྲུག་ཅུ་རེ་བཞི་པ་ཆོས་རྗེ་སྐྱོབ་པའི་བཀའ་ལྟར་འབྲི་གུང་གི་གདན་ སའི་ཁྲི་ལ་ཕེབས་ནས་ལོ་བཞིའི་རིང་དུ་གདན་ས་བསྐྱངས་ཏེ་ཆོས་སྲིད་ གཉིས་ཀར་མཛད་རྗེས་ཆེ། དེ་ནས་དབོན་བསོད་ནམས་གྲགས་པ་ལ་ [1767] གདན་ས་ཕུལ་ཏེ་དགུང་ལོ་དྲུག་ཅུ་རེ་བརྒྱད་པར་དགོངས་པ་ཆོས་ དབྱིངས་སུ་འཐིམས་སོ། ཁོང་གི་མཚན་གཞན་ལ་འབྲི་གུང་རྡོ་རྗེ་ ཚུལ་ཁྲིམས་དང་མཁན་ཆེན་གུ་ར་བ་ཞེས་ཞུའོ། ཁོང་ནི་འབྲི་གུང་ བྱང་ཆུབ་གླིང་གི་གདན་སའི་མཁན་རབས་དང་པོ་ཡིན་ནོ། ། སུམ་པ་ཡེ་ཤེས་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ ་ལོར་མཚོ་སྔོན་ཨེརྟི་ནི་ཐའི་ཇི་ཚངས་པ་སྐྱབས་ཀྱི་ཤོག་ཏུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་འཇམ་ དབྱངས་བཞད་པའི་རྡོ་རྗེས་སུམ་པ་བླ་མའི་ཡང་སྲིད་དུ་ངོས་འཛིན་ མཛད། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སློབ་དཔོན་དུ་བསྟེན་ ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བདུན་པར་ རབ་ཏུ་བྱུང་ནས་དགུ་བར་དགོན་ལུང་ཆོས་གྲྭར་ཞུགས། དེ་ནས་ཡུན་ རིང་མ་འགོར་བར་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ ཕྱུག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་བར་ དབུས་སུ་གྲྭ་སྐོར་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ ནས་དགེ་སློང་གི་སྡོམ་པ་བླངས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ ཞུགས། ལ་མོ་ངག་དབང་ནམ་མཁའ་སོགས་མཁས་ཆེན་མང་པོ་སློབ་ དཔོན་དུ་བསྟེན་ནས་ཚད་མར་སོགས་ལེགས་པར་སྦྱངས་པས་རྩོད་པའི་ ཁྱུ་མཆོག་ཏུ་གྲགས་ཏེ་སྒོ་མང་གྲྭ་ཚང་གི་བླ་མར་གྱུར། སྐབས་དེར་ དབུས་དམག་དང་གཙང་དམག་འཁྲུག་པའི་དུས་སུ་སུམ་པ་མཁན་པོས་ [1768] སྒོ་མང་གི་གྲྭ་བ་རྣམས་དབུས་དམག་ཏུ་ཞུགས་སུ་བཅུག་པའི་གཟེངས་ བསྟོད་དུ་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཁོང་ལ་འབྲས་ཡུལ་སྐྱིད་ཚལ་ གྱི་མཁན་པོར་མངའ་གསོལ་མཛད། དེ་ནས་ཕ་ཡུལ་དུ་ཕེབས་ཏེ་ དགོན་ལུང་དགོན་པའི་མཁན་པོ་རྫད། དགུང་ལོ་སོ་བཞི་པར་ ཆིན་གོང་མས་གདན་ཞུས་ལྟར་པེ་ཆེན་དུ་ཕེབས་ནས་གོང་མར་ འཚམས་ཞུ་མཛད། གོང་མས་ཁོང་མཚོ་བདུན་དགོན་པའི་མཁན་ པོར་བསྐོས། ཁོང་གིས་དགོན་ལུང་རི་ཁྲོད་དང། ཞྭ་ཁོག་གི་བདེ་ སྐྱིད་སྒྲུབ་སྡེ་གཉིས་ཀྱི་འདུ་ཁང་དང། དགོན་ལུང་དགའ་ལྡན་ལྷ་ རྩེ་གསར་ཞེངས་དང། སྲི་གནོན་འབུམ་པ་ཆེན་པོ་དང། སུམ་པའི་ ཟིན་ཡོན་ལྷ་ཁང། དམར་གཙང་ལྷ་ཁང་བཅས་ལ་ཞིག་གསོ་མཛད་ ཁོང་གི་གསུང་རྩོམ་ནི་རྒྱ་གེར་ནག་དང་བོད་སོག་བཅས་ལ་དམ་ཆོས་ཇི་ ལྟར་དར་ཚུལ་དང། གསོ་རིག་གི་སྐོར། དགེ་ལྡན་རྩིས་གསར་ ལྷ་རིས་ཐིག་ཚད། མཚོ་སྔོན་པོའི་ལོ་རྒྱུས། ཡི་གེའི་བཤད་པ་ སྙན་ངག་སོགས་བསྟན་བཅོས་དྲུག་ཅུ་རེ་བརྒྱད་ཡོད་པ་རྣམས་པོ་ཏི་ བརྒྱད་དུ་བསྡུས་ཏེ་སོག་སྐད་དུ་ཧུ་ཧོང་ཧམ་ཐེ་སྟེ་བོད་སྐད་དུ་མཁར་ སྔོན་པོ་ཞེས་པའི་ཉེ་འདབས་ཆུ་འོག་སེར་པོའི་དགོན་པར་ཤིང་པར་ བརྐོས་ཡོད་པ་ད་ལྟ་བཞུགས་སོ་སྐད་ སུམ་པ་ཡེ་ཤེས་བློ་གྲོས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་དབུས་ སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་རྨ་ལུང་རྡོ་ རྗེའི་བྲག་དན་ཤེལ་གྱི་ཡང་དགོན་ དེང་སང་མཚོ་སྔོན་ཞིང་ཆེན་ [1769] ཞུང་ཧྭ་རྫོང་ཁོངས་ དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་ ་ ལས་རབ་བྱུང་དང། དགེ་ཚུལ། དགེ་སློང་གི་ སྡོམ་པ་བཞེས་ཤིང་དབུས་གཙང་དུ་ལོག་ཕེབས་མཛད་ཅིང་བསམ་ ཡས་གཙུག་ལག་ཁང་སོགས་ལ་ཞིག་གསོས་མཛད། དེ་རྗེས་འབྲོ་ས་ཐང་ དུ་དམེ་རུ་བརྩིགས་རུང་དགེ་འདུན་གྱི་སྡེ་ནི་མ་འཕེལ། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་ཚལ་ཆུང་གི་གཉོས་ཚུལ་ཁྲིམས་རྒྱལ་མཚན་དང་ འཕངས་དབང་ཕྱུག་རྒྱལ་མཚན། གཟི་རླུང་གཉིས་བཅས་བྱོན་ནོ། ཁོང་ ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་ བསྙེན་རྫོགས་ཞུས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་ གྱལ་ཞིག་ཡིན་ནོ། ། སེ་སྟོན་ཇོ་ཁྲོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ གཙང་གི་རྒྱ་རོང་དུ་སྐུ་འཁྲུངས་པའི་རྟོགས་ལྡན་པ་ཞིག་ཡིན། དགུང་ ལོ་བཅུ་གཉིས་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་ བཅོ་བརྒྱད་པར་བླ་མ་གཤེན་སྟོན་གྱི་མདུན་ནས་སྒྱུ་འཕྲུལ་དང་ཡང་ དག་བསླབས་ཤིང་རྫོགས་ཆེན་སེམས་ཕྱོགས་སྐོར་གསན་པས་སེམས་ཀྱི་ གནས་ལུགས་ཤེས། བརྡ་རྩའི་ཁྲིད་མཛད་པས་ཕྱག་རྒྱ་ཆེན་པོ་ལ་ འཕྲིག་ཚུད། ལམ་འབྲས་ལ་སོགས་པའི་གདམས་པ་ཡང་གསན། ཕ་ ཇོ་སྣུབས་སྟོན་ལས་ཕུར་པའི་འཕྲིན་ལས་དབང་དང་སྒྲུབ་ཐབས། སྒྱུ་ འཕྲུལ་གྱི་ཁྲིད་འགའ་ཡང་ཞུས། དགུང་ལོ་སུམ་ཅུ་པར་གཤེན་སྒོམ་ ཞིག་པོ་ལས་ལྷན་ཅི་སྐྱེས་པའི་དབང་བཞི་ཞུས། དགུང་ལོ་སུམ་ཅུ་ [1770] སོ་གཉིས་པར་གཉོས་སྒོམ་ལས་སྙན་བརྒྱུད་ཞུས། བདེ་མཆོག་དང་ ཇོ་མོའི་བྱིན་རླབས་ཀྱང་ཞུས། ནཱ་རོ་ཆོས་དྲུག་དང། སྤྱོད་ཡུལ་ བློ་སྦྱོང་རྣམས་གསན། དགུང་ལོ་སུམ་ཅུ་སོ་བདུན་པར་ཅོག་རོ་ལྷ་ སྡིངས་སུ་ཕེབས་ནས་ཞང་ལོ་གྲུབ་པ་དཔལ་ལས་སྙན་བརྒྱུད་ཞུས་ ཁྱུང་ཚང་ཡེ་ཤེས་བླ་མ་ལས་བརྒྱུད་པའི་གདམས་ངག་རྣམས་ཀྱི་སྒྲོ་ འདོགས་བཅད། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ཤིང་ གཞན་ལུས་ལ་མངའ་བརྙེས་པས་གཉེན་པོ་ཆེད་དུ་འཛིན་པའི་རྟོག་པ་ བཅོམ། མཛད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་མ་ གཡོས་པ་ཞིག་བཞུགས་སོ། ། སེ་ཆང་དཀོན་མཆོག་བསོད་ནམས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ ནུའི་སྐབས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་བསྡུས་ གྲྭ་དང་མདོ་རྒྱུད་ཀྱི་གཞུང་ལུགས་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་ མཛད་པས་མཁས་པའི་གོ་འཕང་ཐོབ་ཅིང་རྡོ་རམས་པའི་མཚན་ བཏགས་བཞེས། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་ རྫོགས། ཐུགས་དམ་ཉམས་བཞེས་ལ་ཤིན་ཏུ་འགྲུས། དགུང་ལོ་ང་ དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ལོ་ གསུམ་གྱི་རིང་དུ་འཆད་ཉན་དང་གཏོང་སྒོ་གང་ཅིར་ཡར་ལྡན་དུ་ [1771] བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་ དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅོ་ལྔ་པ་ཡིན་ ནོ། ། སི་དྲུང་དཀོན་མཆོག་དབང་ཕྱུག།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་གདོང་ཀྱར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་དཔའ་རེ་ དམ་ཆོས་ལ་བསྟེན་ཞིང་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ ལ་ཐོས་བསམ་ལེགས་པར་མཛད་ཅིང་རྡོ་རམས་པའི་མཚན་བཏགས་ བླངས། གཏོར་སྒྲུབ་དང། གཏོར་ཆེན། འཕྲུལ་འཁོར་ ལྕགས་མཁར་བཅས་སྒྲུབ་ཐབས་ཡོངས་རྫོགས་གསན་པར་མཛད་ དྲུང་ཡིག་ཆོས་འཛིན་དར་རྒྱས་ལས་ཡི་གེའི་འབྲི་གཟུགས་སྣ་ཚོགས་ བསླབས་པས་ལེགས་པར་མཁྱེན། དགུང་ལོ་ཞེ་གསུམ་པར་རྒྱུད་པའི་ བླ་མ་དབུ་མཛད་བཞུགས་ཏེ་ཚོགས་ཆོས་ཆག་མེད་འགྲིམས་ནས་དོ་ དམ་གང་དྲག་གནང་ཞིང་སྤྱི་ཁང་གསར་རྒྱག་མཛད། མགོན་ཁང་དུ་ མགོན་ཆོས་འཇིགས་གསུམ་གྱི་སྨན་སྐུ་ཆེ་ཚད་བཞེངས། དགུང་ལོ་ཞེ་ དྲུག་པར་དབུས་སུ་ཕེབས་ཏེ་ཀུན་མཁྱེན་བླ་མ་རང་དགོན་དུ་གདན་ འདྲེན་ཞུས། དགུང་ལོ་ཞེ་བརྒྱད་པར་ཨུརྒེ་ཝང་གི་བླ་མ་མཛད། ལོ་ གསུམ་གྱི་མཚམས་ནས་དགོན་གསར་རབ་རྒྱས་གླིང་གི་ཁྲི་ལ་ཕེབས་ [1772] ཤིང་ལོ་བཞིའི་རིང་དུ་གདན་ས་བསྐྱངས། དགུང་ལོ་ང་བདུན་པ་ རབ་བྱུང་བཞི་པའི་ཤིང་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་དགོན་ པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་གདན་ས་ བསྐྱངས་ཤིང་ཆོས་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་སྔ་ སྲོལ་མ་ཉམས་པ་མཛད། ཁྲི་ཟུར་ནས་ཙ་ཡུས་དགོན་པར་རྒྱུད་གྲྭ་ གསར་དུ་བཙུགས་པ་དང། ཨ་མཆོག་དགོན་པར་འགྲེལ་བ་བཞི་ སྒྲགས་སོགས་ཀྱི་དབང་ལུང་གནང་ནས་གདན་ས་གཉིས་པོ་མཉམ་དུ་ བསྐྱངས་ཤིང་དུས་འདའ་བར་མཛད། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་རབས་སོ་གཅིག་པ་ཡིན་ནོ། ། སེ་སྣོལ་ནམ་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ལྡེ་ འཕྲུལ་ནམ་གཞུང་བཙན་དང། ཡུམ་བསེ་གཉན་མེར་མོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས། ཁོང་གིས་བཙུན་མོ་ཀླུ་ཐང་མེར་མོ་ཁབ་ཏུ་ བཞེས་ཏེ་རིགས་སྲས་སེ་སྣོལ་པོ་ལྡེ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་ པོའི་གཞུང་ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་གསུམ་པ་ཡིན་ ནོ། ། སེ་སྣོལ་པོ་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་ སྣོལ་ནམ་ལྡེ་དང། ཡུམ་ཀླུ་ཐང་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་གི་སྐུ་བོན་ནི་ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་མཛད་ཅིང་གསས་ ཁང་ཞིག་ཀྱང་བཞེངས། བཙུན་མོའོ་བཟའ་རི་མོ་མཚོ་ཁབ་ཏུ་བཞེས་ [1773] ཏེ་རིགས་སྲས་ལྡེ་སྣོལ་ནམ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ ལ་བཏབ། ཁོང་ནི་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་བཞི་པ་ཡིན་ནོ། ། སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་གཉལ་སྟོད་དར་མ་སྒང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྤྱིལ་བུར་སྐུ་གཤེགས། ཁོང་གིས་བྱ་ སྟོན་འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ལ་སོགས་པའི་དགེ་བའི་བཤེས་གཉེན་ མང་པོ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པར་མཛད། དེ་ནས་བྱ་སྟོན་འཆད་ཁ་བ་ཡེ་ཤེས་རྡོ་ རྗེའི་བཀའ་ལྟར། དགུང་ལོ་བཞི་བཅུ་ཞེ་གསུམ་པ་རབ་བྱུང་གསུམ་ པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་འཆད་ཁ་གསར་འདེབས་ མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དུས་ཕྱིས་སུ་ སྤྱིལ་བུ་ལ་ཡང་དགོན་པ་གསར་འདེབས་མཛད། བྱ་སྟོན་འཆད་ཁ་པ་ ཡེ་ཤེས་རྡོ་རྗེ་སྐུ་གཤེགས་རྗེས་རབ་བྱུང་གསུམ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་ནས་རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོའི་བར་དུ་ལོ་ངོ་བཅུ་བཞིའི་རིང་དུ་དགོན་པ་ཕན་ཚུན་དུ་བཞུགས་ རེས་མཛད་ཅིང་ཚོགས་པ་བསྐྱངས། དེ་ནས་བསྟན་འགྲོའི་དོན་ཆེན་ ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་དགུ་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྣལ་འབྱོར་བྱང་ ཆུབ་སེང་གེས་གྲོ་ས་དགོན་པ་དང། རྒྱ་སྤང་ས་ཐང་པས་སྤང་ས་ དགོན་པ། ལྷ་དགེ་འདུན་སྒང་པས་དགེ་འདུན་སྒང་དགོན་པ་ [1774] ཉན་ལྷ་སྡིངས་པས་ཉན་ལྷ་སྡིངས་དགོན་པ་བཅས་གསར་འདེབས་ མཛད་ཅིང་སོ་སོས་ཚོགས་པ་བསྐྱངས་ཤིང་བསྟན་པ་རྒྱས་པར་མཛད་ དོ།། སེ་རྩ་བསོད་ནམས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་ དང་བཅས་པར་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་ཅིང། དེ་རྗེས་ བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་ གཏུགས་ནས་ལེགས་སྦྱར་གྱི་སྐད་ལ་བྱང་ཆུབ་པ་མཛད་དེ་རྒྱ་གཞུང་གི་ བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་གི་བསྒྱུར་ རྩོམ་ནི། རྣམ་པར་འགྲེལ་བ། རིམ་པ། མན་ངག། སྒྲུབ་ཐབས། ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ། རྗེ་གཤེད་དམར་པོའི་སྒྲུབ་ཐབས་ལམ་གྱི་སྙིང་པོ། གསུམ་བྱིན་གྱིས་བརླབས་པའི་མན་ངག། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ། གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དོན་གསལ་བར་བྱེད་ པ། [1775] རྟོག་གེ། ། སེ་བཟའ་སྨན་མོ།། ཁོང་མོ་ནི་དོག་མེར་མེར་དང་མི་གཅིག་ཡིན་པས་དེ་གཟིགས་ པར་ཞུའོ།། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།། ཁོང་ནི་རབ་བྱུང་བརྒྱད་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ཉང་སྟོད་དུ་ཡབ་ཁྱུང་རྩེ་ནང་སོ་བསོད་ནམས་འཕེལ་དང། ཡུམ་ སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་ པར་རྒྱལ་བ་དགེ་འདུན་གྲུབ་པ་ལས་ཚེ་དབང་ཞུས། དགུང་ལོ་བདུན་ པར་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་ལས་དགེ་ བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ་ དགུང་ལོ་བཅུ་གསུམ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ལུང་ རིགས་རྒྱ་མཚོ་དང་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་སོགས་ལ་ བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོངས་མཛད། དགུང་ལོ་ ཉེར་གསུམ་པར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དགུང་ལོ་ཉེར་ བཞི་པར་དབུས་སུ་ཕེབས་ཏེ་སེ་རར་དཔེ་མཚམས་བཞུགས་ཤིང་ཤེར་ ཕྱིན་བཅས་ལ་སྦྱངས་པར་མཛད། རྗེ་ཤེས་རབ་བཟང་པོ་སོགས་ལས་ བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་པར་གཙང་དུ་ཕེབས་ ནས་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོས། དགུང་ལོ་ཞེ་གསུམ་པར་ བྱེས་མཁན་སྙན་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་ [1776] པར་སྟག་རྩེ་རིན་ཆེན་སྒང་གི་མཁན་པོ་མཛད། དགུང་ལོ་རེ་ད་ པར་སེ་རའི་མཁན་པོའི་ཁྲི་ལ་བཞུགས་ནས་འཆད་ཉན་ལེགས་པར་ བསྐྱངས། དགུང་ལོ་དོན་གསུམ་པར་ཟུར་བཞུགས་མཛད་ནས་བདེ་ ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས་ཏེ་དགུང་ལོ་དོན་དྲུག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ ནི། བ། ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བ། བཞག། པའི་བསྟན་བཅོས་ལྟ་བ་ངན་པའི་མུན་སེལ། བཞུགས་སོ། །ཁོང་ནི་སེ་ར་ཐེག་ཆེན་གླིང་གི་ཁྲི་རབས་བཅུ་གཉིས་ པ་ཡིན་ནོ། ། སེ་ར་དོན་ཡོད་དཔལ་ལྡན།། ཁོང་ནི་འཇམ་དབྱངས་དོན་ཡོད་དཔལ་ལྡན་དང་མི་གཅིག་ ཡིན་པས་དེ་ལ་གཟིགས་པར་ཞུའོ། ། སེ་ལོ་ཙཱ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་ སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་ སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ [1777] གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ ནག་པོ་ཆེན་པོ་ལ་བསྟོད་པ། ཅན་དང་བྱ་རོག་གདོང་ཅན་ལ་བསྟོད་པ། ། སེང་གོ་མི་ཆེན།། ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་སྐུ་འཁྲུངས་ཤིང་ རྒྱལ་པོ་གནམ་རི་སྲོང་བཙན་གྱི་བློན་པོ་ཡིན། ཁོང་གིས་དྭགས་པོ་ལ་ དམག་དྲངས་ནས་དྭགས་པོ་ཡོངས་རྫོགས་རྒྱལ་པོ་གནམ་རི་སྲོང་བཙན་ གྱི་མངའ་ཞབས་སུ་ཚུད་པ་མཛད་ཅིང་མདུང་མོ་ཐབས་གཅིག་གིས་ འབྲོག་མོ་ཐང་གང་ཐོབ། རྒྱལ་པོ་གནམ་ རི་སྲོང་བཙན་གྱིས་ཁོང་ལ་གསེར་ཁུར་རེའུ་རྒལ་གྱི་མི་དང་འབྲོག་ ཕྱུགས་བཅས་བྱ་དགའ་གནང་ངོ།། སེང་མགོ་ལྷ་ལུང་གཟིགས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། མཁན་པོ་ ཞི་བ་འཚོ་མང་ཡུལ་ནས་ར་སའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ རྗེས་ཁོང་གིས་མཁན་པོའི་ཆོས་ལ་ཆོས་ལོག་ཡིན་མིན་བརྟག་དཔྱད་ མཛད་མཐར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ཆོས་ལོག་མིན་ཚུལ་ཞིབ་ཏུ་ [1778] ཞུས་རྗེས་མཁན་པོས་གཞི་ནས་དགེ་བ་བཅུ་དང། ཁྲིམས་བཅོ་བརྒྱད་ རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་རྣམས་རིམ་གྱིས་གསུངས་ སོ། །དེ་ནས་ཁོང་རྒྱ་གར་དུ་བྱོན་ཏེ་བྲྀ་ཀ་མ་ཤི་ལའི་གཙུག་ལག་ཁང་ ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་བོད་ཡུལ་ དབུས་སུ་གདན་འདྲེན་ཞུས་སོ།། སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་ཉང་སྟོད་འབྲོང་རྩེ་གསེར་ཕུ་སྤེལ་ཞེས་པར་ཡབ་ཚེ་རིང་ རྡོ་རྗེ་དང། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་ བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་དྲུག་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་བློ་བཟང་ཚེ་ བརྟན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་ བསྟན་འཛིན་དཔལ་འབྱོར་ཞེས་གསོལ། དགུང་ལོ་བདུན་པར་འདུལ་ འཛིན་ཆོས་འཕེལ་དོན་གྲུབ་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་བཅུ་ དགུ་པར་དཀའ་ཆེན་གྱི་མཚན་བཏགས་བཞེས། དགུང་ལོ་ཉེར་གཉིས་ པར་བཀྲ་ཤིས་ལྷུན་པོའི་སྔགས་པ་གྲྭ་ཚང་དུ་ཞུགས། དགུང་ལོ་ཉེར་ གསུམ་པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ བཞེས། ཁོང་གིས་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་དང། ཡོངས་ འཛིན་བློ་བཟང་བསྟན་འཛིན། པཎ་ཆེན་བསྟན་པའི་ཉི་མ་སོགས་ལ་ བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉེར་དགུ་པར་ [1779] རྒྱུད་པ་མཁན་པོའི་ཁྲི་ཐོག་ཉེར་གཅིག་པར་བཞུགས་ཏེ་ལོ་བཅུའི་རིང་ དུ་འཆད་ཉན་བསྐྱངས། དགུང་ལོ་ཞེ་གཅིག་པ་ནས་དགུང་ལོ་ལྔ་ བཅུ་ང་གསུམ་པར་སྐྱེ་འགྲོ་རྣམས་ལ་མདོ་སྔགས་ཆོས་ཀྱི་འཁོར་ལོ་ བསྐོར། རྟ་ནག་ཏུ་མན་ཐང་གསར་བཞེངས་མཛད། དགུང་ལོ་ དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ གསུང་རྩོམ་ནི་ བཤད་གསར་བའི་དགའ་སྟོན། པའི་ཆོས་ཀྱི་དབང་ལུང་མན་ངག་སོགས་ཀྱི་ཐོབ་ཡིག་བདུད་རྩིའི་ཆུ་ རྒྱུན། བཞུགས་སོ། ། སེར་དྲིས་ཚུལ་ཁྲིམས་རིན་ཆེན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་རབ་བྱུང་ བཅུ་གཉིས་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཉན་གུང་ཡེ་ དང། ཡོ་གུང་ཡེ། ཟི་ལིང་ཏོར་གེ་ཨམ་བཧན་རྣམས་གྲོས་མཐུན་ གྱིས་དམ་པ་འདི་བ་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས་སུ་ གསོལ། ཐམ་ཀ་ཅན་གྱི་ཡི་གེ་ཏུ་ཐི་ཞེས་པ་གྲྭ་རྒན་སུམ་བརྒྱ་ལ་རེ་ རེ་བྱིན་ནས་ཕོག་ཐེབས་གཏན་ཆགས་གནང་བའི་ལས་སྲོལ་བཙུགས་ ཨ་ཐན་རབ་འབྱམས་པས་ཐབས་མཁས་སྣ་ཚོགས་ཀྱི་སྒོ་ནས་མཆོད་ གཞིས་ས་ཆ་དང་བཅས་པ་སྔར་འཇགས་བཞིན་གནས་པར་མཛད་ དེ་ནས་ཆེར་མ་འགྱངས་པར་ཏཱ་བླ་མ་བློ་བཟང་གོང་མའི་ཕོ་བྲང་ནང་ [1780] ནས་ཕྱིར་ཕེབས་ཤིང་སྔར་གྱི་གྲྭ་བ་བར་གཞོན་རྣམས་ཀྱང་བསྡུས་ནས་ དགེ་འདུན་གྱི་སྡེ་སྔར་ལས་ལྷག་པར་དར་རྒྱས་སུ་བཏང། དེ་ནས་ བཟུང་མཁན་པོའི་འོས་ཐོ་ཚོགས་ཡོངས་ནས་བྲིས་ཏེ་ཕུལ་བ་དང། ཁྲི་ ཆེན་ལས་ཐོག་པས་མཁན་པོ་གསར་བ་བསྐོར་བཞག་དང། བཞུགས་ སྟོན་ཆེན་མོའི་གྲལ་སྟེང། རྒྱལ་བ་རིམ་བྱོན་གྱི་བཀའ་ཐམ་དང་ གོང་མས་གནང་བའི་ར་ཝན་པན་ཏེ་བཀའ་གླེགས་བུ་འཇའ་སའི་ཡི་གེ་ རྣམས་ཁྲི་ཆེན་རྙིང་བས་མཁན་པོ་གསར་བ་ལ་ཕྱག་བརྒྱུད་ཀྱིས་སྤྲད་ པའི་སྲོལ་བཙུགས་པ་ཡིན་ནོ། ཁོང་ནི་སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་ཉེར་གཅིག་པ་ཡིན་ནོ། ། སེར་སྔགས་མཁན་ཟུར་ནམ་མཁའ་བསྟན་སྐྱོང།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་འཕན་པོ་ཐང་ཤར་པའི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་སེ་ར་ཐེག་ཆེན་གླང་གི་ཆོས་སྒོར་ ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་ རྒྱུད་སྡེ་བཞི་ལ་ལེགས་པར་བསླབས། དགུང་ལོ་བཞི་བཅུ་ཞེ་བརྒྱད་ པར་གཙང་དངུལ་ཆུར་ཕེབས་ཏེ་བླ་མ་དྷརྨ་བྷ་དྲ་དང། དབོན་པོ་ དབྱངས་ཅན་གྲུབ་པའི་རྡོ་རྗེ་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་ དབང་ལུང་མན་ངག་མང་དུ་གསན། སེ་ར་སྔགས་པ་གྲྭ་ཚང་གི་ མཁན་པོ་ཡུན་རིང་དུ་བཞུགས། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་རབ་ བྱུང་བཅོ་ལྔ་པའི་ཐོག་མའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར། རིག་འདོན་ཆོག། [1781] གསར་སྒྲིག་གནང། ཁོང་གི་གསུང་རྩོམ་ནི། ཡང་སྙིང་ཐུན་དྲུག་རྣལ་འབྱོར་གྱི་དམིགས་རིམ་གསལ་བར་བཀོད་པ་ རྡོ་རྗེ་འཆང་བླ་མའི་ཞལ་ལུང། དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་མཆོག་བསྒྲིགས་འཁྲུལ་བྲལ་མཁས་གྲུབ་ཞལ་ ལུང། སོ། ། སེང་དྲིས་དཀོན་མཆོག་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་ལྷ་སྡེ་དྲེད་ཁོག་འབྲོག་སྡེར་ཡབ་བསྐལ་བཟང་གི་སྲས་སུ་ སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་སེར་ དྲིས་དཀོན་མཆོག་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་བཟུང་སྟེ་སྐུ་འབུམ་ རང་སྒར་གྱི་གདན་སར་བཀོད་ཅིང་དགའ་སྟོན་རྒྱས་པར་མཛད། དེ་ ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཤིང་མཚན་ཉིད་ གྱི་གཞུང་ལ་གསན་སྦྱོང་རྨད་དུ་བྱུང་བར་མཛད། གསེར་ཏོག་ཡེ་ ཤེས་ཐུབ་བསྟན་རྒྱ་མཚོ་ལས་བསྙེན་རྫོགས་བསྒྲུབ་ཤིང་བཀའ་ཆོས་ མང་དུ་གསན། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་ སྒོར་ཞུགས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ཡན་ལག་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། རབ་བྱུང་བཅུ་བཞི་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ ལ་བཞུགས། འགྲིག་ལམ་ཀུན་སྤྱོད་དང་བཤད་སྒྲུབ་ཀྱི་བྱ་བ་སོགས་ [1782] གོང་ནས་གོང་དུ་འཕེལ་བའི་ཐབས་ཚུལ་ལ་ལྷོད་མེད་རྟག་འགྲུས་སུ་ མཛད། རྒྱུད་གྲྭའི་དཔྱིད་ཆོས་ཆེན་མོ་དང། དབྱར་གནས་ཆེན་མོ་ གཉིས་ཀྱི་སྟེང་དུ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་རྒྱས་པ་ཉིན་ཞག་ གསུམ་གྱི་རིང་དུ་ལོ་བཞིན་ཆག་མེད་གསར་འཛུགས་མཛད་དེ་རབ་ གནས་ཀྱི་ཐེབས་ཀྱང་སྤྱི་འཇོག་ཏུ་ཕུལ། ཁྲི་ཟུར་ནས་ཆ་ཧར་ཚོ་བརྒྱད་ དུ་བྱོན་ཏེ་སྤྱི་སྒོས་ཀྱི་གདུལ་བྱ་ཡོངས་ཀྱི་རེ་བ་ཡོངས་སུ་བསྐངས་པའི་ མཛད་འཕྲིན་ཁྱབ་གདལ་དུ་སྤེལ་བཞིན་ངོས། གསེར་ཟངས་ལས་ བསྒྲུབས་པའི་སངས་རྒྱས་སྟོང་སྐུ་ཁྲུ་གང་རེ་ཡོད་པ་སྤྱི་འཇོག་ཏུ་ཕུལ་ཏེ་ དེང་སང་ཐམས་ཅད་མཁྱེན་པའི་ལྷ་ཁང་དུ་བཞུགས། དགུང་ལོ་བཞི་ བཅུ་ཞེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ སེར་དྲིས་སྐུ་ཕྲེང་གསུམ་པ་ཡིན་ལ། སྐུ་འབུམ་རྒྱུད་པའི་ཁྲི་རབས་ཞེ་ བདུན་པ་ཡིན་ནོ། ། སེར་དྲིས་དཀོན་མཆོག་རྣམ་རྒྱལ།། ཁོང་གི་འཁྲུངས་ལོའི་ལོ་ཚིགས་མི་གསལ། རབ་བྱུང་བཅུ་ བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོ་སྐུ་གཤེགས། ཁོང་རབ་ བྱུང་བཅུ་གསུམ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་ པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ལོ་ངོ་བཅུ་ཡི་རིང་དུ་འགྲིག་ལམ་ ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་ཚགས་འཛིན་གང་ལེགས་ གནང། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱིས་ཕྱེ་ཕུར་དང། སྦུབ་ སིལ་སོགས་ཆ་དུ་མ། རྡོ་དྲིལ་བཅོ་ལྔ། དུང་ཆེན། རྒྱ་གླིང་བཅས་ [1783] སྐུ་འབུམ་ལ་སྤྱི་འཇོག་གནང། རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ ནས་ལོ་དྲུག་གི་རིང་དུ་འཆད་ཉན་བསྐྱངས། རབ་བྱུང་བཅུ་གསུམ་ པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་གདན་སའི་ ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་གདན་ས་བསྐྱངས། དེའི་སྐབས་ སུ་ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན་འོད་ཟེར་སྐུ་ འབུམ་དུ་ཕེབས་ཏེ་ལམ་རིམ་ཆེན་མོའི་ལྗགས་ལུང་སོགས་ཆོས་རྒྱུན་ མང་པོ་གནང། མདུན་རིའི་རྐེད་རྩེར་ས་བརྟག་བཟང་བས་ཀླུ་དབང་ རྒྱལ་པོ་སྟེ་ཀླུ་མ་དྲོས་པའི་ལྷ་ཁང་བཞེངས། ཨ་བ་ཀ་རབ་འབྱམས་པ་ བློ་བཟང་བཤད་སྒྲུབ་ཀྱིས་གསེར་ཟངས་ཀྱི་རྒྱལ་མཚན་ཆེ་བ་ཆ་གཅིག་ ཕུལ་བ་འདུ་ཁང་ཆེན་མོའི་སྟེང་གི་རྒྱབ་ངོས་སུ་བཙུགས་ཡོད། ཁོང་ནི་ སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་བདུན་པ་དང། སྐུ་འབུམ་ རྒྱུད་པ་མཁན་པོའི་ཁྲི་རབས་སོ་གཅིག་པ། སྐུ་འབུམ་དགོན་གྱི་གདན་ རབས་ཁྲི་ཆེན་སོ་བདུན་པ་ཡིན་ སེང་བྱེས་བྱམས་པ་བསྐལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་ སོག་ཡུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དབུས་ སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས། དེ་ནས་ཡོངས་ སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས། དེ་ནས་ཡོངས་ སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་གཞུང་ཆེན་ བཀའ་པོད་ལྔ་ལ་གསན་སྦྱོང་མཛད་ཅིང་ལྷ་རམས་པའི་མཚན་བཏགས་ བཞེས། དེ་ནས་རྒྱུད་གྲྭར་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞིའི་ཆོ་ག་ [1784] ཕྱག་ལེན་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། རབ་ བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་རྒྱུད་སྨད་ཀྱི་བླ་མ་ དབུ་མཛད་གནང་ཞིང་རིམ་གྱིས་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ མཁན་ཟུར་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་རབ་བྱུང་བཅུ་དྲུག་ པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་བྲག་ལྷ་ཀླུ་སྒུག་ཏུ་སྐུ་ གཤེགས། ཁོང་གི་གསུང་རྩོམ་ནི། སྙིང་པོ་ཚིག་དོན་བརྗེད་བྱང་ལས་ རྣམ་འབྱེད་ཀྱི་བསྐོར། པའི་སྐོར། པོད་གཅིག་བཞུགས་སོ། ། སེར་བྱེས་བྱམས་པ་ཡོན་ཏན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས། ཁོང་གིས་ཞོགས་དོན་ཡོད་མཁས་གྲུབ་ ་ ་ སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པའི་གྲགས་པ་ཐོབ་ དེ་ནས་སེར་བྱེས་གྲྭ་ཚང་གི་མཁན་པོའི་ཁྲི་ལ་བཞུགས་ཏེ་མདོ་སྔགས་ ཆོས་ཀྱི་འཆད་ཉན་མཛད། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི། པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བཀོད་པའི་བདེ་ལམ་གྱི་ཉམས་ ཁྲིད་གསུང་བཤད་ཟིན་བྲིས་ཚད་ལྡན་དྲང་སྲོང་བླ་མའི་ཞལ་ལུང། དང། [1785] སྙིང་པོ། ། སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་ གི་ཆོས་གྲྭར་ཞུགས་ཏེ་འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ ་ སོགས་བླ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ ལ་མཁས་པར་སྦྱངས། སེར་སྨད་གྲྭ་ཚང་གི་མཁན་པོའི་ཁྲི་ལ་བཞུགས་ ནས་འཆད་ཉན་གང་ལེགས་གནང། ཁོང་གི་མཚན་གཞན་ལ་གྲགས་ པ་མཐའ་ཡས་ཞེས་ཞུའོ། །རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི་རབ་བྱུང་བཅུ་བཞི་ པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ཕྱག་བྲིས་གནང་བའི་ དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་བྱུང་ནོར་བུའི་ཕྲེང་ བ། དེའི་ནང་དུ་ཁྲི་ཐོག་བཞི་བཅུ་ ཞེ་བདུན་པ་ནས་ཁྲི་ཐོག་དྲུག་ཅུ་རེ་བདུན་པའི་བར་དུ་ཁྲི་ཆེན་ཉེར་ གཉིས་ཀྱི་རྣམ་ཐར་བཞུགས་སོ། ། སེར་སྨད་བློ་བཟང་ཐུགས་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ ལ་བྱང་བར་མཛད་ཅིང། སེར་སྨད་ཀྱི་ཆོས་གྲྭར་ཞུགས་ཏེ་རབ་བྱུང་ དང། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ [1786] ནས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་བ་མཛད། ཡོངས་ འཛིན་ཡེ་ཤེས་རྒྱལ་མཚན་དང། མཁན་པོ་བསྐལ་བཟང་དངོས་ གྲུབ། སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ ་ བཅས་ལ་བསྟེན་གཞུང་ཆེན་བཀའ་པོད་ལྔ་ དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་ མཁས་པའི་གྲགས་པོ་ཐོབ་བོ། ཁོང་གི་གསུང་རྩོམ་ནི། ཚུལ་ལྔ་བཅུ་བར་ཚིག་བསྙེན་དང་མཆན་འགྲེལ། ཉི་ཤུ་བ་སོགས་ཀྱི་མཆན་འགྲེལ་དང་བཅས་པའི་བྱང་སེམས་ཀྱི་བསླབ་ བྱ། བརྒྱ་མར་གྲགས་པའི་བླ་མའི་རྣལ་འབྱོར་གྱི་རྣལ་འབྱོར་གྱི་ཁྲིད་ཡིག་ དངོས་གྲུབ་ཀུན་འབྱུང། དང་སད་བསྲུང་འཁོར་ལོ་སྒྲུབ་ཚུལ། པའི་འཕོ་ཁྲིད་གསེར་གྱི་ཡང་ཞུན། ནས་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ། ཚུལ་དང་རྗེས་གནང་བྱ་ཚུལ། པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག། ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག། མགོན་པོའི་བུམ་སྒྲུབ་ཇི་ལྟར་བྱ་ཚུལ། སྐབས་ཀྱི་བཤད་པ་བྱ་ཚུལ། བཀའ་རྒྱ་མ། ། སེར་ལི་དཀོན་མཆོག་རྒྱལ་མཚན།། [1787] ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་བསང་གཞུང་དུ་ཡུང་ཤཱ་བན་མུག་གི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་བཞི་བའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རྔ་བ་རབ་བརྟན་ རྒྱ་མཚོའི་སྦྲུལ་སྐུར་ཐག་བཅད། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ ཆོས་གྲྭར་ཞུགས་ཏེ་ཕར་ཕྱིན་ཐལ་ཕྲེང་དང། དབུ་མ་རྒྱས་པ་ཡོངས་ རྫོགས་ལ་སྦྱངས་ནས་ཐོས་བསམ་ཡུན་རིང་དུ་མཛད། གླིང་བསྲེའི་ བཤད་པའི་སྐབས་སུ་རིགས་ལུང་གི་ཆར་ཕབ་པའི་ལོ་རྒྱུས་མང་ བཀའ་འགྱུར་བ་རབ་རྒྱས་ལས་བཀའ་འགྱུར་གྱི་ལྗགས་ལུང་གསན་ དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པའི་ཁྲི་ལ་ཕེབས་ཤིང་འཆད་ ཉན་ཡར་ལྡན་དུ་བསྐྱངས། སྨན་པ་གྲྭ་ཚང་གི་འདུ་ཁང་གསར་བཞེངས་ བྱེད་པའི་ཆེད་དུ་ཨོར་དུ་སུར་ཕེབས་ནས་བཀའ་འགྱུར་གྱི་ལུང་གནང་ བས་བརྒྱུད་པ་འཕེལ་བ་དང་འཕྲིན་ལས་ཤིན་ཏུ་རྒྱས། དགུང་ལོ་ཞེ་ གཉིས་པར་ཨོར་དུ་སུར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་ལྔ་བ་ཡིན་ ནོ། ། སེར་ལི་བློ་བཟང་མཆོག་གྲུབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་རྩེ་གཞུང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་ པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ [1788] བསྡུས་གཞུང་དང། གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས་པས་ རྡོ་རམས་པའི་མཚན་བཏགས་བཞེས། གསང་སྔགས་ཀྱི་རྒྱུད་སྡེ་གོང་ འོག་ཐུན་མོང་བའི་རིག་གནས་ཐམས་ཅད་ལ་སྦྱངས་ཤིང། ཞི་ དུལ་གྱི་ཀུན་སྤྱོད། བསླབ་ཁྲིམས་ཀྱི་བསྲུངས་མཚམས། སྡེ་སྣོད་ གསུམ་གྱི་ཡོན་ཏན་གང་ནས་ཀྱང་བཀའ་གདམས་གོང་མའི་རྣམ་ཐར་ དང་མཚུངས་པས་ཀུན་གྱི་དད་པའི་ཡུལ་དུ་གྱུར། དེ་ནས་ཨུརྒེ་གྲྭ་ ཚང་གསང་སྔགས་སྨིན་རྒྱས་གླིང་གི་བླ་མ་དབུ་མཛད་དུ་བཞུགས་ ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་ལྟར་བླ་བྲང་བཀའ་ཤིས་ འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ཤིང་འགྲེལ་བའི་བཤད་པ་སོགས་ ཐུགས་ཐོག་ནས་གནང་བས་གསུང་རབ་ལ་ནང་བྱན་ཚུད་པའི་མཛད་ པ་གསལ་བར་བསྟན། རྟོགས་པའི་ཡོན་ཏན་ལ་ཡང་མངའ་བརྙེས་ པའི་སྐྱེས་ཆེན་དམ་པ་ཞིག་ཡིན། ཁྲི་ཟུར་ནས་དོན་གཉེར་ཅན་རྣམས་ ལ་རིག་གནས་ཀྱི་བཤད་པ་གང་འདོད་དུ་མཛད། དགུང་ལོ་ང་བདུན་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་དྲུག་པ་ཡིན་ནོ། ། སོ་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་ པོ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་གཤེན་ཅོའུ་འོད་དཀར་གྱིས་མཛད། གསས་ མཁར་དགུ་ར་དགུ་འཁྱུད་བཞེངས་ཤིང་བཙུན་མོ་སེ་བཅའ་སྨན་མོ་ འམ་དོག་མེར་མེར་ཁབ་ཏུ་བཞེས་ཏེ་རིགས་སྲས་མེར་ཁྲི་བཙན་པོའམ་ [1789] དེ་ཁྲི་བཙན་པོ་སྐུ་འཁྲུངས་སོ། ཁོང་གི་བང་སོ་གནམ་ལ་བཏབ་ ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་བཞི་པ་ཡིན་ནོ། ། སོ་ཆུང་དགེ་བདུན་འབར།། ཁོང་ནི་རབ་བྱུང་དང་པོའ༑ཨི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཡུལ་ར་མོ་བར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་ཕོ་སྦྲེལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་རྨ་སྒོམ་ཆོས་ ཀྱི་ཤེས་རབ་དང་མཇལ་ནས་རབ་ཏུ་བྱུང་ཞིང་མཚན་ལ་དགེ་འདུན་ འབར་ཞེས་གསོལ། དགུང་ལོ་བཅུ་གཉི་སྤར་ཕ་དམ་པ་སངས་ རྒྱས་དང་ཞལ་མཇལ་ཙམ་བྱུང། དེ་ནས་རྨ་རིན་པོ་ཆེ་དང་འགྲོགས་ ཤིང་འཕན་ཡུལ་བྱེ་ཁུད་དུ་ཕེབས་ཏེ་ཕ་དམ་དང་མཇལ་ཞིང་ངོ་སྤྲོད་ ཀྱི་ཁྲིད་ཅུང་ཟད་བཏབ་པ་ཙམ་གྱིས་ནམ་ལངས་པ་བཞིན་དུ་སོང་ སྟེ། ཁོང་ལ་དི་མ་མེད་པའི་ཤེས་པའི་སྟོབས་ཆེན་པོ་ཤར། དེ་ནས་ རྨ་རིན་པོ་ཆེ་རང་ཡུལ་དུ་ཕེབས་ཀྱང་ཁོང་མ་ཕེབས་པར་ཕ་དམ་པ་ ལས་དོན་བརྒྱུད་ཀྱི་གདམས་ངག་རྫོགས་པ་དང། གྲུབ་ཐོབ་ཕོ་མོ་ལྔ་ བཅུ་རྩ་བཞིའི་གདམས་པ་རྣམས་ཞུས། དེ་ནས་ལྷ་ས་དང། ཡར་ ཀླུང། དབུ་རི་སོགས་སུ་བྱོན་ཏེ་ནད་པ་རྣམས་ཀྱི་ནད་རྣམས་བཅོས་ དེ་ནས་དིང་རིལ་བྱོན་ཏེ་ཕ་དམ་པ་ལ་གསེར་སྲང་གསུམ་དང་རྟ་ཕོ་ བཟང་པོ་གཅིག་ཕུལ་ནས་མཐའ་སེལ་ལྔ་བཅུ་རྩ་གཅིག་གི་གདམས་པ་ བཅས་ཞུས། དེ་ནས་དབུས་ལ་སོགས་པའི་རྒྱལ་ཁམས་སུ་བྱོན་ཏེ་ཞི་ བྱེད་བརྒྱུད་པ་བར་མའི་སོ་ལུགས་ཞེས་པ་སྲོལ་གཏོད་ཅིང་སློབ་མ་ཡང་ མང་དུ་བསྐྱངས་སོ། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ [1790] ནི་ཤ་མི་སྒོམ་ཆེན་སྨོན་ལམ་འབར་ཡིན། ། སོ་ཐམ་ཐམ།། ཁོང་མོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྐུ་ འཁྲུངས། རྒྱལ་པོ་དིང་ཁྲི་བཙན་པོའི་བཙུན་མོ་ཡིན་ལ་རྒྱལ་པོ་སོ་ཁྲི་ བཙན་པོའི་མ་ཡུམ་ཡིན་ནོ། ། སོག་པོ་ལྷ་དཔལ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་ཅིང་ རྟེན་ཁྱིམ་པ་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་ གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་ པས་གྲུབ་པ་བརྙེས་ཏེ་ དཔལ་གཅན་གཞན་གཉའ་ནས་འཛིན། ཞེས་གསུངས་སོ། ཁོང་ ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། ། སྲགས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་མདོ་ སྨད་ཡུལ་དུ་སྐུ་འཁྲུངས། ཁོང་གི་ཐོག་མའི་ལྟ་བ་ནི་ཅིག་ཅར་འཇུག་ པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་ རྟོག་གི་ལྟ་བ་་ཟིན་པ་ཞིག་ཡིན་ཡང། དེའུ་ཚྭའི་མཚོ་རྒྱུད་རྨ་ལུང་ རྡོ་རྗེའི་བྲག་དམ་ཚིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་ དགོངས་པ་རབ་གསལ་ ་ གྱི་མཚན་སྙན་གསན་ཏེ་ དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་ [1791] གསལ་ལས་འདུལ་བ་གསན་པས་སྔར་ཁོང་ཉིད་ཀྱི་ཅིག་ཅར་འཇུག་པའི་ སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོད་ཞིང་སེམས་འགྱོད་ནས་ཚུལ་བཞིན་ དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས་ཤིང་ འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བ་མཛད་པར་ཕྱག་ རྗེས་ཆེན་པོ་ཞིག་བཞག་ཡོད་པ་ཡིན། ཁོང་ནི་བླ་ཆེན་དགོངས་པ་རབ་ གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན་ནོ། ། སྐྲད་འཇམ་དབྱངས་ཆོས་འཕེལ།། ཁོང་ནི་ཞལ་སྔ་འཇམ་དབྱངས་ཆོས་འཕེལ་དང་མི་གཅིག་ཡིན་ པས་དེ་ལ་གཟིགས་པར་ཞུའོ། ། སྲི་དཀར་སང་ཤེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མཇུག་ཙམ་དུ་ སྤོམ་པོ་སྒང་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ གིས་འགེར་ཉག་རྟོགས་ལྡན་གྱི་ཞབས་ལ་གཏུགས་ནས་གདམས་ངག་ དང་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དེ་ནས་ཞྭ་དམར་བ་མཁའ་ སྤྱོད་དབང་པོ་ལ་རྩ་བའི་བླ་མར་གཟུང་ནས་མདོ་སྔགས་ཀྱི་བཤད་པ་ དང་དབང་ལུང་ཁྲིད་སོགས་མང་དུ་ཞུས་ཏེ་ཉམས་རྟོགས་བླ་ན་མེད་པ་ སྐྱེས། དུས་ཕྱིས་སུ་སྤོམ་པོ་སྒང་དུ་ས་སེར་དགོན་པ་གསར་འདེབས་ མཛད་ཅིང། སློབ་མའི་ཚོགས་པ་བསྐྱངས་ནས་འཆད་ཉན་གྱི་བྱ་བ་ རྒྱ་ཆེར་སྤེལ། དགེ་འདུན་སུམ་བརྒྱ་ཙམ་འདུས་པས་འཕྲིན་ལས་ཤིན་ ཏུ་རྒྱས་པར་གྱུར་རོ། ། སྲིང་མོ་སད་མ་དཀར།། [1792] ཁོང་མོ་ནི་སྤྱི་ལོ་་ལོའི་ཚུན་དུ་སྐུ་འཁྲུངས་ཤིང། རྒྱལ་ པོ་སྲོང་བཙན་སྒམ་པོའི་སྲིང་ལྕམ་ཡིན། དེ་ནས་ཞང་ཞུང་རྒྱལ་པོ་ལིག་ མི་རྒྱའི་བཙུན་མོར་གནང་སྟེ་ཁྱུང་ལུང་གི་ཕོ་བྲང་དུ་བཞུགས་ཀྱང་རྒྱལ་ པོ་ལིག་མི་རྒྱ་དང་ཡིད་མི་གཅུགས་པའི་དབང་གིས་གཅེན་པོ་སྲོང་ བཙན་སྒམ་པོ་ལ་གསང་འཕྲིན་དང་ཕྱག་རྟེན་གཡུ་རྙིང་ཧ་ཅང་ལེགས་ པ་སུམ་ཅུ་ཙམ་བསྐུར་ནས་ཞན་ཞུང་དུ་དཔུང་འཇུག་མཛད་རན་པའི་ གནས་ཚུལ་རྣམས་ཞུས་པ་ལྟར་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ཞང་ ཞུང་ལ་དཔུང་ཆེན་དྲངས་ཏེ་རྒྱལ་པོ་ལིག་མི་རྒྱ་བཏུལ་ནས་ཡུལ་ཁམས་ ཐམས་ཅད་བོད་ཀྱི་ཆབ་འབངས་སུ་བཀུགས་སོ། ། སྲིབ་ཀྱི་ལྷ་མོ།། ཁོང་མོ་ནི་སྲིད་ལྷ་སྔོན་མོ་དང་མིག་ཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ། ། སྲིབ་ཁྲི་བཙན་པོ།། ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་ པོ་གདགས་ཁྲི་བཙན་པོ་དང། ཡུམ་སྲིབ་ལྷ་སྔོན་མོ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། ཁོང་གི་སྐུ་གཤེན་ནི་གཅོའུ་ཞལ་དཀར་གྱིས་མཛད། གསས་ མཁར་ཁོ་མ་རུ་རིང་བཞེངས་ཤིང་བཙུན་མོ་ས་བཙུན་ཀླུ་རྗེ་ཁབ་ཏུ་ བཞེས་ཏེ་རིགས་སྲས་གྲི་གུམ་བཙན་པོ་སྐུ་འཁྲུངས། ཁོང་གི་བང་སོ་ གནམ་ལ་བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་བདུན་པ་ཡིན་ ནོ། ། སྲིབ་ལྷ་སྔོན་མོ།། [1793] ཁོང་མོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་སྲོབ་ ཡུལ་རལ་མོ་གོང་དུ་སྐུ་འཁྲུངས། རྒྱལ་པོ་གདགས་ཁྲི་བཙན་པོའི་ བཙུན་མོ་དང་རྒྱལ་པོ་སྲིབ་ཁྲི་བཙན་པོའི་མ་ཡུམ་ཡིན། ཁོང་མོའི་ མཚན་གཞན་ལ་ ཞེས་འཁོད་འདུག་ སྤུ་བ་རྡོར་ཇེ་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྲུ་ཡུལ་སྒང་པར་སྐུ་འཁྲུངས་པའི་གྲུབ་ཆེན་ཉིང་ཕུག་པ་ཆོས་ཀྱི་གྲགས་ པའི་སློབ་མ་ཡིན། ཁོང་དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་བསླབས་ པས་ལེགས་པར་མཁྱེན། དེ་ནས་གྲུབ་ཆེན་ཉིང་ཕུག་པ་ཆོས་ཀྱི་ གྲགས་པའི་མདུན་དུ་ཕེབས་ཤིང་དགེ་བསྙེན་ནས་དགེ་སློང་གི་བར་གྱི་ སྡོམ་པ་ཐམས་ཅད་མནོས། འདུལ་བ་མདོ་རྩ་སོགས་ལ་ལེགས་པར་ སྦྱངས་པས་མཁས་པར་གྱུར། དེ་ནས་མ་ཤིའི་བར་དུ་བསྙུང་གནས་ བྱེད་པར་ཞུས་པས་བླ་མ་ཤིན་ཏུ་དགྱེས་ཏེ་བྱང་སེམས་ཟླ་བ་རྒྱལ་མཚན་ གྱི་ཐུགས་དམ་ཤེལ་གྱི་སྤྱན་རས་གཟིགས་ཅིག་ཀྱང་གནང། དེར་ བསྙུང་གནས་བཅད་ཅིང་ལོ་ངོ་ལྔ་མཛད་པས་འཕགས་པའི་ཞལ་ གཟིགས། དེ་ནས་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་ བ་བསྐྱངས་ཤིང་འཆད་ཉན་དང་སྒོམ་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་ རིན་པོ་ཆེ་ཡང་ནས་ཡང་དུ་དར་བར་མཛད། ཁོང་སྐུ་གཤེགས་ཁར་ གདན་ས་ཞང་སྟོན་དགྲ་འཇིགས་ལ་གཏད། སྐུ་གཤེགས་རྗེས་གདུང་ སྦྱངས་པས་ཐུགས་རྗེ་ཆེན་པོའི་སྐུ་མང་དུ་བྱོན་ཞིང་རིང་བསྲེལ་ཡང་ [1794] མང་དུ་བྱོན་ནོ། ཁོང་ནི་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་ པའི་གདམས་རྒྱུན་འཛིན་མཁན་ཞིག་ཡིན་ནོ། ། སྲོང་ངེ།། ཁོང་ནི་བོད་ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ཞང་ ཞུང་དུ་ཡབ་མངའ་བདག་བཀྲ་ཤིས་ལྡེ་མགོན་གྱི་སྲས་སུ་སྐུ་འཁྲུངས་ རབ་བྱུང་དང་པོའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ཡས་མས་སུ་གར་ ལོག་རྒྱལ་པོའི་བཙོན་ཁང་དུ་སྐུ་གཤེགས། ཁོང་གི་མཚན་དངོས་ལ་ དྲང་སྲོང་ལྡེ་ཞེས་ཞུ་ཞིང། ཁོང་གིས་མངའ་རིས་གུ་གེ་བཟུང་ནས་ ཆབ་སྲིད་བསྐྱངས་ཏེ། རིགས་སྲས་ནཱ་ག་རཱ་ཛ་དང་དཧེ་ཝ་རཱ་ཛ་གཉིས་ རིམ་པར་སྐུ་འཁྲུངས། དགུང་ལོ་སུམ་ཅུ་ཐམ་པ་བོད་ལུགས་མེ་ཕོ་ སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་ བཞེངས་པ་དང། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཁྱེའུ་བློ་གྲོས་རྣོ་ བ་ཉེར་གཅིག་ཙམ་རྒྱ་གར་དུ་བཏང་ཞིང་མདོ་སྔགས་ཀྱི་བསྟན་བཅོས་ མང་པོ་བོད་ཡིག་ཏུ་བསྒྱུར་བཅུག་པ་དང། དགུང་ལོ་ལྔ་བཅུ་ཐམ་པ་ བོད་ལུགས་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་གུ་གེའི་སྲིད་དབང་ གཅུང་པོ་འཁོར་རེ་ལ་གཏད་ནས་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ བྱུང་བསྒྲུབ་ཤིང་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ་ཞིང་མངའ་རིས་ ནས་བསྟན་པ་ཕྱི་དར་དར་ཞིང་རྒྱས་པའི་ལོ་དུས་ཀྱི་ཐོག་མ་ཡིན་ ཁོང་གིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཀ་ར་ཝརྨ་སོགས་པཎྜི་ཏ་ལྔ་ ཙམ་གདན་དྲངས་པའི་ནང་ནས་དྷརྨ་པཱ་ལ་ལས་འདུལ་བའི་བཤད་པ་ ལག་ལེན་མཛད་པའི་སློབ་མའི་གཙོ་བོ་ས་རྡུ་པཱ་ལ་དང། གུ་ནཱ་པཱ་ [1795] ལ། པྲ་ཛྙ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་ལ་སོགས་པ་སློབ་མ་མང་དུ་བྱུང་ སྟེ། དེ་རྣམས་ལས་བརྒྱུད་པ་ལ་སྟོད་འདུལ་དུ་གགས་སོ། གཞན་ ཡང་ཁོང་གིས་རྒྱ་བརྩོན་འགྲུས་སེང་གེ་སོགས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ ཤ་གདན་དྲངས་པར་མངགས་ཀྱང་ཐུགས་འདུན་ལྟར་མ་གྲུབ་ནས་ གར་ལོག་དང་འཐབ་སྟེ་དམག་ཐོག་ནས་བརྩོན་དུ་བཟུང་ཡང་བོད་ཀྱི་ བསྟན་སྲིད་གཉིས་ཀའི་དོན་དུ་བར་ལོག་ལ་མགོ་འབུལ་མ་མཛད་ནས་ རང་སྲོག་བློས་བཏང་བ་ཡིན། དེ་ཡང་དབོན་པོ་བྱང་ཆུབ་འོད་ཀྱིས་ གར་ལོག་གིས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བླུ་ཡོན་ལ་གསེར་ཞུན་ཁོང་གི་སྐུ་ ལུས་ཀྱི་ལྗིད་ཚད་ཙམ་ཞིག་དགོས་ཞེས་པའི་རེ་འདུན་ལྟར་མངའ་རིས་ ནས་གསེར་མང་པོ་ཞིག་བསྡུས་ཀྱང་དབུའི་ལྗིད་ཚད་ཙམ་ཞིག་མ་ འདང་བའི་སྐབས་དེར་གར་ལོག་ཏུ་ཕྱིན་ཏེ་ལྷ་བླ་མ་ཡེ་ཤེས་འོད་ལ་དེ་ ལྟར་ཞུ་སྐབས་ཁོང་གིས་ད་ང་རྒས་པས་སུ་ལ་ཡང་ཕན་མི་ཐོགས་པས་ གསེར་གང་རྙེད་པ་དེ་རྣམས་བསྐུར་ཏེ་རྒྱ་གར་ནས་ཇོ་བོ་རྗེ་དང་ པཎྜི་ཏ་མཁས་པ་མང་པོ་བོད་དུ་སྤྱན་དྲོངས། ། དགུང་ལོ་བདུན་ཅུ་ཡས་མས་གར་ལོག་ཏུ་སྐུ་གཤེགས་སོ། ། སྲོང་བཙན་སྒམ་པོ།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་ཡབ་རྒྱལ་ པོ་གནམ་རི་སྲོང་བཙན་དང། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་ དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་མ་ཚུགས་གོང་གི་ ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ལོ་ཚིགས་འདི་ནི་ [1796] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལྟ་བ་ཡིན། ཁོང་དགུང་ལོ་ བཅུ་གསུམ་པ་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ས་འཛིན་ཏེ་ཡར་ གླུང་ནས་དམར་པོ་རི་ལ་ཕོ་བྲང་སྤོས་ཤིང་བཙུན་མོ་མོང་བཟའ་ཁྲི་ ལྕམ་ཁབ་ཏུ་བཞེས་ཏེ་རིགས་སྲས་གུང་རི་གུང་བཙན་སྐུ་འཁྲུངས། ད་ དུང་བཙུན་མོ་ཆུང་བ་ཞང་ཞུང་བཟའ་ལི་ཐིག་སྨན་དང། མི་ཉག་ རུ་ཡོང་བཟའ་རྒྱལ་མོ་བཙུན། བལ་བྯཱ་ཁྲི་བཙུན། རྒྱ་བཟའ་ ཀོང་ཇོ་བཅས་ཁབ་ཏུ་བཞེས་ཀྱང་རིགས་སྲས་མ་འཁྲུངས། དེ་ནས་ཕྱི་ ནང་བར་གསུམ་གྱི་བློན་པོ་རྣམས་བསྐོ་བཞག་མཛད་ཅིང་མཐའ་བཞིའི་ རྒྱལ་ཕྲན་དབང་དུ་བསྡུས་ཏེ་བོད་ཁམས་གཅིག་འགྱུར་བཟོས་པ་དང་ བོད་ཀྱི་ཆབ་སྲིད་གཏན་ཆགས་སུ་ཡོང་བའི་ཆེད་དུ་སྲིད་གཞུང་གི་ སྒྲིག་གཞི་དང་ལས་རིགས་སོ་སོའི་ཁྲིམས་ཡིག་གཏན་འབེབས་མཛད་པ་ དང། སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་ནས་གཙུག་ལག་ཁང་ བཞེངས་ཏེ་བོད་ཡིག་གཅིག་འགྱུར་བཟོས་ནས་བརྡ་སྤྲོད་གཞུང་ལུགས་ ཚད་ལྡན་ཅན་དུ་གཏན་འཁེལ་མཛད། བོད་ཀྱི་ཆབ་སྲིད་མཐའ་ བཞིར་བཀྱེད་ནས་དཔལ་འབྱོར་རིག་གནས་སྤེལ་རེས་མཛད་པ་དང་ ལྷག་པར་དུ་བལ་ཡུལ་དང་ཐང་རྒྱལ་རབས་གཉིས་ལ་འབྲེལ་བ་དམ་པོ་ བཙུགས་ནས་བལ་བཟའ་དང་རྒྱ་བཟའ་ཁབ་ཏུ་བཞེས་ཏེ་ཇོ་ཤཱཀྱ་རྣམ་ གཉིས་གདན་འདྲེན་ཞུས། དེ་ལྟར་མཛད་འཕྲིན་སྤེལ་ནས་ལོ་ངོ་ཉེར་ གཉིས་ཀྱི་རིང་དུ་ཆབ་སྲིད་བསྐྱངས་ཤིང་དགུང་ལོ་སུམ་ཅུ་སོ་བཞི་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་བང་སོ་ནི་ཡར་ ལུང་འཕྱོངས་རྒྱས་སུ་བརྩིགས། ཁོང་ནི་འཛམ་གླིང་སྟེང་དུ་སྐད་ [1797] གྲགས་ཡོད་པའི་ཆབ་སྲིད་པ་ཞིག་ཡིན་ནོ། ། སྲོན་པ་ཀུན་དགའ་རྒྱལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་ དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་འགྲོ་མགོན་ ཆོས་རྒྱལ་འཕགས་པ་ ་ ལས་རབ་ཏུ་བྱུང་ཞིང་ ཆོས་མང་དུ་ཞུས། དུས་ཕྱིས་སུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ཀྱི་ཞབས་ལ་གཏུགས་ནས་ཁྲིད་རྣམས་ཞུས་པས་ཉམས་རྟོགས་ཁྱད་པར་ ཅན་རྒྱུད་ལ་འཁྲུངས། སྤྱན་རས་གཟིགས་དང་ཤ་བ་རི་དབང་ཕྱུག་ ཀྱང་མཇལ་ཏེ། གདམས་ངག་ཀྱང་ཐུན་མོང་མ་ཡིན་པའི་སྲོན་ལུགས་ ཞེས་པ་མཛད་ནས་གཞན་དོན་ཕུན་སུམ་ཚོགས་པ་བསྐྱངས། ཁོང་གི་ སློབ་མ་གྲགས་ཆེ་བ་ནི་སྲོན་པ་ཆོས་དཔལ་དང་དཔལ་ལྡན་བླ་མ་ཡིན་ ནོ། ། སླེ་ལུང་བློ་བཟང་འཕྲིན་ལས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོར་ཡབ་ཀུན་དགའ་རྒྱལ་པོ་ དང། ཡུམ་རྒྱས་ཕུར་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རྒྱལ་བ་ཚངས་ དབྱངས་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་བསྟན་པ་ གྲུབ་པའི་རྒྱལ་མཚན་ཞེས་གནང། དགུང་ལོ་བཅུ་གསུམ་པར་ཆོས་ འཁོར་རྒྱལ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་མཇལ་ཞིང་བཀའ་ ཆོས་གང་འདོད་དུ་བྱུང་བས་ཤིན་ཏུ་བསྐལ་བཟང་ཐོབ། དགུང་ལོ་ [1798] བཅུ་བཞི་པར་གཙང་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་ བཟང་པོའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ མཚན་ལ་བློ་བཟང་འཕྲིན་ལས་ཞེས་གསོལ། ལོ་དེར་འོན་མངའ་རིས་ གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཆོས་རྗེ་ངག་དབང་ཆོས་གྲགས་ལ་ བསྟེན་ཏེ་བསྡུས་གཞུང་ལ་སོགས་པའི་གཞུང་ཆེན་རྣམས་ལ་སློབ་གཉེར་ མཛད། དགུང་ལོ་ཉི་ཤུ་ཐམ་པར་མཁན་པོ་ཡེ་ཤེས་རྒྱ་མཚོ་ལས་ བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་བཞི་བཅུ་ཞེ་གཅིག་པར་ལྷ་ ས་ནས་སླེ་ལུང་རྣམ་གྲོལ་གླིང་དུ་ཕེབས་ཏེ་འདུས་སྡེ་གསར་འཛུགས་ཀྱི་ རྟེན་འབྲེལ་མཛད་སྒོ་གནང། ཞོགས་དོན་ཡོད་མཁས་གྲུབ་དང་ ཕུར་ལྕོག་ངག་དབང་བྱམས་པ་སོགས་མཁས་གྲུབ་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད། དེ་ནས་སོག་པོ་ཇུན་གར་དམག་གིས་དུས་ཟིན་བསླངས་བར་ རྟེན་འོལ་དགའ་ས་ཁུལ་ཁག་ཏུ་བྲོས་བྱོལ་གྱི་ཚུལ་དུ་ཕེབས་ཏེ་བཞུགས་ བླར་གྱུར་ནས་ང་ཕོད་རྡོར་ཇེ་རྒྱལ་པོ་དང། ལུམ་པ་བཀྲ་ཤིས་རྒྱལ་པོ་ སྦྱར་ར་བློ་གྲོས་རྒྱལ་པོ་གསུམ་གྱི་དོན་གནད་སྐོར་རྩེར་རྒྱལ་བ་བསྐལ་ བཟང་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ཏེ་ཕོ་ལྷ་མི་དབང་མཆོག་གི་མགྲིན་ ཚབ་པ་གནང། སྐུ་ཚེ་སྨད་ཀྱི་རྣམ་ཐར་མཇལ་བའི་བསྐལ་བ་མ་ལྡན་ པས་ཤིན་ཏུ་ཕངས་སོ། བླ་མ་གཞན་དག་ཁག་གི་རྣམ་ཐར་ལྟར་ན་ ཁོང་དགུང་ལོ་ལྔ་བཅུ་རྩ་གྲངས་བཞུགས་པར་མངོན་འདུག་ཁོང་གི་ མཚན་གཞན་ལ་འོལ་དགའ་བློ་བཟང་འཕྲིན་ལས་ཞུ། ཁོང་གི་གསུང་ [1799] རྩོམ་ནི་རྣམ་ཐར་དང། སྒྲུབ་ཐབས། གསོལ་འདེབས་བཅས་ཆོས་ཚན་ སུམ་བརྒྱ་དྲུག་ཅུ་རེ་ལྔ་ལོངས་པའི་པོ་ཏི་བརྒྱད་བཞུགས་སོ། ། སློབ་དཔོན་ཀུན་དགའ་དབང་ཕྱུག་ ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ས་སྐྱར་ཡབ་གུ་ཤྲཱི་བློ་གྲོས་རྒྱལ་མཚན་དང། ཡུམ་མ་གཅིག་རྒྱལ་ མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་ཕོ་རྟ་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་ཡབ་ མེས་ཀྱི་བཀའ་ཆོས་དང་མདོ་སྔགས་རིག་ངས་དང་བཅས་པར་སྦྱངས་ པ་དཔྱིས་ཕྱིན་པར་མཛད་ཅིང་གཞི་ཐོག་བླ་བྲང་གི་གདན་སར་ཕེབས་ པ་དཔྱིས་ཕྱིན་པར་མཛད་ཅིང་གཞི་ཐོག་བླ་བྲང་གི་གདན་སར་ཕེབས་ ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། རྒྱལ་མཁར་རྩེ་ པས་ཞབས་ཏོག་ལེགས་པར་མྫདེ་དེ་གདན་སའི་མངའ་ཐང་ཤིན་ཏུ་ དར་བར་གྱུར། སྒྲུབ་པ་ཉམས་ལེན་ལ་རྟག་ཏུ་གཞོལ་བས་ཐུགས་ དམ་ཤིན་ཏུ་འཕེལ་ཞིང་མཐུ་དང་ནུས་པའི་མངའ་བདག་ཏུ་གྱུར་པས་ ཁའུ་སྐྱེས་ལྷས་ཀྱི་མགོན་ཁང་གི་ཞིག་གསོས་སུས་ཀྱང་མ་ནུས་པ་དེ་ ཉིད་ཀྱིས་མཛད་དེ་གྲུབ་རྟགས་ཐོགས་མེད་དུ་སྟོན་ཐུབ་པའི་གྲུབ་ཆེན་ ཞིག་ཡིན། ཁོང་ལ་རིགས་སྲས་མ་འཁྲུངས། དགུང་ལོ་ཞེ་ལྔ་པར་ དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ས་སྐྱའི་གཞི་ཐོག་བླ་ བྲང་གི་གདན་རབས་བཞི་པ་ཡིན་ནོ། ། སློབ་དཔོན་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུད་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཞ་ལུ་བསོད་ནམས་རྒྱལ་མཚན་དང། ཡུམ་མ་གཅིག་ [1800] ཀུན་དགའ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་ པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན་ནས་འདོན་ ཆོས་རྣམས་ལ་བྱང་བར་མཛད། བདག་ཆེན་བློ་གྲོས་རྒྱལ་མཚན་ སོགས་ལ་བསྟེན་ནས་ཡབ་མེས་ཀྱི་བཀའ་ཆོས་དང་མདོ་སྔགས་བསྟན་ བཅོས་ཀུན་གྱི་སྙིང་བཅུད་ཐམས་ཅད་གསན་ནས་མཁས་གྲུབ་ཆེན་ པོར་གྱུར། དེ་ནས་ཁམས་ཕྱོགས་སུ་ཕེབས་ཏེ་བདག་ཆེན་ཤེས་རབ་ མཚན་དང། བདག་ཆེན་བློ་གྲོས་རྒྱལ་མཚན་གཉིས་ཀྱིས་ཆོས་འཁོར་ བསྐོར་བ་ལྟར་གདུལ་བྱ་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡུན་ རིང་བཞུགས་པས་ཕྱག་རྫས་ཀྱང་མང་དུ་འབྱོར་བ་རྣམས་གདན་ས་ ཆེན་པོར་བསྣམས་ཏེ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེ་ལྟར་ བསྟན་པ་དང་སེམས་ཅན་གྱི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ཞེ་ གཉིས་པར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་ནི་ས་སྐྱའི་ རིན་ཆེན་སྒང་བླ་བྲང་གི་གདན་རབས་བཞི་པ་ཡིན། འདིའི་མཚམས་ ནས་ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདུང་རབས་རྫོགས་པ་ཡིན་ ནོ། ། སློབ་དཔོན་གྲགས་པ་བློ་གྲོས།། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ ཆུ་མིག་ཏུ་ཡབ་ཏཱ་དབེན་ཀུན་དགའ་རིན་ཆེན་དང། ཡུམ་མ་གཅིག་ དགེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ [1801] ནས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང། བླ་མ་ མཉམ་མེད་པ་གཉིས་ལས་རབ་ཏུ་བྱུང་ཞིང་ཡབ་མེས་ཀྱི་ཆོས་ལ་ཐོས་ བསམ་ལེགས་པར་མཛད་པས་གདམས་ངག་ཐམས་ཅད་ཐུགས་སུ་ ཆུད། མདོ་རྒྱུད་ཀྱི་བསྟན་བཅོས་རྣམས་ལ་ཡང་སྦྱངས་པ་དཔྱིས་ཕྱིན་ པར་མཛད་ནས་མཁས་པ་ཆེན་པོར་གྱུར། དེ་ནས་ཤབ་སྨད་དང་ཆུ་ མིག་སོགས་སུ་བཞུགས་ཏེ་འཆད་ཉན་གཙོ་བོར་མཛད། སྟོབས་དང་ རྫུ་འཕྲུལ་མངའ་བས་ཆོས་སྐྱོང་སྲུང་མ་བྲན་དུ་བཀོལ་ནས་བསྟན་པ་ དང་སེམས་ཅན་གྱི་དོན་ཆེན་བསྒྲུབས་པའི་གྲོགས་སུ་གྱུར། སློབ་ མའི་ཚོགས་ཀྱང་དུ་མར་བསྐྲུན་ཏེ་སོ་སོས་བཤད་སྒྲུབ་ཀྱིས་འཛིན་སྐྱོང་ སྦེལ་གསུམ་གྱི་སྒོ་ནས་བསྟན་པ་དར་བར་མཛད། དགུང་ལོ་བརྒྱད་ཅུ་ ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྟག་ཚང་ལོ་ཙཱ་བ་ཤེས་ རབ་རིན་ཆེན་གྱིས་དགུང་ལོ་དོན་གཅིག་ལས་མ་བཞུགས་ཞེས་གསུངས་ སོ།། སློབ་དཔོན་རྣམ་རྒྱལ་མཛེས།། ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་ ལྕམ་མོ་སངས་རྒྱས་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་ མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ནི་རབ་བྱུང་བཞི་ པའི་ཆུ་ཕོ་ལོ་སྟེ་སྤྱི་ལོ་་ལོར་ཟ་ལུང་དགོན་པའི་གདན་སར་ ཕེབས་ཏེ་ལོ་ངོ་བཅོ་ལྔའི་རིང་དུ་གདན་སའི་ཚོགས་པ་བསྐྱངས་ཤིང་ འཆད་ཉན་དང་སྒོམ་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པ་མཛད་དོ་ དགུང་ལོ་བཞི་བཅུ་ཞེ་ལྔ་པར་དགོངས་པ་ཆོས་དབྱངས་སུ་འཐིམས་སོ་ [1802] ཁོང་ནི་ཟ་ལུང་དགོན་པའི་གདན་རབས་བཞི་པ་ཡིན། ། སློབ་དཔོན་བྱང་ཆུབ་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་ སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་མཉམ་ མེད་ཤཱཀྱ་ཡེ་ཤེས་སྐུ་གཤེགས་རྗེས། རབ་བྱུང་བཞི་པའི་ས་ཕོ་འབྲུག་ ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་སར་བསྐོས། ལོ་ངོ་ གསུམ་གྱི་རིང་ལ་གདན་སར་བཞུགས། དེ་ནས་བསླབ་པ་མ་ཐུབ་སྟེ་ ཚུལ་ཁྲིམས་མ་སྲུང་བར་སྐྱ་སར་བབས་ཏེ་གདན་ས་ལྷ་ཕྱུག་མཁར་པ་ལ་ གཏད། ཁོང་ནི་ཚལ་གུང་ཐང་གི་བླ་རབས་གསུམ་པ་ཡིན། ། སློབ་དཔོན་ཡེ་ཤེས་འབྱུང་ནས།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ལྡན་ས་སྐྱའི་བསམ་གླིང་དུ་ཡབ་ཟངས་ཚ་བསོད་ནམས་རྒྱལ་ མཚན་དང་ཡུམ་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བཙུན་མོ་ལྔ་ པའི་ཉེ་གནས་མ་རྡོ་རྗེ་གདན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ལྗང་ཡུལ་དུ་སྐུ་གཤེགས་ ཞེས་གཙང་བྱམས་པའི་གདུང་རབས་ལས་གསུངས། བླ་མ་དམ་པའི་ དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་སོགས་ལས་ཀྱང་ དེ་ལྟར་གསུངས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་ པའི་གདུང་རབས་ལས་དགུང་ལོ་སོ་དྲུག་པར་མདོ་ཁམས་སེར་སྣར་སྐུ་གཤེགས་གསུངས་པས་དཔྱད་དགོས། ཁོང་སྐུ་གཞོན་ནུའི་དུས་ནས་ ཤར་པ་ཤེས་རབ་འབྱུང་གནས་དང། ཤར་པ་རྡོ་རྗེ་འོད་ཟེར་གཉིས་ [1803] ཀྱི་དྲུང་དུ་དམ་པའི་ཆོས་ལ་སློབ་གཉེར་ལེགས་པར་མཛད། ཁོང་གི་ བཞུགས་གནས་ཀྱང་དཔོན་ཆེན་ཤའྐྱ་བཟང་པོས་ཤར་གླིང་བཞེངས་ ཁམས་ཕྱོགས་སུ་འགྲོ་དོན་ཡོད་པ་དགོངས་ནས་ཕེབས་པས་རྒྱལ་པོ་ཧུ་ དཀར་ཆེ་ཞེས་བྱ་བའི་བླ་མཆོད་སོགས་མཛད་ནས་བསྟན་འགྲོའི་བྱ་བ་ མང་པོར་བསྒྲུབས་ནས་ཕྱོགས་དེར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ ནོ། ཁོང་ནི་ཡོངས་སུ་གྲགས་པའི་ས་སྐྱའི་གདུང་བརྒྱུད་སྦེལ་པའི་ བདག་པོ་མིན་ཀྱང་དྷརྨ་པ་ལ་རཀཤི་ཏའི་རིགས་སྲས་རནྟ་བྷ་དྲ་དགུང་ལོ་ ལྔའི་སྟེང་ནས་སྐུ་གཤེགས་པའི་རྐྱེན་གྱིས་གདུང་བརྒྱུད་མེད་པ་ལྟ་བུར་ གྱུར་པའི་སྐབས་སུ་ས་སྐྱའི་གདུང་བརྒྱུད་སྦེལ་པའི་བདག་པོར་མངའ་ གསོལ་བ་ལས་བདག་ཉིད་ཆེན་པོ་བཟང་པོ་དཔལ་འཁྲུངས་སོ། ། སློབ་དཔོན་རིན་ཆེན་རྒྱལ་མཚན།། ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱའི་གདན་ས་ཆེར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ ཡུམ་ཟངས་ཚ་བསོད་དམས་རྒྱལ་མཚན་གྱི་བཙུན་མོ་གཉིས་པ་མ་ གཅིག་ཇོ་འགྲོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་མེ་ཏོག་ར་བར་སྐུ་གཤེགས། སྐུ་གཞོན་ ནུའི་དུས་ནས་ཆོས་རྗེ་ཁུ་དབོན་དང། བླ་མ་འུ་ཡུག་པའི་དྲུང་དུ་ སློབ་གཉེར་མཛད་དེ། རྒྱུད་ཀྱི་མན་ངག་དུ་མ་མཁྱེན། ཁོང་གིས་མཛད་པའི་གསང་སྔགས་ཀྱི་དཀྱིལ་ཆོག་དང། གཞན་ཡང་རྩོམ་པ་ ཅི་རིགས་པ་མཛད་དེ་འཆད་ཉན་ལ་སོགས་པས་བསྟན་པའི་བྱ་བ་དུ་མ་ མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཆེ་པོ་ཧོར་གྱི་ཡུལ་ རྒྱལ་ [1804] པོའི་ཕོ་བྲང་ དུ་ཕེབས་དུས་ས་སྐྱའི་གདན་ས་ཡང་ལོ་འགར་བསྐྱངས་ མཛད། དེ་ནས་གནམ་བསྐོས་གོང་མ་སེ་ཆེན་རྒྱལ་པོའི་ཕོ་བྲང་ཆེན་ མོར་ཕེབས་ནས་དབུ་བླ་སྟེ་ཏཱི་ཤྲཱིའི་གོ་ས་ལོ་ངོ་བརྒྱད་ཙམ་བཟུང་བ་ མཛད། རྒྱལ་པོའི་ཕོ་བྲང་དང་ཉེ་བར་དགེ་འདུན་གྱི་སྡེ་བཙུགས་པ་ ལ་སོགས་པ་བསྟན་འགྲོའི་བྱ་བ་རླབས་པོ་ཆེ་དུ་མ་མཛད། ཁོང་ནི་ གནམ་བསྐོས་གོང་མ་ཆེན་པོ་སེ་ཆེན་རྒྱལ་པོའི་ཏཱི་ཤྲཱི་གཉིས་པ་ཡིན་ གཞན་ཡང་ཁ་ཅིག་ལས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུས་ གཙང་ལ་ཕེབས་སྐབས་རྒྱ་ནག་ཤིང་ཀུན་དང་རྒྱལ་སའི་མེ་ཏོག་ར་བའི་ གདན་ས་ལ་སློབ་དཔོན་རིན་ཆེན་རྒྱལ་མཚན་བཀོད། སྐུ་གཤེགས་ས་ ཡང་ཤིང་ཀུན་ཏུ་གཤེགས་ཞེས་བཤད་པས་དཔྱད་པར་ བྱའོ།། སློབ་དཔོན་ཤའྐྱ་རྒྱལ་པོ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་རབ་ཏུ་བྱུང་བ་ དང། དགུང་ལོ་བགྲེས་པའི་སྐབས་སུ་བསྙེན་པར་རྫོགས་པ་མཛད་ མངོན་པ་དང། མཛོད། འདུལ་བ་བཅས་ལ་ལེགས་པར་བསླབས་ ཤིང་སྐྱོར་མོ་ལུང་སོགས་སུ་གྲྭ་སྐོར་ཡང་མཛད། སྒྲུབ་པ་ཉམས་ ལེན་མཛད་པས་ཐུགས་དམ་ཡང་ཤིན་ཏུ་འཕེལ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་ལྗང་གི་བཀྲ་ཤིས་དགོན་པར་སྦྱན་དྲངས་ཤིང། དབང་ དང་བྱིན་རླབས་རྒྱས་པ་དང། འོལ་ཇོ་སྲས་ཀྱིས་མཛད་པའི་ཁྲིད་ [1805] ཡིག་གི་སྟེང་ནས་རྡོ་རྗེ་ཟམ་པའི་ཁྲིད། སློབ་དཔོན་ཀུན་བཟང་གིས་ མཛད་པའི་རྣམ་བཤད་ཆེ་བ་ལ་སོགས་པའི་ཆོས་ཕྲན་དྲུག་ཅུ་རྩ་བརྒྱད་ ཙམ་གནང་བར་མཛད། ཁོང་ཐུགས་དམ་རྒྱུན་ཆགས་ཡིན་པས་སྨན་ བླའི་རྗེས་གནང་དང། རྫོགས་ཆེན་གསང་སྐོར་གྱི་ཁྲིད་དང་དཔེ་ བཅས་པ་ཡང་གནང། དེ་ནས་སྦྱན་མི་གསལ་བ་གྱུར་ཡང་གཞན་ གྱིས་བཀླགས་པའི་རྗེས་སུ་བརྗོད་དེ་གདམས་ངག་ཚར་མང་དུ་གནང་ བར་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ དགུ་བཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་རྡོ་རྗེ་ཟམ་པའི་གདམས་ངག་ལ་ངང་བྱན་ཚུད་པའི་གསང་སྔགས་ རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན། ། སློབ་དཔོན་བསོད་ནམས་བཀྲ་ཤིས།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ས་སྐྱར་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང། ཡུམ་མ་གཅིག་དཔལ་ ལྡན་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ལྷ་རྩེར་སྐུ་གཤེགས། དགུང་ལོ་ ཆུང་ངུའི་དུས་ནས་ཏཱ་དབེན་ཀུན་དགའ་རིན་ཆེན་དང། ས་བཟང་ མ་ཏི་པཎ་ཆེན་གཉིས་ལས་རབ་བྱུང་ཞུས། བླ་མ་དམ་པ་བསོད་ནམས་ རྒྱལ་མཚན་སོགས་ལ་བསྟེན་ནས་ཡབ་མེས་ཀྱི་ཆོས་རྣམས་ལ་སྦྱངས་པ་ རྒྱ་ཆེན་པོ་དང། ཁྱད་པར་དུ་ཚད་མ་རིག་པའི་གཞུང་ལུགས་ཀྱི་གཙོ་ པོ་དཔལ་ལྡན་ཆོས་གྲགས་ཀྱི་རྣམ་འགྲེལ་ལ་མཁས་པའི་ཕུལ་དུ་ཕྱིན་ པར་སྦྱངས་ནས་ཚོགས་ཆེན་པོར་ཚོགས་ཆོས་མང་དུ་གསུངས་ཏེ་འཆད་ [1806] ཉན་སོགས་བསྟན་པའི་བྱ་བ་རྒྱ་ཆེན་མཛད་པར་བརྟེན་ཏཱ་མིང་གོང་མ་ ཆེན་པོས་ཀྱང་ལུང་མཚན་དམ་ཁ་དང་བཅས་པ་གནང། བོད་དུ་ ཆེ་བར་གྲགས་ཤིང་ངོ་མཚར་བའི་རྒྱང་གི་འབུམ་མོ་ཆེ་བཞེངས་པ་ སོགས་མཛད་ནས། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་ལྷ་ཁང་བླ་བྲང་གི་གདུང་རབས་ གསུམ་པ་ཡིན་ནོ། ། སློབ་དཔོན་བསོད་ནམས་རྩེ་མོ།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང། ཡུམ་མ་ གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་གར་མ་ག་དཧར་སྐུ་གཤེགས་ དགུང་ལོ་གསུམ་པར་འཇམ་དབྱངས་དང། ཀྱེ་རྡོར། སྒྲོལ་མ་ མི་གཡོ་བ་རྣམས་ཀྱིས་ཞལ་གཟིགས་ཤིང་རྒྱུ་གསུམ། བདེ་མཆོག་རྩ་ རྒྱུད། ཀུན་བཏུས་བཅས་ཐུགས་ལས་གསུངས་པ་གྲགས། ཡབ་ཀྱི་ དྲུང་ནས་ཕ་ཆོས་དཀར་པོ་ལེགས་པར་གསན། དགུང་ལོ་བཅུ་བདུན་ པར་གདན་ས་གཅུང་པོ་གྲགས་པ་རྒྱལ་མཚན་དགུང་ལོ་བཅུ་གསུམ་ བཞེས་པར་གཏད་ནས་དབུས་ཕྱོགས་སུ་བྱོན། གསང་ཕུ་ནེའུ་ཐོག་ཏུ་ ཆ་པ་ ཕྱྭ་པ་ ཆོས་ཀྱི་སེང་གེ་ལས་ལོ་བཅུ་གཅིག་པར་དུ་བཞུགས་ཏེ་ ཚད་མ་རིག་པ་སོགས་ལ་སློབ་གཉེར་མཛད། མཁས་པའི་གྲགས་པ་ ཐོབ་སྟེ་ཇོ་སྲས་བཞིའི་ཡ་གྱལ་འཁོན་ཇོ་སྲས་རྩེ་མོ་ཞེས་ཡོང་སུ་ གྲགས། དགུང་ལོ་ཉེར་དྲུག་པར་ [1807] བསྟན་བཅོས་མཛད། དགུང་ལོ་ཉེར་བདུན་པར་འཛམ་བུ་གླིང་གི་བསྟན་པའི་སྲོག་ཤིང་ཆེན་པོ་ཡིན་ནོ་ཞེས་པའི་མཚན་ས་་ཐོབ་ དགུང་ལོ་ཉེར་བརྒྱད་པར་གཟིམ་ཁང་རྙིང་མར་ལམ་འབྲས་གསུངས་ པའི་སྐབས་སུ་སློབ་མ་རྣམས་ཀྱི་སྣང་ངོ་ལ་མི་ཡི་འདུ་ཤེས་ནུབ་ནས་ འཇམ་དབྱངས་དང་སྦྱན་རས་གཟིགས་ཀྱི་སྐུ་དངོས་སུ་མཇལ་བར་ གྲགས་སོ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གྱིས་དུས་འདའ་བར་ མཛད། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་གཉིས་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང། ཞུ་ བྱས་དངོས་གྲུབ། རྨོག་སྟོན་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ བསྡུས་དོན། ས་ཆེན་ལ་བསྟོད་པ། ། གསུང་རབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་སྦྲེལ་ལོ་སྟེ་སྤྱི་ལོ་་ ལོར་མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་གི་མངའ་ཁོངས་རི་བོ་དན་ཏིག་ གི་ཉེ་འཁོར་བ་ཡན་སྟག་ཚང་སྡེ་བའི་སྒ་གཡག་རི་ཚང་ཟེར་བ་གསང་ སྔགས་རྙིང་མའི་ཁྱིམ་གཞིས་ཆེན་པོ་ཞིག་གི་ནང་དུ་ཡབ་སྐལ་རྡོའམ་ པད་མ་བཀྲ་ཤིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ཟི་ལིང་མཁར་དུ་སྐུ་གཤེགས། ཁོང་ དགུང་ལོ་བདུན་གྱི་དུས་སུ་བ་ཡན་གཡུ་ཚ་དགོན་དུ་ཞུགས་ནས་དཔེ་ ཆར་སྦྱངས་པ་བྱས། ལོ་གཉིས་ཀྱི་རྗེས་སུ་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་ [1808] སུ་གྲྭ་སར་ཞུགས། དེ་ནས་བཟུང་སྟེ་གཞུང་བཀའ་པོད་ལྔ་ལ་སྦྱངས་ པ་དཔྱིས་ཕྱིན་པ་བྱས་སྟབས་དགུང་ལོ་ཞེ་གཉིས་ཀྱི་སྟེང་ནས་དགེ་བའི་ བཤེས་གཉེན་གྱི་ཐོབ་ཐང་བཞེས་སོ། དེའི་ཕྱི་ལོར་མ་པུ་ཕང་གིས་ གདན་འདྲེན་ཞུས་པ་ལྟར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བོད་ ཡིག་འབྲི་མཁན་གྱི་དྲུང་ཡིག་དང་མ་པུ་ཧྥང་གི་བུའི་བོད་ཡིག་གི་དགེ་ རྒན་གྱི་ལས་འགན་བཞེས་སོ། ཁོང་་ལོར་གསར་བརྗེའི་བྱ་ བར་ཞུགས་རྗེས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དམག་དོན་དོ་དམ་ཨུ་ ཡོན་ལྷན་ཁང་རྩོམ་བསྒྱུར་ཁང་གི་ཁའོ་ཀྲང་གཞོན་པའམ་ནུབ་བྱང་ རིག་སློབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་སློབ་གསོ་ཐིན་གྱི་ ཐིན་ཀྲང། ཞིང་ཆེན་རྩོམ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་ པ་དང་པོ། ཀྲུང་གོ་གློག་བརྙན་གྱི་བྱ་བ་བྱེད་མཁན་གྲོས་ཚོགས་ལི་དྲི་ ཚོགས་པའི་ལེ་ཧྲི། མཚོ་སྔོན་ཞིང་ཆེན་སྐབས་དང་པོ་དང་སྐབས་ གཉིས་པའི་མི་དམྒྣྶ་འཐུས་མི་ཐོགས་ཆེན་གྱི་འཐུས་མི། ཞིང་ཆེན་ མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་ གཉིས་པ། བཞི་བ། ལྔ་བྶཱི་ཨུ་ཡོན།ཞིང་ཆེན་ནང་བསྟན་བཐུན་ ཚོགས་ཀྱི་རྒྱུན་ལས་ལི་དྲི། ཞིང་ཆེན་སྲིད་གོས་སྐབས་གསུམ་པའི་ཨུ་ ཡོན་དང་སྐབས་བཞི་བའི་ཀྲུའི་ཞི་གཞོན་པ་བཅས་ཀྱི་འགན་ཁུར་ བཞེས་མྱངས། ཁོང་གི་བརྩམས་ཆོས་ནི། དང། རྩི་ཐིགས་པ། ཡིག། ཁོང་ནི་མི་རིགས་དང་ [1809] མེས་རྒྱལ་ལ་གཅེས་པའི་སློབ་གསོ་བ་ཞིག་རེད། ། གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་ ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་ལྷ་ས་གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡབ་ གཞིས་གཡུ་ཐོག་པའི་སྲས་སུ་སྐུ་འཁྲུངས། རབ་འབྱུང་བཅོ་ལྔ་པའི་ས་ ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མཚན་ ལ་ཡེ་ཤེས་འབར་ཞེས་ཞུའོ། དགུང་ལོ་བཅུ་པར་དགའ་ལྡན་ཁྲི་ཆེན་ ངག་དབང་ནོར་བུར་བསྟེན་ནས་སློབ་གཉེར་མཛད་ཅིང་དགའ་ལྡན་ བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་བོད་ལྔ་ལ་ གསན་སྦྱོང་མཛད། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ དང། ཡོངས་འཛིན་བློ་བཟང་བསྟན་འཛིན། རོང་པོ་དགེ་འདུན་རྒྱ་ མཚོ། བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་དུ་ བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། དགུང་ལོ་ཉེར་ བཞི་པར་ལྷ་རམས་པའི་དམ་བཅའ་མཛད། དེ་ནས་ཁྲི་ཆེན་ངག་ དབང་ནོར་བུས་བཀའ་ལྟར་རིག་མ་འཛིན་ཡང་སྐྱེ་བོ་མང་པོས་འཕྱ་ སྨོད་སྣ་ཚོགས་པར་བརྟེན་ཆོས་རྣམ་དག་ཅིག་བྱ་རྒྱུའི་མཐུན་རྐྱེན་དུ་ གྱུར་ཏེ་ཕྱག་རྫས་དང་ཁྱིམ་གཞིས་གང་ལ་མ་ཆགས་པར་དབེན་པའི་རི་ ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་དུ་ གྱུར་ཏེ་བྱ་བྲལ་བ་ཆེན་པར་གྱུར། དགུང་ལོ་བཞི་བཅུ་ཐམ་པར་འབྲུག་ ཡུལ་དང་མོན་ཡུལ་སོགས་ནས་གདན་འདྲེན་ཞུས་པ་ལྟར་ཕེབས་ཏེ་ བསྟན་འགྲོའི་དོན་ཆེན་བསྒྲུབས་ཤིང་རྒྱལ་ཁམས་ཆོས་ལ་བསྒྱུར་ [1810] དགུང་ལོ་བཞི་བཅུ་ཞེ་དགུ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་ སྟེ་སྤྱི་ལོ་་ལོར་དབྱིན་ཇིའི་བཙན་འཛུལ་དམག་ལྷ་སར་སླེབས་ སྐབས་རྒོལ་ལན་ཚ་དྲག་པོ་སྤྲད་ཅིང་སེར་སྐྱ་མང་ཚོགས་རྣམས་ལ་རྒྱལ་ གཅེས་བསམ་བློ་དྲིལ་བསྒྲགས་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་ པར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུས་ཏེ་ཕན་ཚུན་བཀའ་ཆོས་གསན་ རེས་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་ སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི། དྲུག་ཅུ་རྩ་གཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྟུང་དག་ བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན། པའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད། ཆོས་ཚན་བཅོ་ལྔ་ལོངས་པའི་པོད་གཅིག་བཞུགས་སོ། ། གསེར་ཁང་བློ་གྲོས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ལྷོ་ བྲག་ཏུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གསང་ཕུ་ཉི་མ་ ཐང་དུ་ཆོས་ཞུགས་མཛད་དེ་མདོ་སྔགས་རིག་གནས་དང་བཅས་པར་ སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། དེ་ནས་ མདོ་སྨད་དུ་ཕེབས་ཏེ་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ ཤིང་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། ཁྲི་བཞུགས་ཀྱི་ལོ་ ཚིགས་མི་གསལ་ཡང་སྤྱི་ལོ་་ལོ་དང། སྤྱི་ལོ་་ལོའི་ བར་ནས་ཡིན་འདུག་ལོ་རྒྱུས་སྨྲ་བ་འགའ་རེས་འདི་བ་ཨ་གྲོ་ཆོས་རྗེར་ [1811] ངོས་འཛིན་པ་ནི་མ་དག་པ་ཡིན་ཞེས་ཨ་ལགས་ཚེ་ཏན་ཞབས་དྲུང་ ལགས་ཀྱིས་གསུངས་སོ། ཁོང་གི་མཚན་གཞན་ལ་ལྷོ་བྲག་བློ་གྲོས་རྒྱ་ མཚོ་ཞེས་ཞུའོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ བརྒྱད་པ་ཡིན་ནོ། ། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ་ལོར་མདོ་སྨད་ཨ་རིག་ཆུ་སྟོད་དུ་ཡབ་ནོའི་རིགས་དང། ཡུམ་ ཛ་ཏི་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྤང་ལུང་རི་ཁྲོད་དུ་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་རབ་བྱུང་བསྒྲུབས་ཤིང་མཚན་ལ་བློ་བཟང་བསྟན་ འཛིན་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གསུམ་པར་ར་རྒྱ་སྒར་གྱི་ ཆོས་གྲྭ་ལ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་ མཛད། དགུང་ལོ་ཉི་ཤུ་ཐམ་པར་ཤིང་བཟའ་བློ་བཟང་དར་རྒྱས་ཀྱི་ དྲུང་ནས་བསྙེན་རྫོགས་བསྒྲུབས། ཤིང་བཟའ་རྡོ་རྗེ་འཆང་དང་ར་བླ་ དངོས་གྲུབ་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་ མང་དུ་གསན། དགུང་ལོ་ཉེར་དྲུག་པར་དབུས་གཙང་དུ་ཕེབས་ནས་ གནས་མཇལ་དང། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ དང་མཇལ་ཞིང་ཆོས་འབྲེལ་ཞུས། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་ཏེ་ ར་རྒྱའི་ཉི་འགྲོ་རྒོད་པོ་རྫོང་དང། གསེར་ཁང་རྩེའི་སྒྲུབ་གནས་སོགས་ གནས་ཆེན་བརྒྱད་ལ་སྐུ་མཚམས་བཞུགས། དེ་ནས་བྱ་ཁྱུང་དགོན་ དང། རོང་པོ་དགོན་ཆེན། ལ་མོ་བདེ་ཆེན་སོགས་སུ་གཞུང་ཆེན་ [1812] བཀའ་ཁྲིད་དང་དབང་ལུང་མན་ངག་མང་དུ་གནང་བར་མཛད་ དགུང་ལོ་དྲུག་ཅུ་རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ སོ། །ཁོང་གི་གསུང་རྩོམ་ནི། ཆེན་སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་ མེད་ཀྱི་སྟེང་ནས་བསགས་ཚུལ་ནག་འགྲོས་སུ་བཀོད་པ་མཆོག་དམན་ ཀུན་གྱི་ཁྱེར་བདེ་དངོས་གྲུབ་ཀུན་འབྱུང། བའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་ བདེ་ཆེན་འབྱུང་གནས། གཅིག་བཞུགས་སོ། ། གསེར་གླིང་པ་བཀྲ་ཤིས་དཔལ།། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ཡོལ་ཕུ་གསེར་གླིང་དུ་ཡབ་རྗེ་བཙུན་མཚན་ཅན་དང། ཡུམ་དཀོན་ མཆོག་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་ མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་དྲུག་བདུན་ གྱི་ཐོག་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་ལས་འདུལ་མཛོད་དང་ གསང་ཕུ་བ་ལས་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོར་བསླབས་ ནས་མཁས་པར་མཁྱེན། ཆོས་རྗེ་རང་བྱུང་རྡོ་རྗེ་དང། རྒྱ་བྲག་ཆོས་ རྗེ། སྐྱེས་མཆོག་བསམ་གཏན་དཔལ་སོགས་ལ་བསྟེན་ནས་དམ་ཆོས་ མང་པོར་གསན། ཁྱད་པར་དུ་རང་ཡུལ་དང་ཉེ་བའི་བླ་མ་མང་པོ་ལ་ བསྟན་ནས་སྔགས་ཆོས་ཤིན་ཏུ་མང་པོར་གསན། རྨོག་ལྕོགས་པ་རིན་ [1813] ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་ཀྱང་མང་དུ་ཐོབ་ ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་གདམས་ ངག་རྣམས་ལེགས་པར་གསན། སངས་རྒྱས་སྟོན་པ་ལས་བྱུང་བའི་ གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་ལ་བཏགས་པས་ཕྱིས་གདུལ་བྱ་རྣམས་ ཀྱང་དེ་གཉིས་ཀྱིས་གཙོ་བོར་བསྐྱངས། དགེ་བའི་བཤེས་གཉེན་སྡེ་ པའི་བདག་པོ་དང། མི་དབོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་ བཏུད་དེ་འགྲོ་བའི་དོན་ཆེན་མཐའ་ཡས་པ་མཛད་དེ་དགུང་ལོ་བདུན་ ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །ཁོང་གི་ མཆོག་ཏུ་གྱུར་པའི་སློབ་མ་ནི་བྲག་པོ་ཆེ་བ་རྡོ་རྗེ་དཔལ་ཡིན་ནོ། ། གསེར་ཏོག་ངག་དབང་བསྟན་པའི་རྒྱལ་མཚན།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། ཁོང་རབ་ བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ཆེན་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་ གདན་ས་བསྐྱངས། ལོ་དེར་མཚོ་སྔོན་ཆིང་ཝང་བསྟན་འཛིན་དབང་ ཕྱུག་དང། དཔོན་མོ་ཨེར་ཁེ་ཤ་ར་གཉིས་ཀྱིས་སྦྱིན་བདག་མཛད་ དེ། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་གསོལ་དཔོན་རབ་ བརྟན་དོ་དམ་པར་མངགས་པར་བརྟེན་ནས་གསེར་སྡོང་ཆེན་མོ་ལ་ གསེར་ཟངས་ཀྱི་མདའ་ཡབ་ཁྱད་མཚར་ཅན་དང་སྟེང་དུ་ནོར་བུ་ འབར་བ་ཆ་གཅིག་བཅས་ལེགས་པར་བཞེངས། དེ་ནས་ཁོང་ གིས་དངུལ་སྲང་སྟོང་ཕྲག་བཞིའི་མཐུན་རྐྱེན་སྦྱར་ཞིང་འགན་ཁུར་ བཞེས་ཏེ་མཆོད་རྟེན་ཆེན་མོའི་རགས་དང་བཅས་པ་སྐྱར་བཞེངས་ཞིག་ [1814] གསོས་མཛད་ཅིང་རབ་གནས་རྒྱས་པར་མཛད། ལྗོན་ཤིང་ཆེན་མོའི་ མཐའ་སྐོར་གྱི་ས་དང་རྡོ་ཁང་ནང་གི་ནང་རྟེན་ལྷག་མ་རྣམས་སྙིང་པོར་ མཛད་དེ་དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་སྒོ་བཞིར་གྲགས་པ་ གསར་བཞེངས་མཛད། དེའི་སྐབས་སུ་སྐྱབས་རྗེ་རྟ་ཚག་རྗེ་དྲུང་བློ་ བཟང་དཔལ་ལྡན་རྒྱལ་མཚན་རྒྱ་ནག་ཏུ་ཕེབས་ལམ་སྐུ་འབུམ་དགོན་ དུ་ཞབས་པད་བཀོད་དེ། ཆོས་འབྲེལ་དང་བསྙེན་བཀུར་གྱི་བཀའ་ དྲིན་བསྐྱངས། ཉིད་ཀྱི་རྗེ་དྲུང་སྒར་བ་སྐུ་གསུང་ཐུགས་རྟེན་དང་ བཅས་མཚམས་པ་གྲྭ་ཚང་ལ་གནང་ངོ། ཁོང་ནི་སྐུ་འབུམ་དགོན་གྱི་ གདན་རབས་ཁྲི་ཆེན་ཉེར་དྲུག་པ་ཡིན་ནོ། ། གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང། ཡུམ་ ཚེ་མདོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གི་བྱིས་པའི་པའི་ཤིང་མོ་ ཚེ་དཔག་སྐྱབས་ཞེས་ཞེས་ཞུ་བ་དང། དགུང་ལོ་གསུམ་པར་སྐུ་གོང་མའི་ ཡང་སྲིད་དུ་ངོས་འཛིན་མཛད་ཅིང་སྐྱབས་རྗེ་གསེར་ཁང་བ་བློ་བཟང་ བསྟན་འཛིན་རྒྱ་མཚོ་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་ བཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ལོ་དེར་གསེར་ཏོག་དགོན་དུ་ གདན་སར་བཀོད། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ བཅས་ལ་ལེགས་པར་སྦྱངས། དགུང་ལོ་བདུན་པར་ཆུ་བཟང་དགོན་དུ་ ཕེབས་ནས་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་ [1815] དང་དགེ་ཚུལ་བསྒྲུབས། དགུང་ལོ་བརྒྱད་པར་སྐུ་འབུམ་རང་སྒར་དུ་ གདན་སར་བཀོད་དེ་ཞིང་སྐྱོང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་ གྲགས་ཡོངས་འཛིན་དུ་བསྟེན་ནས་རྒྱན་འཇུག་དང། བསྡུས་གཞུང་ རྣམ་འགྲེལ། གྲུབ་མཐའ་ཆུང་བ། དོན་བདུན་ཅུ། དྲང་ངེས་ རྣམ་འབྱེད། དབུ་མ་ལུང་རིགས་སྒྲོན་མ་བཅས་ལ་སྦྱངས་པ་མཛད་ དགུང་ལོ་བཅུ་གསུམ་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ ཆོས་སྒོར་ཞུགས་ནས་བསྡུས་ཆུང་བཅས་ལ་སྦྱངས་པ་མཛད། དགུང་ ལོ་བཅུ་དྲུག་པར་བསྡུས་གྲྭའི་དམ་བཅའ་ཉིན་གསུམ་གྱི་རིང་དུ་བཞག་ པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་ཤིང་བཟའ་རྡོ་རྗེ་འཆང་བློ་ བཟང་བསྟན་པའི་དབང་ཕྱུག་སོགས་ལས་བསྙེན་རྫོགས་མཛད་ དགུང་ལོ་ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ དབྱངས་ཐིག་གར་གསུམ་དང་བཅས་པར་ལེགས་པར་སྦྱངས། དགུང་ ལོ་ཉེ་གཉིས་པར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཤིང་ལོ་གཅིག་ བཞུགས་པ་མཛད། དགུང་ལོ་ཉེར་བཞི་པར་མཆོད་རྟེན་སྐྱེས་དགོན་ པ་དང། ཁྲི་ཀ་གོང་བ་གྲྭ་ཚང། རྭ་རྒྱ་དགོན། མགོ་ལོག། མཚོ་ སྔོན་ཁུར་ལུགས་ཕྱོགས་སུ་ཞབས་ཀྱིས་བཅགས་ནས་ཆོས་ཀྱི་འཁོར་ལོ་ རྒྱ་ཆེན་བསྐོར་བར་མཛད། དགུང་ལོ་ཉེར་བདུན་པར་སྐུ་འབུམ་ དགོན་གདན་སའི་ཁྲི་ལ་ཕེབས་ནས་ནས་ལོ་གསུམ་གྱི་རིང་དུ་གདན་ས་ བསྐྱངས། ཁྲི་ཟུར་ནས་ཁལ་ཁ་དང། ཨུ་ཅུ་མུ་ཆིན་སོགས་སུ་ཕེབས་ ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། རྒྱ་ནག་པེ་ཅིན་དང་རི་བོ་རྩེ་ ལྔ་སོགས་སུ་ཞབས་ཀྱིས་བཅགས་ཏེ་གནས་མཇལ་བསྙེན་བཀུར་སྨོན་ [1816] འདུན་མཛད། དགུང་ལོ་སུམ་ཅུ་སོ་བདུན་པར་བྱ་ཁྱུང་དགོན་པའི་ གདན་སའི་ཁྲི་ལ་ཕེབས་ཏེ་དགའ་སྟོན་དང་བསྙེན་བཀུར་ཞུས། ལོ་ གཅིག་ལྷག་ཙམ་གྱི་རིང་ལ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ སྐོར་ལ་དོ་དམ་གང་ལེགས་མཛད། སྐུ་འབུམ་དགོན་དང། བྱ་ཁྱུང་ དགོན། ཁྱུང་ཀྱཱ་དགོན། བཱ་ཡན་སྨད་ཐའི་དགོན། གསེར་ ཏོག་དགོན་བཅས་ལ་བརྟེན་དང་བརྟེན་པ་མང་དུ་བཞེངས། དགུང་ལོ་ ལྔ་བཅུ་ང་དགུ་པར་ཨན་འཇའ་སུ་ཞབས་དྲུང་དང། ཆུ་དཀར་ ཞབས་དྲུང། ཨ་བ་གྷ་ཞབས་དྲུང། གྲུ་ཀྱཱ་ཞབས་དྲུང། ཕ་ བཞིས་ཞབས་དྲུང། བྲག་ལུང་ཞབས་དྲུང། ཡང་ཀྱཱ་ཞབས་དྲུང་ ཞལ་དཀར་ཞབས་དྲུང། ཕུན་ཚོགས་གླིང་ཞབས་དྲུང་བཅས་ལ་རྡུལ་ ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་སྒོ་ནས་དབང་ཆེན་མང་པོ་གནང་ བ་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་ བ་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་ ནི་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ཆེན་དྲུག་ཅུ་རེ་གསུམ་པ་དང་ བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བདུད་ཅུ་དོན་དགུ་པ་ཡིན་ ནོ།། ཁོང་གི་གསུང་རྩོམ་ནི་ནང་དོན་རིག་པ་དང་ཐུན་མོང་རིག་གནས་ བཅས་ཀྱི་སྐོར་ལ་ཆོས་ཚན་བརྒྱ་དང་དགུ་བཅུ་གོ་གཉིས་བཞུགས་ སོ། ། གསེར་ལྡིངས་པ་གཞོན་ནུ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ དུ་སུམ་པ་སྐྱིལ་མཁར་ལ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ [1817] ཡིན། ཁོང་གཞོན་ནུ་དུས་ནས་འདུལ་དཀར་གཞོན་ནུ་ཚུལ་ཁྲིམས་ ལས་རབ་བྱུང་བསྒྲུབས། ཇོ་བོ་རྗེ་ནས་བརྒྱུད་པའི་ལམ་རིམ་མན་ངག་ དང་བཅས་པ་མང་དུ་གསན་ཞིང་ཐུགས་ཉམས་སུ་ཡང་བབས། དུས་ ཕྱིས་སུ་མཁན་པོ་གཙང་ནག་པ་ལ་སོགས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ མནོས། འདུལ་བའི་སྐོར་ལ་སྦྱངས་པ་ཆེན་པོ་མཛད་དེ་འདུལ་འཛིན་ ཆེན་པོར་གྱུར། དེ་ནས་རྗེ་སྒམ་པོ་པའི་དངོས་སློབ་ལོག་ཕུག་པ་ལས་ ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཁྲིད་རྣམས་ཞུས། དེ་ནས་ཤབ་ ཀྱི་སྣ་རིངས་དང། མོན་གྱི་སྤ་གྲོ། བུམ་ཐང། གྲོ་བོ་ལུང་ རྒྱལ་གྱི་རྩིབས་རིལ་ལ་སོགས་པའི་གནས་ཆེན་མང་པོ་ཞབས་ཀྱིས་ བཅགས་ནས་སྒྲུབ་པ་ཉམས་ལེན་མཛད། དེ་ནས་སེར་བུ་དབེན་ ཚར་བཞུགས་ཏེ་གསེར་སྡིངས་དགོན་པ་གསར་འདེབས་མཛད་ མཁས་པ་ཐམས་ཅད་ཀྱིས་འདྲི་ས་དང་མི་ཆེན་ཐམས་ཅད་ཀྱིས་ གཏུགས་སར་གྱུར། རྒྱས་འབྲིང་བསྡུས་གསུམ་ལས་མི་ཉུང་བའི་བསྟན་ བཅོས་མང་དུ་མཛད། འཕྲིན་ལས་ཆེན་པོ་རྒྱས་སོ། དགེ་སློང་ གཞོན་ནུ་འོད་དང། རྣལ་འབྱོར་གྱི་དབང་ཕྱུག་གཞོན་ནུ་འོད་བཅས་ ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ མགར་ འགར་ གྲགས་པ་དབང་ཕྱུག་ཡིན་ བསམ་གླིང་བ།། ཁོང་ནི་རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ མྱང་སྨད་དིང་རིར་ཡབ་ཕུག་པ་མགོན་དང། ཡུམ་དར་མ་ལྕམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་སྤྲེལ་ [1818] ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དེ་ནས་དགེ་བའི་བཤེས་གཉེན་ མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ གསན་སྦྱངས་མཛད། དགུང་ལོ་ཉེར་གཅིག་པར་དཔྱལ་ཆོས་བཟང་ ལས་རབ་བྱུང་བསྒྲུབས། དཔྱལ་གྱི་ཟུར་ཆོས་པའང་ལོ་མང་དུ་མཛད་ མྱང་སྟོད་ཀྱི་སེར་ཕྲེང་དགོན་པ་ན་དྭགས་པོ་བཀའ་བརྒྱུད་པའི་སྒོམ་ ཆེན་ཅིག་ཡོད་པ་དེ་ལ་ལྔ་ལྡན་ལ་སོགས་པའི་ཆོས་སྐོར་མང་པོ་ཞུས་ པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། གངས་པ་རིན་ཆེན་འོད་ ཟེར་གྱི་ཞབས་ལ་གཏུགས་ནས་ཆོས་སྐོར་མང་པོའི་དབང་ལུང་ཁྲིད་ གསུམ་ཞུས་ཏེ་རྟོགས་པ་ཇེ་མཐོར་ཕྱིན། ཀོ་བྲག་པའི་མདུན་ནས་ཀྱང་ ཆོས་མང་དུ་གསན། སྐུ་ཚེའི་སྨད་ལ་མྱང་སྨད་བསམ་གླིང་དགོན་པ་ གསར་འདེབས་མཛད། སློབ་མའི་ཚོགས་པ་བསྐྱངས། བསྟན་ འགྲོའི་དོན་ཆེན་བསྒྲུབས་ནས་དུས་འདའ་བར་མཛད་དོ། ། བསམ་བློ་སྦྱིན་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་ཁམས་རྨ་ཆུའི་བྱང་གོས་སེ་མདོར་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ཤིང་མཇོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང། དེ་ནས་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཤིང་ཕར་ཕྱིན་དང་ དབུ་མ། འདུལ་བ། མཛོད། ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་ ཏེ་དཀའ་བཞིའི་གྲྭ་སྐོར་མཛད། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ [1819] ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞི་ལ་ཐོས་བསམ་ནན་ཏན་དུ་མཛད་ གཞན་ཡང་མཁས་གྲུབ་མང་པོར་བསྟེན་ནས་བཀའ་འགྱུར་དང་ བཀའ་གདམས་གཞུང་དྲུག་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་ ཀྱི་ལུང་རྣམས་གསན། རྒྱལ་དབང་ལྔ་པ་ཆེན་པོ་ལས་བྱང་ཆུབ་ལམ་ རིམ་གྱི་ཁྲིད་གསན། རྒྱུད་སྨད་དང་བྱང་རྩེའི་འཆད་ཉན་པ་མཛད་ ནས་འགྲེལ་བ་བཞི་བྲགས་གཟབ་བཤད་གནང། རབ་བྱུང་བཅུ་ གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་ དམར་བར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་ཏུ་སྐྱེས་རབས་སོ་ བཞི་པའི་གཟབས་བཤད་མཛད། དགུང་ལོ་དྲུག་ཅུ་རེ་བདུན་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ངག་ དབང་དཔལ་བཟང་དང། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་ཞེས་ ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་ དྲུག་པ་ཡིན་ནོ། ། བསེ་ངག་དབང་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་གི་བསེའི་ཉ་ལུང་དུ་ཡབ་རིན་ཆེན་སྐྱབས་ དང། ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ མགར་གོང་ཚེ་བརྟན་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ ཤིང་མཚན་ལ་སྦྱིན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་དྲུག་པ་ [1820] དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་དཔོན་སློབ་ དོན་གྲུབ་རྒྱ་མཚོ་ལས་བསྡུས་གྲྭ་སྦྱངས། དགུང་ལོ་བཅུ་བདུན་པར་ སྟག་ཚང་རྭ་སྟོད་དུ་ཕེབས་ནས་བསྡུས་ཚན་རེ་རེ་བཞིན་ཞིབ་ཏུ་སྦྱངས་ པས་བློ་གསལ་བྱེ་བའི་དབུས་ན་ལུང་རིགས་སྨྲ་བ་ལ་འགྲན་ཟླ་མེད་པའི་ གོ་འཕང་བརྙེས། སླར་འབྲས་སྒོ་མང་དུ་ཕེབས་ཏེ་དཔོན་སློབ་འོད་ ཟེར་རྒྱ་མཚོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ལ་བསྟེན་ ནས་གཞུང་བཀའ་བོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། གསང་ ཕུར་གྲྭ་སྐོར་མཛད་དེ་དཀའ་བཅུ་པའི་མཚན་བཏགས་བཞེས། ཀུན་ མཁྱེན་འཇམ་བཞད་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་ པར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ སོགས་ལ་བསྟེན་ནས་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ཕྱག་ལེན་དང་ བཅས་པར་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་རབས་ བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ཀུན་མཁྱེན་ འཇམ་དབྱངས་བཞད་པའི་ཞབས་ཕྱིར་མདོ་སྨད་དུ་ཕེབས་ཏེ་བླ་བྲང་ བཀྲ་ཤིས་འཁྱིལ་གསར་འདེབས་སྐབས་སུ་དགེ་བསྐོས་མཛད། ལོ་ དེའི་སྟོན་ཀ་ཀུན་མཁྱེན་བླ་མའི་བཀའ་ལྟར་གདན་སའི་ཁྲི་ལ་བཞུགས་ ནས་ལོ་ཉེར་དགུའི་རིང་དུ་གདན་ས་བསྐྱངས། དགོན་པའི་འགྲིག་ ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དགེ་འདུན་མང་ཚོགས་ ཐུགས་ཚིམས་པའི་དོ་དམ་གང་ལེགས་མཛད། དེ་ལྟར་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་རེ་གཅིག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་བསེ་ཚང་གི་སྐུ་ཕྲེང་དང་པོ་ཡིན་ལ་ [1821] བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་གཉིས་པ་ཡིན། ཁོང་ གི་སློབ་མ་གྲགས་ཆེ་བ་ནི་འགྱང་རོ་སྤྲུལ་སྐུ་ངག་དབང་བསྟན་འཛིན་ དང། གསེར་ཁང་བ་བསོད་ནམས་རྒྱ་མཚོ། རྐང་ཚ་ངག་དབང་ མཁྱེན་རབ། དབལ་མང་བློ་བཟང་དོན་གྲུབ། གླིང་དོན་གྲུབ་རྒྱ་ མཚོ། རྔ་བ་རབ་བརྟན་རྒྱ་མཚོ། རྔ་བ་ཆོས་སྐྱོང་རྒྱ་མཚོ། འབེ་ བསྟན་འཛིན་རྒྱ་མཚོ། རྔ་བ་གོ་ཐོབ། རབ་འབྱམས་པ་ཀུན་དགའ་ བཀྲ་ཤིས། རབ་འབྱམས་པ་ངག་དབང་བསོད་ནམས་བཅས་ཡིན་ ཁོང་གི་གསུང་རྩོམ་ནི། མགུལ་རྒྱན། ཐར་བཙན་པོ་མ། ཉི་ཤུ་རྒྱས་བསྡུས། ཅན། ། བསེ་གཉན་མེར་མོ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་སྐུ་འཁྲུངས་ ཤིང་རྒྱལ་པོ་ལྡེ་འཕྲུལ་ནམ་གཞུང་བཙན་གྱི་བཙུན་མོ་དང། རྒྱལ་པོ་ སེ་སྣོལ་ནམ་ལྡེའི་མ་ཡུམ་ཡིན་ནོ། ། བསེ་ཆང་ངག་དབང་འཇམ་དབྱངས་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྒན་གྱའི་ཕྱོགས་སུ་རིགས་རུས་ཕུན་སུམ་ཚོགས་པའི་ སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ [1822] ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྡེ་ཁྲི་ རིན་པོ་ཆེས་སྐུ་གོང་མ་བསེ་ངག་དབང་བཀྲ་ཤིས་ཀྱི་ཡང་སྤྲུལ་དུ་ངོས་ འཛིན་མཛད་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྤྱན་དྲངས་ཏེ་ཐུགས་ གཉེར་མཛད། ཆོས་རྗེ་ངག་དབང་བསྟན་འཛིན་ལས་བསྙེན་པར་ རྫོགས། གསེར་ཁང་བསོད་ནམས་རྒྱ་མཚོ་དང། ཀུན་སྤངས་བློ་ བཟང་དོན་གྲུབ། མཁས་གྲུབ་རིན་ཆེན་སོགས་ལས་མདོ་སྔགས་ཀྱི་ ཆོས་རྒྱུན་མང་དུ་གསན། ཀུན་མཁྱེན་འཇིགས་མེད་དབང་པོ་ལས་ སྒྲུབ་ཐབས་རྒྱ་མཚོ་དང་མགོན་པོའི་བཀའ་ཆེན་བཅུ་གསུམ་སོགས་རྒྱ་ ཆེར་གསན། དེ་ནས་རེ་ཞིག་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ ཆེན་ཁྲི་བ་མཛད་ཀྱང་ནང་ཅུང་ཟད་མ་མཐུན་པའི་རྐྱེན་གྱིས་ཁྲི་ལས་ དགོངས་པ་ཞུས་ཏེ། གཏེར་ལུང་ཡིད་དགའ་ཆོས་འཛིན་དུ་བྱོན་ནས་ བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། རབ་བྱུང་བཅུ་གསུམ་པའི་ལྕགས་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ གདན་སའི་ཁྲི་ལ་བཞུགས་ཏེ་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ རེབ་སྐོང་སྐྱབས་མགོན་སྐུ་ཕྲེང་བཞི་པའི་བླ་མ་ཡང་བཞུགས། ཁོང་ནི་ བསེ་ངག་དབང་བཀྲ་ཤིས་ཀྱི་སྐུ་ཕྲེང་གཉིས་པ་ཡིན། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་གཉིས་པ་དང། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་བཅོ་ལྔ་བ་ཡིན་ནོ། ། བསོད་ནམས་མཁན་ཆེན་བཤད་སྒྲུབ་བསྟན་འཛིན་རྣམ་རྒྱལ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་སྐུ་འབུམ་ མཆོད་གཞིས་ཟི་ན་ཚོ་བ་ཡིན། རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ [1823] ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་འབུམ་ཆོས་སྐྱོང་ཆེན་ མོ་ནས་གོང་མ་ཟི་ན་མཁན་ཆེན་བསོད་ནམས་བསྟན་འཛིན་གྱི་སྤྲུལ་ སྐུར་ངོས་འཛིན་མཛད་ཅིང་སྐུ་འབུམ་རང་སྒར་དུ་གདན་སར་བཀོད་ ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་བྱུང་དང་ དགེ་ཚུལ་བསྒྲུབས། ཉ་ཀྱཱ་ལྷ་རམས་པ་སློབ་དཔོན་དུ་བསྟེན་ནས་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོ་དང། རྒྱུད་པ་གྲྭ་ཚང་གི་ ཆོས་སྒོར་རིམ་གྱིས་ཞུགས་ཏེ་མདོ་དང་སྔགས་ཀྱི་གཞུང་ལུགས་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད། གསེར་ཏོག་མཁན་ཆེན་ཡེ་ཤེས་ཐུབ་ བསྟན་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་གསང་བདེ་འཇིགས་གསུམ་ དང། མི་ཏྲ་བརྒྱ་རྩ་སོགས་ཀྱི་དབང་ཆེན། སྤྱི་ཟུར་གྱི་རྗེས་གནང་ བཅས་གསན་པར་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་ཆོས་ འཆད་ཉན་གྱི་བྱ་བ་མཐའ་དག་ལ་དོ་དམ་གང་ལེགས་མཛད། ཁྲི་ ཟུར་ནས་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་གི་སློབ་ཆུང་ལ་ བཞུགས་ཏེ་ཞལ་འདོན་དགེ་སྦྱོར་གྱི་རིམ་པ་ལ་ཉིན་མཚན་ཁོར་མོ་ ཡུག་ཏུ་དུས་འདའ་བར་མཛད་དོ། ཁོང་ནི་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་ལྔ་བཅུ་ང་གཅིག་པ་ཡིན་ནོ། ། བསོད་ནམས་གྲགས་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་མེ་རྒན་གྱི་མངའ་ཞབས་སུ་སྐུ་འཁྲུངས། རབ་བྱུང་བཅུ་ གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་བླ་ [1824] བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་སྡེ་ཁྲི་རིན་པོ་ཆེ་དང་ འབེ་བསྟན་འཛིན་རྒྱ་མཚོ་སོགས་ལ་བསྟེན་ཏེ་བསྡུས་གྲྭ་དང་ཕར་ཕྱིན་ བཅས་ལ་སྦྱངས་པ་མཛད། དེ་ནས་དབུས་སུ་བྱོན་ཏེ་འབྲས་སྒོ་མང་ གྲྭ་ཚང་གི་ཆོས་གྲྭར་ཞུགས་ཤིང་གཞུང་བཀའ་བོད་ལྔ་ལ་ཐོས་བསམ་ དཔྱིས་ཕྱིན་པ་གནང་ཞིང་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་སྐྱོར་དཔོན་མཛད་ནས་རྒྱུད་འགྲེལ་ཆེན་ མོ་ལེའུ་གསུམ་པའི་མཚམས་སྦྱར་བར་དུ་རྫོགས་པར་ཐུགས་འཛིན་ དང། བསྐྱེད་རྫོགས་ཆོ་ག་ཕྱག་ལེན་ཐམས་ཅད་ལ་མཁས་པར་སྦྱངས་ ཤིང་རྒྱུད་པའི་འགྲིག་ཀྱང་ཤིན་ཏུ་ངེས་པ་བྱུང། དེ་ནས་འབྲས་སྤུངས་ དགེ་འཕེལ་དུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་རྟགས་ཐོན་པ་མཛད་ པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་ཡེ་ཤེས་བསྟན་པའི་ སྒྲོན་མེ། ཁྲི་ཆེན་ངག་དབང་མཆོག་ལྡན། བ་རི་དཔོན་སློབ་ངག་ དབང་དོན་གྲུབ། ཀློང་རྡོལ་ངག་དབང་བློ་བཟང་བཅས་ལས་ཟབ་ ཆོས་མཐའ་ཡས་པ་གསན། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ ཏེ། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ རྒྱུད་པའི་ཁྲི་ལ་བཞུགས་ནས་དབུས་ཀྱི་སྨད་རྒྱུད་དང་མཐུན་པར་ མཛད། ཁྲི་ཟུར་ཨུརྒེ་གྲྭ་ཚང་གི་ཁྲི་ལ་ཕེབས་ནས་འཆད་ཉན་ཡར་ ལྡན་དུ་བསྐྱངས། རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ཕེབས་ནས་ ལོ་བཞིའི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ཉན་དང། གཏོང་ སྒོ་ལ་གཞན་དང་མི་འདྲ་བའི་ཐུགས་ཁུར་མཛད་ཅིང། གང་ཅིའི་ [1825] མཐུན་རྐྱེན་ལྷུན་གྱིས་གྲུབ་པ་བྱུང། ཁྲི་ཟུར་ནས་དོན་གཉེར་ཅན་ རྣམས་ལ་ཆོས་འཆད་པ་དང། ནད་པ་རྣམས་ལ་གཅོད་གནང་ནས་ བར་ཆད་སེལ་བ་བཅས་མཛད་དེ་དུས་འདའ་བའོ། ཁོང་ནི་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བདུན་པ་ཡིན་ནོ། ། བསོད་ནམས་རྒྱལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་མཛད་ནས་བསྟན་ བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་ རྩོམ་ནི། པ། ། བསོད་ནམས་མཆོག་གྲུབ་གྲགས་བཟང།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཤབ་སྡེ་ལྡིངས་ཀྱི་སའི་ཆར་ཞུར་གྱི་རིགས་སུ་སྐུ་འཁྲུངས། རབ་ བྱུང་བརྒྱད་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ གཞོན་ནུ་དུས་ནས་མཁན་ཆེན་གྲུབ་པ་ཤེས་རབ་དང། སློབ་དཔོན་ ཆོས་ལྡན་སྐལ་བ་བཟང་པོ་སོགས་དང་དད་པའི་དགེ་འདུན་གྲངས་ ཚང་བའི་སྤྱན་སྔར་རབ་ཏུ་བྱུང། མཚན་ལ་བསོད་ནམས་མཆོག་ གྲུབ་གྲགས་བཟང་ཞེས་གསོལ། དགུང་ལོ་ཉི་ཤུ་པར་མཁན་ཆེན་ [1826] གྲུབ་པ་ཤེས་རབ་དང། དད་པའི་དགེ་འདུན་ཉི་ཤུ་རྩ་ལྔའི་དབུས་སུ་ བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཁན་ཆེན་གོང་མ་གཉིས་ལས་ བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། གཞན་ཡང་དཀའ་བཅུ་ པ་དར་བཟང་དང། གྲུབ་ཆེན་བསོད་བློ་བ། སྣར་ཐང་པ་རྗེ་ཤེས་ རབ་སེང་གེ་རྗེ་ཙོང་ཁ་པ་ཆེན་པོ། འདུལ་འཛིན་གྲགས་པ་རྒྱལ་ མཚན། མཁས་གྲུབ་ཆོས་རྗེ། སྤྱན་སྔ་ཉེར་གཉིས་རིན་པོ་ཆེ་ གཙང་པ་བློ་བཟང་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་ བསྟེན་ནས་མདོ་རྒྱུད་ཀུན་ལ་མ་མཁྱེན་པ་མེད་པར་ནང་བྱན་ཚུད་ ལོ་ངོ་བཅུ་དྲུག་རིང་དུ་སྣར་ཐང་གི་གདན་ས་བསྐྱངས། དེ་ནས་ དབུས་སུ་བྱོན་ཏེ་དཔལ་ཕག་མོ་གྲུབ་པའི་ཆོས་སྒོའི་གོ་སྲ་བཞུགས་ གོང་མ་ཕག་གྲུའི་བླ་མ་མཛད། བསྟན་བཅོས་ཀྱི་རྩོམ་པའང་མང་ དུ་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་ནམ་མཁའ་བློ་ གྲོས་དང། ཆོས་རྗེ་དོན་གྲུབ་དཔལ། ཆོས་རྗེ་ལོ་ཆེན། ཆོས་ཆེ་ འདུས་པ་བ། ཆོས་རྗེ་དགེ་འཕེལ་བཅས་ཡིན། །ཁོང་ནི་དཔལ་ སྣར་ཐང་དགོན་པའི་གདན་རབས་བཅོ་ལྔ་པ་ཡིན། ། བསོད་ནམས་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ བསྟན་པའི་ཆོས་སྒོར་བཞུགས་ཤིང་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ [1827] ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་ བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། རྟེན་དབང་ཕྱུག་ལ་བསྟོད་པ། ཆེན་པོ་ལྷ་ལྔ་ལ་བསྟོད་པ། ཕྱུག་ལ་བསྟོད་པ། པ། ཅན། གཟིགས་དབང་ཕྱུག་ལ་བསྟོད་པ། ཕྱུག་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་བསྟོད་པ། སོ། ། བསོད་ནམས་ཕྱོགས་གླང།། ཁོང་ནི་རབ་བྱུང་བདུན་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་ གཙང་མཚམས་སུ་ དེང་གཞིས་ཀ་རྩེ་རྒྱམ་མདའ་ཆུས་དབེན་ས་ཁུལ་ ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་སྐུ་འཁྲུངས། རབ་བྱུང་ བརྒྱད་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ བྱིས་པའི་དུས་སུ་ཁྱེའུ་མདོག་དང་ཉམས་ངན་པ་ཞིག་ཡོད་པས། པ་ སོ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་ཁྱེར། བ་སོ་བ་ཁོང་གིས་བྱིས་པའི་ མིང་ལ་ཅི་ཟེར་ཞེས་གསུངས་པའི་ལན་དུ་བེའུ་ཟེར་ཞེས་ཞུས་པས་ དེའི་སྐབས་སུ་བ་སོ་བ་ཁོང་གིས་བེའུ་རྒས་ན་གླང་དུ་འགྲོ་བ་ཡིན་ གསུངས་ནས་མཚན་ལ་བསོད་ནམས་ཕྱོགས་གླང་ཞེས་གསོལ། དེ་ནས་ སེམས་དཔའ་བློ་གྲོས་སྦས་པ་སོགས་ཡོངས་འཛིན་དུ་མར་བསྟེན་ནས་ [1828] ཚད་མ་རིགས་གཏེར་དང། བྱམས་ཆོས་སྡེ་ལྔ། མངོན་བ་མཛོད་ དབུ་མའི་རིགས། འདུལ་བ་མདོ་རྩ། གཞི་ལམ་འབྲས་གསུམ་བཅས་ ལ་གསན་སྦྱངས་ལེགས་པར་མཛད་པས་མཁས་པའི་སྙན་གྲགས་ཐོབ་ གསང་ཕུར་གྲྭ་སྐོར་མཛད། དེ་ནས་སྐབས་ཤིག་ལ་ཐུབ་པའི་ལི་སྐུ་ཞིག་ གིས་ལུང་བསྟན་བཞིན་དབེན་རྩ་ཕུར་ཆོས་འཁོར་དབུས་ལྡིང་ཞེས་པའི་ མོ་དགོན་ཞིག་འདེབས་པར་མཛད། དེ་ནས་བཟུང་ཁོང་གིས་གབེན་ དགོན་གྱི་ཁྲི་པ་ཐུགས་འགན་བཞེས་པ་དང། དགེ་ལུགས་པའི་བསྟན་ པ་རྒྱས་པར་གསུང་པའི་དབེན་ས་སྙན་བརྒྱུད་ཀྱི་རྩོམ་སྲོལ་བཏོད་ གནང་ཡོད་ལ། འདབ་ཆགས་དང་གླེང་མོལ་མཛད་ཚུལ་གྱི་མགུར་ སྙན་བཅས་བསྟན་བཅོས་མང་པོ་མཛད་དོ། ཁོང་ནི་པཎ་ཆེན་ཨེར་ ཏི་ནིའི་སྐུ་ཕྲེང་གཉིས་པ་ཡིན། ། བསོད་ནམས་དབང་ཕྱུག་ ཁོང་ནི་གཡུ་རུང་བྱིན་བརླབས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་ རུས་མལ་ཡིན། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཡང་རྟོགས་ ལྡན་མཛེས་པ་སྙིང་པོའི་ནུ་བོ་ཡིན། །ཁོང་ནི་རྟོགས་ལྡན་མཛེས་པ་ སྙིང་པོ་དང། མཁན་པོ་ཤཱཀྱ་བཀྲ་ཤིས་གཉིས་ལས་རབ་ཏུ་བྱུང་ཞིང་ མཚན་ལ་བསོད་ནམས་དབང་ཕྱུག་ཅེས་གསོལ། རབ་བྱུང་བཞི་པའི་ ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཟ་ལུང་དགོན་པའི་གདན་སར་ ཕེབས་ཏེ་ལོ་བཅུ་བཞིའི་རིང་དུ་གདན་སའི་ཚོགས་པ་བསྐྱངས། དེ་ ནས་ལྷ་ཕྱུག་དགོན་པའི་གདན་ས་མཛད། བསྟན་པ་དང་འགྲོ་བའི་ ལས་དོན་མཐར་ཕྱིན་པ་མཛད་དོ། ཁོང་ནི་ཟ་ལུང་དགོན་པའི་གདན་ [1829] རབས་གཉིས་པ་ཡིན། ། བསོད་ནམས་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་ལེགས་པར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི། བཞུགས་སོ། ། བསོད་ནམས་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་ བསམ་རྨད་དུ་བྱུང་བ་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་སྐད་ ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་ བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི། ལས། དཔོན་དཔལ་འཛིན་གྱིས་མཛད་པ་བཞུགས་སོ། ། [000] ཧན་འཛིན་འཇམ་དབྱངས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ ལོར་བ་ཡན་ཀ་བཞི་ཁུགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ ཏེ་ཡི་གེའི་སྦྱོར་ཀློག་དང་རིག་གནས་བཅས་ལ་མཁས་པར་སྦྱངས། རྩ་ བ་བློ་བཟང་རྒྱལ་མཚན་ལས་རབ་བྱུང་བསྒྲུབས། དེ་ནས་དབུས་སུ་ ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ ཉེར་ལྔ་པར་རང་དགོན་བྱ་ཁྱུང་དུ་ཕེབས། དགུང་ལོ་ལྔ་བཅུ་ང་དགུ་ པ་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་བྱ་ ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ ཀྱིས་ལེགས་པར་བསྐྱངས། མགོན་ཁང་གི་སྐུ་བརྙན་རྣམས་གསར་ བཞེངས་མཛད། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ ལྔ་བཅུ་ང་དགུ་པ་ཡིན་ནོ། ། ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ།། [1831] ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ ལོར་རྨ་ཆུའི་ལྷོ་ངོས་མང་རའི་གཞུང་དུ་ཡབ་མཆོག་གནས་སྐྱབས་ དང། ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བཅོ་ལྔ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ལྔ་པར་སྐུ་གོང་མ་ཁྲི་ཆེན་ཐུབ་དབང་བསྟན་པའི་ཉི་མའི་ཡང་ སྲིད་དུ་ངོས་འཛིན་མཛད་ཅིང་ལ་མོ་བདེ་ཆེན་དག་ཚོགས་གླིང་གི་ གདན་སར་བཀོང་ཅིང་དགའ་སྟོན་རྒྱས་པར་མཛད། དགུང་ལོ་བདུན་ པར་ཁྲི་ཀའི་ར་ཟའི་དགོན་དུ་བློ་བཟང་བསྟན་པ་རྒྱ་མཚོ་ལས་བར་མ་ རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་ བཅས་ལ་མཁས་པར་མཁྱེན། དགུང་ལོ་བཅུ་ཐམ་པར་རང་དགོན་གྱི་ ཆོས་གྲྭར་ཞུགས་ཏེ་རྣམ་འགྲེལ་གྱི་གཞུང་ལ་གསན་སྦྱངས་མཛད་ དགུང་ལོ་བཅུ་གཉིས་པར་སྐུ་འབུམ་དགོན་གྱི་རང་སྒར་དུ་གདན་སར་ བཀོད་ཅིང་དགའ་སྟོན་ལེགས་པར་མཛད། ཉ་ཀྱཱ་ལྷ་རམས་པ་ངག་ དབང་ཆོས་གྲགས་ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་ གླིང་གི་ཆོས་སྒོར་ཞུགས་ཏེ་རིགས་ལམ་སོགས་ལ་སྦྱངས་པར་མཛད་ དེ་ནས་གོང་མའི་ཕོ་བྲང་ཆེན་མོར་ཕེབས་ཤིང་ཞན་བཧུན་རྒྱལ་པོས་ མཇལ་ཕྲད་གནང་ཞིང་སྐུ་གོང་མའི་འཇའ་ས་དང། ཁྱད་པར་དུ་ གསེར་གྱི་འབྲུག་རིས་བདུན་བཀྲ་བའི་གོས་ཆེན་གྱིས་གཡོགས་པའི་ བཞུགས་ཁྲི་སེར་པོའི་བདག་རྐྱེན་བསྩལ། དགུང་ལོ་བཅོ་ལྔ་པར་རང་ དགོན་བདེ་ཆེན་གླིང་དུ་ཕེབས་ཏེ་བཀའ་པོད་ལྔའི་གཞུང་ལ་རྟགས་ ཆོས་དོན་གསུམ་གྱི་བརྒལ་ལན་ལ་བརྟེན་པའི་གསན་སྦྱངས་བརྡར་ཤ་ [1832] ཆོད་པར་གནང། དགུང་ལོ་ཉི་ཤུ་ཐམ་པར་སྐྱབས་རྗེ་ཐར་ཤུལ་དགེ་ འདུན་ཆོས་སྐྱོང་རྒྱ་མཚོ་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ འདུལ་འཛིན་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། དགུང་ལོ་ཉེར་ བརྒྱད་པར་གོང་མའི་ཕོ་བྲང་ཆེན་མོ་པེ་ཅིན་དུ་ཕེབས་ཤིང་ཐུན་ཏྲི་རྒྱལ་ པོས་མཇལ་ཕྲད་གནང་ཞིང་དགོན་པ་ཉེར་བརྒྱད་ཀྱི་ཆོས་དང་སྲིད་ཀྱི་ ལས་བྱེད་ཕུ་ཡན་ཐམ་ཀ་དང། མཚོ་བདུན་དགོན་པའི་ཐམ་ཀ་ ཟུང་འབྲེལ་དུ་བསྣམས་ནས་རང་ཡུལ་དུ་ཕེབས། དགུང་ལོ་སོ་དྲུག་པ་ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཤིང་གདན་ས་ལོ་གཅིག་ཏུ་བསྐྱངས་ གསལ་བའི་མེ་ལོང་ཟུར་གནས་དགའ་སྐྱེད། དགོན་པ་ཡོངས་ཀྱི་ཀུན་སྤྱོད་དང་སློབ་གཉེར་ལ་དོ་དམ་ནན་ཏན་དུ་ མཛད། སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་དང་བཅས་པ་ཉམས་ པ་སླར་གསོ། སྔར་མེད་གསར་འཛུགས་མཛད་པའི་སྒོ་ནས་མཆོད་ བཀུར་བསྙེན་གསུམ་རྒྱ་ཆེར་མཛད། ཁྲི་ཟུར་ནས་བདེ་ཆེན་དགོན་པ་ དང། ལོ་རྡོ་རྗེ་བྲག་སྣང་རའི་གསེར་ཁང་སོགས་དབེན་གནས་ དུ་མར་གཙོར་བཞུགས་དང། དུས་རྒྱུན་བླ་མའི་རྣལ་འབྱོར་དང་ འཇིགས་བྱེད་དཔའ་གཅིག་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་སོགས་ལ་ ཐུགས་དམ་མཛད། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ ཆེན་དྲུག་བཅུ་རེ་བདུན་པ་ཡིན་ནོ། ། [1833] ཧོར་ཆེན་ཡེ་ཤེས་རྒྱ་མཚོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དུ་སྐུ་ འཁྲུངས། ཁོང་གི་དངོས་སློབ་བློ་བཟང་ལུང་རྟོགས་རྒྱ་མཚོ་ཡིན་པ་ ལས་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་ གསུང་རྩོམ་ནི་ སྒྲོན་མེའི་མཆན་འགྲེལ་མུ་ཏིག་ཕྲེང་བ། ། ཧོར་སྟོན་ནམ་མཁའ་དཔལ་བ།། ཁོང་ནི་རབ་བྱུང་དྲུག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ མལ་དྲོར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་གིས་རྗེ་བཙུན་ཙོང་ཁ་པ་བློ་བཟང་ གྲགས་པ་སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ ཞབས་པད་ལ་བསྟེན་ནས་ཐུན་མོང་གི་རིག་གནས་དང། ཐུན་མོང་ མ་ཡིན་པའི་མདོ་ཕྱོགས་ཀྱི་གཞུང་ལུགས། སྔགས་ཕྱོགས་ཀྱི་རྒྱུད་སྡེ་ བཞི་བཅས་ལ་ཐོས་བསམ་དཔྱིས་ཕྱིན་པར་སྦྱངས་པས་མཁས་པ་དང་ གྲུབ་པར་བརྙེས་པའི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། དགའ་ ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱང་རྩེ་ཕྱག་འདེབས་མཛད་ཅིང་བླ་ས་ བཟུང་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད་པས་གྲྭ་བུ་སློབ་མང་ དུ་འདུས་ཤིང་རྗེ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་མང་དུ་བྱོན་ ནོ། འགོལ་གནས་སུ་ཡང་དབེན་ཕྱག་འདེབས་མཛད་ཅིང་དགེ་ འདུན་མང་པོའི་ཚོགས་པ་བསྐྱངས་སོ། དགུང་ལོ་དོན་ལྔ་པར་དགོངས་ པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་ [1834] པའི་དངུལ་གྱི་སྒོ་མང་མཆོད་རྟེན་དངུལ་གདུལ་རིན་པོ་ཆེའི་གཡོན་ གསུམ་པར་བཞུགས་སོ། ཁོང་ནི་བྱང་རྩེའི་བླ་རབས་དང་པོ་ཡིན་ ནོ། ། ཧོར་ལྡིང་ཞབས་དྲུང་བློ་བཟང་དགེ་ལེགས་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་ ་ལོར་སྒོ་མེ་ཆོས་བཟང་སྡེ་བར་ཡབ་ལྷ་རྒྱལ་དང། ཡུམ་ གཡང་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ བདུན་པར་སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གིས་སྐུ་གོང་མ་འགག་ ཤིང་བློ་བཟང་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད། རྗེ་ མགོན་ཀྱཱ་རིན་པོ་ཆེ་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་ ལེགས་པར་སྦྱངས། དེ་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ ཞུགས་ཏེ་རྣམ་འགྲེལ་དང་ཕར་ཕྱིན་བཅས་ལ་སློབ་གཉེར་ནན་ཏན་དུ་ མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཤིང་དབུ་མཛད་འདུལ་གསུམ་ལ་བརྡར་ཤ་ཆོད་པའི་ ཐོས་བསམ་དང། མདོ་སྔགས་ཀྱི་ཆོས་རྒྱུན་ཡང་མང་དུ་གསན། རང་ ཡུལ་འདིར་ཕེབས་ནས་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ ཆོས་སྒོར་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་སྦྱངས་པ་ མཐར་ཕྱིན་མཛད། ལོ་བདུན་གྱི་རིང་ལ་རྒྱུད་པའི་བླ་མ་དབུ་མཛད་ གནང། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ ལོར་རྒྱུད་པ་མཁན་པའི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་དང་ [1835] འགྲིག་ལམ་ཀུན་སྤྱོད་བཅས་པར་ཚགས་འཛིན་གང་ལེགས་གནང་ ཁྲི་ཟུར་ནས་ཀྱང་རང་སྒར་འདི་དང་སྒོ་རྩེ་རི་ཁྲོད་གཉིས་སུ་བཞུགས་ བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཤིང་དུ་མཛད་པའི་སྟེང་ནས་ཐུང་མོང་ པ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་དང། ཐུང་མོང་མ་ ཡིན་པ་སྐྱེ་ཤི་བར་དོ་གསུམ་སྦྱངས་ཤིང་སྐུ་གསུམ་གྱི་དགེ་རྩ་སྨིན་པ་ དང་གྲོལ་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ཟབ་མོ་ལ་དགྱེས་དགུར་ རོལ་བའི་འབྲས་རྟགས་སུ་སྐུ་ལུས་ལས་ཉམས་རྟོགས་འབར་བའི་དྲི་ ངད་ལྡང་བ་སོགས་ངོ་མཚར་བའི་ཡོན་ཏན་བླ་ན་མེད་པས་བརྒྱན་ དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ ནི་སྐུ་འབུམ་རྒྱུད་པའི་ཁྲི་རབས་ལྔ་བཅུ་པ་ཡིན་ནོ། །ཧོར་ལྡིང་སྒོམ་ པ་པོའི་སྐུ་ཕྲེང་གཉིས་པ་ཡིན། ། ཧོར་ཚང་འཇིགས་མེད་བསྟན་པའི་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དཔལ་ཤུལ་དུ་ཡབ་མཁའ་འགྲོ་འབུམ་དང། ཡུམ་ཁ་ ནག་བཟའ་བསོད་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ལྔ་པར་ཀུན་མཁྱེན་བླ་མ་དང་གུང་ཐང་འཇམ་ དབྱངས་གཉིས་ཀྱིས་སྐུ་གོང་མའི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་ གདན་སར་བཀོད། དགུང་ལོ་བདུན་པར་ཀུན་མཁྱེན་མཆོག་ལས་ རབ་བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། དགུང་ལོ་དགུ་པར་ རྒྱན་འཇུག་སོགས་ལ་ཐུགས་འཛིན་གནང་ཞིང་དགུང་ལོ་བཅུ་གསུམ་ པར་ཆོས་གྲྭར་ཞུགས། ཁྲི་ཆེན་སྟག་ལུང་བློ་བཟང་ཉི་མ་ཡོངས་འཛིན་ [1836] དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ དགུང་ལོ་ཉི་ཤུ་ཐམ་པར་ཀུན་མཁྱེན་མཆོག་ལས་བསྙེན་པར་རྫོགས་ དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་བསྐྱར་སྦྱངས་ མཛད་ཅིང་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། རྒྱལ་ཚབ་ཚ་རྡོར་ནོ་ མིན་ཧན་དང། ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས། རྟ་ཚག་རྗེ་ དྲུང། པྲ་ཏི་བློ་བཟང་འཇམ་དཔལ། གུང་རུ་བློ་གྲོས་བསྟན་པ་ བཅས་ལས་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་དགུ་པར་མདོ་ སྨད་དུ་ཕེབས་ཤིང་ཡུན་རིང་མ་བཞུགས་པར་ཧོ་ཤུལ་དགོན་པ་སོགས་ སུ་བྱོན་ནས་བཀའ་ཆོས་གསུངས། དགུང་ལོ་སོ་ལྔ་པར་པེ་ཅིན་དུ་ ཕེབས་ཏེ་ཙན་དན་ཇོ་བོ་བཅས་མཆོད་འབུལ་མཛད། དགུང་ལོ་སོ་ བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བརྒྱད་ ཀྱི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ཉན་དང་གཏོང་སྒོ་གང་ཡོད་ ཡར་ལྡན་དུ་མཛད། བཅའ་ཡིག་གསར་བཞག་མཛད། ཁྲི་ཟུར་ནས་ བཤད་སྒྲུབ་ལེགས་མཛད་གོང་དུ་སྤེལ་ཞིང་བསྟན་འགྲོའི་དོན་ཆེན་ འབའ་ཞིག་སྒྲུབ་ནས་དུས་འདའ་བའོ། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་གདན་རབས་ཞེ་བདུན་པ་ཡིན་ནོ། ། ཧོར་ཚང་འཇིགས་མེད་རིགས་པའི་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཤར་ཕྱོགས་ཧོར་ཚང་དུ་སྐུ་འཁྲུངས། འདས་ལོ་མི་ [1837] གསལ། ཁོང་དགུང་ལོ་ལྔ་པར་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་ སྐུར་ངོས་འཛིན་གནང་ནས་བན་སྒར་དུ་གདན་དྲངས། དགེ་སློང་ བསམ་གཏན་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་ བྱང་བར་མཛད། དགུང་ལོ་བརྒྱད་པར་ཁྲི་ཆེན་རྒྱལ་མཚན་སེང་གེས་ རྒྱ་མཁར་སྒར་དུ་གདན་དྲངས་ཤིང་ཆོས་གྲྭར་ཕེབས་ཏེ་བཀའ་ཆོས་ འགའ་གསན་པ་མཛད། དགུང་ལོ་བཅུ་བཞི་པར་བླ་བྲང་བཀྲ་ཤིས་ འཁྱིལ་དུ་བྱོན་ཏེ་ཐོས་བསམ་གླིང་ན་ཆོས་གྲྭར་ཞུགས། དེ་ནས་བཟུང་ དགུང་ལོ་ཉེར་གསུམ་བར་དུ་བསྡུས་གྲྭ་དང་གཞུང་ཆེན་རྣམས་ལ་ཐོས་ བསམ་ནན་ཏན་དུ་མཛད། དགུང་ལོ་ཉེར་བཞི་པར་དབུས་སུ་བྱོན་ཏེ་ འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ སྦྱངས་པ་དཔྱིས་ཕྱིན་པ་མཛད། པཎ་ཆེན་ཐམས་ཅད་མཁྱེན་པ་ལས་ ཀྱང་ལམ་རིམ་ཆེན་མོ་དང་བདེ་ལམ་གྱི་གསུང་བཤད་གསན་ཞིང་ཕྱག་ བྲིས་ཀྱང་ཁྱད་དུ་འཕགས་པ་བཏབ། གཞན་ཡང་ཡོངས་འཛིན་ཡེ་ ཤེས་རྒྱལ་མཚན་དང། བ་རི་ངག་དབང་དོན་གྲུབ། བྲག་རྒྱབ་ དཔོན་སློབ་བློ་བཟང་ཆོས་འཕེལ་སོགས་ལས་ཟབ་པ་དང་རྒྱ་ཆེ་བའི་ གདམས་པ་མང་དུ་གསན། དགུང་ལོ་སོ་གསུམ་པར་མདོ་སྨད་བཀྲ་ ཤིས་འཁྱིལ་དུ་ཕེབས་ཏེ་ཀུན་མཁྱེན་རིན་པོ་ཆེས་བཀའ་ལྟར་བྲག་ལུང་ དགའ་ལྡན་རབ་རྒྱས་གཞི་འདིང་བར་མཛད་ཅིང་སྒྲུབ་པ་ཉམས་ལེན་ མཛད། བྲག་དཀར་ངག་དབང་གྲགས་པ་དང། རྭ་བསོད་ནམས་ དབང་རྒྱལ། རི་ཁྲོད་པ་ངག་དབང་མཁྱེན་རབ་བཅས་ལས་སྣར་ཐང་ བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། འཁྲུལ་འཁོར་ལྕགས་མཁར་ [1838] འཇིགས་བྱེད་བསྐྱེད་རྫོགས་སོགས་ཀྱི་དབང་ལུང་མན་ངག་མཐའ་ཡས་ པ་གསན། དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་ བཞུགས་ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ཉན་ དང་གཏོང་སྒོ་སྔར་ལས་ལྷག་པར་མཛད། ཁྲི་ཟུར་བྲག་དཀར་ རྒྱུད་པའི་ཁྲི་ལ་བཞུགས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཞིང་ཐུགས་ དམ་ཉམས་བཞེས་མཛད་ནས་དུས་འདའ་བའོ། ཁོང་ནི་བླ་བྲང་བཀྲ་ ཤིས་འཁྱིལ་གྱི་གདན་རབས་ཉི་ཤུ་བ་ཡིན་ནོ། ། ཧོར་ཚང་དཔལ་ལྡན་གྲགས་པ།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་ ཧོར་ཚང་ཡིན། རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བ་སོ་རྗེ་དྲུང་ འཇམ་དབྱངས་ངག་དབང་དཀོན་མཆོག་ཉི་མ་ལས་རབ་ཏུ་བྱུང་ཞིང་ བཀའ་ཆོས་གསན། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་བསྡུས་གཞུང་དང་གཞུང་བཀའ་པོད་ ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ ལས་བསྙེན་པར་རྫོགས་ཤིང་དབང་ལུང་ཁྲིད་གསུམ་མང་དུ་ཞུས། མི་ རིང་བར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་རིགས་ལམ་རྣོ་ བའི་སྙན་གྲགས་རྒྱས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་ སྒྲུབ་ཐབས་རྒྱ་མཚོ་དང། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་ སྐོར། མགོན་ཆེན་བཅུ་གསུམ། གསང་བདེ་འཇིགས་གསུམ་སོགས་ [1839] ཀྱི་དབང་ཆེན་རྣམས་གསན། དེ་ནས་དཔལ་ལྡན་སྟོད་རྒྱུད་དུ་ཞུགས་ ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང། རྒྱུད་ པའི་ཁྲི་བ། ཤར་རྩེའི་ཁྲི་བ་རིམ་གྱིས་ཕེབས། རབ་བྱུང་བཅུ་གཉིས་ པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་དགའ་ལྡན་གསེར་ཁྲི་ལ་ བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་ཆོས་ འཆད་ཉན་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་བཅས་ལ་འབད་ འབུངས་མཛད། རྒྱལ་བ་བསྐལ་བཟང་རྒྱལ་མཚོའི་ཡོངས་འཛིན་ལ་ ཕེབས་ནས་མདོ་སྔགས་ཆོས་ཀྱི་བཀའ་ལུང་མང་པོ་འབུལ་བར་མཛད་ ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་དང་ ཁྲི་ཆེན་རྒྱལ་མཚན་སེང་གེ་ཁྲི་ཆེན་ནམ་མཁའ་བཟང་པོ་བཅས་ཡིན་ ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ལྔ་བཅུ་ང་གཅིག་པ་ ཡིན་ནོ། ཁོང་གི་མཚན་གཞན་ལ་ཤར་རྩེ་དཔལ་ལྡན་གྲགས་པ་ཞེས་ ཞུའོ། ། ཧོར་རབ་བརྟན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་མང་གི་ནང་ཚན་ཧོར་གྱི་རུས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དཔོན་པོ་ཇུ་ནང་གིས་དགོན་པར་ཐེངས་གཅིག་ལ་གྲྭ་ རྒྱུན་བརྒྱ་བཞག་པའི་གྲས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭར་ ཞུགས། བསེ་ངག་དབང་བཀྲ་ཤིས་ལ་བསྟེན་ནས་བསྡུས་གཞུང་དང་ [1840] བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཁས་པའི་གོ་ འཕང་དམ་པར་མངའ་བརྙེས། དབུ་མ་ལུང་རིགས་གཏེར་མཛོད་ ཐུགས་ལ་བཟུང་ནས་སྐུ་མ་འདས་ཀྱི་བར་དུ་ཞལ་འདོན་མཛད་ཅིང་ ཟབ་མོའི་ལྟ་བ་ཡང་ཐུགས་སུ་འཁྲུངས། བླ་མ་དབུ་མཛད་དང་རྒྱུད་པའི་ ཁྲི་ལ་བཞུགས་པའི་ཡུན་ཚད་ནི་བསྡོམས་པས་ལོ་བཅུ་གཅིག་གི་རིང་དུ་ འགོར་ཏེ་འགྲེལ་བ་བཞི་སྦྲགས་དང། བསྐྱེད་རྫོགས་ཀྱི་བཤད་པ་ སོགས་འཆད་ཉན་དམར་བ་ཁོ་ནས་དུས་འདའ་བར་མཛད། དུས་ རྒྱུན་དུ་ཐུགས་ནང་དུ་ཕྱོགས་པས་སྐུ་མདུན་གྱི་བྱ་བྱེད་ཕལ་ཆེར་མི་ གཟིགས་ཤིང་མཇལ་མི་ལ་ཕྱག་དབང་ཙམ་ཡང་མི་གནང་བ་ཡིན། ཁྲི་ ཟུར་ནས་སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ནས་ སྐལ་ལྡན་གདུལ་བྱ་རྣམས་ཀྱི་འདོད་མོས་བསྐངས། དགུང་ལོ་རེ་དྲུག་ པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་བ་ཡིན་ནོ། ། ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྔོག་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་སྐུ་གོང་མ་ལྷ་ཁང་ལུང་པ་ངག་དབང་བྱམས་པའི་སྤྲུལ་ སྐུར་ངོས་འཛིན་གནང་ཞིང་རྒྱལ་མོ་བསམ་གྲུབ་གླིང་གི་གདན་སར་ བཀོད། དགུང་ལོ་བདུན་པར་བཀྲ་ཤིས་འཁྱིལ་དུ་བསེ་ངག་དབང་ བཀྲ་ཤིས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ལམ་རིམ་དང་ [1841] སྔགས་རིམ་ཆེན་མོ། མཁས་གྲུབ་བརྒྱུད་སྡེ་སྤྱི་རྣམ། བདེ་ལམ་ རྣམས་ལ་བྱང་བར་སྦྱངས། དགེ་འདུན་མཆོག་ལྡན་ལས་སྒྲ་རིག་པ་ དང། གསོ་བ་རིག་པ། རྩིས་དཀར་ནག་སོགས་ལ་སྦྱངས་པར་ མཛད། དགུང་ལོ་ཉི་ཤུ་ཐམ་པར་སྡེ་ཁྲི་བློ་བཟང་དོན་གྲུབ་ལས་ བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན། བཀའ་འགྱུར་བ་བློ་ བཟང་ཉི་མ། ཡ་ཕུའི་དཔོན་སློབ་བརྩོན་འགྲུས་བཟང་པོ། འདུལ་ འཛིན་བསོད་ནམས་བཟང་པོ་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་དུ་ མ་དང། ཐང་ཚང་བློ་བཟང་ཤེས་རབ་ལས་བཀའ་འགྱུར་གྱི་ལུང་ ཁྱད་པར་དུ་སྟོབས་ལྡན་སྔགས་རམས་པ་ལས་སྔགས་ཕྱོགས་མང་དུ་ གསན། དགུང་ལོ་ཉེར་དྲུག་པར་དབུས་སུ་ཕེབས་ཏེ་མཆོད་མཇལ་ མཛད། དགུང་ལོ་ཞེ་ལྔ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ རང་དགོན་དུ་གདན་དྲངས་ཏེ་དཔའ་གཅིག་གི་དབང་ཞུས་ཤིང་ཐུགས་ ཡིད་གཅིག་ཏུ་འདྲེས། འཆད་ཉན་དང་སྒྲུབ་པ་ཉམས་ལེན་ཟུང་དུ་ འབྲེལ་བས་ཕྱོགས་དེའི་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་གྱུར་ དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ ལྷ་ཁང་ལུང་པའི་སྐུ་ཕྲེང་གསུམ་པ་ཡིན་ནོ། ། ལྷ་ཁང་ལུང་པ་ངག་དབང་བྱམས་པ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཀླུ་ཤོད་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་ ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ ངུའི་དུས་ནས་སྐུ་གོང་མ་ལྷ་ཁང་ལུང་པ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ [1842] ངོས་འཛིན་གནང་ཞིང་རྒྱལ་མོ་བསམ་གྲུབ་གླིང་གི་གདན་སར་བཀོད་ ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་གསོ་ བ་རིག་པ་དང། སྒྲ་སྙན་ངག་རྩིས་དཀར་ནག་བཅས་ལ་ལེགས་པར་ སྦྱངས་པས་མཁས་པར་གྱུར། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པས་ལྷ་རམས་པའི་ མཚན་བཏགས་བཞེས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དང་རིག་ འཛིན་འཇམ་དབྱངས་གྲགས་པ་རྣམ་གཉིས་ལས་ཐུན་མོང་མ་ཡིན་པའི་ ཟབ་ཆོས་མང་དུ་གསན། རྒྱལ་དབང་མཆོག་ནས་ཧུ་ཐོག་ཐུ་མེ་རྒན་ ཆོས་རྗེའི་ཆོ་ལོ་དང་བཀའ་ཤོག་བསྩལ། དེ་ནས་རང་ཡུལ་དུ་ཕེབས་ ཏེ་དགོན་པ་གསར་དུ་སྤོས་ཤིང་མཆོད་གཞིས་དུ་མ་མངའ་འོག་ཏུ་ བཅུག་གྲྭ་ཚོགས་ཉིས་སྟོང་དུ་ཉེ་བ་མཉམ་ཚོགས་ཀྱི་སྲོལ་ཡང་འདི་ དུས་ནས་བྱུང། དབོན་པོ་བསོད་ནམས་ལྷུན་གྲུབ་ལ་གདན་ས་གཏད་ དེ་བྲག་ལུང་དུ་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་ང་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི་ པ་རིན་ཆེན་ཕྲེང་མཛེས། ཁོང་ནི་ལྷ་ཁང་ ལུང་པའི་སྐུ་ཕྲེང་གཉིས་པ་ཡིན་ནོ། ། ལྷ་ཁང་ལུང་པ་ཡོན་ཏན་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་ལྷ་ཁང་ལུང་པའི་ལྟག་ཏུ་རེབ་ཚའི་རིགས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ [1843] ཁོང་ལོ་ངོ་བཞི་པའི་དུས་ནས་དམིགས་བརྩེ་མ་དང་ཨ་ར་པ་ཙ་ཞལ་ འདོན་མཛད། སྤྲུལ་སྐུ་དགེ་ལེགས་ཆོས་དར་ལས་རབ་བྱུང་དང་དགེ་ ཚུལ་བསྒྲུབས་ཤིང། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་ མཁས་པར་བསླབས། དགུང་ལོ་བཅུ་བདུན་པར་དབུས་གཙང་ཆོས་ ཀྱི་ལྗོངས་སུ་ཕེབས་ཏེ་དགའ་ལྡན་དགོན་པའི་ཆོས་སྒོར་ཞུགས་ནས་ གཞུང་བཀའ་པོད་ལྔ་དང། རྒྱུད་སྡེ་བཞི་བཅས་ལ་དགུང་ལོ་ལྔ་ བཅུར་ཉེ་བའི་བར་དུ་ཐོས་བསམ་མཛད་པས་འགྲན་ཟླ་མེད་པའི་དགེ་ བཤེས་ཆེན་པོར་གྱུར། དེ་ནས་མདོ་སྨད་དུ་ཕེབས་ཏེ་རང་དགོན་རྒྱལ་ མོ་བསམ་གྲུབ་གླིང་གི་གདན་ས་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་ འཆད་ཉན་སྤེལ། དེ་ནས་སྤྲོས་པ་བཅན་ཆོད་ཀྱིས་དུང་རི་སྟེང་ཁར་ ཚེ་དང་སྒྲུབ་པ་སྙོམས། ཁོང་ནི་ལྷ་ཁང་ལུང་པའི་སྐུ་ཕྲེང་དང་པོ་ཡིན་ ནོ། ། ལྷ་གྲགས་པ་འོད་པ།། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་གིས་བུ་སྟོན་རིན་ཆེན་གྲུབ་ལ་སོགས་པའི་དགེ་ བའི་བཤེས་གཉེན་མང་པོར་བསྟེན་ནས་འདུལ་བ་དང། བརྟག་གཉིས། སྤྱོད་འཇུག་ཤེས་རབ་བརྒྱ་བ། དཔལ་དུས་འཁོར་དུས་ ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ། སྦྱོར་དྲུག་གི་ཁྲིད། གསང་ འདུས་རིམ་ལྔའི་ཁྲིད། བློ་སྦྱོང་དོན་བདུན་མ། དབུ་སེམས་ཀྱི་སེམས་ བསྐྱེད། ལམ་འབྲས། བདེ་མཆོག་སྙན་བརྒྱུད། དུས་ཞབས་སྙན་ [1844] བརྒྱུད། གདན་བཞིའི་འགྲེལ་བ་བཅས་ལ་གསན་རྒྱ་ཆེན་པོར་མཛད་ དགེ་ཚུལ་སློང་གི་སྡོམ་པ་བཞེས་ཏེ་ཚུལ་ཁྲིམས་གཡག་རྔ་བཞིན་དུ་ བསྲུངས་བར་མཛད། ཆོས་རྗེ་བཀྲ་ཤིས་འོད་ལས་བཀའ་གདམས་ པའི་ལམ་རིམ་དང། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་དང་ ནཱ་རོ་ཆོས་དྲུག་ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་སྙན་བརྒྱུད་བཅས་ ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་དྲུག་པའི་ལྕགས་མོ་ཡོས་ ལོ་སྟེ་སྤྱི་ལོ་་ལོར་ཡཱ་བཟང་དགོན་པའི་གདན་སར་ཕེབས་ དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་ཙུག་ལག་ཁང་ཞིག་གསོ་ དང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་པར་མཛད། སྡེ་དགོན་ གཉིས་ཀའི་མངའ་ཐང་ཤིན་ཏུ་དར་བར་མཛད། ཆོས་རྗེ་ལྷ་ཁང་ སྟེངས་པས་ཁོང་གི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན། ལོ་ངོ་ ལྔ་བཅུ་རྩ་བཞིའི་རིང་དུ་གདན་སར་མཛད། དགུང་ལོ་བདུན་ཅུ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་གཡའ་བཟང་དགོན་ པའི་གདན་རབས་བདུན་པ་ཡིན། ། ལྷ་འགྲོ་བའི་མགོན་པོ་བྱང་ཆུབ་འོད།། ཁོར་ནི་རབ་བྱུང་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཇོ་འབག་དང། ཡུམ་ལྷ་གཅིག་འཛམ་གླིང་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་སྤྱི་ལ་ བུར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་དཀོར་འདུལ་འཛིན་པ་ ཆེན་པོ་ལས་བསྙེན་གནས་ཀྱི་སྡོམ་པ་མནོས། དགུང་ལོ་བཅུ་དྲུག་པར་ འཆད་ཁ་གསར་མར་བྱོན་ཏེ་ཁུ་བོ་ལྷ་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ [1845] ཆེན་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དེའི་མོད་ལ་མཁན་པོ་སྦལ་ ཏིལ་དང་སློབ་དཔོན་གནས་བརྟན་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ ལ་བྱང་ཆུབ་འོད་ཅེས་གསོལ། དེ་ནས་པོ་ཏོར་ཕེབས་ཤིང་མཁན་པོ་ གནས་བརྟན་དང། སློབ་དཔོན་རྒྱལ་ཚ། གསང་སྟོན་ཇོ་བཙུན་པས་ མཛད་ནས་བསྙེན་པར་རྫོགས། ཁུ་བོ་ལ་སོགས་པའི་དགེ་བའི་བཤེས་ གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་བདག་པོར་ གྱུར། རབ་བྱུང་བཞི་པའི་ཆུ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་ བྱུང་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་ཉི་ཤུ་རྩ་ བདུན་གྱི་རིང་དུ་འཆད་ཁ་གསར་མ་དང་སྤྱིལ་བུའི་དགོན་གྱི་གདན་ས་ བསྐྱངས་ཤིང་བསྟན་པའི་བདག་པོ་མཛད། ཁོང་སྐུ་བསོད་ཤིན་ཏུ་ རྒྱས་ཏེ་པོ་ཏོ་སྡེ་མ་ལག་དང། ཀོང་པོའི་རྟ་བར། སྦུ་ཆུ། བྱང་ ལུང་གསུམ་གྱི་སྡེ་བ་སུམ་བརྒྱ་དང་གཙུག་ལག་ཁང། ཟངས་པོ་ཆེ་སྡེ་ མ་ལག་དང་གཙུག་ལག་ཁང། རོང་རྩེ་དཀར་གྱི་སྡེ་མ་ལག་དང་ བཅས་པ་ཁོང་ལ་ཕུལ། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཤིང་ མཁས་བཙུན་དང་མི་ཆེན་མང་པོའི་དོན་མཛད་ནས་དགུང་ལོ་བདུན་ བཅུ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགུང་ སྦྱངས་སྐབས་ཐུགས་ལྗགས་སྤྱན་གསུམ་བཞུགས་པ་ལས་སྤྱིལ་བུའི་ནང་ རྟེན་དུ་སྤྱན་བཞུགས། འཆད་ཁ་གསར་མའི་ནང་རྟེན་དུ་ཐུགས་ བཞུགས། སྦུ་གུ་དོའི་ནང་རྟེན་དུ་ལྗགས་བཞུགས་སོ། ཁོང་ནི་ འཆད་ཁ་གསར་མའི་གདན་རབས་གསུམ་པ་ཡིན་ནོ། ། ལྷ་ཆེན་དངོས་གྲུབ།། [1846] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ མངའ་རིས་སུ་ཡབ་མངའ་བདག་ལྷ་ཆེན་ཇོ་དཔལ་གྱི་སྲས་སུ་སྐུ་ འཁྲུངས། ཁོང་གིས་ཐོག་མར་མངའ་རིས་ཀྱི་རྒྱལ་སྲིད་བསྐྱངས་ སྐབས་རབ་ཏུ་བྱུང་བ་རྣམས་དབུས་གཙང་དུ་འཆད་ཉན་ལ་འགྲོ་བའི་ སྲོལ་བཙུགས་ནས་ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་ཞིག་གསོ་ མཛད་པ་དང། ཁྱད་པར་དུ་ཆོས་རྗེ་འབྲི་གུང་པ་འཇིག་རྟེན་མགོན་ པོ་ ་ མཇལ་བར་ཕེབས་ནས་གསེར་དངུལ་ལ་ སོགས་པ་རིན་པོ་ཆེ་བརྒྱ་འབུལ་ཞུས་པ་དང། གཞན་ཡང་བཀའ་ འགྱུར་ཚར་གཉིས་དང། གསང་སྔགས་ཀྱི་དཀྱིལ་འཁོར་ཡང་མང་པོ་ བཞེངས་སོ། ཁོང་ནི་རིག་པ་མགོན་ནས་བརྩིས་པའི་མངའ་རིས་རྒྱལ་ རབས་བཅུ་གསུམ་པ་ཡིན་ནོ། ། ལྷ་ཆེན་ཚེ་དབང་རྣམ་རྒྱལ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་ མངའ་རིས་སུ་ཡབ་མངའ་བདག་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་སུ་སྐུ་ འཁྲུངས། ཁོང་གིས་མངའ་རིས་ཀྱི་རྒྱལ་སྲིད་བསྐྱངས་ཏེ་བྱང་ངམ་ རིང་དང། གློ་བོ། པུ་རངས། གུ་གེ་ལ་སོགས་པའི་ཡུལ་གྲུ་རྣམས་ ལ་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་འཛུམ་ལང་ ཉུང་ཏི། ནུབ་ཤིང་དཀར། ཁབ་གར་ཚུན་ཆོད་ཀྱང་ཆབ་འབངས་ སུ་བཀུགས་ཏེ། ས་ཁུལ་དེ་ཚོའི་སྔར་གྱི་བདག་པོ་རྣམས་མི་གཏེར་ ཉར་བ་དང། བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཡིག་དན་བྱས་པ་དང་ མཁར་རྣམས་ལ་སྐུ་ཚབ་བཞག་ནས་མར་ཡུལ་ཐམས་ཅད་དར་ཞིང་ [1847] རྒྱས་པར་མཛད། གུ་གེ་ནས་དཔྱ་ཁྲལ་ལ། ལོ་ལྟར་གསེར་ཞོ་སུམ་ བརྒྱ་དང། དངུལ། ལུག་ཚེར་མོ་བརྒྱ། ཆིབས་པ་གཅིག་རུ་ཐོག་ ནས་གསེར་ཞོ་ཉིས་བརྒྱ་དྲུག་ཅུ། ལུག་ཚེར་མོ་བརྒྱ། ཆིབས་པ་ གཅིག་བཙོད་རྐྱལ་པ་བཅུ། མཁར་ཨོ་ལྡོང་དང། ཞིང་དར་ཆེན་ དར་ཆུང་རྣམས་དང། གཞན་ཡང་དཔྱ་ཁྲལ་ལ་སོགས་པ་ཕྱོགས་ ཕྱོགས་ནས་འབུལ་མཁན་མང་པོ་བྱུང་ཡོད། ཁོང་ནི་མངའ་རིས་ཀྱི་ རྒྱལ་རབས་ཉེར་གཉིས་པ་ཡིན་ནོ། ། ལྷ་མཆོག་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ ཡབ་བཙན་ལྡེའི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་རིང་ལ་མང་ཡུལ་ གུང་ཐང་གི་རྒྱལ་རབས་ཀྱི་མངའ་ཐང་སྔར་ལས་ལྷག་པར་ཡར་རྒྱས་ སོང་སྟེ། གཤོངས་དབུས་ནུབ་རི་སྟེང་པོ་ཆེ་དར་ཡོལ་བྲེས་པ་ལྟ་བུའི་ ཕོ་བྲང་ཕྱི་ང་ཁབ་གོང་དུ་གྲགས་པ་སྐུ་མཁར་ལྕགས་རི་འོབ་དང་བཅས་ པ་གསར་བཞེངས་མཛད་པ་དང། རིག་གནས་ཀྱང་ཤིན་ཏུ་དར་བས་ དེའི་དུས་སུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ ་ ་ ལྟ་བུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་ ཞིག་མང་ཡུལ་གུང་ཐང་དུ་བྱོན་པ་ཡིན་ནོ། ། ལྷ་རྗེ་རྒྱ་བོ་བ།། ཁོང་ནི་ཟུར་ཆུང་ཤེས་རབ་གྲགས་པ་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། ལྷ་རྗེ་དགེ་བ་འབུམ།། [1848] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས། ཁོང་གིས་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་ པའམ་འགྲོ་མགོན་བདེ་བའི་རྡོ་རྗེའི་ ་ ཞབས་ལ་ གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ མཛད་ཅིང། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་ གཉེར་ལེགས་པར་མཛད་པས་གཞུང་ལུགས་དང་ཉམས་ལེན་གཉིས་ ཀར་མཁས་པ་ཆེན་པོར་གྱུར། དེའི་སྐབས་སུ་ལྷ་སའི་གཙང་པོ་དབྱར་ དུས་ལ་སླེབས་སྐབས་ཆུ་ཉེན་ཤིན་ཏུ་ཆེ་བར་བརྟེན་ཁོང་གིས་ལྷ་སའི་ གཙང་པོར་ཆུ་རགས་རྒྱག་པའི་ཆེད་དུ་རང་ཉིད་ལ་སྨན་ཡོན་བྱུང་བ་ ཐམས་ཅད་འགྲོ་གྲོན་དུ་བཏང་བ་མཛད་པས་ཁོང་གི་མཛད་རྗེས་ རླབས་ཆེན་དེ་དག་ཕྱི་རབས་པ་ཚོད་དྲན་གསོ་ཞུ་ཆེད་ལྷ་རྗེ་དགེ་བ་ འབུམ་གྱི་སྐུ་བརྙན་བཞེངས་ཏེ་ལྷ་སའི་གཙུག་ལག་ཁང་གི་བྱམས་པ་ མཆེད་བཞིའི་ལྷ་ཁང་ནང་དུ་བཞུགས་སུ་གསོལ་བའི་ལོ་རྒྱུས་མཆིས་ སོ། ། ལྷ་རྗེ་ཟླ་བ་འོད་ཟེར།། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་ ཡབ་འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ གསུམ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡབ་འཁོན་སྟོན་ལས་ཡི་གེའི་སྦྱོར་ཀློག་ ལེགས་པར་བསླབས་ཤིང་མཁས་པར་གྱུར། དགུང་ལོ་བཅུ་དྲུག་པར་ འུ་ཡུག་གི་ཞང་རྒྱ་མ་བ་དང། གངས་པ་ཤེའུ། རོང་ཟོམ་ཆོས་ [1849] བཟང་ལ་སོགས་པའི་དགེ་བའི་བཤེས་མང་པོར་བསྟེན་ནས་མདོ་སྔགས་ རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དེ་ ནས་ཡབ་འཁོན་སྟོན་དང། ཨ་ནེ་མ་གཅིག་ཞ་མ་ལྕམ་སྲིང་ལས་ དབང་དང་གདམས་ངག་མ་ལུས་པ་ཞུས། བལ་ཡུལ་དུ་ཡོན་ཏེ་སློབ་ དཔོན་ཛ་ཡ་སེ་ན་ལ་སོགས་པར་བསྟེན་ནས་མདོ་སྔགས་ཀྱི་གཞུང་པོ་ ད་ལྔར་སྦྱངས་པར་མཛད་ཅིང། ཡབ་འཁོན་སྟོན་གྱི་ལུགས་བཞིན་དུ་ གདམས་ངག་དང། དབང་བསྐུར། སྡེ་སྟོང་གི་བཤད་པ་གསུམ་ གྱིས་གདུལ་བྱ་མཐའ་ཡམ་པ་བསྐྱངས་ཤིང་རྒྱ་དམར་བ་ལ་སོགས་པའི་ བསྟན་འཛིན་གྱི་སློབ་མ་མང་དུ་བྱོན། ཟང་ཟིང་གི་ལོངས་སྤྱོད་ལ་ མངའ་བརྙེས་པས་ཡབ་དང་ཨ་ནེ་གཉིས་དགོངས་པ་རྫོགས་ཐབས་ཀྱིས་ སྐྱེ་པོ་མང་པོར་སྦྱིན་པ་གཏོང་བ་དང། དངུལ་གྱི་གདུང་ཁང་ཆེན་མོ་ གཉིས་བཞེངས་པར་མཛད། སླར་བལ་ཡུལ་དུ་ཕེབས་ཏེ། དེ་ན་ གནས་པའི་རྣལ་འབྱོར་མ་དང་གྲུབ་པའི་རྣལ་འབྱོར་པ་མང་པོ་བསྡུས་ ནས་ཚོགས་ཀྱི་མཆོད་པ་ཡང་མང་དུ་མཛད། དེ་ནས་ངོ་མཚར་བའི་ལྟད་ མོ་ཡང་བཞི་མཐོང་བར་གྲགས། བསྟན་འགྲོའི་བྱ་བ་རྒྱ་ཆེན་པོ་མཛད་ ཅིང་དགུང་ལོ་དྲུག་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་གི་རྣམ་ཐར་མཛད་པ་པོ་ནི་ཇོ་སྟོན་དབང་ཕྱུག་གྲགས་པ་ཡིན་ ཁོང་ནི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ། ། ལྷ་རྗེ་འུག་པ་ལུང་པ།། ཁོང་ནི་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། [1850] ལྷ་རྗེ་ལྷ་ཁང་པ།། ཁོང་ནི་བླ་ཆེན་ཡོན་ཏན་གཟུངས་དང་མི་གཅིག་ཡིན་པས་དེར་ གཟིགས་པར་ཞུའོ། ། ལྷ་ཐོ་ཐོ་རི་གཉན་བཙན།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་ཡབ་རྒྱལ་པོ་ཁྲི་ཐོག་རྗེ་བཙན་དང། ཡུམ་རུ་ཡོང་བཟའ་ སྟོང་རྒྱལ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་མ་ཚུགས་གོང་ གི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ལོ་ཚིགས་འདི་ནི་ སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ལྟ་བ་ཡིན། ཁོང་གི་སྐུ་བོན་ནི་གཙོ་ཡི་ བོན་པོ་གཡང་སྐྱེས་དང། མཚོའི་བོན་པོ་འདུལ་སྲོང། འབྲིའི་བོན་ པོ་ཤོད་དྲི་གསུམ་གྱིས་མཛད། བཙུན་མོ་གནོ་བཟའ་མང་མོ་རྗེ་ཇི་ དགོས་ཞེས་པ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་གཉན་གཟུངས་བཙན་ སྐུ་འཁྲུངས། རྒྱལ་པོ་འདིའི་རིང་ལ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ དབུ་བརྙེས་པའི་བཤད་སྲོལ་ཡོད་ཅིང། དེ་ཡང། འབྱུང། པ་དང། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག་མདོ་སྡེ་ཟ་མ་ཏོག་ སྙིང་པོ་ཡི་གེ་འབྲུ་དྲུག་པ། ཚིནྡྷ་མ་ཎིའི་རྐོས་ཕོར། མུ་ཏྲཱུའི་ཕྱག་རྒྱ་ རྣམས་ནམ་མཁའ་ལས་བྱོན། ཞེས་དང། ལས་བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི་ དོན་ལ་པཎྜི་ཏ་བློ་སེམས་མཚོ་དང། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་ རྣམས་ཁྱེར་འོངས་བ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་ [1851] རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག། ཞེས་གསུངས་པ་ལྟར། རྒྱལ་ པོས་དེ་རྣམས་དཀོར་ཁང་དུ་བཞུགས་སུ་གསོལ་ཏེ། གཉན་པོ་གསང་ བ་ཞེས་པའི་མཚན་གསོལ་ཏེ། དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་ ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་བང་སོ་ནི་རང་ ཡུལ་ཕྱིང་ལུང་དར་ཐང་དུ་བཏབ། ཁོང་ནི་འོག་གི་བཙན་ལྔ་ལས་ལྔ་ པ་དེ་ཡིན་ནོ། ། ལྷ་ལྡེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་མངའ་ རིས་པུ་རངས་སུ་ཡབ་མངའ་བདག་འཁོར་རེའི་སྲས་སུ་སྐུ་འཁྲུངས་ ཁོང་སྐུ་ན་སོན་རྗེས་མངའ་རིས་གུ་གེ་དང་པུ་རངས་གཉིས་ཀའི་ཆབ་ སྲིད་བསྐྱངས་ཏེ། བཙུན་མོ་ཞིག་ཁབ་ཏུ་བཞེས་པ་ལ་རིགས་སྲས་འོད་ ལྡེ་དང། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་རིམ་ པར་སྐུ་འཁྲུངས། ཁོང་གིས་པཎྜི་ཏ་སུ་བཧུ་ཏི་ཤྲཱི་ཤཱནྟ་མངའ་རིས་གུ་ གེར་གདན་དྲངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་གྱི་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད་དུ་བཅུག་ལོ་ཆེན་རིན་ ཆེན་བཟང་པོ་ ་ དབུའི་མཆོད་གནས་སུ་བཀུར་བ་ དང། ཁོང་གི་མངའ་ཞབས་པུ་རངས་ཁོངས་ཀྱི་ཤེར་པ་ལ་སོགས་ པའི་ས་ཆ་གསུམ་ལོ་ཆེན་རིན་ཆེན་བཟང་པོའི་མཆོད་གཞིས་སུ་ཕུལ་བ་ བཅས་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛད་དོ། ཁོང་ནི་མངའ་ རིས་གུ་གེའི་རྒྱལ་རབས་གཉིས་པ་ཡིན་ནོ། ། ལྷ་ཕྱུག་མཁར་བ་ཉི་ཟླ་འོད།། [1852] ཁོང་ནི་རབ་བྱུང་གཉིས་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་དོལ་གྱི་ཞུར་ན་ཡབ་ཇོ་བོ་སངས་རྒྱས་སྐྱབས་ཀྱི་སྲས་སུ་སྐུ་ འཁྲུངས། རབ་བྱུང་བཞི་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་ལྷ་ ཕྱུག་ཏུ་སྐུ་གཤེགས། དགུང་ལོ་གཞོན་ནུའི་སྐབས་སུ་རྔོག་མདོ་སྡེ་ དང། གན་པ་དར་རེ། ལོ་རེ་རས་པ་རྣམས་ལ་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས། དེ་ནས་བླ་མ་ཞང་གིས་ ལས་སློབ་དང། ཤ་མི་འདུལ་འཛིན་གྱིས་མཁན་པོ་མཛད་དེ་ལྷ་སར་ བསྙེན་པར་རྫོགས་ཤིང་མཚན་ལ་ཉི་ཟླ་འོད་ཞེས་གསོལ། བླ་མ་ཞང་ ལ་ལོ་ངོ་ཉི་ཤུ་རྩ་གཅིག་བསྟེན་ཏེ་ཆོས་ཐམས་ཅད་མ་ལུས་པ་ཞུས། བླ་ མའི་བྱིན་རླབས་ཞུགས་ཏེ་རྟོགས་པའང་འཁྲུངས། རབ་བྱུང་གསུམ་ པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ་་ལོར་འཇུ་ཕུ་བཏབ། རབ་བྱུང་ གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ལྷ་ཕྱུག་བཏབ་ནས་ གདན་ས་ལོ་ངོ་བཅོ་བརྒྱད་བསྐྱངས་པའི་དུས་སུ། རབ་བྱུང་བཞི་པའི་ ལྕགས་ཕོ་རྟག་ལོ་སྟེ་སྤྱི་ལོ་་ལོར་ཚལ་གུང་ཐང་གི་གདན་སར་ ཕེབས་ཏེ་ལྷ་ཕྱུག་དང་སྦྲགས་ནས་གདན་ས་ལོ་ངོ་ལྔའི་རིང་དུ་ བསྐྱངས། དེ་ནས་གདན་ས་སྤྲུལ་སྐུ་སངས་རྒྱས་འབུམ་ལ་གཏད་དེ་ དགུང་ལོ་བདུན་ཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་ སོ། ཁོང་ནི་ཚལ་གུང་ཐང་གི་བླ་རབས་བཞི་པ་ཡིན། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་བླ་མ་སྤྱན་སྔ་བ་དང། རིན་པོ་ཆེ་སྟོན་ནམ་མོ་ བླ་མ་བ་ལམ་པ། རྟོགས་ལྡན་བྲག་པོ། རུ་ཐོག་པ་བཅས་ཡིན། ། ལྷ་བུ་མགོ་དཀར།། [1853] ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བློན་པོ་ རུ་ལས་སྐྱེས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་ཨེ་ཤོ་ལེགས་ཀྱི་མཛངས་ བློན་ཡིན་ཏེ། དེ་ཡང། འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། མཛངས་པའི་ ལས་སུ་ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་ དྲངས། མདའ་རུ་ཆུ་མ་རྨོ་བ་འདི་ནས་དར། ཞེས་གསུངས་སོ། ། ལྷ་བྲག་ཁ་བ་བློ་གྲོས་ཡེ་ཤེས།། ཁོང་ནི་རབ་བྱུང་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་ཡུལ་བྱེ་ཆུང་དུ་ཡབ་ཇོ་བོ་ཤཱཀྱ་བཀྲ་ཤིས་དང་ཡུམ་སྐྱོ་མོ་དར་རྒྱན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་གིས་ལྷ་འགྲོ་བའི་མགོན་པོ་བྱང་ ཆུབ་འོད་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་ མཛད་པས་མདོ་སྔགས་བསྟན་པའི་བདག་པོར་གྱུར། རབ་བྱུང་བཞི་ པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་ལྔ་པའི་མེ་ཕོ་ཁྱི་ ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་ཉི་ཤུ་རྩ་བདུན་གྱི་རིང་དུ་འཆད་ ཁ་གསར་མའི་གདན་ས་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་ གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ ཅིང་དགུང་ལོ་དགུ་བཅུ་གོ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་འཆད་ཁ་གསར་མའི་གདན་རབས་བཞི་པ་ཡིན་ ནོ། ། [1854] ལྷ་བླ་མ་བྱང་ཆུབ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་ མངའ་རིས་གུ་གེར་ཡབ་མངའ་བདག་ལྷ་ལྡེའི་སྲས་སུ་སྐུ་འཁྲུངས་ ཁོང་དགུང་ལོ་གཞོན་ནུའི་དུས་སུ་རབ་བྱུང་བསྒྲུབས་ཏེ་མཚན་ལ་བྱང་ ཆུབ་འོད་ཅེས་ཞུ་ཞིང། རབ་བྱུང་དང་པོའི་མེ་མོ་གླང་ལོ་སྟེ་སྤྱི་ ལོ་་ལོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ནག་ཚོ་ལོ་ཙཱ་བ་ ཚུལ་ཁྲིམས་རྒྱལ་བ་ལ་གསེར་སྲང་སུམ་ཅུ་སོ་གཉིས་དང། གསེར་ ལིང་པ་གཅིག་བསྐུར་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་ཞུ་ པའི་ཕོ་ཉ་རྒྱ་གར་དུ་བཏང། རབ་བྱུང་དང་པོའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ ལོ་་ལོར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ལྷ་བླ་མ་བྱང་ཆུབ་ འོད་ཀྱི་བཀའ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མངའ་རིས་གུ་གེར་ གདན་དྲངས་ཤིང། ལྷ་བླ་མ་བྱང་ཆུབ་འོད་ཀྱི་རྟ་དཀར་མི་དཀར་ སུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་ མཆོད་རྫས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཁོང་གིས་ཇོ་བོ་ རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བསྐུལ་མ་ཞུས་པ་ལྟར་ཇོ་བོ་རྗེས་ཀྱང། ཆུབ་ལམ་གྱི་སྒྲོན་མེ། ཁོང་གི་སྐུ་ ཚེའི་སྨད་དུ་པུ་རངས་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་ བསྒོས་ནས་ཡུལ་དབྱུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་བཧི་དང། ལོ་ཙཱ་བ་གྱི་ཇོ་ ཟླ་བའི་འོད་ཟེར་གྱིས། ཀྱང་བསྒྱུར་ཡོད་དོ། ཁོང་གི་མཚན་གཞན་ལ་བཙུན་པ་བྱང་ཆུབ་ འོད་ཅེས་ཞུའོ། ། [1855] ལྷ་བླ་མ་ཡེ་ཤེས་འོད།། ཁོང་ནི་སྲོང་ངེ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ ཞུའོ། ། ལྷ་བློ་གྲོས་འོད།། ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཡང་མངའ་བདག་གྲགས་པ་རིན་ཆེན་དང། ཡུམ་ལྷ་གཅིག་རྡོ་ རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ ལོ་སྟེ་སྤྱི་ལོ་་ལོར་སྤྱིལ་བུར་སྐུ་གཤེགས། ཁོང་གིས་ལོ་ཙཱ་བ་ གྲགས་པ་རྒྱལ་མཚན་དང། སློབ་དཔོན་ཀུན་དགའ་ལ་སོགས་པའི་ དགེ་བའི་བཤེས་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་ བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མ་ཟད། དབང་དང་གདམས་ ངག་ཀྱང་མང་དུ་ཞུས། དེ་ནས་སྤྱིལ་བུར་འཕེབས་ཏེ་ལྷ་ཟུར་ཁང་པའི་ ཞབས་ལ་གཏུགས་ཤིང་ཆོས་མང་དུ་གསན་ཞིང་དགེ་བསྙེན་གྱི་སྡོམ་པ་ མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ཀྱིས་ མཁན་སློབ་མཛད་ཅིང་རབ་ཏུ་བྱུང་ཞིང་མཚན་ལ་བློ་གྲོས་འོད་ཅེས་ གསོལ། དགུང་ལོ་ཉི་ཤུ་ཐམ་པར་མཁན་སློབ་དེ་གཉིས་ལས་བསྙེན་ པར་རྫོགས། ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས་ལས་གཞུང་གདམས་ ངག་མ་ལུས་པར་གསན་པ་མཛད། ཁྱད་པར་དུ་བློ་སྦྱོང་དོན་བདུན་ མ་བཅས་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང། ཁ་ ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ་ཟབ་མོ་རྣམས་བུམ་པ་གང་ བྱོའི་ཚུལ་དུ་གསན་པར་མཛད། སྦས་པ་སྟོན་གཞོན་ལས་ཤེར་ཕྱིན་ [1856] དང། མཁན་པོ་གཞོན་ཚུལ་ལས་འདུལ་བ་བཅས་གསན། དགུང་ ལོ་ཉི་ཤུ་རྩ་བདུན་པ་རབ་བྱུང་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་་ ལོར་ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས་ཀྱིས་ཁོང་ལ་དུང་རིན་པོ་ཆེ་ དང། འཕེལ་གདུང། ཤཱ་རིའི་བུའི་ལྷུང་བཟེད། ནཱ་རོའི་རུས་ རྒྱན། ཇོ་བོ་རྗེའི་ཕྱག་དྲིལ། ཕྱག་རྡོར། པོ་ཏོ་ལ་སོགས་པའི་ གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་གཏད་ཅིང་སྤྱིལ་བུའི་དགོན་གྱི་ གདན་སར་བསྐོས། ལོ་ངོ་བཞི་བཅུའི་རིང་དུ་གདན་ས་བསྐྱངས་ཤིང་ བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། སྤྱིལ་བུའི་དགོན་གྱི་ མངའ་ཐང་ཡང་ཤིན་ཏུ་དར་ཞིང་རྒྱས་པར་མཛད་ནས་དགུང་ལོ་དྲུག་ ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་འཆད་ ཁ་གསར་མ་དང་སྤྱིལ་བུའི་དགོན་གྱི་གདན་རབས་དྲུག་པ་ཡིན་ནོ། ། ལྷ་བཙན་པོ་མུ་ནི་རྭ་ཛ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་མདོ་སྔགས་གཉིས་ཀར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། དེ་ ནས་ཁ་ཆེ་དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་ མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སློབ་ གཉེར་ལེགས་པར་མཛད་ནས་བསྟན་བཅོས་གཅིག་བསྒྱུར་བ་མཛད་ ཁོང་གི་བསྒྱུར་རྩོམ་ནི། སྒྲུབ་ཐབས། ། ལྷ་བཙུན་བཀྲ་ཤིས་དཔལ་བཟང།། [1857] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ མིའི་ཉི་མ་མཐོང་བ་དོན་ལྡན་གྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་མེས་པོ་བསོད་ནམས་རྡོ་རྗེས་གཅེས་པར་བསྐྱངས་ ཤིང་ཡི་གེའི་སྦྱོར་ཀློག་བཅས་ལ་ལེགས་པར་བསླབས། དེ་ནས་ཡབ་ཆེན་ མིའི་ཉི་མ་མཐོང་བ་དོན་ལྡན་དང། པཎ་ཆེན་ནགས་ཀྱི་རིན་ཆེན་ ལོ་ཆེན་བསོད་ནམས་རྒྱ་མཚོ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་ མཆོག་མུས་ཆེན་དཀོན་མྖྒོ་རྒྱལ་མཚན། མཁས་གྲུབ་དོན་ཡོད་ དཔལ་བ། ལེགས་བཤད་བཟང་པོ། ཆག་ལོ་ཐམས་ཅད་མཁྱེན་པ་ སོགས་ཀྱི་ཞབས་པད་ལ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་བདུད་ རྩི་ངོམས་མེད་དུ་བཞེས་ཤིང་དབང་ལུང་མན་ངག་གི་བདག་པོར་གྱུར་ ལྷག་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་ཆེད་དུ་སྦྱངས་པས་སྐལ་ ལྡན་གདུལ་བྱ་ཡོངས་ཀྱི་རེ་བ་སྐོང་ཕྱིར་གསོ་དཔྱད་ཀྱི་འཆད་ཉན་ ལེགས་པར་བསྐྱངས་ཏེ་བུ་སློབ་མང་དུ་གསོ་སྐྱོང་མཛད་དོ། ཁོང་གི་ གསུང་རྩོམ་ནི། མཛོད། བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང། ། ལྷ་བཙུན་ངོ་མཚར་གཞན་ཕན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་དགའ་ལྡན་བསྟན་རྒྱལ་གླིང་ གི་ཆོས་སྒོར་ཞུགས་ནས་ཡི་གེའི་སྦྱོར་ཀློག་དང། ཐ་སྙད་རིག་གནས་ [1858] གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་རིམ་ པ་བཞིན་དུ་སློབ་གཉེར་མཛད་དེ་མཁས་པ་ཆེན་པོར་གྱུར། རབ་བྱུང་ བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོ་ནས་བཟུང་བརྩམས་པ་ མང་དུ་མཛད་དོ། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ ཕངས་སོ། ཁོང་གི་གསུང་རྩོམ་ནི། ཐར་པར་བགྲོད་པའི་འཇུག་ངོགས། སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང། དབང་ཕྱུག་ལྷ་ལྔའི་དཀྱིལ་འཁོར་སྒྲུབ་མཆོད་བདག་འཇུག། ག། བཞུགས་སོ། ། ལྷ་བཙུན་མཐུ་སྟོབས་ཉི་མ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་འབྲས་སྤུངས་སྒོ་ མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་ བསམ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁོང་ གིས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ ་ སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། ཁོང་ གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་ གསུང་རྩོམ་ནི། བྱ་སྙིང་གི་ཐིག་ལེ། [1859] དྭངས་བསིལ་གྱི་གནས་བསྟོད། ཐབས། དཀར་གྱི་སྒྲུབ་ཐབས། གཅིག་བཞུགས་སོ། ། ལྷ་བཙུན་པ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་ གཞུང་སོགས་ལ་ཐོས་བསམ་མཛད་ཅིང། དེ་ནས་བལ་ཡུལ་དང་རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་ བསྒྱུར་རྩོམ་ནི་ ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་ཛྙཱ་ན་བཛྲས་མཛད་པ་བཞུགས་ སོ། ། ལྷ་བཙུན་བྱམས་པ་དཀོན་མཆོག་རིན་ཆེན།། ཁོང་ནི་མིའི་ཉི་མ་མཐོང་བ་དོན་ལྡན་དང་མི་གཅིག་ཡིན་པས་ དེ་ལ་གཟིགས་པར་ཞུའོ། ། [1860] ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ལྔ་པར་ནམ་ མཁའ་བསོད་གྲགས་ལས་ཚེ་དབང་ཞུས་ཤིང་མཚན་ལ་ཆོས་ཀྱི་རྡོ་རྗེ་ ཞེས་གསོལ། དགུང་ལོ་དྲུག་པར་རྗེ་བློ་བཟང་ཡར་འཕེལ་བསྟེན་ནས་ ཡི་གེའི་སྦྱོར་ཀློག་དང་སྡེབ་སྦྱོར་བཅས་ལ་སྦྱངས་པ་མཛད། དགུང་ལོ་ བདུན་པར་རྗེ་བློ་བཟང་ཡར་འཕེལ་ལས་དགེ་སྙེན་བསྒྲུབས་ཤིང་ མཚན་ལ་བློ་བཟང་བསྟན་འཛིན་རྒྱལ་མཚན་ཞེས་གསོལ། པཎ་ཆེན་ བློ་བཟང་ཆོས་རྒྱན་གྱིས་གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་ སྐུ་སྐྱེར་ངོས་འཛིན་གནང། དེ་ནས་ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་བླ་ མར་བསྟེན་ཏེ་དབང་ལུང་ཁྲིད་གསུམ་མང་དུ་གསན། འཕན་ཡུལ་ སྨན་པ་ཀུན་དགའ་བྱང་ཆུབ་ལས་གསོ་རིག་དང། སྐར་རྩིས། སོག་ ཡིག་སོགས་གསན་བསམ་མཛད། དེ་ནས་དབུས་སུ་ཕེབས་ཏེ་རྒྱལ་ དབང་ལྔ་པ་དང་མཇལ་ཞིང་འཇིགས་བྱེད་སོགས་ཀྱི་དབང་ལུང་ཞུས་ གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་ཆོ་ ག་ཕྱག་ལས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ ལོ་ཉི་ཤུ་ཐམ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་ སྡོམ་པ་བཞེས། དེ་ནས་སོགས་ཡུལ་དུ་ཕེབས་ཏེ་དགོན་གསར་བཀྲ་ཤིས་ དགེ་འཕེལ་གླིང་དུ་རྒྱུན་བཞུགས་མཛད། དགུང་གྲངས་ལྔ་བཅུ་རྩ་ གྲངས་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ ནི། [1861] ལེགས་བཤད་ཀུན་བཏུས། ཁྲིད་ཡིག་བྱམས་མགོན་ཕོ་ཉ། བཅས་ཆོས་ཚན་བདུན་ཅུ་དོན་གསུམ་ལོངས་པོའི་པོད་བཞི་བཞུགས་ སོ། ། ལྷ་བཙུན་བློ་བཟང་ནོར་བུ་ཤེས་རབ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བརྒྱད་པར་ འཕགས་པ་བརྩོན་འགྲུས་བཟང་པོའི་དྲུང་ནས་དགེ་བསྙེན་དང་རབ་ བྱུང་གི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་སློབ་དཔོན་བློ་བཟང་ དམ་པ་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ དགུང་ལོ་ཉི་ཤུ་རྩ་དྲུག་པར་མེས་རྒྱལ་ནང་ཁུལ་དུ་ཕེབས་ཏེ་མཁན་པོ་ བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་ བཞེས། ཆོས་རྗེ་བློ་བཟང་ཞི་བ་སོགས་ལ་བསེན་ནས་མདོ་སྔགས་ཀྱི་ བཀའ་ཆོས་མང་དུ་གསན། སྐུ་ཚེ་སྨད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་ པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི། ཐབས་རིན་ཆེན་འབྱུང་གནས་ཀྱི་ལྷན་ཐབས་གསལ་བའི་མེ་ལོང། སྒྲོན། ། ལྷ་བཙུན་བསོད་ནམས་དཔལ་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ [1862] མངའ་རིས་མང་ཡུལ་སྟོད་ཀྱི་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། ཁོང་ གཞོན་ནུའི་དུས་ནས་སྤེ་ཐུབ་ཚོས་སྡེར་ཕེབས་ཏེ་རབ་ཏུ་བྱུང་ཞིང་དཔེ་ ཆར་གཟིགས། དེ་ནས་བཀྲ་ཤིས་ལྷུན་པོར་བྱོན་ཏེ་ཚད་མ་རྣམ་འགྲེལ་ དང། ཕར་ཕྱིན། དབུ་མ། འདུལ་བ། མཛོད་རྣམས་ལ་ཐོས་ བསམ་ནན་ཏན་དུ་མཛད་དེ་མཁས་པའི་ཕུལ་དུ་ཕྱིན་ཞིང་རྩེས་ཐང་གི་ གྲྭ་སྐོར་མཛད། གྲུབ་པའི་དབང་ཕྱུག་སྔགས་རམས་པ་དགེ་འདུན་ བཀྲ་ཤིས་ལས་ཕྱག་རྡོར་འཁོར་ཆེན་གྱི་དབང་དང། རྒྱལ་བ་བསོད་ ནམས་རྒྱ་མཚོ་ ་ ལས་སྙིང་པོ་དོན་གསུམ་གྱི་ཁྲིད་ ཁྲི་ཆེན་བདེ་བ་ཅན་པ་ ་ ལས་བྱང་ཆུབ་ལམ་རིམ་ སོགས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ནས་སྒྲུབ་པ་ ཉམས་ལེན་ཁོ་ནས་དུས་འདའ་བར་མཛད། དེ་ནས་སྙན་པའི་གྲགས་ པ་ཕྱོགས་བཅུར་ཁྱབ་སྟེ་དད་ལྡན་གྱི་བུ་སློབ་མང་དུ་འདུས་པ་ལ་བྱང་ ཆུབ་ལམ་གྱི་རིམ་པའི་ཁྲིད་སོགས་གང་ལ་གང་འཚམ་པའི་གདམས་ ངག་འདོམས་པར་མཛད། ཁོང་ནི་བྱང་ཆུབ་ལམ་རིམ་བླ་བརྒྱུད་ཀྱི་བླ་ རབས་དྲུག་ཅུ་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་གྲགས་ཆེ་བ་ནི་ ཤར་པ་ཆོས་རྗེ་སྒོམ་བདེ་ནམ་མཁའ་རྒྱལ་མཚན་དང་ཁྲི་ཆེན་དགེ་ འདུན་རྒྱལ་མཚན་གཉིས་ཡིན་ནོ།། ལྷ་བཙུན་བསོད་ནམས་ཡེ་ཤེས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་ ཡབ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་སྲས་སུ་སྐུ་འཁྲུངས། ཁོང་ དགུང་ལོ་ཆུང་ངུའི་དུས་ནས་ཡབ་ཆེན་ལྷ་བཙུན་བཀྲ་ཤིས་དཔལ་ [1863] བཟང་ལས་གསོ་བ་རིག་པར་སྦྱངས་བརྩོན་གནང་བས་གཞུང་མན་ངག་ སྤྱི་དང། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞིའི་བཀའ་གཏེར་ཆུ་བོ་ གཉིས་འདྲེས་ཀྱི་གདམས་ངག་ལ་ཞལ་ཤེས། བཀའ་གཏད་རྒྱའི་དབང་ ཆུ་ལྷ་དང་དྲང་སྲོང་གི་སྒྲུབ་ཐབས་ཀྱི་སྐོར། སྙན་བརྒྱུད་ཀྱི་ཕྱག་ལེན་ འགྲེལ་བཤད་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་ཅིང་ གསོ་རིག་མན་ངག་གི་བདག་པོར་གྱུར། བྱང་རོང་གི་དུས་འཁྲུགས་ བྱུང་རྗེས་རིན་སྤུངས་པའི་བླ་སྨན་མཛད་ནས་བཞུགས་སོ། ཁོང་གི་ གསུང་རྩོམ་ནི། བྱེད། འགྲུབ་པ། ཁོང་གི་མཚན་གཞན་ལ་དྲང་སྲོང་ བསོད་ནམས་རྒྱལ་མཚན་ཞེས་ཞུའོ། ། ལྷ་རྩེ་ཡེ་ཤེས་ཆོས་འཕེལ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་ལྷ་རྩེར་ཡབ་ཁྱིམ་བདག་ཕུན་ཚོགས་དང། ཡུམ་བུ་ཁྲིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་མགར་ཡིན། རབ་བྱུང་བཅོ་ལྔ་ པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ལྔ་པར་ལྷ་ཆོས་དགའ་ལྡན་གླིང་གི་ཆོས་གྲྭར་ཞུགས་ནས་མཁན་པོ་ཡེ་ ཤེས་ཆོས་འཕེལ་ལ་གཙུག་ཕུད་ཕུལ། དགུང་ལོ་བརྒྱད་པར་མཁན་པོ་ འདི་བ་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ཡེ་ཤེས་ཆོས་འཕེལ་ཞེས་ གསོལ། སློབ་དཔོན་ཐོགས་མེད་གྲགས་པ་ལས་ཡི་གེའི་སྦྱོར་ཀློག་དང་ ཆོས་སྤྱོད་བཅས་ལ་སྦྱངས་བ་མཛད། དགུང་ལོ་བདུན་པར་སློབ་ [1864] དཔོན་བློ་བཟང་མགོན་པོ་ལས་མདོ་རྒྱུད་ཀྱི་ཆོས་གཞུང་དབང་ལུང་ མན་ངག་མང་དུ་གསན་ནས་རབ་འབྱམས་པའི་མཚན་བཏགས་ བཞེས། དགུང་ལོ་ཉེར་དགུ་པར་བླ་མ་བློ་བཟང་དཔལ་ལྡན་བསྟན་ པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་པར་ བདེ་ཆེན་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་ནས་ དུས་འདའ་བའོ། དགུང་ལོ་དོན་གསུམ་པར་དགོངས་པར་ཆོས་དབྱིངས་ སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནི། ཐར་མདོར་བསྡུས། བསྡུས་དོན་དངོས་གྲུབ་གཏེར་མཛོད། གདུང་རུས་ཀྱི་ལོ་རྒྱུས་མདོར་བསྡུས། བྲིས་ཐང་འབྲི་ཚུལ་དང་འབྲེལ་བའི་རྣམ་བཤད་མདོར་བསྡུས། བཞི་བཅུ་ཞེ་ལྔ་ལོངས་པའི་པོད་གཅིག་བཞུགས་སོ། ། ལྷ་ཞི་བ་འོད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་ དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང། དེ་རྗེས་ཁ་ཆེ་ དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་ པ་དང། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ཅིང་རྒྱ་ [1865] གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་ གི་བསྒྱུར་རྩོམ་ནི། ཐམས་ཅད་ཀྱི་སྙིང་པོ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ། ལེའུ་དྲུག་ཅུ་རྩ་བརྒྱད་པ་དང། བ་རྩ་བའི་རྒྱུད། པ། ག། མའི་རྩ་བའི་རྟོག་པ་དང་རྟོག་པ་ཐམས་ཅད་སྒྲུབ་པའི་ཆོ་ག། རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ་རྟོག་པ་ཐམས་ཅད་ བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག། པ། འཁོར་ལོ་བདེ་མཆོག་འབྱུང་བ། འཁོར་གསུམ་གསལ་བར་བྱེད་པ། ། ལྷ་ཞིགས་འཇིགས་མེད་འཕྲི་ན་ལས།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྒན་གྱའི་ལྷ་ཞིས་སུ་ཡབ་གླུ་ཕྱུག་དང། ཡུམ་སྙིང་མོ་ སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ཐང་དཀར་ཡིན་ རབ་བྱུང་བཅུ་བཞི་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བརྒྱད་པར་ཀུན་མཁྱེན་འཇིགས་མེད་དབང་ པོས་བྱང་རྩེ་ཆོས་རྗེ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་ [1866] ཅིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་དང་ གཞུང་ཆེན་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་དབུས་སུ་ ཕེབས། པྲ་ཉེ་ཁམས་ཚན་དུ་བཞུགས་ཏེ་སློབ་གཉེར་མཛད། དགུང་ ལོ་སོ་ལྔ་པར་མདོ་སྨད་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྡོ་རམས་པའི་དམ་ བཅའ་བག་དུས་འཁོར་གྲྭ་ཚང་དུ་ཚོགས་ཆོས་འགྲིམས་ཤིང་སྒྲ་དང་ ས་རིས་ལ་མཁས་པར་སྦྱངས། གྲྭ་ཚང་དགེ་བསྐོས་དང་རྡོ་རྗེ་འཛིན་ པར་བཞུགས། དགུང་ལོ་ང་གཉིས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ ཁྲི་ལ་བཞུགས་ནས་འཆད་ཉན་མཛད་མུར་དགུང་ལོ་ང་གསུམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་དྲུག་པ་ཡིན་ནོ། ། ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས།། ཁོང་ནི་རབ་བྱུང་ལྔ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཇོ་བོར་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་གླང་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ལྷ་བྲག་ཁ་བ་བློ་གྲོས་ཡེ་ ཤེས་ཀྱི་ཞབས་ལ་གཏུགས་ཤིང་དགེ་བསྙེན་གྱི་སྡོམ་པ་མནོས། མཁན་ པོ་ལྷག་རུ་བ་ཆེན་པོ་དང་སྦས་པ་སྟོན་གཞོན་གྱིས་སློབ་དཔོན་མཛད་ ནས་རབ་ཏུ་བྱུང་ཞིང་མཚན་ལ་དབང་ཕྱུག་ཡེ་ཤེས་ཅེས་གསོལ། སྦས་ པ་སྟོན་གཞོན་ལས་བྱམས་ཆོས་སྡེ་ལྔ་དང་ཚིག་འཇུག་ལ་སོགས་པའི་ གདམས་ངག་ཐམས་ཅད་གསན་པས་མཁྱེན་པ་རྒྱ་ཆེན་པོར་གྱུར་ མཁན་པོ་ལྷག་རུ་བ་ཆེན་པོ་ལས་མངོན་པ་མཛོད་ལ་སོགས་པའི་གཞུང་ [1867] ཆེན་རྣམས་གསན་ནས་ཚོགས་ཆོས་སུ་གསུངས་པས་ཐམས་ཅད་དགྱེས་ པར་གྱུར། རབ་བྱུང་ལྔ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་འཆད་ ཁ་གསར་མ་དང་སྤྱིལ་བུའི་དགོན་གྱི་གདན་སར་ཕེབས་ཏེ་ལོ་ངོ་བཞི་ རིང་དུ་ཚོགས་པ་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གོས་ སྐྱོང་མཛད། དེ་ནས་གདན་ས་ལྷ་བློ་གྲོས་འོད་ལ་གཏད་ནས་རི་ཁྲོད་ འགྲིམས་ཏེ་སྒྲུབ་པ་ཉམས་ལེན་མཛད། དེ་ནས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་གཅིག་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། གདུང་སྦྱང་སྐབས་ཀྱང་ཐུགས་ལྗགས་ སྤྱན་གསུམ་དང་གཡས་འཁྱིལ་གྱི་དུང་ལ་སོགས་པའི་རྟེན་ངོ་མཚར་ ཅན་མང་དུ་བྱོན་ནོ། ཁོང་ནི་འཆད་ཁ་གསར་མ་དང་སྤྱིལ་བུའི་ དགོན་གྱི་གདན་རབས་ལྔ་པ་ཡིན་ནོ། ། ལྷ་གཟིགས་རིན་ཆེན་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་ འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་ནི་དང་པོ་འབྲི་གུང་ པའི་གཟིམས་གཡོག་ཤིག་ཡིན། དུས་ཕྱིས་སུ་ཞྭ་དམར་བ་སྐུ་ཕྲེང་ གཉིས་པ་མཁའ་སྤྱོད་དབང་པའི་ཞབས་ལ་གཏུགས་ནས་རྩ་བའི་བླ་ མར་བཟུང་སྟེ་གདམས་པ་མང་དུ་ཞུས་པས་ཐུགས་དམ་ཕུན་སུམ་ ཚོགས་པར་གྱུར། ཡུལ་སྟོད་སྨད་ཐམས་ཅད་དུ་ཞབས་ཀྱིས་བཅགས་ ནས་བསྟན་འགྲོའི་དོན་ཆེན་འབའ་ཞིག་བསྒྲུབས་པར་མཛད། ཁོང་ གིས་ཆོས་རྗེ་མཁའ་སྤྱོད་དབང་པོའི་གསུང་ལ་ཟིན་བྲིས་མང་དུ་མཛད་ པས་ཕན་པ་ཡང་ཆེ་བར་བྱུང། ཁོང་གི་སློབ་མ་མཆོག་ཏུ་གྱུར་བ་ [1868] ནི་མཁན་ཆེན་ཤཱཀྱ་གྲགས་པ་ཡིན། ། ལྷ་གཟིགས་ཤོག་པོ་བརྟན་བཟང།། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་ཙམ་དུ་ཁམས་ ཕྱོགས་སུ་སྐུ་འཁྲུངས་ཤིང། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ ཆེན་པོ་དྲུག་གི་ཡ་གྱལ་ཡིན་ནོ། ། ལྷ་ཡེ་ཤེས་རྒྱལ་མཚན།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ དངོས་གྲུབ་ཐབས་ཅད་འབྱུང་བའི་གཏེར་སྦྱོར་བ་བདུན་པ་དབང་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་ དང། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་མཁས་པར་ སྦྱངས་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ གི་བསྒྱུར་རྩོམ་ནི། ལེའུ་བཅུ་བདུན་པ་དང། གཟུང་བ། བདག་ཉིད། ཤིང་གསང་བ་འདུས་པའི་འགྲེལ་བ། མའི་རྣམ་པར་བཤད་པ། ཕ་ཞལ་གྱི་ལུང་འཇམ་དཔལ་ཞལ་ལུང་ཆེན་མོ། སྒྲུབ་ཐབས། [1869] ལུང་གི་འགྲེལ། པ། རྣམ་པར་བཤད་པ། དངོས་གྲུབ་ཐབས་ཅད་འབྱུང་བའི་གཏེར་སྦྱོར་བ་བདུན་པ་དབང་ བཞིའི་རབ་ཏུ་བྱེད་པ། རིན་ཆེན་གྱི་སྒྲུབ་ཐབས། འབྱོར་གྱི་བྱ་བའི་རིམ་པ། ། ལྷ་རམས་པ་བློ་བཟང་ཚེ་བརྟན།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་ གི་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ ཐོས་བསམ་ནན་ཏན་དུ་མཛད་ཅིང་ལྷ་རམས་པའི་མཚན་བཏགས་ བཞེས། ཁོང་གིས་རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་ ་ ་ རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་ གསན་པར་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ ཤིན་ཏུ་འཕངས་སོ། ཁོང་གི་གསུང་རྩོམ་ནི། གཞག་བློ་གསལ་པདྨ་བཞད་པའི་དགའ་སྟོན། སྐལ་ལྡན་པདྨ་བཞད་བྱེད་ཀྱི་དགོངས་པ་རབ་ཏུ་གསལ་བར་བྱེད་པ་ ལོག་རྟོག་མུན་པ་སེལ་བྱེད་ཡང་གསལ་སྒྲོན་མེ། བཞུགས་སོ་ [1870] ལྷ་རི་པ་ནམ་མཁའ་འོད་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་རྩམ་དུ་ གྲྭ་འཇད་དུ་ཡབ་གྲུ་གུ་རྩ་ལ་དང་ཡུམ་ཐང་གྲོ་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས་པའི་བླ་མ་ཞང་གི་སློབ་མ་ཆེན་པོ་ཞིག་ཡིན། ཁོང་གིས་བླ་མ་ ཞང་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ ལྷ་རིག་ཁའི་དགོན་པ་གསར་འདེབས་མཛད་ནས་སློབ་མ་མང་པོའི་ ཚོགས་པ་བསྐྱངས། ལྷ་རི་ཁ་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ ཁྱེར་གྱི་བྱང་ཤར་ངོས་སུ་ཡོད། ཁོང་གི་བསྙེན་མིང་ལ་སངས་རྒྱས་རས་ ཆེན་ཞེས་ཞུའོ། ། ལྷ་རི་བློ་བཟང་འབྱུང་གནས།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་རྩམ་དུ་ སྐུ་འཁྲུངས། ཁོང་གིས་རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་ ་ ་ སོགས་ལ་བསྟེན་ནས་མདོ་སྔགས་གཉིས་ལ་ལེགས་པར་ སྦྱངས་ཏེ་མཁས་པ་ཆེན་པོར་གྱུར། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་ རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི། གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་ཐེག་མཆོག་བགྲོད་པའི་ཉེ་ལམ། གཏུམ་མོའི་ཟོར་ལས། ལྡན་ལོངས་སྤྱོད། [1871] གཅིག་བཞུགས་སོ། ། ལྷ་རིན་པོ་ཆེ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་རྩམ་དུ་ སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་རྩའ་བ་ཞིག་ཡིན། ཁོང་གིས་ ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང་ བལ་ཡུལ། ཨོ་རྒྱན་གྱི་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པན་གྲུབ་ མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་ མཛད། ཁོང་གི་བསྒྱུར་རྩོམ་ནི། རྒྱུད་བརྟགས་པ་བཅུ་པ། སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་ པ། པ། རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ། པ། དགོད་པ། པ། ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ། བཅས་བཞུགས་སོ། ། [1872] ལྷ་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ཆེན།། ཁོང་ནི་རབ་བྱུང་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ཡབ་ཇོ་རྣལ་འབྱོར་དང། ཡུམ་སྣ་ནམ་བཟའ་དཔལ་འདྲེན་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་ལོ་བརྒྱད་པར་གུ་རི་བ་ཆེན་ པོ་ལས་བསྙེན་གནས་དང་གཏོར་ཆོག་ལ་སོགས་པའི་ལུང་ཞུས་ དགུང་ལོ་བཅུ་བཞི་པར་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅོ་ ལྔ་པར་རྒྱ་དུར་གྱི་མཁན་པོ་ཀླུབས་དཀར་དང་མཆིམས་ཕུའི་དགེ་ བཤེས་གཙང་པ་ཁྱུང་པོ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་བྱང་ ཆུབ་རིན་ཆེན་དུ་གསོལ། མཁན་སློབ་དེ་གཉིས་ལས་ཀཱ་རི་ཀཱ་དང་ སུམ་བརྒྱ་པ་ཚར་གཉིས་གསན་པས་མཁས་པར་གྱུར། དེ་ནས་སེ་སྤྱིལ་ བུ་བ་ཆོས་ཀྱི་རྒྱལ་མཚན་ཞབས་ལ་གཏུགས་ཤིང་གདམས་ངག་མ་ལུས་ པར་ཞུས་ཏེ་རྟོགས་པར་མངའ་བརྙེས། དགུང་ལོ་ཉི་ཤུ་རྩ་བཞི་པར་ མཁན་པོ་གླན་དང། སློབ་དཔོན་ཞང། གསང་སྟོན་གཉག་ཀྱིས་ མཛད་ཅིང་བརྙེན་པར་མཛོགས། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་ མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པར་མཛད། བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་མངའ་ཞིང་ དོན་ཡོད་ཞགས་པ་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས་ བཀའ་འགྱུར་རོ་ཅོག་གི་ལུང་གི་དབང་ཕྱུག་ཅེས་ གྲགས་སོ། སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་སྐུ་གཤེགས་རྗེས། རབ་ བྱུང་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོ་ནས་རབ་བྱུང་བཞི་ [1873] པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོའི་བར་དུ་ལོ་ངོ་གཞི་བཅུ་རྩ་ གསུམ་གྱི་རིང་དུ་འཆད་ཁ་གསར་མ་དགོན་དང་སྤྱིལ་བུའི་དགོན་གྱི་ གདན་ས་བསྐྱངས་ཤིང་བསྟན་འཛིན་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང། དགུང་ལོ་ བདུན་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ འཆད་ཁ་གསར་མའི་གདན་རབས་གཉིས་པ་ཡིན་ ལྷ་ལུང་གླུ་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་རྩམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ ཅན་གྱི་ལོ་རྩའ་བ་ཞིག་ཡིན་ནོ། ། ལྷ་ལུང་དཔལ་གྱི་རྡོ་རྗེ།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་རྩམ་དུ་ འབྲོམ་སྟོད་གུང་མོ་ཆེར་སྐུ་འཁྲུངས་ཤིང་སྐྱེས་མིང་ལ་སྟག་ཉ་བཟང་ ཞེས་ཞུའོ། སྐུ་ཚེའི་སྟོད་དུ་དྲག་པོ་གྱུལ་གྱི་རུ་འདྲེན་པ་མཛད་ནས་ རྒྱ་བོད་ཀྱི་སྐྱེ་ས་མཚམས་བསྲུངས། དེ་ནས་ངེས་འབྱུང་གི་བསམ་པ་སྐྱེས་ ཏེ་སློབ་དཔོན་བི་མ་ལ་མི་ཏྲེ་ལས་རབ་ཏུ་བྱུང། སློབ་དཔོན་པདྨ་ འབྱུང་གནས་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཤིང་སྔགས་ཀྱི་ དབང་དང་གདམས་ངག་ཐམས་ཅད་ཐོབ་སྟེ། གྲིབ་ཀྱི་དཀར་མོ་རོང་ དང་ཡེར་པ་བཅས་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རི་ བྲག་ལ་ཐོགས་པ་མེད་པ་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་ དང་དངོས་གྲུབ་བརྙེས་ཏེ། [1874] དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། དུས་ ཕྱིས་སུ་རྒྱལ་པོའུ་དམ་བཙན་པོ་བཀྲོངས་ནས་ཁམས་ལྡན་ཡུལ་དུ་ ཕེབས་ནས་བཞུགས་པར་གྲགས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་ འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཡིན་ནོ་ ལྷ་ལུང་བློན་མང་པོ་རྗེ་སྐར་གོང།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་རྩམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མངའ་བོར་དུ་བཅུག་པའི་ བ་དང། མཁས་པའི་དགའ་སྟོན། ལྷ་ལུང་བཟའ་མེ་ཏོག་མ།། ཁོང་མོ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་རྩམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ ་ ་ གྱི་བཙུན་མོ་ཡིན་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི། འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ལྷ་ལུང་རབ་འབྱོར་དབྱངས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་རྩམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ [1875] ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་མཁན་པོ་བོ་དཧི་ས་ཏཱ་ལས་རབ་ ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་ སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན་ནོ་ ལྷ་ས་དགེ་འདུན་རྒྱལ་མཚན།། ཁོང་ནི་རབ་བྱུང་དགུ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ ལྷ་སར་ལུམ་པ་ཤག་ཏུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་མོ་ལུག་ལོ་ སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་ མཚན་དང། བྱེས་པ་སློབ་དཔོན་ཤེས་རབ་སེང་གེ་ལས་རབ་ཏུ་བྱུང་ སེ་ར་བྱེས་སུ་སློབ་གཉེར་མཛད་ནམས་རྒྱ་མཚོ་དང་མངའ་རིས་ལྷ་ བཙུན་པ་བསོད་ནམས་དཔལ་བཟང་སོགས་ལས་བསྙེན་པར་མཛོགས་ སྨད་རྒྱུད་གྲྭ་ཚང་དུ་ཡོངས་འཛིན་བཀྲ་ཤིས་བཟང་པོ་བསྟན་ནས་མཁས་ པའི་གྲགས་པ་ཐོབ། དགུང་ལོ་ཞེ་བཞི་པར་རྒྱུད་སྨད་ཀྱི་བླ་མ་དང་ པའི་གྲགས་པ་ཐོབ། དགུང་ལོ་ཞེ་བཞི་པར་རྒྱུད་སྨད་ཀྱི་བླ་མ་དང་ དགུང་ལོ་ང་བརྒྱུད་པར་བྱང་རྩེར་བྱོན་ནས་འཆད་ཉན་མཛད་ དགུང་ལོ་དོན་གཉིས་པ་རབ་བྱུང་བཅུ་པའི་ཆུ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་ངོ་ལྔའི་རིང་དུ་ གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། དགུན་གློ་དོན་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་ བཞེངས་པའི་དངུལ་གདུང་ནི་དགའ་ལྡན་དུ་བཞུགས་སོ། ཁོང་ནི་ དགའ་ལྡན་གསེར་ཁྲི་འཛིན་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ནོ། ། [1876] ལྷ་སྲས་གཙང་མ།། ཁོང་ནི་སྤྱི་ལོ་དུས་རབས་དགུ་པའི་དུས་མགོ་རྩམ་དུ་ཡབ་ རྒྱལ་པོ་ཁྲི་སྲོང་བཙན་སད་ན་ལེགས་མཇིང་དང། ཡུམ་འབྲོ་ བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། རྒྱལ་པོ་ཁྲི་གཙུག་ ལྡེ་བཙན་རལ་པ་ཅན་ ་ གྱི་གཅུང་པོ་ཡིན། ཁོང་ དགུང་ལོ་ཆུང་ངུའི་དུས་རབ་ཏུ་བྱུང་ཞིང་དམ་པའི་ཆོས་ལ་སྦྱངས་པ་ ཆེ། བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོའི་གོང་རོལ་ཏུ་བློན་ པོ་དབས་རྒྱལ་ཏོ་རེ་སྟག་རྣ་སྤྲེལ་མགོ་དང། ཅོག་རོ་ལྷ་ལོད་ ལེགས་སྡུག་བཙན་སོགས་ཀྱིས་ལྐོག་གཡོ་བཤམས་ནས་མོ་མ་དང་ལྷ་བ་ བཅས་ལ་རྔན་པ་བྱིན་ཏེ་ལྷ་སྲས་གཙང་མ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ ན་རྒྱལ་ཁྲིམས་འཇིག་པ་གདའ་ཞེས་ཀུན་ཏུ་བསྒྲགས་པ་དང་རྒྱལ་པོ་ཁྲི་ གཙུག་ལྡེ་བཙན་རལ་པ་ཅན་གྱི་སྙན་དུ་གསོལ་མོན་ཡུལ་དུ་སྤྱུགས་ ལས་ཨ་མི་དོན་གྲུབ་རྒྱལ་གྱི་བུ་མོ་བསོད་ནམས་དཔལ་སྦྱིན་ལྷ་ སྲས་གཙང་མའི་མོར་བླངས་པས་ རིགས་ སྲས་ཁྲི་མི་ལྷའི་ དབང་ཕྱུག་དང། བུ་མཐོང་ལེགས་ཅན་གཉིས་འཁྲུངས་ནས་སྐུ་ནར་ སོན་པ་དང། མི་ཁྱིམ་ཡུལ་གྲོང་ཐོར་བུ་ཡོད་པ་རྣམས་ལ་དབང་ བསྒྱུར་ནས་རྒྱལ་མཁར་བཙིགས་པས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཅེས་ གྲགས་པ་ཆེར་སོང་བའོ། གོ་ ལྷ་བསོད་ནམས་འོད་ཟེར་ [1877] ཁོང་གི་འཁྲུངས་ལོའི་ཚིགས་མི་གསལ། རབ་བྱུང་བདུན་ པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་མཁས་ གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྟེན་ཏེ་མདོ་སྔགས་རིག་གནས་ དང་བཅས་པར་སློབ་གཉེར་པར་མཛད་ཅིང་རབ་ཏུ་བྱུང་ཞིང་ ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་བར་མཛད། ས་སྐྱའི་བླ་མ་ རིན་ཆེན་དཔལ་ལས་བྲག་གཉིས་དང། གདན་བཞི། ལམ་ འབྲས། སེམས་བསྐྱེད། དུས་འཁོར་རྒྱུད་འགྲེལ། ཀྱེ་རྡོར། རྡོ་རྗེ་ ཕྲེང་བ། བདེ་མཆོག་གསང་འདུས་ཀྱི་དབང་ཆེན། བློ་སྦྱོང་དོན་ བདུན་མ། འདུལ་བ་མདོ་རྩ་བཅས་ལ་གསན་སྦྱོང་མཛད། ཆོས་རྗེ་ ལྷ་གྲགས་པ་འོད་པ་ལས་བཀའ་གདམས་པའི་ལམ་རིམ་དང། རིམ་ ལྔའི་ཁྲིད། ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་ བརྒྱུད། ནཱ་རོ་ཆོས་དྲུག་ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས་ ནས་སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ་ སྟེ་སྤྱི་ལོ་་ལོར་གྱའ་བཟང་དགོན་པའི་གདན་སར་ཕེབས་ དགེ་འདུན་མང་པོའི་ལྷོ་གོས་ཆོས་གསུམ་གང་ལ་གང་འཚམ་གྱི་ འདོད་དོན་སྒྲུབ་པ་མཛད་ཅིང། དགོན་པའི་མངའ་ཐང་ཤིན་ཏུ་དར་ བར་མཛད། གཙུག་ལག་ཁང་ཞིག་གསོ་དང་སྐུ་གསུང་ཐུགས་རྟེན་ བཅས་བཞེངས་པར་མཛད། གདན་སའི་འགན་ཁུར་ལོ་ངོ་ཉི་ཤུ་རྩ་ གཉིས་ཀྱི་རིང་དུ་མཛད་ནས་ཞི་བར་གཤེགས། ཁོང་ནི་གྱའ་བཟང་ དགོན་པའི་གདན་རབས་བརྒྱད་པ་ཡིན། ། ལྷུན་སྡིང་རྣམ་རྒྱལ་རྡོ་རྗེ།། [1878] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་རྩམ་དུ་ གཙང་ཕྱོགས་སུ་ཡབ་ལྷུན་སྡིང་བདུད་རྩི་འགྱུར་མེད་ཀྱི་སྲས་སུ་སྐུ་ འཁྲུངས། གདུང་རུས་གཉའ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཡིག་རྩིས་དང་ཐ་སྙད་རིག་གནས་ཀྱི་སྐོར་ལ་སློབ་གཉེར་མཛད་ ཅིང། ཁྱད་པར་དུ་ཡབ་ཆེན་ལྷུན་སྡིང་བདུད་རྩི་འགྱུར་མེད་ལས་ གསོ་རིག་རྒྱུད་བཞིའི་རྩ་འགྲེལ་དང། སྙན་བརྒྱུད་མན་ངག་ཞལ་ཤེས་ ཀྱི་གདམས་པ་མ་ལུས་པ་གསན་ནས་མཁས་པ་ཆེན་པོར་གྱུར། དེ་ ནས་དབུས་སུ་ཕེབས་ཏེ་ལྷ་སའི་རྡོ་རིང་ལ་ ཅེས་པ་རྩོད་ཡིག་གི་ཚུལ་དུ་སྦྱར་བ་དེ་ཐོག་མར་རྒྱལ་དབང་ལྔ་པས་ གཟིགས་ཏེ་ཐུགས་ཤིན་ཏུ་དགྱེས་ནས་སློབ་མ་རྣམས་ལ་སློབ་ཁྲིད་དགོས་ པའི་གནང་རྐྱེན་བསྩལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་ཁོང་གི་ ཞབས་ལ་གཏུགས་ནས་ཡུལ་ཐིག་སྡོང་འགྲེམས་ལ་སོགས་པའི་ཆིག་ བརྒྱུད་ཀྱི་ཞལ་ཤེས་མན་ངང་མང་དུ་གསན་པར་མཛད། དགུང་ལོ་ དྲུག་ཅུར་ཉེ་སྐབས་ཀྱང་ཉིན་ལྟར་སྨན་གཞུང་ཤོ་ལོ་ཀ་རེ་ཐུགས་འཛིན་ གནང་བ་སོགས་དམ་པའི་ངང་ཚུལ་འགོག་ཏུ་མེད་པས་གསོ་དཔྱད་ རྒྱུད་གཞུང་མན་ངག་གང་དང་ཅི་ལའང་མཁས་པའི་ཕུལ་དུ་ཕྱིན་པས་ གངས་ཅན་གསོ་རིག་གི་མིང་རྒྱན་དུ་གྱུར་ཏོ། ། ལྷུན་སྡིངས་བདུད་རྩི་འགྱུར་མེད།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་རྩམ་དུ་ གཙང་ཕྱོགས་སུ་ཡབ་གཉའ་བསོད་ནམས་ཆོས་འཕེལ་གྱི་སྲས་སུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་ [1879] སྦྱངས་པ་དང། ཁྱད་པར་དུ་ཡབ་ཆེན་བསོད་ནམས་ཆོས་འཕེལ་ལས་ གསོ་བ་རིག་པའི་སྙན་བརྒྱུད་ཞལ་ཤེས་མན་ངག་རྣམས་བུམ་པ་གང་ བྱོའི་ཚུལ་དུ་གསན་ནས་གདམས་ངག་ཀུན་གྱི་བདག་པོར་གྱུར། དེ་ ནས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་ ་ བླ་སྨན་ མཛད་ཅིང། ལ་རྒྱུད་བཞི་རྟག་བརྟན་དཔར་མ་ཞེས་སུ་གྲགས། ཁོང་གིས་རིགས་ སྲས་རྣམ་རྒྱལ་རྡོ་རྗེ་ལ་གསོ་རིག་གི་མན་ངག་ལག་ལེན་སྐོར་རིན་པོ་ཆེ་ གཉིས་ཀྱི་སྐབས་སུ་གསོ་དཔྱད་ཀྱི་སྐོར་ལ་འགྲན་ཟླ་དང་བྲལ་བའི་ མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་ནད་རྟགས་དང་ སྨན་བཅོས་ཀྱི་སྐོར་སོགས་མ་ཚང་པ་མེད་པའི་སྨན་གཞུང་ ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང། ། ལྷུན་སྡིང་ལེགས་གྲུབ་དཔལ་བ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་རྩམ་དུ་ གཙང་ཕྱོགས་སུ་ཡབ་དཀོན་མཆོག་གཞོན་ནུའི་སྲས་སུ་སྐུ་འཁྲུངས་ཤིང་ གདུང་རུས་གཉའ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་ཆེན་ དཀོན་མཆོག་གཞོན་ནུ་ལས་ཡི་གེའི་སྦྱོར་ཀློག་དང་གསང་སྔགས་རྙིང་ མའི་འདོན་ཆོས་བཅས་ལ་བསླབས་ཏེ་ལེགས་པར་མཁྱེན། དེ་ནས་ བྱང་བ་རྣམ་རྒྱལ་གྲགས་པ་བཟང་པོའི་ ་ ཞབས་ ལ་གཏུགས་ཏེ་གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་དང། དེའི་འགྲེལ་ བ་དང་ཡང་འགྲེལ། སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་ཞལ་ཤེས་ [1880] གྱིས་གསོ་དཔྱད་རྒྱུད་འཛིན་འཕེལ་བའི་བུ་ཆེན་དུ་མངའ་གསོལ་ཏོ་ དེ་ནས་བཟུང་སྐུ་ཚེ་མ་རྫོགས་ཀྱི་བར་དུ་གསོ་བ་རིག་པའི་བསྟན་པ་ བསྐྱངས་ནས་དུས་འདའ་བར་མཛད། ཁོང་གི་རིགས་སྲས་དམ་པ་ ཤེས་རབ་དཔལ་ལྡན་ནམ་འཚོ་བྱེད་པདྨ་སྲི་ཐར་ནི་མཁས་གྲུབ་གཉིས་ ལྡན་གྱི་སྐྱེས་བུ་ཆེན་པོར་གྱུར་ཏོ། ། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན།། ཁོང་ནི་རབ་བྱུང་བདུན་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་ ལྷོ་བྲག་ཤུད་པུའི་རིགས་སུ་ཡབ་སློབ་དཔོན་ནམ་མཁའ་བཟང་པོ་ དང། ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ བདུན་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ དགུང་ལོ་བདུན་པར་ཁུ་བོ་མཁན་ཆེན་རྒྱལ་སྲས་བཟང་པོ་ལས་དགེ་ བསྙེན་གྱི་སྡོམ་པ་མནོས་ཤིང་ཡི་གེའི་འབྲི་ཀློག་དང་འདོན་ཆོས་བཅས་ ལ་བྱང་བར་མཛད། དགུང་ལོ་བཅུ་པར་ཁུ་བོ་མཁན་ཆེན་རྒྱལ་སྲས་ བཟང་པོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ བཞེས་ཤིང་ལམ་རིམ་དང། ཐུགས་རྗེ་ཆེན་པོའི་ཆོས་སྐོར། སྒྲོལ་མ་ ཉེར་གཅིག་པའི་ཆོས་སྐོར་སོགས་གསན། དགུང་ལོ་བཅོ་ལྔ་པར་ འདུལ་བའི་སློབ་གཉེར་མཛད་ཅིང་བཅུ་དགུ་པར་ལྷ་སར་ཇོ་བོ་མཇལ་ དུ་བྱོན་ཏེ་སྐོར་བ་མང་དུ་མཛད། དེ་ནས་རིན་ཆེན་སྒང་དུ་ཕེབས་ཏེ་ མཁན་པོ་བཀྲ་ཤིས་རྒྱལ་མཚན་ལས་བསྙེན་པར་རྫོགས་ཤིང་ལམ་རིམ་ བློ་སྦྱོང་དང་གསང་སྔགས་ཀྱི་སྒྲུབ་ཐབས་མང་དུ་ཞུས། དེ་ནས་རི་ [1881] ཉི་ཁྲི་ སྣང་བ། བསླབ་པ་ཀུན་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཉི་མ་ སྦས་པའི་སྒྲོལ་མ་ཉེར་གཅིག་གི་ལས་ཚོགས་སོགས་ཆོས་མང་དུ་གསན་ དགུང་ལོ་ཉེར་ལྔ་པར་བླ་མ་བདེ་བའི་འབྱུང་གནས་ལས་ཟབ་ཆོས་མང་ དུ་གསན། དགུང་ལོ་སོ་གཅིག་པར་ཁུ་བོ་རྒྱལ་སྲས་བཟང་པོ་སྐུ་ གཤེགས་ནས་དགོངས་རྫོགས་ཀྱི་ཕྱིར་དུ་གསེར་སྐུ་ཆེན་པོ་བཞེངས་ སྒྲོ་བ་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་དང་ གཏོང་སྒོ་གང་གི་ཐད་ནས་ཀྱང་མ་དམན་པ་མཛད། དགུང་ལོ་བདུན་ བཅུ་པར་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་ལམ་རིམ་ ལ་སོགས་པའི་གདམས་ངག་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ་ བར་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་བྱང་ཆུབ་ཐུགས་ཀྱིས་འགྲོ་ ཀུན་བུ་བཞིན་གཟིགས། ལྷག་པའི་ལྷ་ཡིས་རྗེས་བཟུང་་ཡིན་གྱིས་ བརླབས། སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག་ནམ་ མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས་ཞེས་བསྔགས་བརྗོད་ མཛད། ཁོང་གི་སློབ་མ་ནི་དད་པ་ཐོབ་པ་འབུམ་ཚོ་གཅིག་ངེས་ པར་གྲོལ་བ་ལྔ་བཅུ་སྟེ། རྩོད་མེད་གྲུབ་ཐོབ་བརྒྱད་དུ་ངེས། འགྲན་ གྱི་དོ་མེད་བློ་བཟང་ཡིན་ཞེས་གསུངས། དགུང་ལོ་དོན་དྲུག་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་མཚན་གཞན་ལ་ལྷོ་ བྲག་གྲུབ་ཆེན་དང་མཁན་ཆེན་ཕྱག་རྡོར་ཞེས་ཞུའོ། ཁོང་ནི་ལམ་རིམ་ བླ་བརྒྱུད་ཀྱི་བླ་རབས་སུམ་ཅུ་སོ་གཅིག་པ་ཡིན་ནོ། ། ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེ་ [1882] ལྷོ་བྲག་ལ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་གསུམ་པར་སྦལ་ཏི་ཇོ་ སྲས་ ་ ལས་རབ་ཏུ་བྱུང་ཞིང་འདུལ་བ་ལ་སྦྱངས་ པ་མཐར་ཕྱིན་པ་མཛད། དེ་ནས་འདུལ་འཛིན་ཐག་མ་པ་ལ་བསྟེན་ ཏེ་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གསན་ནས་ཐུགས་སུ་ཆུད་ པར་མཛད། ཐུན་མིན་གྱི་ལམ་གྱི་རིམ་པ་ལ་ཡང་གོམས་པར་མཛད་ པས་རྟོགས་པའི་ཡོན་ཏན་ཐུགས་སུ་འཁྲུངས། དགེ་བའི་བཤེས་གཉེན་ དོན་སྟེང་པ་ལས་སྒྲོལ་མའི་ཆོས་སྐོར་དང། དམ་ཚིག་གསུམ་བཀོད་ ཚོགས་བདག་རྣམས་ཞུས་ཏེ་སྒྲུབ་པ་ཉམས་ལེན་ཡུན་རིང་དུ་མཛད་ པས། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་ སེང་ཞབས་ཞེས་བསྔགས་བརྗོད་མཛད། དེ་ནས་ལྷོ་བྲག་སྒྲོ་བ་དགོན་ པ་སོགས་ཀྱི་མཁན་པོ་མཛད་དེ་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་ ཁྲིམས་རྣམ་པར་དག་པ་འཕེལ་བར་མཛད་དོ། ཁོང་གི་སློབ་མའི་ ཚོགས་ལས་ཕུལ་དུ་བྱུང་བ་ནི་དབོན་སྲས་ལྷོ་བྲག་ནམ་མཁའ་རྒྱལ་པོ་ ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཅུ་གཉིས་པ་ཡིན་ ནོ། ། ལྷོ་བྲག་རྒྱལ་སྲས་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་མཇུག་ཙམ་དུ་ ལྷོ་བྲག་ཤུད་པུའི་རིགས་སུ་སྐུ་འཁྲུངས། སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་མཁན་ཆེན་སེང་གེ་བཟང་ [1883] ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོ་དང། མོན་གྲ་པ་ཚུལ་ ཁྲིམས་བཀྲ་ཤིས་སོགས་གྱི་ཞབས་ལ་གཏུགས་ནས་དཀའ་ཆེན་བཞི་ལ་ སྦྱངས་པ་མཐར་ཕྱིན་པར་མཛད། མཁན་ཆེན་སེང་གེ་བཟང་པོ་ལས་ བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ལམ་རིམ་གྱི་མན་ངག་སྤྱོད་འཇུག་ སོགས་བཀའ་གདམས་ཀྱི་ཆོས་རྣམས་གསན། ཐུགས་རྗེ་ཆེན་པོའི་ ཆོས་སྐོར་རྣམས་ཀྱང་ཡོངས་སུ་རྫོགས་པར་གསན་ནས་ཐུན་མོང་བ་ དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་རྣམས་ལ་མྱོང་བ་ཐོན་པར་ མཛད། དེ་ནས་སྒྲོ་བ་དགོན་པའི་གདན་སར་ཕེབས་ཏེ་འདུལ་བའི་ འཆད་ཉན་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། མོན་གྲ་པ་ ཚུལ་ཁྲིམས་བཀྲ་ཤིས་དང་དགེ་འདུན་གྱི་སྡེ་མང་པོ་སྤྱན་དྲངས་ཏེ་ཆོས་ འཁོར་བཙུགས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་ དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་ནི་སྒྲོ་བ་དགོན་པའི་ གསེར་འབུམ་གྱི་ནང་དུ་བཞུགས་སོ། ཁོང་གི་སློབ་མའི་ཚོགས་ལས་ མཆོག་ཏུ་གྱུར་པ་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཡིན་ ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་སུམ་ཅུ་པ་ཡིན་ནོ། ། ལྷོ་བྲག་གྲུབ་ཆེན།། ཁོང་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་དང་མི་ གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། ། ལྷོ་བྲག་ཐར་བ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྟོད་ཙམ་དུ་ལྷོ་བྲག་ཏུ་སྐུ་ [1884] ཁོང་དགུང་ལོ་ཆུང་ངུའི་དུས་ནས་གསང་ཕུའི་དགོན་པའི་ ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། དེ་ནས་མདོ་ སྨད་དུ་ཕེབས་ཏེ་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། རབ་བྱུང་བཅུ་པའི་ཆུ་མོ་ ལུག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་བྱ་ཁྱུང་དུ་ ཆིབས་བསྒྱུར་མཛད་སྐབས་ཁོང་ནི་མཁན་པོ་ལས་ཐོག་པ་ཡིན་ཏེ་ རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་རྩོམ་བསྐུལ་ཞུས་པ་ལྟར་ གྲུབ་རིན་ཆེན་གྱི་སྐུ་བསྟོད་ཕུན་ཚོགས་དོན་ཀུན་མ། མཛད། སྐུ་བསྟོད་འདིའི་ནང་དོན་ནི་ཕུན་ཚོགས་དོན་ཀུན་གྲུབ་ པའི་བསྟན་པ་ལ། ཐུབ་དབང་གཉིས་པར་གྱུར་པ་ཆོས་ཀྱི་རྗེ། བདེ་ ལེགས་རིན་ཆེན་མ་ལུས་འབྱུང་བའི་གཞི། ཡོངས་འཛིན་དམ་པའི་ ཞབས་པད་སྤྱི་བོས་མཆོད། ཚོགས་གཉིས་ཆུ་གཏེར་ཆེན་པོའི་དཔལ་ ལས་འཁྲུངས། ཡོན་ཏན་རིན་ཆེན་ནོར་བུའི་བ་གམ་མཐོ། གདུལ་ བྱ་གླིང་བཞིའི་དབུས་ན་མངོན་པར་བརྗིད། བཤེས་གཉེན་ལྷུན་པོའི་ དབང་པོ་གང་དེར་འདུད། སྐྱོན་བྲལ་ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་ མཛེས། བྱང་ཆུབ་སྤྱོད་པའི་འདབ་སྟོང་རྒོད་པའི་དཔལ། རྡོ་རྗེའི་ དམ་ཚིག་སྦྲང་རྩིའི་བཅུད་ཀྱིས་གཏམས། རྣམ་དག་སྡོམ་གསུམ་རྒྱལ་ མཚན་འཛིན་ལ་འདུད། གངས་ཅན་ངུར་སྨྲིག་འཛིན་པ་ཡོངས་ཀྱི་ རྗེ། མཐའ་དག་ལུས་ཅན་ཀུན་གྱི་དེད་དཔོན་མཆོག་སྐལ་ལྡན་འདོད་ དགུའི་དངོས་གྲུབ་འབྱུང་བའི་གཏེར། མཚུངས་མེད་དམ་པའི་མགོན་ [1885] ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས་ གྲངས་མེད་གདུལ་བྱའི་ཚོགས་འདི་སྐལ་བཟང་གྱུར། སླར་ཡང་ གངས་ཅན་འཛིན་མའི་ཁྱོན་ཆེན་པོར། ཁྱོད་ཀྱི་འཕྲིན་ལས་རྒྱུན་མི་ འཆད་གྱུར་ཅིག་མཁའ་མཉམ་འགྲོ་འདི་དྲིན་ཅན་མར་ཤེས་ཤིང་ མཐའ་མེད་འཁོར་བ་མེ་འོབས་ལྟར་མཐོང་ནས། ཤུགས་དྲག་སྙིང་རྗེ་ ཆེན་པོས་ཡིད་དྲངས་ཏེ། རྒྱལ་སྲས་སྤྱོད་པའི་ཚོགས་རྣམས་མཐར་ ཕྱིན་ཤོག་བདག་གཞན་རྣམ་དཀར་དགེ་ཚོགས་རྒྱ་མཚོ་འདིས་ མགོན་པོ་ཁྱོད་ཀྱིས་དགྱེས་བཞིན་རྗེས་བཟུང་སྟེ། རང་གཞན་དོན་ གཉིས་ལྷུན་གྱིས་གྲུབ་པའི་དཔལ། བླ་མེད་གོ་འཕང་དམ་པ་མྱུར་ཐོབ་ ཤོག། ། ། འདོན་གསུང་བཞིན་པ་ཡིན། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་ མཁན་རབས་བདུན་པ་ཡིན་ནོ། ། ལྷོ་སྤྲུལ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ལྷོ་སྤྲུལ་ངོས་འཛིན་གནང་ ཞིང་ཁྲི་འདོན་མཛད་ཅིང་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས་ དེ་ནས་ཡི་གེའི་སྦྱོར་ཀློག་དང་ཐ་སྙད་རིག་གནས་ལ་བྱང་བ་མཛད་ཅིང་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། ཁོང་གིས་སྟག་ཕུ་ སྤྲུལ་སྐུ་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ་པདྨ་བཛྲའི་ ་ ་ ཡོངས་འཛིན་མཛད་ཅིང་མདོ་སྔགས་ཆོས་ཀྱི་འཆད་ཉན་ གནང། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ [1886] ཁོང་གི་མཚན་གཞན་ལ་ཡོངས་འཛིན་ལྷོ་པ་སྤྲུལ་སྐུ་ཞུའོ་ ཁོང་གི་གསུང་རྩོམ་ནི་ སྔགས་ཀྱི་ལམ་ལ་ཤར་བསྒོམ་བྱེད་ཚུལ། བྲིས། ཐབས་སྐུ་གསུམ་ནོར་བུའི་བང་མཛོད། གདམས་ངག་ཐར་བའི་ལམ་སྟོན། བཅས་ཆོས་ཚན་ལྔ་བཅུ་ང་བཞི་ལོངས་པའི་པོད་གཅིག་བཞུགས་སོ། ། ལྷོ་བ་བློ་བཟང་བཀྲ་ཤིས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་གླིང་ལོ་སྟེ་སྤྱི་ལོ་་ ལོར་ཁམས་ཤོ་བ་མདོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་ཡུལ་དབུས་སུ་ཕེབས་ ཏེ་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྡེ་བཞིའི་གཞུང་དང་ཆོ་ག་ཕྱག་ ལེན་ཐམས་ཅད་ལ་ཞིབ་པར་སྦྱངས་ཤིང། ཁྲི་ཆེན་ནམ་མཁའ་བཟང་པོ་ སོགས་མཁས་གྲུབ་དུ་མའི་ཞབས་པད་བསྟེན་ཏེ་མན་ངག་གི་བདུད་རྩི་ མང་དུ་མནོས་པ་སོགས་ཀྱིས་ལྷོ་བ་སྔགས་རམས་པ་ཞེས་གསང་སྔགས་ ལ་མཁས་པའི་སྙན་པ་དབྱར་རྔ་བཞིན་དུ་གྲགས། དགུང་ལོ་ལྔ་བཅུ་ པར་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་ལྟར་མདོ་སྨད་བླ་བྲང་ བཀྲ་ཤིས་འཁྱིལ་དུ་བྱོན། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་ འཁོར་གྲྭ་ཚང་གི་གདན་ས་བ་མཛད་དེ། ཆོ་གའི་ངག་འདོན་དང་ དབྱངས་རྟ་འདུར། ཐིག་བཅའ་བཟོ་སོགས་དམ་པ་གོང་མའི་ཕྱག་ [1887] འཛུགས་མཛད། ཐིག་རྡུལ་ཚོན་གཏོར་མའི་བཅའ་བཟོ་དང་རོལ་མོ་ རྡུང་ལུགས་སོགས་གང་ཅིར་ཕྲ་ཞིབ་དག་ཐེར་དུ་འགྲོ་བའི་ཕན་པ་ཆེན་ པོ་བྱུང། ཁྲི་ཟུར་ནས་ཐུགས་དམ་ཉམས་བཞེས་ཆིག་དྲིལ་མཛད་ ཅིང། དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་གི་ཁྲི་རབས་ གཉིས་པ་ཡིན་ནོ། ། ལྷོ་བྲག་ནམ་མཁའ་རྒྱལ་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ ལྷོ་བྲག་ཤུད་པུའི་རིགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་ཁུ་ཆེན་ནམ་མཁའ་སེང་གེ་ལས་རབ་ཏུ་བྱུང་ཞིང་འདུལ་བའི་ཀུན་ སྤྱོད་རྣམས་ལ་ལེགས་པར་བསླབས། དེ་ནས་ཀུན་མཁྱེན་མཚོ་སྣ་བ་ ཤེས་རབ་བཟང་པོ་དང། མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་སོགས་ཀྱི་ ཞབས་པད་ལ་བསྟེན་ཏེ་འདུལ་བ་དང། མངོན་པ་མཛོད། བྱམས་ ཆོས་སྡེ་བདུན། དབུ་མའི་གཞུང་བཅས་ལ་སྦྱངས་པ་མཐར་ཕྱིན་པར་ མཛད། སངས་རྒྱས་དབོན་སྟོན་གྲགས་པ་དཔལ་ ་ ་ གྱི་ཞབས་ལ་གཏུགས་ནས་བཀའ་གདམས་གདམས་ངག་པའི་ བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་ལ་ལེགས་པར་གསན་ཏེ་ ཐུགས་ལ་ཆུད་པར་མཛད། སླར་ཡང་ཁུ་ཆེན་ནམ་མཁའ་སེང་གེའི་ དྲུང་དུ་བྱོན་ནས་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་བྱང་ཆུབ་ ལམ་རིམ་གྱི་ཁྲིད་ཡིག་གསན་ཏེ་ཐུགས་ལ་ཉམས་སུ་བཞེས་པས་བཀའ་ [1888] གཉིས་ཀ་མངའ་བས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཞེས་བསྔགས་ བརྗོད་མཛད་དོ། དེ་ནས་ལྷོ་མོན་ཕྱོགས་སུ་ལམ་རིམ་གྱི་གྱི་འཆད་ཉན་ མཛད་པས་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་སློབ་མ་མང་དུ་བསྐྱངས། ཕྱི་ རབས་གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་བཅོས་ཀྱང་མང་དུ་མཛད་དོ་ ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་དབོན་སྲས་ལྷོ་བྲག་ སེང་གེ་བཟང་པོ་ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་ རྩ་བདུན་པ་ཡིན་ནོ། ། ལྷོ་བྲག་བློ་གྲོས་རྒྱ་མཚོ།། ཁོང་ནི་གསེར་ཁང་བློ་གྲོས་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ ལ་གཟིགས་པར་ཞུའོ། ། ལྷོ་བྲག་སེང་གེ་བཟང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་ ལྷོ་བྲག་ཤུད་པུའི་རིགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བདུན་པར་ཡི་ གེའི་སྦྱོར་ཀློག་དང་འདོན་ཆོས་རྣམས་ལ་བྱང་བར་སྦྱངས། དགུང་ལོ་ ཉི་ཤུ་རྩ་བརྒྱད་པར་མཁན་ཆེན་ནམ་མཁའ་རྒྱལ་པོའི་དྲུང་ནས་རབ་ཏུ་ བྱུང་སྟེ་འདུལ་བའི་ཀུན་སྤྱོད་རྣམས་ལ་ལེགས་པར་བསླབས། ཞང་ཡེ་ ཤེས་མཛེས་ལས་འདུལ་བ་མདོ་རྩ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་ མཛད་ཅིང་འདུལ་འཛིན་པ་ཆེན་པོར་གྱུར། དེ་ནས་ཁུ་བོ་ནམ་མཁའ་ རྒྱལ་པོ་ལས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྣམས་གསན་ཞིང་ཐུགས་ ཉམས་སུ་བཞེས་ཏེ་གདེང་ཐོབ་པར་མཛད། མཁན་ཆེན་ནམ་མཁའ་ [1889] སོགས་འདུལ་བའི་བསླབ་བྱ་ཕྲ་རགས་ཐམས་ཅད་ལ་དག་ཐེར་མཛད་ གླ་བོ་དགོན་གསར་གྱི་ཆོས་སྡེ་གསར་དུ་བཙུགས་ཤིང་ཀུན་མཁྱེན་མཚོ་ སྣ་བ་ཤེས་རབ་བཟང་པོ་སྤྱན་དྲངས་ཏེ་དགེ་འདུན་མང་དུ་ཚོགས་པ་ལ་ ཆོས་འཁོར་བསྐོར་བ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། འདོད་ ཡོན་ལོངས་སྤྱོད་ཐམས་ཅད་ལ་ཆགས་ཞེན་སྤངས་ཏེ་དཀའ་སྤྱད་ཀྱི་སྒོ་ ནས་སྒྲུབ་པ་རྒྱུན་རིང་དུ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་ བརྙེས་པས་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་ཀྱང་ འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང་ཞེས་བསྔགས་བརྗོད་ མཛད། ཁོང་གི་སློབ་མའི་ཚོགས་ལས་ཕུལ་དུ་བྱུང་བ་ནི་མཁན་ཆེན་ རྒྱལ་སྲས་བཟང་པོ་ཡིན། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ ཤུ་རྩ་བརྒྱད་པ་ཡིན་ནོ། ། ལྷོ་བློན་ཁྲི་བཟང་གཡུ་བཙན།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ གྱི་དཔང་པོ་དང། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་ བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་ བ་དང། པའི་དགའ་སྟོན། [1890] ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་ བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་ལྷ་རྩེ་རྫོང་ཁོངས་སུ་སྐུ་འཁྲུངས་ རབ་བྱུང་བཅུ་དྲུག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་ཆུང་དུས་ནས་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་ཞུགས་ཏེ་ཡི་གེའི་འབྲི་ ཀློག་བཅས་ལ་ལེགས་པར་སྦྱངས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས། གཞུང་བཀའ་པོད་ལྔ་དང་རིག་ གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ནས་མཁས་པའི་ ཡང་རྩེར་སོན། ཁོང་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་ བསྟན་ཆོས་ཀྱི་ཉི་མའི་ནང་སྒང་གི་ཛ་སག་དང། མགྲོན་གཉེར་ དྲུང་ཡིག་ཆེན་མོ་སོགས་ཀྱི་ཐུགས་འགན་བཞེས་མྱོང་བ་དང། བོད་ བཅིངས་འགྲོལ་ཐོབ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་མོལ་ ཚོགས་འདུའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་ཁུར་ བཞེས་མྱོང་བ་རེད། ཁོང་གི་གསུང་རྩོམ་ནི་ བརྗོད། པ། ཆབ་ཤོག་ བཅས་བཞུགས་སོ། ། ལྷོ་ལ་ཡག་བྱང་ཆུབ་དངོས་གྲུབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ ལྷོ་ལ་ཡག་ཏུ་ཡབ་སྟར་ཀ་དཔལ་སྐྱིད་དང། ཡུམ་སྟག་ལོ་ཟླ་སྒྲོན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་བྱིས་པའི་མིང་ལ་ཆོས་ཀྱི་ [1891] དགུང་ལོ་གསུམ་པར་ཡབ་ལས་ཡི་གེའི་འབྲི་ཀློག་ ལེགས་པར་མཁྱེན། དགུང་ལོ་བཅུ་པར་དགེ་བཤེས་སྨོན་མདའ་བ་ལས་ སྒྱུ་འཕྲུལ་ཞི་ཁྲོ་དང་ཡང་དག་གསན་ནས་སྒྲུབ་པ་ཡང་བག་རེ་མཛད་ ཁུ་བོ་ལས་བྱམས་ཆོས་དང། མངོན་པ། སྤྱོད་ཕྱོགས་ཕྲན་དང་ བཅས་པ་གསན། དགུང་ལོ་བཅུ་བདུན་པར་གཙང་དུ་བྱོན་ནས་དགེ་ བཤེས་ལྕང་ར་བ་ལྡུམ་སྟོན་ལས་བྱམས་ཆོས་དང་སྤྱོད་ཕྱོགས་ཚར་རེ་ གསན། དེ་ནས་ལ་སྟོད་དུ་ཕེབས་ཏེ་དགེ་བཤེས་དཀོན་མཆོག་མཁར་ ལས་ཕར་ཕྱིན་དཀའ་འགྲེལ་གསན། དེ་ནས་རྗེ་སྒམ་པོ་བའི་མདུན་དུ་ ཕེབས་ཏེ་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས་ཏེ་ཉམས་ རྟོགས་ཁྱད་པར་ཅན་འཁྲུངས། དགུང་ལོ་ཉེར་གཉིས་པར་བྱང་ཆུབ་ སེམས་དཔའ་ཟླ་བ་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ དེ་ནས་གྲོ་བོ་ལུང་དང། གྲུབ་པའི་གནས་བདུན། ཕོ་མ་ལྷ་ཁབ་ལ་ སོགས་པར་སྒྲུབ་པ་ཡུན་རིང་དུ་མཛད། བླ་མ་དོ་བའི་མདུན་ནས་ བདེ་མཆོག་གི་དབང་དང་རྒྱུད་རྣམས་རྫོགས་པར་གསན། ཁོང་གིས་ ཡི་དམ་གྱི་ལྷ་གཟིགས་པ་དང། མཚན་ཐོས་པ་ཙམ་གྱིས་རྟོགས་པ་སྐྱེ་ བ་དང། སྨྱོ་བ་བཏུལ་བ་ལ་སོགས་པའི་འཕྲིན་ལས་དཔག་ཏུ་མེད་ པ་རྒྱས་སོ་ [1892] ཨ་ཀྱཱ་བློ་བཟང་འཇམ་དབྱངས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཅུ་གསུམ་ པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་གོང་མ་ཆིན་ལུང་རྒྱལ་པོས་ མཇལ་འཕྲད་མཛད། རིམ་གྱིས་གྲུའུ་ཅང་དབུ་བླའི་འཇའ་ས་གནང་ རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ དགོན་གྱི་གདན་སའི་ཁྲི་ལ་ཕེབས་ཀྱང་ལོ་གཅིག་མ་གང་བར་བྱང་ ཕྱོགས་ཁལ་ཁ་རྗེ་བཙུན་དམ་པའི་ཡོངས་འཛིན་དུ་གདན་འདྲེན་པའི་ མི་སྣ་ཁལ་རྟ་བཅས་འབྱོར་ཞིང། ཞུ་འབུལ་ནན་ཏན་ཆེ་བར་བརྟེན་ དེའི་ཕྱོགས་སུ་ཆིབས་བསྒྱུར་མཛད། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་དུ་ཚུར་ཕེབས་ཏེ། རབ་ བྱུང་དེའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོ་ནས་བཟུང་རིམ་གྱིས་གསེར་ སྡོང་ཆེན་མོ་དང། འདུ་ཁང་ཆེན་མོ། འཇམ་དབྱངས་ཀུན་གཟིགས་ གཙུག་ལག་ཁང་དང་བཅས་པ་ལེགས་པར་བཞེངས་པ་མཛད། ཁོང་ [1893] ཡིན་ལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཅུ་བཞི་པ་ཡིན་ ནོ། ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སྐུ་ འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་ དང་བཅས་པར་ཐོས་བསམ་མཐིལ་ཕྱིན་པ་མཛད་ཅིང་མཁས་པ་ཆེན་ པོར་གྱུར། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ ཕངས་སོ། ཁོང་གི་གསུང་རྩོམ་ནི་ པའི་འཇུག་ངོགས། བྱེད་པའི་མན་ངག་ཐིག་གི་རྣམ་གཞག། གཉིས་པ་དོན་རྒྱན་སོ་ལྔའི་དཔེར་བརྗོད། ཚུལ་གྱི་བརྗེད་བྱང། གཙོ་གྱུར་ཡུལ་འཁོར་ལ་འོས་པའི་དུས་སྦྱོར། གླིང་གི་འདུ་ཁང་གསར་བཞེངས་ཀྱི་དཀར་ཆག། གཅིག་བཞུགས་སོ། ། ཨ་ཀྱཱ་བློ་བཟང་བསྟན་པའི་དབང་ཕྱུག་བསོད་ནམས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ ལོར་སྒོ་མེ་ཧོར་ཀྱཱ་སྡེ་བར་ཡབ་དགེ་བསྙེན་དང། ཡུམ་ལྕགས་མོ་སྐྱིད་ [1894] རབ་བྱུང་བཅོ་ལྔ་པའི་མེ་མོ་ལུག་ལོ་སྟེ་ སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གསེར་བུམ་བརྟག་བསྒྲིལ་ གཡུགས་ནས་སྐུ་གོང་མ་ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡང་སྲིད་དུ་ ངོས་འཛིན་ཏེ། དགུང་ལོ་དགུ་པར་རང་སྒར་གྱི་གདན་སའི་ཁྲི་ལ་ མངའ་གསོལ། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་རབ་ ཏུ་བྱུང་ཞིང་ཡོངས་འཛིན་དུ་བསྟེན་ཏེ། དཔལ་ལྡན་བཤད་སྒྲུབ་གླིང་ གི་ཆོས་སྒོར་ཞུགས་ཤིང་མང་འགྱེད་གསོལ་སྟོན་གྱི་རིམ་པ་གང་ལེགས་ བསྟབས་ནས་ཐོས་བསམ་གྱི་སྒོ་འཕར་འབྱེད། དགོན་པ་གཞུང་ནས་ ཀྱང་སྐུ་གོང་མའི་དུས་བཞིན་བཞུགས་གདན་ཆ་ཚང་ཕུལ། དགུང་ལོ་ བཅུ་དགུ་པར་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་དགེ་ ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་གཞུང་བཀའ་པོད་ལྔ་ལ་ གསན་སྦྱངས་དཔྱིས་ཕྱིན་པར་མཛད། མཁའ་འགྲོ་སྙན་བརྒྱུད་ཀྱི་ཆུ་ མིག་བརྒྱ་རྩ་མཐར་ཐོན། གོང་མ་ཆེན་པོའི་ཕོ་བྲང་དུ་ལན་ཁ་ཤས་ ཕེབས་ཤིང་གོང་མ་ཆེན་པོས་བརྩེ་གཟིགས་བསམ་གྱིས་མི་ཁྱབ་པ་ མཛད། དེ་ནས་བསྟན་སྲིད་ཀྱི་འཕྲིན་ལས་དང་ཐུགས་དམ་ཉམས་ བཞེས་ཟུང་འབྲེལ་མཛད་ཅིང་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། ཁོང་ནི་ ཨ་ཀྱཱ་ཤེས་རབ་བཟང་པོ་ནས་རྩིས་པའི་ཨ་ཀྱཱ་སྐུ་ཕྲེང་ལྔ་པ་ཡིན་ནོ། ། ཨ་ཀྱཱ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་ ་ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་ [1895] སྲིད་དུ་ངོས་འཛིན་གནང་སྟེ་ཁྲི་འདོན་མཛད། དེ་ནས་སྐུ་འབུམ་ བྱམས་པ་གླིང་དུ་ཆོས་ཞུགས་མཛད་དེ་ཡི་གེའི་སྦྱོར་ཀློག་ནས་བཟུང་ གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་མཛད་ཅིང་དཀའ་བཅུའི་ གྲྭ་སྐོར་ཕེབས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྗེ་འཇིགས་ མེད་འཕྱིན་ལས་རྒྱ་མཚོའི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་ གསན། དགུང་ལོ་ཉེར་བཞི་པར་རྗེ་འཕྲིན་ལས་རྒྱ་མཚོ་སྐུ་འབུམ་ དུ་གདན་འདྲེན་ཞུས་ཏེ་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གསན་པ་ མཛད། པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མའི་དྲུང་ནས་དུས་འཁོར་ རྡུལ་ཚོན་དཀྱིལ་འཁོར་སྟེང་ནས་དབང་ཆེན་ཞུས། དགུང་ལོ་ཉེར་ བདུན་པར་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་སྐྱ་རེངས་གསར་ བའི་སྣང་བ་ལྗགས་རྩོམ་མཛད་པ་ནས་མཁས་པའི་བྱ་བ་འཆད་རྩོད་ རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཞི་བཅུ་ཐམ་པར་ དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཨ་ཀྱཱའི་སྐུ་ཕྲེང་དྲུག་པ་ ཡིན་ནོ། ཁོང་གི་གསུང་རྩོམ་ནི་ དང། མགུལ་རྒྱན་གསར་པ། བྲིས་དངོས་གྲུབ་བདུད་རྩིའི་ཟེགས་མ། ལོངས་པའི་པོད་གསུམ་བཞུགས་སོ། ། ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་་ [1896] རབ་བྱུང་བཅོ་ལྔ་པའི་ས་མོ་ སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་འབུམ་ཆོས་སྐྱོང་ ཆེན་མོའི་ལུང་བསྟན་བཞིན་སྐུ་གོང་མ་ཨ་ཀྱཱ་བློ་བཟང་འཇམ་དབྱངས་ རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཏེ་དགུང་ལོ་བདུན་པར་རང་སྒར་གྱི་ གདན་སའི་ཁྲི་ལ་མངའ་གསོལ་མཛད། ཀྱཱ་སྨོན་རམས་པ་བློ་བཟང་ དོན་གྲུབ་ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ ཆོས་གྲྭར་ཞུགས། དགོན་པ་གཞུང་ནས་ཀྱང་སྐུ་གོང་མ་བཀའ་དྲིན་ཆེ་ བའི་ཕྱིར་གདོང་གྲལ་འགོར་འབོལ་སྟན་བཞུགས་གདན་དང་རྒྱབ་ཡོལ་ ཆོས་གྲྭའི་འཛིན་གྲྭར་ཁ་གང་མ་དང། ཡར་ཚོགས་སར་ཤིང་ཁྲི་སུག་ བཞི་མ་བཅས་ཕུལ། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་པར་ གནང། གོང་མའི་རྒྱལ་པོའི་ཕོ་བྲང་དུ་ལན་ཁ་ཤས་ཕེབས་ཏེ་བསྟན་ སྲིད་ཀྱི་ཕན་བཞེད་ཡོལ་བ་མེད་པའི་འཕྲིན་ལས་སྤེལ། དགུང་ལོ་སོ་ བདུན་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་ཚོགས་ཆེན་གྱི་དགེ་འདུན་རེ་ རེའི་ཕྱག་ཏུ་དོང་ཙེ་ཆོན་གསུམ་རེའི་སྐུ་འགྱེད་གནང། རབ་བྱུང་ བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་སྐྱབས་རྗེ་ཤིང་ བཟའ་རྡོ་རྗེ་འཆང་གིས་གཙོས་ལས་སྣེ་ཐུན་མོང་ནས་གསེར་སྡོང་ཆེན་ མོ་རྒྱ་ཕིབས་དང་བཅས་པ་གསར་བཞེངས་མཛད་རྒྱུའི་བཀའ་དྲིན་ སྐྱབས་འཇུག་ཞུས་པ་ཞལ་གྱིས་བཞེས་ཏེ། ལོ་དེར་སྨད་ཕྱོགས་སུ་ ཕེབས་ནས་སྦྱིན་བདག་རྣམས་ལ་རྟིང་སྐུལ་མཛད་པས་དངུལ་སྲང་ཁྲི་ ཕྲག་དུ་མ་འདུས། དགུང་ལོ་བཞི་བཅུ་ཞེ་དྲུག་པར་སྐུ་འབུམ་དུ་ ཕེབས། རབ་བྱུང་བཅུ་བཞི་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་རྒྱ་ [1897] ཁོང་གིས་ལན་དང་རྣམ་པར་ སྨིན་པར་མ་ལྟོས་པར་སྲིད་སྐྱོང་དམག་འབྲེལ་གྱི་ལས་ཉིན་མཚན་ཁོར་ མོ་ཡུག་ཏུ་ཁུར་བཞེས་ལྷོད་པ་མེད་པར་མཛད། དེ་ནས་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་ང་གསུམ་པར་སྟོང་ འཁོར་མཁར་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཨ་ཀྱཱ་ ཤེས་རབ་བཟང་པོ་ནས་རྩིས་པའི་ཨ་ཀྱཱ་སྐུ་ཕྲེང་བཞི་པ་ཡིན། ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ།། ཁོང་ནི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་དུ་མདོ་སྨད་ ཕྱག་རྡོ་ཐང་གི་ཀྱཱ་སྡེ་བར་ དེང་མཚོ་སྔོན་མེན་ཧོ་རྫོང་ཁོངས་ སྐུ་ འཁྲུངས། ཁོང་གིས་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་ ་ ་ སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་བཀའ་ཆོས་ མང་དུ་གསན། སྒྲ་རིག་པར་ལེགས་པར་སྦྱངས་པས་ཀུན་བཤད་ཀྱི་ མིང་ལ་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་འབོད། སྐུ་འབུམ་ཁྲི་ ཆེན་ཞེ་དགུ་པ་བུམ་པ་ངག་དབང་ཆོས་ཀྱི་ཉི་མ་སྐུ་འབུམ་གྱི་ཁྲིར་ བཞུགས་དུས་སྤྱི་ལོ་་ལོ་ཡིན། དེ་དུས་རྗེ་ཡབ་སྲས་གསུམ་གྱི་ གསུང་འབུམ་དཔར་དུ་འགོད་རྒྱུ་ལ་ཨ་ཀྱཱ་བས་ཞུ་དག་ལེགས་པར་ མཛད། སྐུ་འབུམ་གསོ་རིག་དར་རྒྱས་གཞན་ཕན་ནོར་བུ་གླིང་གི་ཁྲི་ རབས་ཞེ་བཞི་པ་ཕེ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་གནང། སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ ཤེས་བསྐལ་བཟང་མཁས་གྲུབ་རྒྱ་མཚོའི་ ་ ཡོངས་ འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ་ [1898] བར་མཛད། ཁོང་གི་གསུང་རྩོམ་ནི་ས་ལམ་རྣམ་གཞག་ལས་རིམ་ སྔོན་འགྲོའི་ཆོས་དྲུག་བློ་རིག་གི་སྡོམ་ཚིག་བརྒྱད་སྟོང་འགྲེལ་ཆེན་ འདུལ་བའི་སྡོམ་ཚིག་གྲུབ་མཐའི་འབྱུང་ཁུངས། ཐེག་ཆེན་བློ་སྦྱོང་ རྟགས་འཇུག་འགྲེལ་བ། དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ། བརྡ་ དག་སྙན་ངག་སྡེབ་སྦྱོར་བཅས་ཆོས་ཚན་ལྔ་བཅུ་ཐམ་པ་བཞུགས་ སོ། ། ཨ་ཀྱཱ་ཤེས་རབ་བཟང་པོ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་སྐུ་འབུམ་མཆོད་གཞིས་ཟི་ན་ཁ་ཡོག་གཞུང་ལྔའི་ནང་ཚན་ལི་བཤུ་ སྡེ་བའི་ཨ་ཚང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་སྐུ་འབུམ་དགོན་གྱི་རྒྱུད་ པའི་ཁྲི་ལ་བཞུགས་མྱོང། དགུང་ལོ་ལྔ་བཅུ་ང་བཞི་པ་རབ་བྱུང་བཅུ་ གཅིག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་དགོན་གྱི་ གདན་སའི་ཁྲི་ལ་ཕེབས་ཏེ་ལོ་ངོ་ལྔའི་རིང་དུ་གདན་ས་བསྐྱངས། རབ་ བྱུང་བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་བ་རིན་པོ་ ཆེའི་གཟིམས་ཁང་འགབ་མར་གྲགས་པ་བླ་བྲང་ཆེན་མོ་སླར་ཡང་ དབུས་འཕུག་ལྟར་གྱི་ཀ་བཞི་མ་ལྷས་ར་གསུམ་དང་བཅས་པ་གསར་ གསོས་དང། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་བཞུགས་ པའི་ས་ཁྲིའི་སྟེང་དུ་ཁྲི་ཁང་ལྡེབས་རིས་དང་བཅས་པ་གཞི་ནས་གསར་ བཞེངས་མཛད་ཅིང་དབྱར་སྟོན་ལ་ཆོས་གྲྭ་འཚོགས་རྒྱུར་གཞི་ར་ [1899] རབ་བྱུང་བཅུ་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་ དངུལ་སྲང་སྟོང་ཕྲག་ལྔ་ལས་བརྒལ་བའི་རྒྱུ་སོང་གིས་ཚོགས་ཆེན་འདུ་ ཁང་ཀ་བ་བརྒྱད་ཅུར་རྒྱ་བསྐྱེད་དེ་དབུས་འཕུག་ལྟར་སྟེང་ཤོད་ཁྱམས་ ར་དང་རུང་ཁང་བཅས་པ་བཞེངས་ཤིང་རབ་གནས་ཀྱང་ཁོང་གིས་ རྒྱས་པར་མཛད་པ་དང། གནམ་རྒྱན་མཆོད་རྫས་སོགས་ཀྱི་བདག་ རྐྱེན་ཚད་མེད་པས་བསྐྱངས་སོ། ཁོང་ནི་སྐུ་འབུམ་དགོན་གྱི་གདན་ སའི་ཁྲི་ཆེན་བཅུ་དྲུག་པ་ཡིན་ནོ། ། ཨ་ཁྱུང་ངག་དབང་མཁྱེན་རབ།། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་ འཁྲུངས་པ་ཡིན། མདོ་སྨད་ཁ་གྱ་ཚོ་དྲུག་གི་ཨ་ཁྱུང་སྒོམ་གྲྭ་ཐར་བ་ གླིང་ཕྱག་འདེབས་མཛད་མཁན་ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ ཤེས་ཀྱི་སྤྲུལ་སྐུ་ཡིན། སྐུ་གཞོན་དུས་ནས་གྲུབ་ཆེན་ངག་དབང་བློ་ བཟང་བསྟན་འཛིན་ ་ དང། རྔ་རྒོད་ནམ་ མཁའ་སེང་གེ་ ་ ། མཁན་ཆེན་དྲུང་ཡིག་བློ་ བཟང་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་སློབ་དཔོན་དུ་བསྟེན་ ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་ལེགས་པར་ མཛད། ཁྱད་པར་དུ་སུམ་རྟགས་དག་གསུམ་དང། སྙན་ངག་ མངོན་བརྗོད། སྡེབ་སྦྱོར་སོགས་ལ་མཁས་པའི་ཡང་རྩེར་སོན། བིས་ པ་ངག་དབང་མི་ཕམ་ཟླ་བས་ ་ ཁོང་ལས་སྙན་ ངག་སྦྱངས་ཞེས་ སྐུ་ཚེ་གང་ བོར་ཆོས་མདོ་སྔགས་གཉིས་ཀྱིས་འཆད་གཉེར་མཛད་ནས་བསྟན་ [1900] ཁོང་གི་གསུང་རྩོམ་ནི། ལམ་འབྲས་གསུམ་གྱི་རྣམ་གཞག། རྒྱུས། སོ། ། ཨ་མཆོག་འཇམ་དབྱངས་ཕུན་ཚོགས།། ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མདོ་སྨད་ ཡིན། རབ་བྱུང་བཅུ་བཞི་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་་ལོར་སྐུ་ གཤེགས། ཁོང་གཞོན་ནུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ སྒོར་ཞུགས་ཤིང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་རྣམས་ལ་སློབ་གཉེར་ ནན་ཏན་དུ་མཛད་ཅིང་ཚོགས་ཆོས་ཀྱང་ཆག་མེད་དུ་འགྲིམས། དེ་ ནས་བྲག་དགོན་པའི་ཁྲི་ལ་བཞུགས་ཤིང་མདོ་སྔགས་ཀྱི་འཆད་ཉན་ བསྐྱངས། ཁྲི་ཟུར་ནས་བྱང་མཇལ་ཕེབས་ཤིང་དེ་ག་ནས་མགོན་ བཀའ་བཅུ་གསུམ་དང་རྣམ་སྲས་བཀའ་བཅོ་ལྔ་སོགས་བཀའ་ཆོས་ འགའ་ཞིག་གསན། ཆུ་བཟང་དང་གསེར་ཁོག་དགོན་ལུང་སོགས་སུ་ ཕེབས་ཏེ་ཕར་ཡང་བཀའ་ཆོས་ཅི་རིགས་གནང། ཨ་མཆོག་ལམ་རིམ་ གྱི་ཁྲི་ལ་བཞུགས་ཤིང་འགྲིག་ཡིག་གི་ས་བོན་བྲིས། གཏོར་ཆེན་ལ་ དག་ཐེར་དང་འཇམ་དཔལ་གསང་ལྡང་གྱི་དབང་སོགས་བཀའ་ཆོས་དུ་ མ་གནང། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ [1901] ཁྲི་ཟུར་ ནས་ཀུན་སྤངས་མཛད་དེ་ཐུགས་དམ་འཕེལ་མུར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ ཚང་གི་ཁྲི་རབས་བཅུ་བ་ཡིན་ནོ། ། ཨ་གནམ་བློ་བཟང་དོན་གྲུབ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་དབལ་མང་གི་ནང་ཚན་ཨ་གནམ་ཞེས་པའི་རུས་སུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔོན་མོ་རྣམ་རྒྱལ་ སྒྲོན་མའི་སྐུ་མདུན་དུ་བླངས་ཏེ་གཅེས་པར་བསྐྱངས། ཁོང་གི་ཡུམ་ དཔོན་མོ་རཏྣ་གཤེགས་པའི་དགོངས་རྫོགས་སུ་སྲས་གཅིག་འཇོག་རྒྱུའི་ དོད་དུ་དགོན་པའི་ཆོས་གྲྭར་བཞག་སྟེ་འཇམ་མགོན་ཁྲི་ཆེན་ལས་ གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས། མདོ་རྒྱུད་བསྟན་བཅོས་ རྣམས་ཀྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ གསན་པ་མཛད། དེ་ནས་ཚོགས་ཆེན་དགེ་བསྐོས་ཀྱི་འགན་ཁུར་བཞེས་ ཨལ་དར་ཨ་བོ་དང། ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་ཕྱག་ མཛོད་ཀྱང་བྱས་ཏེ་བླ་དཔོན་གྱི་ཆོས་སྲིད་ཡུན་རིང་དུ་བཟུང། སྐབས་ ཤིག་ཏུ་དཔོན་མོ་ཨེརྒེ་ཤ་ར་བྱ་ཁྱུང་དུ་ཕེབས་པའི་ཞབས་ཕྱིར་བྱོན་དུས་ དམ་བཅའ་འཇོག་པས་མཁས་པའི་ཚད་དུ་སོན་པར་གྲགས། རྒྱུད་པའི་ བླ་མ་དབུ་མཛད་ཀྱི་འགན་ཁུར་བཞེས་ཏེ་ཆོས་ཀྱི་འཆད་ཉན་ལེགས་ པར་སྤེལ། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ [1902] གཅིག་གི་རིང་དུ་ཆོས་ཁྲིམས་བསྐྱངས། དཔོན་མོ་ཨེརྒེ་ཤ་ར་སྐུ་གཤེགས་ པས་བླ་དཔོན་སྦྲགས་མའི་ཚུལ་གྱིས་ཨུརྒེ་དགོན་པའི་ཁྲི་ལ་བཞུགས་ ནས་ཆོས་སྲིད་གཉིས་ཀ་ཡར་ལྡན་དུ་མཛད། རབ་བྱུང་བཅུ་གསུམ་ པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སླར་ཡང་བླ་བྲང་གི་གདན་ སའི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་དང་གཏོང་སྒོ་སོགས་སྔར་ ལས་མི་དམན་པ་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་ གྲུབ་སྟེ་དགུང་ལོ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་དྲུག་པ་དང་ དགུ་བ་ཡིན་ནོ། ། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་་ལོར་ས་ སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང། ཡུམ་ བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་ གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགེ་བསྙེན་དང། རབ་ བྱུང། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཀྱང་ས་སྐྱའི་ གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་ཁབ་ཏུ་བཞེས་ནས་ རིགས་སྲས་བསྐྲུན། ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་རྣམས་ ལ་དད་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་སྤྱིར་མདོ་རྒྱུད་ཀྱི་བསྟན་བཅོས་ རྣམས་དང། སྒོས་སུ་དཔལ་ལྡན་ས་སྐྱ་པའི་གསུང་ངག་ལམ་འབྲས་ དང་བཅས་པ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ [1903] དཔལ་ལྡན་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ལོ་ངོ་སུམ་ཅུ་ ལྷག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས་ཤིང་སངས་ རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་ས་སྐྱའི་བསྟན་པ་གོང་ནས་གོང་དུ་ འཕེལ་བར་མཛད། དགུང་ལོ་སུམ་ཅུ་སོ་བརྒྱད་པར། རབས་ངོ་མཚར་བང་མཛོད། དགུང་ལོ་བཞི་བཅུ་ཞེ་ལྔ་པར་ དགུང་ལོ་བཞི་བཅུ་ཞེ་ བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ ལོར། འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ་ ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་བཅུ་པ་དང། ས་ སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉི་ཤུ་རྩ་དྲུག་པ་ཡིན་ནོ། ཁོང་གི་ ཡོངས་སུ་གྲགས་པའི་མཚན་གཞན་ལ་བདག་ཆེན་ངག་དབང་ཀུན་ དགའ་བསོད་ནམས་ཞེས་ཞུའོ། ། ཨ་མེས་བྱང་ཆུབ་རིན་ཆེན།། ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་མོ་ཡོས་ལོ་སྟེ་སྤྱི་ ལོ་་ལོར་མདོ་སྨད་ཙོང་ཁར་སྐུ་འཁྲུངས། རབ་བྱུང་དང་པོའི་ ས་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་གིས་ སྤྱིར་དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་མདོ་སྔགས་རིག་ གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། སྒོས་སུ་ཇོ་ བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་གཏུགས་ཤིང་ཇོ་བོའི་ལུགས་ཀྱི་ [1904] དེ་ཡང་ཇོ་བོ་རྗེའི་ཆིབས་ པ་སྐྱོང་བ་དང་ནང་ལས་རྣམས་ཀྱང་ལེགས་པར་མཛད་ཅིང་ཞབས་ ཏོག་བཟང་པོ་བསྒྲུབས། དེ་ནས་སློབ་དཔོན་ཉན་ཚོར་མཇལ་ཞིང་ཇོ་ བོའི་ཆོས་རྣམས་ཞིབ་ཏུ་གསན་སྐབས་སྒོམ་པ་ཉམས་ལེན་གཙོ་བོར་ མཛད་པས་རྣལ་འབྱོར་པ་ཆེན་པོ་ཞེས་གསོལ། ལྷག་པར་དུ་ཇོ་བོའི་ བཞེད་པའི་བདེན་པ་གཉིས་ཀྱི་ཆོས་ལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་ གནས་ལས་ཀྱང་ཁོང་མཁས་པར་གྲགས། དགུང་ལོ་ལྔ་བཅུ་ཐམ་པ་ རབ་བྱུང་དང་པོའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་རྭ་སྒྲེང་དགོན་ པའི་གདན་སར་ཕེབས་ཤིང་ལོ་ངོ་བཅུ་བཞིའི་རིང་དུ་དགེ་འདུན་མང་ པོའི་ཚོགས་པ་བསྐྱངས། འབྲོམ་སྟོན་གྱིས་མཛད་པའི་རྭ་སྒྲེང་གི་ ཁྱམས་སྨད་ལ་སོགས་པའི་བཞེངས་འཕྲོ་རྣམས་བསྒྲུབ་པའི་ཕྱིར་འབད་ འབུངས་མཛད་པ་ལ། དང་པོར་དཀའ་ངལ་ཅུང་བྱུང་ཡང་དུས་ཕྱིས་ སུ་སྐུ་བསོད་ཤིན་ཏུ་རྒྱས་ཏེ་ལེགས་པར་གྲུབ། དེ་ནས་བསྟན་འགྲོའི་དོན་ ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་གསུམ་པར་དགོངས་པ་ ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྟོད་ལུང་ པ་རིན་ཆེན་སྙིང་པོ་དང། ལྷབ་མི་ཆེན་པོ། དགེ་བཤེས་མང་ར་ལ་ སོགས་པ་ཡིན། ཁོང་ནི་རྭ་སྒྲེང་དགོན་པའི་གདན་རབས་གཉིས་པ་ ཡིན་ནོ། ། ཨ་མེས་ཞུ་གཅིག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་དབུས་ [1905] དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང། དགེ་ཚུལ། དགེ་ སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་ མང་དུ་གསན། དེ་ནས་ཁོང་གིས་མས་ཕྲེང་དང། བྲག་དམར། ལ་ བྲིས་ཀྱི་ཁ་ཆད། སད་ཀྱི་ལ་སྟེང་བཅས་བཟུང་སྟེ་འདུལ་བའི་བསྟན་ པ་སྤེལ་ཞིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཁོང་གི་སློབ་མ་ གྲགས་ཆེ་བ་ནི་ཁྲི་སྟོན་བརྩོན་འབར་དང། ས་རྦ་བཙུན་ཆུང། རྒྱ་ སྟོན་ཨཱརྱ་དེ་བ། འདར་ཤཱཀྱ་གཞོན་ནུ་བཅས་ཡིན་ལ། དེ་དག་ལས་ ཁྲི་ཚོ་དང། བྲ་ཚོ། རྒྱ་ཚོ། སར་ཚོ་ཞེས་བྱུང་བ་ལ་སྐྱི་ཚོ་སྟོད་པར་ གྲགས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་ འཛིན་གྱི་སློབ་མ་ཡིན་ནོ། ། ཨ་མོ་བློ་བཟང་སྨོན་ལམ།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཨ་མོ་སྡེར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་ པར་གཅེན་པོ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་ བར་བསླབས། དགུང་ལོ་བཅུ་གསུམ་པར་ཆོས་རྒྱལ་ངག་དབང་ བཟང་པོ་ལས་རབ་ཏུ་བྱུང། དེ་ནས་ལོ་བཞིའི་རིང་དུ་ཅོ་ནེ་དགོན་ ཆེན་གྱི་བྱམས་མགོན་ལྷ་ཁང་གི་དཀོན་གཉེར་བ་མཛད། དགུང་ལོ་ ཉེར་གཅིག་པར་དབུས་སུ་ཕེབས་ཏེ་སེར་སྨད་ཆོས་གྲྭར་བཀའ་པོད་ ཡོངས་རྫོགས་ལ་སྦྱངས། རྒྱུད་ཆེན་བློ་བཟང་ཆོས་འཕེལ་ལས་དགེ་ [1906] དགུང་ལོ་ཉེར་དགུ་པར་ གཙང་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ ཤིང་གླིང་བསྲེའི་དཀའ་བཅུ་གནང། དགུང་ལོ་སོ་གཉིས་པར་སེ་ར་ རྩེའི་སྒྲུབ་ཁང་དང་མཁར་རྡོ་བསམ་གཏན་གླིང་གི་ཁྲི་ལ་བཞུགས་ནས་ ལམ་ཁྲིད་མཛད། དགུང་ལོ་སོ་བརྒྱད་པར་མདོ་སྨད་དུ་ཕེབས་ཏེ་རི་ ཁྲོད་གྲ་སྒྲིག་མཛད། དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་གཉིས་པའི་ ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལུང་རི་ཁྲོད་རྣམ་རྒྱལ་བྱང་ ཆུབ་གླིང་གསར་འདེབས་མཛད་ཅིང་གཙུག་ལག་ཁང་དང་སྐུ་གསུང་ ཐུགས་རྟེན་གསར་བཞེངས་མཛད། དགུང་ལོ་རེ་བཞི་པར་དགོངས་ པ་ཆོས་དབྱིངས་སུ་སྐུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གྲོ་ ཚང་ཞབས་དྲུང་ངག་དབང་བསྟན་འཛིན་དང་ཡེར་པ་ཞབས་དྲུང་བློ་ བཟང་བསྟན་པའི་རྒྱལ་མཚན་བཅས་མང་དུ་བྱོན་ནོ། ། ཨ་ཙར་ཡེ་ཤེས་དབྱངས།། ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་ འཁྲུངས་ཤིང། རྟེན་རབ་བྱུང་ཡིན། ཡི་གེ་འབྲི་བ་ལ་ཤིན་ཏུ་མཁས་ པས་ཡིག་མཁན་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་ཏེ། ཇི་སྐད་དུ། གསལ་ ལ་དག་པ་ལྡན་མ་རྩེ་མང་ཡིན། ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་ སྟེ། ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། ཞེས་གསུངས་ པ་ཤེས་སོ། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་མཁའ་སྤྱོད་ཀྱི་ ཞིང་དུ་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས་ཏེ། [1907] གཤེགས། ཁོང་གི་མཚན་གཞན་ལ་སྦ་ཡེ་ཤེས་ དབྱངས་ཞེས་ཞུའོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་ གི་ཡ་གྱལ་ཞིག་ཡིན་ནོ། ། ཨ་རིག་བློ་བཟང་སྙན་གྲགས།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་མདོ་ སྨད་ཨ་རིག་དཔོན་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལེགས་ པར་མཁྱེན། ཕུ་བོ་སེ་རའི་དགེ་བཤེས་ལས་རབ་ཏུ་བྱུང་སྟེ་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསེ་ངག་དབང་བཀྲ་ཤིས་ དང། སྡེ་ཁྲི་བློ་བཟང་དོན་གྲུབ། ཁྲི་བ་བློ་བཟང་དོན་གྲུབ། རྗེ་ ངག་དབང་བསྟན་འཛིན། གུང་ཐང་བསྟན་པའི་རྒྱལ་མཚན་སོགས་ ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་བྱང་བར་མཛད། སྡེ་ཁྲི་བློ་ བཟང་དོན་གྲུབ་ལས་བསྙེན་པར་རྫོགས། རབ་བྱུང་བཅུ་གསུམ་པའི་ མེ་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་དབུས་སུ་བྱོན་ཏེ་སེ་ར་བྱེས་པ་གྲྭ་ཚང་ དུ་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སྐྱར་སྦྱོང་མཛད་ཅིང་དམ་ བཅའ་ཕུལ་དུ་བྱུང་བ་བཞུགས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ ཤེས་དང། ལྕང་སྐྱ་རོལ་བའི་རྡོ་རྗེ། རྗེ་ངག་དབང་བྱམས་པ། བ་རི་ དཔོན་སློབ་ངག་དབང་དོན་གྲུབ་སོགས་ཀྱི་དྲུང་ནས་ཟབ་ཆོས་མང་དུ་ གསན་པས་མདོ་དང་སྔགས་ཀྱི་གདམས་པའི་གཏེར་མཛོད་དུ་གྱུར་ [1908] དུ་ཕེབས་ཏེ་སྐྱབས་མགོན་མཆོག་ནས་རྡོ་རམས་པའི་མཚན་བཏགས་ གནང། དེ་ནས་རྒྱུད་དུ་ཕེབས་ཏེ་བདེ་གསང་འཇིགས་གསུམ་གྱི་ བསྐྱེད་རྫོགས་ཆོ་ག་ཕྱག་ལེན་ཐམས་ཅད་ལ་ཞིབ་པར་སྦྱངས། རབ་ བྱུང་བཅུ་གསུམ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་་ལོར་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་ གདན་ས་བསྐྱངས་ཤིང་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ བཅས་ལ་དོ་དམ་གང་ལེགས་མཛད། རབ་བྱུང་བཅུ་གསུམ་པའི་ས་ཕོ་ ཁྱི་ལོ་སྟེ་སྤྱི་ལོ་་ལོར་གཙོས་རྒྱ་མཁར་སྒར་པའི་ཁྲིར་ཕེབས་ཏེ་ ཆོས་འཆད་ཉན་མཛད་པ་དང། སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། སྐབས་ཤིག་ཏུ་ཨུརྒེ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ཁྲི་གཉིས་ འཛིན་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་མཛད་ཅིང་ མཐར་ཕྱིན་ཏེ་དགུང་ལོ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་ གསུམ་པ་ཡིན་ནོ། ། ཨ་རིག་བློ་བཟང་སྦྱིན་པ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རྩེ་གཞུང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་བསྡུས་གཞུང་དང་ གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས་པས་རིགས་པ་སྨྲ་བའི་སྙན་ གྲགས་ཀྱི་དབྱངས་སྙན་མངོན་པར་མཐོ་བས་རྡོ་བཅལ་རབ་བྱམས་ [1909] དེ་ནས་ཚོགས་ཆེན་ཞལ་ངོ་དང། བླ་ མ་དབུ་མཛད་ཀྱི་གོ་ས་རིམ་པར་བརྒྱད་དེ་རྒྱུད་པའི་ཁྲི་ལ་ཕེབས་ཤིང་ འཆད་ཉན་འཕྲོས་པ་སོགས་བླ་མ་གནས་བརྟན་པའི་དུས་ལྟར་མཛད་ དངུལ་སྲང་བཞི་བརྒྱ་སྐོར་གྱི་རྒྱུ་ཡོན་སྦྱར་ཏེ་རྗེའི་རྣམ་ཐར་བརྒྱ་དང་ བཅུ་གསུམ་པའི་རས་བྲིས་ཡིད་འཕྲོག་པ་ཞིག་བཞེངས་ཏེ་འདུ་ཁང་དུ་ སྦྱོར་འཇགས་གནང། དགུང་ལོ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་ཨུརྒེ་གྲྭ་ཚང་གསང་སྔགས་སྨིན་ རྒྱས་གླིང་གི་ཁྲི་ལ་བཞུགས་ནས་མདོ་སྔགས་ཀྱི་འཆད་ཉན་སྤེལ། དེ་ ནས་ཁྲི་ཟུར་མཛད་ཀྱང་དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་ པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་སླར་ཨུརྒེ་གྲྭ་ཚང་གི་ཁྲི་ལ་ བཞུགས་ནས་ལོ་གསུམ་གྱི་རིང་དུ་འཆད་ཉན་བསྐྱངས། དེ་ནས་ཁྲི་ ཟུར་མཛད་ཅིང་སྒྲུབ་པ་ཉམས་ལེན་ཁོ་ནས་དུས་འདའ་བའོ། ཁོང་ ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅོ་ལྔ་བ་ཡིན་ནོ། ། ཨརིན་ངག་དབང་དཔལ་ལྡན།། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ ལོ་་ལོར་མདོ་སྨད་དཔའ་རིས་སྟོད་དུ་སྐུ་འཁྲུངས། རབ་བྱུང་ བཅུ་གཉིས་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས་ ཁོང་དགུང་ལོ་ཆུང་ངུའི་དུས་ནས་གསེར་དགོན་དམ་ཆོས་གླིང་དུ་ ཞུགས་ཏེ་བསྡུས་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་སློབ་གཉེར་ནན་ ཏན་དུ་མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ [1910] ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ གསོལ་དཔོན་དང་མཆོད་དཔོན་ཟུང་འབྲེལ་ལྟ་བུར་ཞབས་ཕྱི་ལེགས་ པར་མཛད། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ལ་བཞུགས་ནས་ལོ་བདུན་ གྱི་རིང་དུ་འཆད་ཉན་བསྐྱངས། རྒྱུད་ཁང་ཀྭ་བཞི་མ་དང། མགོན་ ཆོས་འཇིགས་གསུམ་གྱི་འབག་སྐུ་བཅས་རྟེན་དང་བརྟེན་པ་གསར་ བཞེངས་མཛད། བསེ་ངག་དབང་བཀྲ་ཤིས་ཀྱི་བཀའ་ལྟར་དབྱར་ཕྱི་ མ་དང་གསང་འཇིགས་ཀྱི་བདག་འཇུག་སྒྲུབ་མཆོད་གསར་དུ་བཙུགས་ ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་ཁོ་ནར་མཛད་ནས་དུས་འདའ་བའོ་ ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཞི་བ་ཡིན་ ནོ། ། ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་ དགུང་ལོ་གཞོན་ནུའི་དུས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ སྒོར་ཞུགས་ཏེ་ཧོར་སྤྲུལ་བློ་བཟང་རབ་བརྟན་རྒྱ་མཚོ་དང། མཁན་ ཆེན་བློ་བཟང་འཇམ་དབྱངས། ཁྲི་ཆེན་བློ་བཟང་ལྷུན་གྲུབ། རྒྱལ་ བ་ཚུལ་ཁྲིམས་རྒྱ་མཚོ་སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ ལྔར་གསན་བཞེས་མཛད། དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་བསྟན་ པའི་ཉི་མ་མཆོག་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བརྒྱད་ པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་ [1911] དགུང་ལོ་སུམ་ཅུ་སོ་གསུམ་པར་གཞིས་ དགོན་དུ་ཕྱིར་ཕེབས། དགུང་ལོ་བཞི་བཅུ་ཞེ་གཉིས་པར་དབུས་ཤོག་ བ་ཡན་ཤཏྣན་བཀྲ་ཤིས་ཆོས་གླིང་དགོན་གྱི་ཁྲི་པ་མཛད། ལོ་ཤས་ཀྱི་ རིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་ལྔ་བཅུ་ང་གསུམ་མན་ ཆོས་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་ གསུང་རྩོམ་ནི་ འཁོར་གླིང་གི་བཅའ་ཡིག། པའི་པོད་གཉིས་བཞུགས་སོ། ། ཨ་རོལ་གྲགས་པ་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ ལོ་་ལོར་མདོ་སྨད་རེབ་སྐོང་དོར་ཉིན་ཨ་རོལ་ཚང་དུ་སྐུ་ འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་གཡེར་གཤོང་དགེ་ སློང་འཇམ་དབྱངས་གྲགས་པ་ལས་རབ་ཏུ་བྱུང། རོང་བོ་ཐོས་བསམ་ གླིང་དུ་ཞུགས་ཏེ་འཇའ་མོའི་དབུ་མཛད་བདེ་ལེགས་སོགས་ལ་བསྟེན་ ནས་སློབ་གཉེར་ནན་ཏན་དུ་མཛད། དེ་ནས་དབུས་སུ་ཕེབས་ཏེ་ དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ཤིང་མཁན་ཆེན་བློ་བཟང་འཕྲིན་ ལས་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཛད་ ཅིང་གྲྭ་ཚང་གི་ཆོས་མཛད་གནང་བར་བླ་མ་ཞབས་དྲུང་བ་ཞེས་ གྲགས། གླིང་བསེ་དང་ལྷ་རམས་པའི་མཚན་བཏགས་ཨང་དང་པོ་ [1912] སྨད་རྒྱུད་དུ་ཕེབས་ཤིང་རྒྱ་མ་རིན་ཆེན་གྲགས་སྒང་གི་མཁན་ པོར་བསྐོས་པས་དགོན་སྡེ་ལུགས་གཉིས་ཀྱིས་བསྐྱངས། ཁྲི་ཟུར་ནས་ལྷོ་ བྲག་དོན་གཉིས་གླིང་གི་མཁན་པོར་ཕེབས་ཏེ་ལོ་འགའ་ལ་འཆད་ཉན་ མཛད། དེ་ནས་རང་ཡུལ་དུ་བྱོན་ཏེ་དགེ་རིང་དཔོན་པོས་ཞུས་པ་ ལྟར་རྫོང་དམར་དགོན་པའི་ཁྲིར་བཞུགས། ཁྲི་ཟུར་ནས་བསེ་ཚང་ གོང་མའི་བཀའ་ལྟར་མགར་རྩེ་གྲྭ་ཚང་གི་ཁྲི་ལ་ཕེབས་ཏེ་ལོ་བཞིར་ བསྐྱངས་ཤིང་བཀའ་ཆོས་མང་དུ་གསུངས། དེ་ལྟར་བསྟན་འགྲོའི་ དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་རེ་བཞི་པར་དགོངས་པ་ཆོས་ དབྱིངས་སུ་གཤེགས། ཁོང་ནི་ཨ་རོལ་སྐུ་ཕྲེང་དང་པོ་ཡིན་ནོ། ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་ མདོ་སྨད་དུ་མགར་གྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ ས་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་གིས་ཐོག་མར་ཁྲི་ རྒན་འཇམ་པའི་དབྱངས་ལ་བསྟེན་ནས་སྐྱབས་མགོན་སྐུ་ཕྲེང་སྔ་ཕྱི་ རྣམས་ཀྱི་གསུང་འབུམ་གྱི་ལྗགས་ལུང་ཐོག་མའི་ཆོས་ཀྱི་དགའ་སྟོན་དུ་ བཞེས། ད་དུང་ཤར་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་ དང། རྡོ་སྦིས་ཤེས་རབ་རྒྱ་མཚོ། ཡོངས་འཛིན་བློ་བཟང་དཔལ་ ལྡན་སོགས་བླ་མ་མང་པོའི་ཞབས་ལ་ཡུན་རིང་དུ་བསྟེན་ཏེ་ཐུན་མོང་ བའི་རིག་གནས་ནས་བཟུང་སྟེ་དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ ཀྱི་བར་ལ་གཞན་དྲིང་མི་འཇོག་པའི་གོ་འཕང་མངོན་པར་ཐོབ་ དགུང་ལོ་སུམ་ཅུ་རྩ་གྲངས་ནས་འཕྲིན་ལས་ཀྱི་སྒོ་ནམ་མཁའ་ལ་ཚད་ [1913] རྟེན་ན་གསལ་བར་མཛད། གདན་ས་ཆེན་པོ་རྣམས་ཀྱི་ཁྲི་ལ་བཞུགས་ ནས་བརྩེ་བས་བསྐྱངས་པ་དང། ཆོས་འབྲེལ་ཡོད་པའི་དགོན་སྡེ་ཁག་ ལ་གཙུག་ལག་ཁང་རྟེན་བརྟེན་པ་སོགས་བཞེངས་བཀོད་མང་པོ་མཛད་ པ་དང། ཁྱད་པར་དུས་འཁོར་གྲྭ་ཚང་དུ་དུས་འཁོར་བློས་བསླངས་ ཆེན་པོ་སྔར་མ་བྱུང་བ་ངོ་མཚར་བ་བཞེངས་པ་དང། བྲག་དཀར་ སྤྲེལ་རྫོང་དགོན་གསར་གཙོ་བྱས་པའི་ཆོས་སྡེ་གསར་བསྐྲུན་མཛད་པ་ སོགས་ལས་ཀྱི་འཁོར་ལོའི་མཛད་བཟང་སྤེལ། སྐབས་དེར་མདོ་དབུས་ ཁམས་གསུམ་གྱི་གཙུག་ཏུ་བཀུར་བའི་བླ་ཆེན་ཞིག་ཡིན། ཁོང་གི་སློབ་ མ་གྲགས་ཆེ་བ་ནི་ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་ མཚོ་དང། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ཆུ་བཟང་ བློ་བཟང་བསྟན་པའི་དབང་ཕྱུག་བཅས་ཡིན། ཁོང་ནི་རོང་བོ་ཐོས་ བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་དྲུག་ཅུ་ཐམ་པ་བ་ ཡིན་ནོ། ། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་་ ལོར་མདོ་སྨད་རེབ་སྐོང་སྤྱང་ལུང་དུ་ཡབ་བོད་ཤུལ་ཆོས་འབུམ་རྒྱལ་ དང། ཡུམ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ ལྔ་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་སྐུ་གཤེགས། ཁོང་དགུང་ལོ་ དྲུག་པར་སྐུ་གོང་མ་ཨ་རོལ་གྲགས་པ་རྒྱ་མཚོའི་སྐུ་སྐྱེས་སུ་ངོས་འཛིན་ གནང་ཞིང་གདན་སར་མངའ་གསོལ། རོང་རྒན་དགེ་འདུན་མཁྱེན་ [1914] ཤིང་བཟའ་པཎྜི་ཏ། ཁྲི་བློ་བཟང་རྒྱལ་མཚན་སེང་གེ་ གསེར་ཁང་རྡོ་རྗེ་འཆང། བསོད་གྲགས་དཀོན་མཆོག་རྒྱ་མཚོ། ཨ་ ཁུ་ཤེས་རབ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ཟུང་ཡུན་ རིང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ དཔྱིས་ཕྱིན་མཛད། མཁར་གོང་བསམ་གྲུབ་བདེ་ལྡན་དང། སྟག་ ལུང་དཔལ་གྱི་རི་བོ། བདེ་ཡངས་བཀྲ་ཤིས་ཉམས་དགའ། རབ་ དགའ་རྒྱལ་མཚན་བརྟན་པོ། བཀྲ་ཤིས་ཆོས་རྫོང་སོགས་དབེན་ གནས་བརྒྱ་ཕྲག་མང་པོར་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛུགས་ རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྤྱང་ ལྕང་ ལུང་སྒར་གསར་དགའ་ཆོས་འཕེལ་གླིང་གསར་འདེབས་མཛད་ ཅིང་རྟེན་དང་བརྟེན་པ་བཞེངས་ཏེ་དགེ་འདུན་མང་པོའི་ཚོགས་པ་ བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་སྐལ་ལྡན་བློ་ བཟང་བསྟན་པའི་རྒྱལ་མཚན་དང། མཁན་ཆེན་དཔལ་ལྡན་རྒྱ་ མཚོ། རོང་རྒན་མཁྱེན་རབ་བསྟན་འཛིན་དར་རྒྱས། མཚན་སྒྲོགས་ བློ་བཟང་བསྟན་འཛིན་དར་རྒྱས། རྒྱལ་མཁན་ཆེན་དགེ་ལེགས་ཐུབ་ བསྟན་རྒྱ་མཚོ། བྱང་རྩེ་མཁན་ཆེན་བློ་བཟང་དགེ་ལེགས་རྒྱ་མཚོ་ སྟག་གེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། ཁྲི་སྤྲུལ་འཇམ་དབྱངས་ ཐུབ་བསྟན་རྒྱ་མཚོ་བཅས་ཡིན། ཁོང་ནི་ཨ་རོལ་སྐུ་ཕྲེང་གཉིས་པ་ ཡིན་ནོ། ། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་་ [1915] འདས་ལོ་ མི་གསལ། ཁོང་གཞོན་ནུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ ལ་དོན་གཉེར་ལྷག་པར་ཆེ་བས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དབུ་ ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་བཀའ་པོད་ལྔར་གསན་ བསམ་ནན་སྨིན་མཛད། ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་ བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ཀློང་ རྡོལ་བླ་མ་ངག་དབང་བློ་བཟང་དང། དཀའ་ཆེན་ཡེ་ཤེས་རྒྱལ་ མཚན་སོགས་ལས་དབང་ལུང་མན་ངག་མང་དུ་ཞུས་ཤིང། ཁྱད་པར་ དུ་ཀློང་རྡོལ་བླ་མ་ལས་ཐ་སྙད་རིག་གནས་སྐོར་ལ་གསན་སྦྱོང་དཔྱིས་ ཕྱིན་པ་མཛད། དེ་ནས་རང་ཡུལ་ཨ་ལག་ཤའི་གཡོན་དགོན་མི་ཕམ་ ཆོས་གླིང་དུ་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་ མཛད། དགུང་ལོ་ང་གཅིག་ཏུ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་ དུ་བྱོན་ཏེ་རྡོ་རམས་པ་ལྷ་ཞེ་ལས་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་ རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ཅིང་རྩོམ་རྒྱུགས་ ཀྱང་ལེགས་པར་ཕུལ། དེ་ནས་པེ་ཅིན་ཡུང་དགོན་དུ་བྱོན་ནས་དད་ ལྡན་སློབ་མ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཅི་འདོད་བསྩལ། དགུང་ལོ་གྱ་ གཅིག་པར་ བརྩམས། ཁོང་ནི་སོག་པོའི་རིགས་སུ་སྐུ་འཁྲུངས་ཀྱང་བོད་ཡུལ་དུ་ ཐོས་བསམ་མཛད་ཅིང་བོད་ཀྱི་རིག་གནས་ཀུན་ལ་ཐུགས་དཔྱད་ཡུན་ རིང་མཛད་པའི་རྐྱེན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་ [1916] དང་དགག་སྒྲུབ་ཀྱི་སྒོ་ནས་ཚིག་ཉུང་ལ་དོན་འདུས་པ་མང་པོ་བརྩམས་ ཡོད་པས་ཕྱི་རབས་བོད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་གི་ གསུང་རྩོམ་ནི་སུམ་རྟགས་འགྲེལ་བ་དང། ཡི་གེའི་བཤད་བ། བོད་ ཀྱི་བརྡ་གསར་རྙིང་གི་ཁྱད་པ། དག་ཡིག་གཅེས་བསྡུས། སྙན་ངག་ མེ་ལོང་གི་དཔེར་བརྗོད་བཅས་ཆོས་ཚན་སུམ་ཅུ་སོ་བདུན་མཛད་ཡོད་ པ་དེ་པོ་ཏི་གཉིས་སུ་བསྡུས་ཏེ་སྐུ་འབུམ་དགོན་དུ་ཤིང་པར་བརྐོས་ ཡོད། ། ཨན་འཇའ་སུ་ཞབས་དྲུང་འཇམ་དབྱངས་བསྟན་འཛིན་ཉི་མ།། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ ནི་སྐུ་འབུམ་མཆོད་གཞིས་གཡེར་མོ་ཐང་གི་གླང་ཆེན་ར་སྡེ་བ་ཡིན་ ཁོང་རབ་བྱུང་དང་དགེ་ཚུལ་བསྒྲུབས་རྗེས་སྐུ་འབུམ་རང་སྒར་གྱི་ གདན་སར་བཀོད་ཅིང་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་སྦྱོང་བརྡར་ཤ་ཆོད་འབུམ་རྒྱུད་པ་ བསྡུས་གྲྭ་དང་གཞུང་གི་དམ་བཅའ་ལེགས་པར་བྯླྕགྶ་མོ་གླང་་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས། རབ་ བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་རྒྱུད་པ་ མཁན་པོའི་ཁྲི་ལ་བཞུགས་ནས་བཅའ་ཡིག་གི་དགོངས་དོན་བཞིན་ འགྲིག་ལམ་གང་ཡོད་ཐམས་ཅད་ཉམས་གསོ་དང་དག་ཐེར་ཕྲ་ཞིབ་ མཛད། ཁྲི་ཟུར་ནས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ [1917] ལེགས་གནང། དེ་ནས་བྱང་ཕྱོགས་ཁལ་ཁའི་ཡུལ་དུ་བྱོན་ཏེ་བསྟན་པ་ དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་ཡོལ་བ་མེད་པ་མཛད། དེ་ རྗེས་ཆོས་སྲིད་ཟུང་གི་སྒོ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོ་འདི་ཉིད་ལ་བྱ་ བ་རྒྱ་ཆེར་མཛད་པ་མ་ཟད་དུས་ཟིང་གི་སྐབས་སུ་ཡང་ལེགས་ཉེས་གང་ བྱུང་ཐམས་ཅད་ལ་ཞལ་བཀོད་ལྷད་མེད་པ་མཛད་དོ། ཁོང་ནི་སྐུ་ འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་གསུམ་པ་དང། རྒྱུད་པ་ མཁན་པོའི་ཁྲི་རབས་ཞེ་དགུ་པ། བྱ་ཁྱུང་དགོན་པའི་མཁན་རབས་རེ་ བརྒྱད་པ་བཅས་ཡིན་ནོ། ། ཨན་འཇའ་སུ་ཞབས་དྲུང་བློ་བཟང་དགེ་འདུན་བསྟན་པ་རིན་ཆེན།། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་་ལོར་ བྱ་ཁྱུང་གི་སྟོད་ཉིན་ཐུབ་བཅུའི་ནང་ཚན་རྡོ་སྤུངས་སྡེ་བར་ཡབ་ཚེ་ བརྟན་རྡོ་རྗེ་དང། ཡུམ་གནམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། འདས་ལོ་མི་གསལ། དགུང་ལོ་བདུན་པར་སྐུ་འབུམ་རང་ སྒར་དུ་གདན་སར་བཀོད་ཅིང་ཁལ་ཁ་རབ་འབྱམས་པ་ཡེ་ཤེས་དཔལ་ལྡན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་ བཅས་ལ་བྱང་བར་མཛད། སྐྱབས་རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་ རྒྱ་མཚོའི་མདུན་ནས་དགེ་བསྙེན་དང་རབ་བྱུང་བསྒྲུབས། དགུང་ལོ་ བཅུ་པར་ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་དགེ་ལེགས་སློབ་དཔོན་དུ་ བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་ རྣམ་འགྲེལ་དང། དབུ་མ། ཕར་ཕྱིན་སོགས་ལ་ཐོས་བསམ་ཡང་ [1918] སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་དྲུང་ནས་དགེ་ ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ཐམ་པར་སྐྱབས་རྗེ་ཞྭ་དམར་ རྡོ་རྗེ་འཆང་གི་མདུན་ནས་བསྙེན་རྫོགས་མཛད་ཅིང། རྒྱུད་པ་གྲྭ་ ཚང་གི་ཆོས་སྒོར་ཞུགས་ནས་གསང་ཆེན་རྒྱུད་སྡེ་རྣམས་ལ་སྦྱངས་པ་ དཔྱིས་ཕྱིན་པ་མཛད། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་ ཟུར་བཀའི་དབང་ཆེན་རྗེས་གནང་དང། མདོ་སྔགས་ཀྱི་བཤད་ ལུང། ཉམས་ཁྲིད་ཟབ་ཁྲིད་ཀྱི་སྐོར། བཀའ་འགྱུར་གྱི་བཀླག་ལུང་ སོགས་ཆོས་རྒྱུན་གང་འདོད་ཐམས་ཅད་གསན། དགུང་ལོ་ཉེར་གཅིག་ པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་ སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་དང་འགྲིག་ ལམ་ཀུན་སྤྱོད་བཅས་ཀྱི་སྐོར་ལ་ཚགས་འཛིན་དོ་དམ་གང་ལེགས་ བསྐྱངས། ཁྲི་ཟུར་ནས་སྔ་ཕྱི་དུ་མར་ཁལ་ཁའི་ཕྱོགས་སུ་ཕེབས་ཏེ་ མདོ་སྔགས་ཟབ་རྒྱས་ཆོས་རྒྱུན་གྱིས་རིས་མེད་གདུལ་བྱའི་རེ་འདོད་ སྨིན་པར་མཛད། དེ་ནས་སྐུ་འབུམ་དུ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་ དང་སྐལ་ལྡན་གདུལ་བྱ་རྣམས་ལ་འདོད་མོས་ལྟར་དབང་ལུང་རྗེས་གསུམ་གྱིས་མཚོན་པའི་ལེགས་གསུང་ཆོས་རྒྱུན་གྱི་སྒོ་འཕར་འབྱེད་ནས་ དུས་འདའ་བའོ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ དྲུག་ཅུ་ཐམ་པ་ཡིན་ནོ། ། ཨར་བྱང་ཆུབ་ཡེ་ཤེས།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་དུ་ སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་འབྲེ་ཤེས་རབ་ [1919] གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ ཕྱིན་པར་མཛད་ཅིང་མཁས་པོ་ཆེན་པོར་གྱུར། རབ་བྱུང་གཉིས་པའི་ ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ་་ལོར་བྱ་འདུལ་འཛིན་གྱིས་མཁན་པོ་ རྒྱ་དམར་གྱིས་ལས་སློབ། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གསང་སྟོན་ མཛད་ནས་ཕག་མོ་གྲུ་བ་བསྙེར་པར་རྫོགས། རབ་བྱུང་གཉིས་པའི་ ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ་་ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་ ཤིང་དབྱར་ཐོག་གཅིག་གི་རིང་དུ་གདན་ས་བསྐྱངས། དེ་ནས་སྣར་ ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་བསྒྲིགས་བྱེད་ སྐབས་བཅོམ་ལྡན་རིགས་པའི་རལ་གྲི་དང་རྒྱང་རོ་སངས་རྒྱས་འབུམ་ དང་མཉམ་གཅིག་ཏུ་ཞུས་དག་མཛད། དེའི་སྐབས་སུ་ཁོང་གི་མཚན་ ལ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཞེས་ཞུ། དེ་ནས་ལྷ་སའི་ཉེ་ འདབས་སྟོད་ལུང་ཕུ་ལ་ཕེབས་ཏེ་གནམ་རྩེད་ལྡིང་གི་དགོན་པ་གསར་ འདེབས་མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་ སློབ་དཔོན་འབྲེ་ཤེས་རབ་འབར་གྱི་ཤེར་ཕྱིན་བཤད་རྒྱུན་གཙོ་བོར་ བཟུང་ནས་འཆད་ཉན་རྒྱ་ཆེར་མཛད། ཕ་རོལ་ཏུ་ཕྱིན་པའི་མདོ་ བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཡང་མང་དུ་མཛད། བོད་ཀྱི་ཕ་ རོལ་ཏུ་ཕྱིན་པའི་གཞུང་འཆད་སྐབས་གཙོ་བོ་འབྲེ་ཨར་དགེ་སློབ་ གཉིས་ཀྱི་བཤད་རྒྱུན་ལ་བརྟེན་པར་གྲགས། ཁོང་གི་སློབ་མ་གྲགས་ཆེ་ བ་ནི་སྐར་ཆུང་རིང་མོ་གཞོན་ནུ་ཚུལ་ཁྲིམས་ཡིན་ཏེ། དེས་ རྟོགས་རྒྱན་གྱི་འགྲེལ་བ། [1920]། ཡི་ཤོ་ལེགས།། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་ པོ་ཐི་ཤོ་ལེགས་དང། ཡུམ་ས་སྨན་བུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ ཁོང་གི་སྐུ་བོན་ཨ་ལ་དུན་ཅུག་གིས་མཛད། སྐུ་མཁར་ཁྲི་བརྩིགས་ འབུམ་གདུགས་བཞེངས་ཤིང་བཙུན་མོ་དམུ་ལྕམ་རྨང་ལེགས་ཁབ་ཏུ་ བཞེས་ཏེ་རིགས་སྲས་ཟྭ་ནམ་ཟིན་ལྡེ་སྐུ་འཁྲུངས། ཁོང་གི་བང་སོ་ གཡའ་སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་ དྲུག་པ་ཡིན། དེ་ཡང་ རིང་ལ། བོན་གྱི་རྒྱུད་གཞུང་དུ་མ་དང། རིག་པའི་གནས་ལྔ་རྣམས་ དར་ཞིང། རིག་པའི་གནས་ལྔ་ནི། ནད་ཀྱིས་གདུང་བ་སྨན་གྱིས་ གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་ རྩིས་ཀྱིས་བཏུལ། ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། འདི་ཡང་མཚམས་འདིར་དྲངས་ནས་བར་གྱི་ལེགས་དྲུག་གི་སྐུ་རིང་ལ་ བོད་ཀྱི་རིག་གནས་དར་ཚུལ་མཚོན་བྱེད་ཙམ་དུ་བཀོད་པ་ལགས་སོ།། ཨུ་བེ་ར།། ཁོང་ནི་གཉའ་ཁྲི་བཙན་པོ་དང་མི་གཅིག་ཡིན་པས་དེ་ལ་ གཟིགས་པར་ཞུའོ།། ཨུ་ཤི་བྲག་ཞབས་དྲུང་བསོད་ནམས་རྒྱལ་མཚན་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་་ ལོར་ཕྱག་རྡོ་ཐང་བོའུ་ཀྱཱ་སྡེ་བར་སྐུ་འཁྲུངས། འདས་ལོ་མི་གསལ་ [1921] བསྟན་པའི་ཉི་མའི་མདུན་ལས་རབ་བྱུང་བསྒྲུབས། དུས་ཟིང་གི་ དབང་གིས་ཐབས་གཞན་མ་བྱུང་བར་བྱ་ཁྱུང་དགོན་པར་བཞུགས་ནས་ བློ་འཛིན་གཤར་སྦྱངས་དང་འབྲེལ་བའི་སློབ་གཉེར་མཛད། ཁྲི་ཀའི་ ཨ་ལགས་རྐང་ཚ་ཚང་གི་མདུན་ནས་དགེ་ཚུལ་དང་ཕྱིས་སུ་བསྙེན་ རྫོགས་ཀྱང་བསྒྲུབས། དེ་ནས་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་ གི་ཆོས་སྒོར་ཞུགས་ཏེ་རྣམ་འགྲེལ་དང་ཕར་ཕྱིན་བཅས་ལ་ཐོས་བསམ་ ལེགས་པར་གནང། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ ལོ་་ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་་ལོར་སྐུ་འབུམ་སྨན་པ་ དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་དང་ཆོས་ འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང། ཁྲི་ཟུར་ནས་དབུས་ གཙང་ཕྱོགས་སུ་ཕེབས་ཤིང་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ ཚད་མ་རྣམ་འགྲེལ་དང། དབུ་མ། ཕར་ཕྱིན། མཛོད། འདུལ་ བ་རྣམས་ཀྱི་རྩ་འགྲེལ་དང་ཐལ་ཕྲེང་སྦྱར་བའི་གསན་སྦྱོང་ལེགས་པར་ མཛད། དེ་ནས་རང་ཡུལ་དུ་ཕེབས་ཤིང་སྒྲུབ་པ་ཉམས་ལེན་ལ་འབད་ བརྩོན་མཛད་ཅིང། བྱང་ཕྱོགས་ཧོར་གྱི་ཡུལ་གྲུར་བྱོན་ཞིང་བསྟན་ འགྲོའི་དོན་ཆེན་ལ་བརྩོན་པ་ལྷུར་ལེན་མཛད་དོ། ཁོང་ནི་སྐུ་འབུམ་ དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་བདུན་པ་དང། སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ལྔ་བཅུ་ང་བདུན་པ་ཡིན་ནོ།། ཨེ་ངག་དབང་དགེ་ལེགས་དཔལ་བཟང།། [1922] འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས། བསྡུས་གཞུང་དང་རིག་གནས་ ཆུང་བ། གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་བཅས་ལ་རིམ་ པ་བཞིན་དུ་བསླབས་ཏེ་མཁས་གྲུབ་ཆེན་པོར་གྱུར། ཞྭ་སེར་བསྟན་པ་ འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ ནི་ལྷོ་སྤྲུལ་ཡོངས་འཛིན་ངག་དབང་བསྟན་པའི་དབང་ཕྱུག་ཡིན་ རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་ གསུང་རྩོམ་ནི་ འབྱོར་ཁྱེར་བདེ། གསལ་བའི་སྒྲོན་མེ། བཅས་པའི་བསམ་འཕེལ་དབང་རྒྱལ། འགྲིམས་ཚུལ་གྱི་ཟིན་བྲིས་མདོར་བསྡུས། འཕངས་མའི་དམིགས་རིམ་དང་ལྷན་ཐབས་མུན་སེལ་སྒྲོན་མེ། ཅིག་རིན་པོ་ཆེ་དབྱངས་འབོད་ཐུགས་རྗེ་མྱུར་བསྐུལ་མ། ཚན་བདུན་ལོངས་པའི་པོད་གཅིག་བཞུགས་སོ།། ཨེ་ཤོ་ལེགས། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་ རྒྱལ་པོ་སྤུ་དེ་གུང་རྒྱལ་དང། ཡུམ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་ སུ་འཁྲུངས། དེ་ཡང་ [1923] བཞེངས། ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། དེ་ཡི་བློན་པོ་ལྷ་བུ་མགོ་ དཀར་ཞེས། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། བཙུན་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བཞེས་ནས་རིགས་སྲས་དེ་ཤོ་ལེགས་སྐུ་ འཁྲུངས། སྐུ་མཁར་སྟག་རྩེ་བཞེངས། ཁོང་གི་བང་སོ་གཡའ་སྤང་ མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་དང་པོ་ཡིན་ ནོ།། ཨོང་པོ།། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ ནས་སློབ་གཉེར་མཛད་ཅིང། དེ་ནས་ཁ་ཆེ་དང། བལ་ཡུལ། རྒྱ་ གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་ གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་ བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ ནི་ གསུང་གི་སྒྲོན་མ། ཆེ། སྒྲོན་མ། [1924] སྒྲོན་མའི་སྒྲུབ་ཐབས། དཔལ་ཁྲོ་བོར་སྒྲུབ་པ།། ཨོར་ཏུ་སུ་ཞབས་དྲུང་ངག་དབང་མཁས་གྲུབ་ཉི་མ།། ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་་ ལོར་སྨད་ཕྱོགས་ཨོར་ཏུ་སུ་ཇ་སག་ཧོ་ཤུ་ཆ་གོལ་དུ་སྐུ་འཁྲུངས་ འདས་ལོ་མི་གསལ། ཁོང་སྐུ་འབུམ་རང་སྒར་དུ་གདན་སར་བཀོད་དེ་ དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་བཀའ་བོད་ལྔའི་ གཞུང་དོན་གཏན་ལ་འབེབས་པའི་གསན་སྦྱོང་རྡོ་རུས་ཐུབ་པར་གནང་ ཞིང་ཚོགས་ལངས་ཀྱང་ཁ་ཡར་བཞེངས། དེ་ནས་དཔལ་ལྡན་གསང་ སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གསང་ཆེན་རྡོ་རྗེ་ཐེག་ པའི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། རབ་བྱུང་བཅོ་ ལྔ་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་་ལོར་དུས་འཁོར་དཔོན་སློབ་ཀྱི་ ཁྲི་ལ་བཞུགས། ལོ་དེར་ཆེ་ཤོས་སྒར་བ་ནས་དོང་ཙེ་ཆོན་བརྒྱ་ལྷག་ གིས་གཞིར་བྱས་སྟེང། ཕྱོགས་ཀྱི་དཀར་ཐིག་ཡོང་བ་ཁྱོན་བསྡོམས་ དངུལ་སྲང་བརྒྱ་དང་བརྒྱད་ཅུ་ལྷག་དང། དོང་ཙེ་ཆོན་ཆིག་སྟོང་ དགུ་བརྒྱ་དྲུག་ཅུ་ལྷག་པའི་རྒུ་སོང་གིས་འདུ་ཁང་གྱན་གྲངས་ཉེར་ལྔ་ཀ་ རིང་མེད་པའི་རིམ་པ་གཅིག་པ་ཁྱམས་ར་དང་བཅས་པ་གསར་བསྐྲུན་ དང། མཆོད་ཆ་གྲལ་གདན་སོགས་ལེགས་པར་བསྒྲིགས་ནས་གྲྭ་ཚང་ རང་གི་འདུ་ཁང་ནང་དུ་རྒྱུན་འཚོགས་མཛད། དེ་ནས་རྒྱུད་པ་མཁན་ པོའི་ཁྲི་ལ་བཞུགས་ཤིང་ཆོས་སྲིད་གཉིས་ཀྱི་སྒོ་ནས་གྲྭ་ཚང་ལེགས་པར་ [1925] སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་ལས་དབང་དང་རྗེས་ གནང་སོགས་ཀྱི་རྒྱུན་མང་དུ་གསན་ཞིང་ཐོས་དོན་རང་རྒྱུད་ལ་བསྐོར་ བའི་བསམ་བྱུང་ལ་བརྟེན་པའི་ཉམས་ལེན་མཛད། ཁྲི་ཟུར་ནས་རང་ ཡུལ་དུ་བྱོན་ཏེ་དགོན་སྒྲུབ་སྡེ་རྣམས་ལ་འཛིན་སྐྱོང་དང་དད་ལྡན་ གདུལ་བྱ་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་རིས་མེད་དུ་བསྩལ་བར་ མཛད། ཁོང་ནི་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་ གཉིས་པ་དང། རྒྱུད་པའི་མཁན་པོའི་ཁྲི་རབས་དྲུག་ཅུ་རེ་གཅིག་པ་ ཡིན་ནོ།། ཨཱ་ཙཱརྱ་རིན་ཆེན་མཆོག་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང། དགེ་ཚུལ་ དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་ སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང། དེ་ནས་ལེགས་སྦྱར་གྱི་ སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་ འགྱུར། ནས་མཛད་པ་བཞུགས་སོ།། [1926] མཇུག་བྱང།། དེ་ཡང་ ལོང། ཀྱི་དགོས་མཁོ་ལྟར་རྩོམ་སྒྲིག་བྱས་པའི་དཀྱུས་མའི་མིང་མཛོད་ཅིག་ ཡིན། རང་རྒྱལ་བོད་རིགས་མི་དམངས་རྣམས་ཀྱིས་རང་བྱུང་ཁམས་ ལ་འཐབ་རྩོད་དང་མ་འོངས་པའི་འཚོ་བ་ལ་ཡིད་ཆེས་བརྟན་པོ་ཡོད་ ཕྱིར་སྙིང་སྟོབས་དགུ་འགྱུར་གྱིས་མིའི་རིགས་ལོ་རྒྱུས་འཕེལ་རྒྱས་འགྲོ་ བའི་ཤོག་དཀར་གྱི་སྟེང་དུ་གསར་གཏོད་དང་གསར་བསྐྲུན་གྱི་རང་ བཞིན་ལྡན་པའི་དཔེ་རིས་ངོ་མཚར་ཞིང་བརྗིད་ཆགས་པ་ཞིག་བྲིས་ ཡོད་པ་རེད། ཁྱད་པར་དུ་བོད་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་པ་དང། དཔལ་འབྱོར་བ། རིག་ གནས་པ། སློབ་གསོ་བ། ཚན་རིག་པ། གསོ་རིག་པ། དམག་ དོན་པ། མཚན་ཉིད་པ། ཆོས་ལུགས་པ་བཅས་མི་སྣ་ཉིས་སྟོང་ལྷག་ གི་མིང་མཛོད་འདིའི་ཁོངས་སུ་བསྡུས་ཡོད། ལོ་རྒྱུས་ཀྱི་དུས་རིམ་ལྟར་ ན་སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་བཅུ་བདུན་པར་བོད་རིགས་ཀྱི་རྒྱལ་པོ་སྔ་ ཤོས་སུ་གྲགས་པའི་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་དང་ སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག་ཆུའི་ལྡེ་བརྒྱད། འོག་གི་ [1927] སྲོང་བཙན་སྒམ་པོ་ནས་འུ་དུམ་བཙན་པོ། རྒྱལ་ཕྲན་ སིལ་མའི་སྐབས་ཀྱི་མངའ་རིས་རྒྱལ་རྒྱུད་དང། ཡ་རྩེའི་རྒྱལ་རྒྱུད་ ཡར་ལུང་རྒྱལ་རྒྱུད། ལྷ་སའི་རྒྱལ་རྒྱུད། ཙོང་ཁའི་རྒྱལ་རྒྱུད། ས་ སྐྱ་པའི་སྐབས། ཕག་གྲུའི་སྐབས། རིན་སྤུངས་པའི་སྐབས་ གཙང་པ་སྡེ་སྲིད་ཀྱི་སྐབས། དགའ་ལྡན་ཕོ་བྲང་གི་སྐབས། བཀའ་ ཤག་སྲིད་གཞུང་གི་སྐབས། བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་བཙུགས་པའི་བར་དུ་ ཡིན་ལ། ཆོས་ལུགས་ཀྱི་གྲུབ་མཐའི་དབང་དུ་བཏང་ན་བོད་པོ་དང་ རྙིང་མ་བ། ས་སྐྱ་བ། བཀའ་གདམས་པ། བཀའ་བརྒྱུད་ཆེ་བཞི་ཆུང་ བརྒྱད། ཞི་བྱེད་པ། ཇོ་ནང་པ། དགེ་ལུགས་པ་བཅས་ཡོད་ཅིང་ བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ ལུགས་ལྟར་ན་དགོན་པ་སོ་སོའི་གདན་རབས་དང། གྲུབ་མཐའ་སོ་ སོའི་སྤྲུལ་སྐུ། གོང་མ་སོ་སོའི་དབུ་བླ། རྒྱལ་ཁམས་འགྲིམས་པའི་ རྣལ་འབྱོར་བ་བཅས་ཡོད། མི་སྣ་སོ་སོའི་འཁྲུངས་འདས་ཀྱི་ལོ་ཚིགས་ དང། སྐུ་ཚེ་གང་བོའི་མཛད་པ་འཕྲིན་ལས་རྣམས་སྔོན་གྱི་ཡིག་ཚང་ དག་ལ་ཁུངས་བཅོལ་ནས་འཇོན་ཐང་ཙམ་གྱིས་ཞིབ་བསྡུར་བྱས་པ་ ལས་རྟོག་བཟོའི་ཚིག་ནི་གཅིག་ཀྱང་མེད་མོད། འོན་ཀྱང་རང་ཉིད་ ཀྱི་ཡོན་ཚད་ཤིན་ཏུ་ཞན་པས་ནོར་འཁྲུལ་དང་ཆད་ལྷག་ནི་དེ་ལས་མང་ བས་གངས་ཅན་མཁས་དགུ་རྣམས་ཀྱིས་དག་བཅོས་དང་ཁ་སྣོན་མཛད་ པ་མཁྱེན་མཁྱེན། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་བ་རྣམས་ནི་ སྤྱི་ལོའི་དུས་མགོ་དང། དུས་སྟོད། དུས་དཀྱིལ། དུས་སྨད་ [1928] ཁ་ཤས་ནི་ སློབ་དཔོན་གྱི་འཁྲུངས་འདས་ལོ་ཚིགས་གསལ་ཞིང་སློབ་མའི་ལོ་ཚིགས་ མི་གསལ་བ་རྣམས་ལ་སློབ་དཔོན་གྱི་ལོ་ཚིགས་དེ་སློབ་མའི་གཤམ་དུ་ བཀོད་པ་ལས་སྤྱི་ལོའི་དུས་རབས་བཀོད་མེད། མིང་མཛོད་འདིའི་ དཀར་ཆག་ནི་ཀ་མད་སུམ་ཅུའི་རིམ་པ་ལྟར་བསྒྲིགས་ཡོད། མིང་ མཛོད་འདི་ལ་མི་འདང་བའི་ཆ་ཤས་ནི་ལོ་རྒྱུས་མི་སྣ་སོ་སོའི་འཁྲུངས་ ཡུལ་རྣམས་དེང་སང་གི་ཡུལ་མིང་དང་ས་མིང་ལ་སྦྱར་ནས་ཞིབ་བསྡུར་ བྱེད་མ་ཐུབ་པ་ཡིན། མིང་མཛོད་འདི་བརྩམས་བསྒྲིགས་བྱེད་པའི་སྐབས་ སུ་སློབ་དཔོན་ཆེན་པོ་དོར་ཞི་གདོང་དྲུག་སྙེམས་བློ་དང། འཚོ་བྱེད་ བྱམས་པ་འཕྲིན་ལས། རྒན་བསོད་ནམས་དཔལ་འབྱོར། རྒན་རྒྱལ་ ཚང་སྙིང་བོ་རྒྱལ་སོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ ཆེན་པོ་མཛད་པ་དང། བརྩམས་བསྒྲིགས་ཚར་རྗེས་མཛེས་མདའ་ ཐུགས་བསྟན་ཕུན་ཚོགས། སྨོན་སྐྱིད་བློ་བཟང་བསྟན་འཛིན་ མགར་སྟག་མོ་ལེགས་པ་གསུམ་གྱིས་མ་ཡིག་ཆ་ཚང་ལ་ཞུས་དག་མཛད་ པས་བཀའ་དྲིན་ཆེད་དུ་ཞུ་བ་ཡིན། ད་དུང་ཀྲུང་དབྱང་མི་རིགས་སློབ་ གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་ཁྲུའུ་དང། ཀྲུང་དབྱང་མི་རིགས་ སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་ལས་ ཁུངས་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་མཛད་པར་བཀའ་དྲིན་ཆེ་ ཞུའོ་ སྨྲས་པ། རྣམ་མང་ལོ་རྒྱུས་མི་སྣའི་རྣམ་གཞག་འདིར།། རྣམ་དག་སེམས་པ་དཀར་པོའི་རྣམ་དཔྱོད་ཀྱིས།། [1929] རྣམ་དཀར་དགེ་བའི་རྣམ་པར་སྨིན་གྱུར་ཅིག་ སྒྲིག་པ་པོས་སྤྱི་ལོའི་ཟླ་བ་ཚེས་ཉིན་པེ་ཅིན་ནས་སྦྱར། སྒྲིག་པ་པོས་སྤྱི་ལོའི་ཟླ་བ་ཚེས་ཉིན་པེ་ཅིན་ནས་སྦྱར། ་་